རྡོ་རྗེ་ཐེག་པའི་དམ་ཚིག་གི་རྟེན་ཅིག་ཤོས་རྡོར་དྲིལ་བྱིན་གྱིས་རླབ་པ།

From Khyentse Lineage - A Tsadra Foundation Project
Revision as of 14:50, 21 June 2024 by Mort (talk | contribs)
Wylie title rdo rje theg pa'i dam tshig gi rten cig shos rdor dril byin gyis rlab pa
Location mdo mkhyen brtse bka' 'bum
Volume 3, Text 45, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Citation
Genre Consecration Rituals - rab gnas cho ga
Colophon

ཞེས་དྲིལ་བུ་འཁྲོལ་བ་གསུམ་སྟེ་དེ་ཁོ་ན་ཉིད་ངེས་པ་ནི་རྣམ་པ་ཐམས་ཅད་དུ་དྲན་པར་བྱའོ། །དགེའོ། །

zhes dril bu 'khrol ba gsum ste de kho na nyid nges pa ni rnam pa thams cad du dran par bya'o/_/dge'o/_/

[edit]
༄༅། རྡོ་རྗེ་ཐེག་པའི་དམ་ཚིག་གི་རྟེན་ཅིག་ཤོས་རྡོར་དྲིལ་བྱིན་གྱིས་རླབ་པ་ནི། ཧཱུྃཿ ཡེ་ཤེས་འབར་བོའི་རྡོ་རྗེ་ཆེ། །ཁྲོ་རྒྱལ་འབར་བའི་ཐབས་ཀྱི་སྐུ། །བདེ་ཆེན་ཡབ་རྣམས་སྐུར་བཞུགས་པས། །དགྱེས་པ་མཆོག་གི་ཕྲིན་ལས་མཛད་དུ་གསོལ། །མ་ཧཱ་བཛྲ་ཧཱུྃཿ ཞེས་རྡོ་རྗེ་ལན་གསུམ་གསོར། ཧཱུྃ༔ ཤེས་རབ་ཆེན་པོའི་རང་བཞིན་ནི། །ཆོས་ཉིད་སྟོང་པ་ཆེན་པོའི་སྒྲས། །འཁོར་བའི་བག་ཆགས་ཟིལ་གྱིས་གནོན། །དུས་གསུམ་རྒྱལ་བ་ཀུན་ཀྱང་མཉེས། །མ་ཧཱ་གྷཎྜེ་ཧོ། ཞེས་དྲིལ་བུ་འཁྲོལ་བ་གསུམ་སྟེ་དེ་ཁོ་ན་ཉིད་ངེས་པ་ནི་རྣམ་པ་ཐམས་ཅད་དུ་དྲན་པར་བྱའོ། །དགེའོ། །