DKYD-KABUM-04-NGA-007

From Khyentse Lineage - A Tsadra Foundation Project
Revision as of 08:46, 2 June 2024 by Jeremi (talk | contribs)

DKYD-KABUM-04-NGA-007
Wylie title
Location mdo mkhyen brtse bka' 'bum
Volume 4, Text 7, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Citation
Genre
[edit]
༄༅། །གུ རུ པ དྨ ར ཛ སྱ པ ཙ ཀ རཱི བྷཱི ཉྩ སྱ བི དྷཱི སྟི ཿ ཿ༄༅། །གུ་རུ་པདྨ་རྒྱལ་པོའི་སྨིན་བྱེད་དབང་གི་ཆོ་ག་བཞུགས་སོཿ

༄༅། «།བླ་མ་དང་་ལྷག་པའི་ལྷ་ལ་ཕྱག་འཚལ་ལོཿ གུ་རུ་པདྨ་རྒྱལ་པོ་ཡིཿ སྨིན་བྱེད་དབང་གི་ཆོ་ག་ནིཿ དཀྱིལ་འཁོར་གཞུང་བཞིན་བཤམས་ལ། དབུས་སུ་བུམ་པ། ཙཀ་ལི། ཐོད་ཆང༌། བསྒྲེང་འཕྲེང༌། རིག་ཙཀ །ཤེལ་རྡོ་བཅས་བཤམས་ལཿ ཆོ་ག་གཞུང་བསྲང༌། བུམ་བཟླས་བདག་དབང་ལེན་ལ་ཆོས་སྐྱོང་གསོལ་མཆོད་བཅས་པ་སོང་ནསཿ ཁྲུས་བྱས་བགེགས་བསྐྲད་བསྲུང་འཁོར་བསྒོམཿ ཆོས་བཤདམཎྜལ་ཕུལ་རྗེས་གསོལ་བ་བཏབ་པ་ནིཿ »ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅནཿ སྲིད་པའི་འཁོར་ལོ་རྣམ་སྦྱོང་བཿ དེ་རང་བཤད་པའི་རིན་ཆེན་གཏེརཿ གཙོ་བོས་བདག་ལ་བཀའ་དྲིན་སྩོལཿ «ལན་གསུམ། སྐྱབས་སེམས་ཡན་ལག་བདུན་པ་སོང་རྗེསཿ གཞུང་གི་ལྷ་བསྐྱེད་བྱིན་འབེབ་བྱཿ ཉམས་རྟོགས་གོང་འཕེལ་བགྱིས་པའི་རྟགསཿ »ཏིཥྛ་བཛྲཿ«བསྟན་པར་བྱས་ལཿ དངོས་གཞི་གསོལ་བ་བཏབ་པ་འདི་བཞིན་གདབ༔ »སྐྱབས་གནས་ཀུན་འདུས་བླ་མ་རྗེཿ བདག་ཅག་འཁོར་བའི་རྒྱ་མཚོ་ལསཿ བསྒྲལ་ནས་བྱང་ཆུབ་ལམ་འགོད་ཕྱིརཿ དབང་མཆོག་དམ་པ་བསྐུར་དུ་གསོལཿ «ཅེས་བརྗོད་བུམ་པ་སྤྱི་བོར་བཞགཿ» ཧཱུྃཿ བཀྲ་ཤིས་བུམ་པ་ལྷའི་གཞལ་ཡས་ཁངཿ བདུད་རྩི་བུམ་ཆུ་ལྷ་དང་དབྱེར་མེད་པཿ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བསཿ པདྨ་རྒྱལ་པོའི་སྐུ་ཡི་དབང་ཐོབ་ཤོགཿ ཨོཾ་ཨཱཿཧཱུྃཿ བཛྲ་གུ་རུ་པདྨ་རཱ་ཛ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃཿ« གཙོ་བོའི་སྐུ་ཐོག་ལ། »ཧཱུྃཿ རྒྱལ་ཀུན་ངོ་བོ་རྗེ་བཙུན་པདྨ་རྒྱལ་ཡབ་ཡུམ་གཉིས་མེད་ཚེ་ལ་དབང་ཐོབ་ཅིངཿ ཁམས་གསུམ་སྐྱེ་དགུ་མ་ལུས་ཀུན་ཀྱི་བདག༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོཿ ཨོཾ་ཨཱཿཧཱུྃཿ བཛྲ་གུ་རུ་པདྨ་རཱ་ཛ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃཿ «མཁའ་འགྲོ་བཞིའི་སྐུ་ཐོག་ལཿ »ཧཱུྃཿ ཐུགས་ཀྱི་དགྱེས་སྡེ་ཁམས་གསུམ་འགུགས་བྱེད་མཿ གང་དམིགས་ཡིད་ཀྱིས་བརྟན་པ་འཕྲཽག་བྱེད་ཅིངཿ སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ་མཛད་པཿ ལས་མཛད་མཁའ་འགྲོ་སྡེ་བཞིའི་དབང་བསྐུར་རོཿ ཨོཾ་བཛྲ་རཏྣ་པདྨ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃཿ «དེ་ལྟར་ཐུན་མོང་བུམ་པའི་དབང་བསྐུར་བ་སོང་ནསཿ གཉིས་པ་ཐུན་མོང་མ་ཡིན་པའི་མཆོག་དབང་གོང་མ་གསུམ་ལ་ནིཿ མཎྜལ་ཕུལ་ནསཿ བྱང་སེམས་བདུད་རྩི་ཐོག་ལཿ »ཧཱུྃཿ བླ་མ་ཡབ་ཡུམ་སྦྱོར་བས་བྱང་ཆུབ་སེམསཿ པདྨའི་སྣོད་དུ་སྦས་དཀྱིལ་བདེ་བའི་རྫསཿ སྐལ་ལྡན་སྐྱེས་བུ་ཁྱོད་ལ་སྦྱིན་པ་ཡིཿ གསུང་གི་དབང་མཆོག་དམ་པ་ཐོབ་པར་ཤོགཿ ཨོཾ་ཨཱཿཧཱུྃཿ བཛྲ་གུ་རུ་པདྨ་རཱ་ཛ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃཿ« ཤེལ་རྡོ་གཏད་ལཿ »ཧཱུྃཿ ཀ་དག་དྲི་བྲལ་རང་རིག་ངོ་བོ་ཉིདཿ དོན་གྱི་བླ་མ་ཡེ་ཤེས་རྡོ་རྗེར་སེམསཿ གཞི་ཡི་ངོ་བོ་དྲི་མེད་དོན་རྟོགས་ནསཿ གཞོན་ནུ་བུམ་པའི་སྐུ་རུ་གྲོལ་བར་ཤོགཿ« བླ་རྡོ་ཕྱག་མཚན་གཏད་ལཿ» ཨེ་མ་ཧོཿ སྐྱབས་གནས་ཀུན་འདུས་པདྨ་བཛྲ་ལཿ དད་གུས་གདུང་བའི་ཡིད་ཀྱིས་གསོལ་བ་འདེབསཿ སྨོན་ལམ་ལས་འབྲེལ་དག་པའི་སློབ་བུ་ལཿ མཆོག་ཐུན་དངོས་གྲུབ་སྩོལ་བར་མཛད་དུ་གསོལཿ ཨོཾ་ཨཱཿཧཱུྃཿ བཛྲ་གུ་རུ་པདྨ་རཱ་ཛ་ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་སིདྡྷི་ཨ་ཧཱུྃཿ «ཞེས་བརྗོད་གཏང་རག་མཎྜལ་ཕུལཿ ཤིས་བརྗོད་བསྔོ་སྨོན་ཚོགས་འཁོར་བྱཿ ཨེ་མ་ཤིན་ཏུ་ཟབ་པའི་ཏི་ལ་ཀཿ ཡང་ཟབ་གུད་དུ་སྦས་པ་འདིཿ སྣོད་དང་ལྡན་ལས་གཞན་དུ་རྒྱཿ ཟབ་རྒྱཿ སྦས་རྒྱཿ དགེའོ། །དགེའོ། །དགེའོ།། །།