ཆོས་སྒྲུང་ནོར་བུའི་བང་མཛོད་ལསཿ གསོལ་འདེབས་དགོས་འདོད་ཀུན་འབྱུངཿ

From Khyentse Lineage - A Tsadra Foundation Project
Revision as of 10:56, 27 June 2024 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)
Wylie title chos sgrung nor bu'i bang mdzod las gsol 'debs dgos 'dod kun 'byung
Location mdo mkhyen brtse bka' 'bum
Volume 5, Text 18, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Supplications - gsol 'debs
Cycle ཆོས་སྒྲུང་ནོར་བུའི་བང་མཛོད་ (chos sgrung nor bu'i bang mdzod)
[edit]
༄༅། །ཆོས་སྒྲུང་ནོར་བུའི་བང་མཛོད་ལསཿ གསོལ་འདེབས་དགོས་འདོད་ཀུན་འབྱུང་ཞེས་བྱ་བ་བཞུགསཿ

༄༅། །ཨེ་མ་ཧོ༔ ཆོས་སྐུ་ཀུན་བཟང་ཡབ་ཡུམ་ལ་གསོལ་བ་འདེབས༔ གདོད་མའི་གཞི་ཐོག་གྲོལ་བར་བྱིན་གྱིས་རློབས༔ ལོངས་སྐུ་རིགས་ལྔ་ཡབ་ཡུམ་ལ་གསོལ་བ་འདེབས༔ ཡེ་ཤེས་རང་ངོ་འཕྲོད་པར་བྱིན་གྱིས་རློབས༔ སྤྲུལ་སྐུ་དྲི་མ་མེད་པ་ལ་གསོལ་བ་འདེབས༔ ལྷུན་འགྲུབ་རང་ངོ་ཤེས་པར་བྱིན་གྱིས་རློབས༔ ཡང་སྤྲུལ་དགའ་རབ་དཔའ་བོ་ལ་གསོལ་བ་འདེབས༔ ཆོས་ཟད་བློ་འདས་རྟོགས་པར་བྱིན་གྱིས་རློབས༔ གྲུབ་བརྙེས་ཤྲི་སེང་ཧ་ལ་གསོལ་བ་འདེབས༔ སྣང་བཞི་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས༔ སློབ་དཔོན་འཇམ་དཔལ་བཤེས་གཉེན་ལ་གསོལ་བ་འདེབས༔ རིག་པའི་རྩལ་ཆེན་རྫོགས་པར་བྱིན་གྱིས་རློབས༔ མཁས་པ་ཛྙཱ་ན་སུ་ཏྲ་ལ་གསོལ་བ་འདེབས༔ རྫོགས་ཆེན་དོན་བརྒྱུད་རྟོགས་པར་བྱིན་གྱིས་རློབས༔ པཎ་ཆེན་བཱི་མ་མི་ཏྲ་ལ་གསོལ་བ་འདེབས༔ སྣང་སེམས་ཆོས་ཉིད་འདྲེས་པར་བྱིན་གྱིས་རློབས༔ སློབ་དཔོན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ དབང་བཞི་གཅིག་ཆར་རྫོགས་པར་བྱིན་གྱིས་རློབས༔ ལྷ་ལྕམ་མནྡྷ་ར་བ་ལ་གསོལ་བ་འདེབས༔ ཚེ་དབང་རིག་འཛིན་བརྙེས་པར་བྱིན་གྱིས་རློབས༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་གསོལ་བ་འདེབས༔ ལྷན་སྐྱེས་རང་ངོ་འཕྲོད་པར་བྱིན་གྱིས་རློབས༔ ཁྲག་འཐུང་བདེ་བའི་རྡོ་རྗེ་ལ་གསོལ་བ་འདེབས༔ སྦྱོར་སྒྲོལ་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས༔ འཆི་མེད་བདེ་སྟེར་དབང་མོ་ལ་གསོལ་བ་འདེབས༔ རྩ་རླུང་ཐིག་ལེ་དག་པར་བྱིན་གྱིས་རློབས༔ ཐུགས་སྲས་འགྲོ་འདུལ་གླིང་པ་ལ་གསོལ་བ་འདེབས༔ རྟེན་འབྲེལ་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས༔ ཚེ་འཛིན་ཏཱ་རེ་ལྷ་མོ་ལ་གསོལ་བ་འདེབས༔ དབྱིངས་རིག་མ་བུ་འདྲེས་པར་བྱིན་གྱིས་རློབས༔ སྤྲུལ་བསྒྱུར་ཏཱ་རེ་ཉེར་གཅིག་ལ་གསོལ་བ་འདེབས༔ འགྲོ་དོན་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས༔ ཡེ་ཤེས་ཌཱཀྐི་སྡེ་ལྔ་ལ་གསོལ་བ་འདེབས༔ མཆོག་ཐུན་དངོས་གྲུབ་བརྙེས་པར་བྱིན་གྱིས་རློབས༔ བཀའ་འཁོར་མཁའ་འགྲོ་མ་ཚོགས་ལ་གསོལ་བ་འདེབས༔ ལས་ཆེན་བཅུ་གཉིས་འགྲུབ་པར་བྱིན་གྱིས་རློབས༔ བཀའ་བསྲུང་ཤ་ཟ་མཆེད་ལྔ་ལ་གསོལ་བ་འདེབས༔ དགྲ་གདོན་ཐལ་བར་བརླག་པར་བྱིན་གྱིས་རློབས༔ གཏེར་བསྲུང་དགོས་འདོད་ཀུན་འབྱུང་ལ་གསོལ་བ་འདེབས༔ དོན་གཉིས་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ བླ་མ་རང་རིག་དབྱེར་མེད་ལ་གསོལ་བ་འདེབས༔ གཞོན་ནུ་བུམ་སྐུར་འགྲུབ་པར་བྱིན་གྱིས་རློབས༔ དེ་ལྟར་གསོལ་བ་བཏབས་པའི་བྱིན་རླབས་ཀྱིས༔ ཟག་བཅས་ཕུང་པོ་རྡོ་རྗེའི་སྐུར་འགྲུབ་ཅིངཿ རླུང་ཁམས་ཡི་གེའི་འཁོར་ལོ་སྔགས་སུ་དག༔ དྲན་རྟོགས་ཡེ་ཤེས་ལྔ་ཡི་གདངས་ཤར་ཅིང་༔ མཁའ་ཁྱབ་ཕ་མར་གྱུར་པའི་འགྲོ་རྣམས་དང་༔ ཁྱད་པར་མཐོང་ཐོས་དྲན་འདི་མན་འཇུག་གི་ལྡེབ་ཆད་འདུག