རྒྱལ་སྲས་ཞི་བ་ལྷ་དང་ཀཿཐོག་པ་དམ་གཙང་བྱམས་གསུམ་གྱི་གསོལ་འདེབས།

From Khyentse Lineage - A Tsadra Foundation Project
Revision as of 11:45, 5 June 2024 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)
Wylie title rgyal sras zhi ba lha dang kaH thog pa dam gtsang byams gsum gyi gsol 'debs
Location dpal sprul bka' 'bum
Volume 2, Text 32, Pages (Folios to )
Author དཔལ་སྤྲུལ་རིན་པོ་ཆེ་
Less details More details
Citation
Genre Supplications - gsol 'debs
Colophon

།ཞེས་ཀཿཐོག་སྐུ་འབུམ་དུ་བཞུགས་པའི་མཆོད་རྟེན་དྲུང་ནས་ཞབས་བསྐོར་མཛད་ཚེ་དཔལ་སྤྲུལ་རིན་པོ་ཆེས་གསུངས་པའོ།

/zhes kaH thog sku 'bum du bzhugs pa'i mchod rten drung nas zhabs bskor mdzad tshe dpal sprul rin po ches gsungs pa'o/

[edit]
༄༅། །རྒྱལ་སྲས་ཞི་བ་ལྷ་དང་ཀཿཐོག་པ་དམ་གཙང་བྱམས་གསུམ་གྱི་གསོལ་འདེབས།


ཚེ་རབས་ཀུན་ཏུ་མགོན་པོ་འཇམ་དཔལ་དབྱངས། །རིགས་ཀྱི་བདག་པོར་ཐོབ་ནས་འགྲོ་ཀུན་ལ། །བྱང་ཆུབ་སྤྱོད་པའི་ལམ་བཟང་གསལ་མཛད་པ། །རྒྱལ་སྲས་ཞི་བ་ལྷ་ལ་ཕྱག་འཚལ་ལོ། །མཉམ་མེད་གཙུག་གི་རྒྱན་གཅིག་ཀཿདམ་པ། །ཀུན་ཏུ་འོད་ཀྱི་ས་བརྙེས་གཙང་སྟོན་པ། །ཐམས་ཅད་མཁྱེན་དངོས་དཔལ་ལྡན་བྱམས་པ་འབུམ། །བསྟན་པའི་འབྱུང་གནས་གསུམ་ལ་གསོལ་བ་འདེབས། །ཡོངས་རྫོགས་བསྟན་པའི་མངའ་བདག་བསོད་ནམས་འབུམ། །བསྐྱེད་རྫོགས་དགོངས་པ་མཐར་ཕྱིན་ཡེ་ཤེས་འབུམ། །གསད་གསོའི་བརྟུལ་ཞུགས་གྲུབ་པ་བྱང་ཆུབ་དཔལ། །བསྟན་པའི་སྒྲོན་མེ་གསུམ་ལ་གསོལ་བ་འདེབས། །ཞེས་ཀཿཐོག་སྐུ་འབུམ་དུ་བཞུགས་པའི་མཆོད་རྟེན་དྲུང་ནས་ཞབས་བསྐོར་མཛད་ཚེ་དཔལ་སྤྲུལ་རིན་པོ་ཆེས་གསུངས་པའོ། །