DKR-KABUM-10-THA-016

From Khyentse Lineage - A Tsadra Foundation Project
Revision as of 12:40, 4 November 2022 by WikiBot2015 (talk | contribs)

DKR-KABUM-10-THA-016

Wylie title DKR-KABUM-10-THA-016.pdf
Location dil mgo mkhyen brtse bka' 'bum
Volume Expression error: Unrecognized word "tha"., Text 16, Pages (Folios to )
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation
Genre "THA" is not a number.

"THA" is not a number.

[edit]
སྐྱ རྫོགས་ཆེན་གསང་བ་སྙིང་ཐིག་ལས༔ བཀའ་སྲུང་གསོལ་མཆོད་ཕྲིན་ལས་ཐོགས་མེད་བཞུགས་སོ༔ ན་མོ་གུ་རུ༔ བྷནྡྷ་ལ་སོགས་སྣོད་རྣམས་སུ༔ བ་ལིང་ཤ་ཆང་གཏོར་མ་བཤམས༔ རང་ཉིད་ལྷ་ཡི་ང་རྒྱལ་གྱིས༔ བྱིན་བརླབས་སྔགས་དང་ཕྱག་རྒྱས་སྤེལ༔ ཧཱུྃ༔ ཆོས་དབྱིངས་ཁྱབ་བརྡལ་བྷནྡྷ་རུ༔ ཅིར་སྣང་ཡེ་ཤེས་རོལ་མོ་ཆེ༔ རིག་རྩལ་འདོད་ཡོན་རྒྱན་གྱི་སྤྲིན༔ འགག་མེད་ནམ་མཁའ་མཛོད་ཆེན་འདིས༔ བརྒྱུད་གསུམ་རིག་འཛིན་བླ་མའི་འབངས༔ རབ་འབྱམས་དཀྱིལ་འཁོར་སྐྱོང་བའི་བདག༔ དཔག་མེད་ཕྲིན་ལས་སྒྲུབ་པའི་གྲོགས༔ མཐུ་སྟོབས་རྫུ་འཕྲུལ་བསམ་མི་ཁྱབ༔ དབྱིངས་ཀྱི་རྒྱལ་མོ་ཨེ་ཀ་ཛ༔ ཨ་ཝཱ་དྷུ་ཏི་སྒྲ་གཅན་འཛིན༔ མཆོག་བདེའི་ཡེ་ཤེས་སཱ་དྷུ་རྩལ༔ སྲིད་ཞི་ཀུན་ཁྱབ་མ་ནིང་ནག༔ ཡེ་ཤེས་མགོན་པོ་ཕྱག་བཞི་པ༔ རིག་རྩལ་ཐོགས་མེད་བྱ་རོག་གདོང༔ སྟོང་ཆེན་ཡུམ་ཆེན་དུད་སོལ་མ༔ བདེ་མཆོག་རང་མདངས་ཚེ་རིང་མཆེད༔ དགའ་བཞིའི་སྒྱུ་འཕྲུལ་བརྟན་མ་དང༔ མཆོག་སྟེར་དཔལ་མོ་གཡུ་སྒྲོན་མ༔ གང་འདུལ་སྒྱུ་འཕྲུལ་དྲྭ་བ་ཡི༔ རྒྱུད་གསུམ་དམ་ཅན་སྲུང་མའི་ཚོགས༔ སྣ་ཚོགས་དེར་སྣང་རོལ་པ་ཅན༔ དག་ཆེན་མཉམ་པའི་ཀློང་ཡངས་ནས༔ སྲིད་ཞི་ཀུན་ཁྱབ་ཡེ་ཤེས་གཟུགས༔ འདོད་དགུ་འཆར་བའི་གནས་འདིར་གཤེགས༔ ཕྱི་ལྟར་དབང་ཡུལ་གཉིས་མེད་ཀྱི༔ གཟུང་འཛིན་གནས་དག་ཉེར་སྤྱོད་བདུན༔ ནང་དུ་ངོ་བོ་རང་བཞིན་དང༔ ཐུགས་རྗེའི་རིག་རྩལ་སྨན་གཏོར་རཀ༔ གསང་བ་བདེ་སྟོང་ལྷན་ཅིག་སྐྱེས༔ རྡོ་རྗེའི་ཏན་གན་ཚོགས་མཆོད་ཀྱིས༔ དགྱེས་པའི་མདངས་ཕྱུངས་རིག་རྩལ་སྤོར༔ ངོ་བོ་ཀ་དག་གདོད་མའི་གཞིར༔ རང་བཞིན་འོད་གསལ་ཕྱག་རྒྱ་ཆེའི༔ ཐུགས་རྗེའི་རིག་རྩལ་དམ་ཅན་ཚོགས༔ དབྱིངས་རིག་འདུ་འབྲལ་མེད་པ་ཡི༔ ཕྲིན་ལས་ཅིར་ཡང་འཆར་ལ་བསྟོད༔ སྲིད་ཞི་ཀུན་ཁྱབ་བརྡལ་བ་ཆེ༔ འཁོར་འདས་སྲོག་ལ་དབང་ཐོབ་པའི༔ དཔལ་གྱི་ཕོ་ཉ་མཐུ་སྟོབས་བདག༔ ཧེ་རུ་ཀ་ཡི་དམ་མ་འདའ༔ ལྷན་སྐྱེས་མ་རིག་འཁྲུལ་རྟོག་གི༔ གློ་བུར་ཉེས་ཀུན་དབྱིངས་སུ་བཤགས༔ བདེ་ཆེན་འདུ་འབྲལ་མེད་པ་ཡི༔ ཐུགས་དམ་གཉེན་པོ་དགྱེས་བསྐངས་ལ༔ ཀུན་བཟང་ཆོས་སྐུའི་བསྟན་པ་ཡི༔ ངེས་དོན་བཤད་སྒྲུབ་རྒྱལ་མཚན་སྒྲེངས༔ དབྱིངས་ལས་རང་ཤར་ཕྲིན་ལས་ཀྱིས༔ སྣོད་བཅུད་ཕན་བདེའི་དཔལ་ཡོན་སྤེལ༔ ལྷ་དང་སྲུང་མ་རིག་པའི་རྩལ༔ འདོད་དགུ་འཆར་བའི་ཕྲིན་ལས་མཛོད༔ མཉམ་རྗེས་དབྱིངས་སུ་དག་པ་ཡི༔ ཏིང་འཛིན་གཅིག་གི་ཆོ་འཕྲུལ་གྱིས༔ ཕན་བདེའི་དོན་ཀུན་ལྷུན་གྲུབ་པའི༔ ཕྲིན་ལས་བྱ་རྩོལ་བྲལ་བར་སྐྱོངས༔ རྟག་ཏུ་འདུ་འབྲལ་མ་མཆིས་པའི༔ ཡེ་ཤེས་སྣང་བ་རབ་འབྱམས་ཀྱིས༔ འཁྲུལ་རྟོག་གཞི་ལ་དག་པ་ཡི༔ མངོན་པར་འདོད་པའི་ཕྲིན་ལས་མཛོད༔ དེ་སྐད་གང་ཤར་རྟོག་པའི་གཟུགས༔ བཀོད་པས་རྗེ་བཙུན་བླ་མ་ཡི༔ ཕྲིན་ལས་ལྷག་མ་ཀུན་བསྒྲུབས་ནས༔ ཐུགས་ཡིད་དབྱེར་མེད་བྱང་ཆུབ་ཤོག༔ ཅེས་འདི་གྲུབ་པའི་རིགས་ཀྱི་སྲས༔ མཆོག་སྤྲུལ་པདྨ་དབང་རྒྱལ་གྱིས༔ བསྐུལ་བའི་རྟེན་འབྱུང་ལ་བརྟེན་ནས༔ ཀློང་ཆེན་ཡེ་ཤེས་རྡོ་རྗེ་ཡིས༔ རྗེས་བཟུང་སྨྱོན་པ་གཏད་མེད་མཁན༔ འོད་གསལ་ཐུགས་མཆོག་རྡོ་རྗེ་ཡིས༔ མཐའ་ཡི་རྒྱལ་ཁམས་འདུལ་བའི་སྐབས༔ མགོ་ཟླའི་རྒྱལ་བ་གསུམ་པའི་སྲོད༔ འཕྲུལ་འོད་ལ་བརྟེན་བྲིས་འདིས་ཀྱང༔ ཐེག་མཆོག་སྙིང་པོའི་བསྟན་པའི་དཔལ༔ རྒྱས་ཤིང་འཕེལ་བའི་རྒྱུར་གྱུར་ཅིག༔ སརྦ་མངྒ་ལམ།། །།
[edit]

skya_rdzogs chen gsang ba snying thig las:_bka' srung gsol mchod phrin las thogs med bzhugs so: na mo gu ru:_b+han+d+ha la sogs snod rnams su:_ba ling sha chang gtor ma bshams:_rang nyid lha yi nga rgyal gyis:_byin brlabs sngags dang phyag rgyas spel:_hU~M:_chos dbyings khyab brdal b+han+d+ha ru:_cir snang ye shes rol mo che:_rig rtsal 'dod yon rgyan gyi sprin:_'gag med nam mkha' mdzod chen 'dis:_brgyud gsum rig 'dzin bla ma'i 'bangs:_rab 'byams dkyil 'khor skyong ba'i bdag:_dpag med phrin las sgrub pa'i grogs:_mthu stobs rdzu 'phrul bsam mi khyab:_dbyings kyi rgyal mo e ka dza:_a wA d+hu ti sgra gcan 'dzin:_mchog bde'i ye shes sA d+hu rtsal:_srid zhi kun khyab ma ning nag:_ye shes mgon po phyag bzhi pa:_rig rtsal thogs med bya rog gdong:_stong chen yum chen dud sol ma:_bde mchog rang mdangs tshe ring mched:_dga' bzhi'i sgyu 'phrul brtan ma dang:_mchog ster dpal mo g.yu sgron ma:_gang 'dul sgyu 'phrul drwa ba yi:_rgyud gsum dam can srung ma'i tshogs:_sna tshogs der snang rol pa can:_dag chen mnyam pa'i klong yangs nas:_srid zhi kun khyab ye shes gzugs:_'dod dgu 'char ba'i gnas 'dir gshegs:_phyi ltar dbang yul gnyis med kyi:_gzung 'dzin gnas dag nyer spyod bdun:_nang du ngo bo rang bzhin dang:_thugs rje'i rig rtsal sman gtor raka:_gsang ba bde stong lhan cig skyes:_rdo rje'i tan gan tshogs mchod kyis:_dgyes pa'i mdangs phyungs rig rtsal spor:_ngo bo ka dag gdod ma'i gzhir:_rang bzhin 'od gsal phyag rgya che'i:_thugs rje'i rig rtsal dam can tshogs:_dbyings rig 'du 'bral med pa yi:_phrin las cir yang 'char la bstod:_srid zhi kun khyab brdal ba che:_'khor 'das srog la dbang thob pa'i:_dpal gyi pho nya mthu stobs bdag:_he ru ka yi dam ma 'da':_lhan skyes ma rig 'khrul rtog gi:_glo bur nyes kun dbyings su bshags:_bde chen 'du 'bral med pa yi:_thugs dam gnyen po dgyes bskangs la:_kun bzang chos sku'i bstan pa yi:_nges don bshad sgrub rgyal mtshan sgrengs:_dbyings las rang shar phrin las kyis:_snod bcud phan bde'i dpal yon spel:_lha dang srung ma rig pa'i rtsal:_'dod dgu 'char ba'i phrin las mdzod:_mnyam rjes dbyings su dag pa yi:_ting 'dzin gcig gi cho 'phrul gyis:_phan bde'i don kun lhun grub pa'i:_phrin las bya rtsol bral bar skyongs:_rtag tu 'du 'bral ma mchis pa'i:_ye shes snang ba rab 'byams kyis:_'khrul rtog gzhi la dag pa yi:_mngon par 'dod pa'i phrin las mdzod:_de skad gang shar rtog pa'i gzugs:_bkod pas rje btsun bla ma yi:_phrin las lhag ma kun bsgrubs nas:_thugs yid dbyer med byang chub shog:_ces 'di grub pa'i rigs kyi sras:_mchog sprul pad+ma dbang rgyal gyis:_bskul ba'i rten 'byung la brten nas:_klong chen ye shes rdo rje yis:_rjes bzung smyon pa gtad med mkhan:_'od gsal thugs mchog rdo rje yis:_mtha' yi rgyal khams 'dul ba'i skabs:_mgo zla'i rgyal ba gsum pa'i srod:_'phrul 'od la brten bris 'dis kyang:_theg mchog snying po'i bstan pa'i dpal:_rgyas shing 'phel ba'i rgyur gyur cig:_sarba mang+ga lam//_//

Footnotes

Other Information