JKCL-KABUM-12-NA-047

From Khyentse Lineage - A Tsadra Foundation Project
Revision as of 11:02, 19 January 2022 by Mort (talk | contribs)

རིན་ཆེན་རིགས་དུག་འདོན་ལ་ཞེས་པ།
Wylie title rin chen rigs dug 'don la zhes pa JKCL-KABUM-12-NA-047.pdf
Location chos kyi blo gros bka' 'bum
Volume 12, Text 47, Pages 245-247 (Folios 1a1 to 2a4)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. rin chen rigs dug 'don la zhes pa. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 12: 245-247. Bir, H.P.: Khyentse Labrang, 2012.
Genre Medicine Texts - gso ba rig pa  ·  Notes - zin bris

1 Texts in this Section (sde tshan or chos tshan)

245-247
རིན་ཆེན་རིགས་དུག་འདོན་ལ་ཞེས་པ།
rin chen rigs dug 'don la zhes pa
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
[edit]
རིན་ཆེན་རིགས་དུག་འདོན་ལ། ཚ་ལ། ཟེ་ཚྭ། རེ་རལ། སྟར་བུ་རྣམས་ཆ་མཉམ་བསྡུས་ཐང་དྭངས་པའི་ནང་། རིན་ཆེན་ཁྲོབ་བརྡུང་བྱ་ནས་བླུགས། ལྕགས་སྣོད་དུ་བཙོས། ཆུ་གྲང་གཙང་མས་ཡང་ཡང་བཤལ་བས་དུག་ཐོན་ནོ། །དབང་རིལ་བཏང་ཐབས་དེ་ལ་དམར་གྱིས། དུག་གསོས་ལྟར་བྱེར་སྡུད་ཐང་བཏང་། དེ་ནས་དབང་རིལ་དུམ་བུ་ཆུར་སྦངས་པའི་ཁུ་བ་དེས་ཅུང་ཟད་བསྐོལ་ནས་སྨན་རྟ་བྱེད། རྐང་མར་གྱི་མེ་ལ། ཨར་ནག །ཙནྡ་དཀར་དམར། ཛཱ་ཏི། གུ་གུལ་བསྲེག་པར་དབང་རིལ་བདུག །གོང་གི་སྨན་རྟ་ཚ་ཤས་ཆེ་ན་ཆུ་གྲང་དུ་བཅུག །གྲང་ཤས་ཆེ་ན་ཆང་གི་རྟ་བྱེད། གཏོང་དུས་ཚ་ཤས་ཆེ་ན་མར་གསར། གྲང་ཤས་ཆེ་ན་ཤ་གསར་ནང་གཏུམ། སོས་མ་རེག་པར་རྟས་ཕུལ་ནས་གྱུར་མིད་བྱ། སྨན་གྱི་ཤིས་བརྗོད། སྨན་གཟུངས་རྣམས་དང་། གཏོང་རྗེས། པི་ལིང་། སྒ་སྐྱ། གླ་རྩི་གསུམ་གྱི་ཕྱེ་མ་ཐུན་ཆེན་གཅིག་བཏང་། མི་གཉིད། ཙོག་པུར་འདུག །ཐོ་རངས་ཨ་རུ་གསེར་མདོག་བདུན་ཞིབ་པར་བརྡུང་ཕྱེ་ཆུར་ཐུག་པ་ལྟར་བསྐོལ་ནས་ཇ་ཡུན་གཅིག་ཙམ་གཏོང་རྗེས། ཨ་རུ་མཆུ་བསྙུངས་སྤར་གང་ཤ་རུས་བཅས་བརྡུང་བསྐོལ་བ་ཕོར་ཆུང་གང་བཏང་། སྐྱུགས་ན་བསྐྱར། ནམ་ཕྱེད་ཚུན་བཤལ་ཡོང་། སླ་ང་ཟེད། ཞག་གཅིག་ལ་སྦྱང་མ་ཆད་པ་དང་། ཆད་ན་མཆུ་བསྙུངས་ཐང་བསྐྱར། དབང་རིལ་མ་ཐོན་བར་དུ་བཏང་། ཞག་གཅིག་གིས་མ་བྱུང་ན་ཞག་༢༣མལ་གསོ་ཡང་མཆུ་བསྙུངས་ཐང་བཏང་། རིལ་བུ་བྱུང་ཡང་། ནད་ཐོན་རྟགས་མ་བྱུང་ན་ཞག་ཤས་རེ་མི་གཏོང་བར་འཇོག །ནད་ཐོན་རྟགས་ནད་གར་ཡོད་འཁྲུགས། ཁ་དོག་སྣ་ཚོགས་སྦྱངས། མཐར་རིལ་བུ་ནད་ཀྱིས་གཏུམ་ནས་འབྱུང་། རིལ་བུའི་ཁ་དོག་འགྱུར། ཡང་ན་གས། ཤུས། འཐོར་བ་སོགས་འབྱུང་། གཤང་བ་དང་སྦྲགས་ནས་བྱུང་ན་རྟགས་འབྲིང་། རིལ་བུ་ཆུས་བཀྲུས་ནས་དྲི་ཁུ་མང་དུ་བྱུང་ན་ནད་དོན་རྟགས། ཡུན་དུ་མི་འགོར་བ་བྱུང་ནད་མེད་རྟགས། ནད་ཚ་བ་ཆེ་རིམ་ལྟོར་ཡུན་འགོར། སྐྱུགས་ནས་མ་འཇགས་ན་མ་ཟུག་པ་ཡིན། ཁྲུས་བགེགས་བསྐྲད་སོགས་དང་། ཆུ་བསྐོལ་མང་དུ་བཏུང་ན་བད་མཁྲིས་སྐྱུགས་རྗེས་རིལ་བུ་འབྱུང་། ཞག་གསུམ་རིལ་བུ་མ་འོང་ན། ཨ་རུ་མཆུ་བསྙུངས་བདུན། དུར་བྱིད་རིལ་མ་ཙམ་གསུམ། ཧོང་ལེན་རིལ་མ་ཙམ་གཅིག །དོང་ཀའི་ཚིག་འབྲས་བདུན་རྣམས་བཏགས་ལ། ལྕུམ་རྩ་བསྡུས་ཐང་གིས་ཕུལ་དགོས། དེས་ཀྱང་མ་ཐོན་ཟུག་ཆེ་ན། དབང་རིལ་གསོན་པོའམ། ཕྱེ་མ་དཔུང་བསྣན་དུ་བཏང་། རིལ་བུ་ལྟོར་གནས་ཚེ་ཇ་ཆང་། ཤ་ཁུ་བཟང་པོ་རྣམས་རེས་མོས་དང་། རིལ་བུ་དོན་རྗེས་མར་གསར་ལན་ཚྭ་བཏབ་པའི་ཟན་དྲོན་དང་། ཆང་གར་མ་བཏང་བར་བྱའོ། །དབང་རིལ་ནུས་བསྐྱེད་སྔགས། ཧ་ས་ཧ་སིང་། ཀ་ལིང་ཀ་མའུ་ཙེ། ཧྲི་ད་སོད་སྭཱ་ཧཱ། མི་ལག་མི་འགྲིམ། ཁ་ཆེ་དང་དར་སྣ་ཚོགས་ནང་གཏུམ་ནས་རྟེན་གྲལ་འཇོག་ན་མི་ཉམས། ཆང་ཉི་མེ་དུད་མ་ཕོག་པར་བྱའོ། །དབྱིག་དུག་ཡིན་མིན་བརྟགས་པ། ནད་པའི་སྐྲ་སེན། ལྟོ་དྲེགས། རྐང་པའི་རྒྱུ་ཞབས་དྲེགས་པ་རྣམས་སོལ་མེར་བསྲེགས་པའི་དུད་པ་ལ་རྨ་བྱའི་མདངས་ཡལ་ནས་ནག་པོར་སོང་ན་ཡིན་ནོ། །དེ་ལ་དམར་བསྟན་འཛིན་ཕུན་ཚོགས་ཀྱི་དབང་རིལ་སྐོར་གྱི་ཟིན་བྲིས་དང་། དུག་བཅོས་སྐོར་ཚན་ཁ་ཤས་ཟབ་ལེགས་འདུག །སརྦ་མངྒ་ལཾ།། །།
[edit]

rin chen rigs dug 'don la/__tsha la/__ze tshwa/__re ral/__star bu rnams cha mnyam bsdus thang dwangs pa'i nang /__rin chen khrob brdung bya nas blugs/__lcags snod du btsos/__chu grang gtsang mas yang yang bshal bas dug thon no/__/dbang ril btang thabs de la dmar gyis/__dug gsos ltar byer sdud thang btang /__de nas dbang ril dum bu chur sbangs pa'i khu ba des cung zad bskol nas sman rta byed/__rkang mar gyi me la/__ar nag__/tsan+da dkar dmar/__dzA ti/__gu gul bsreg par dbang ril bdug__/gong gi sman rta tsha shas che na chu grang du bcug__/grang shas che na chang gi rta byed/__gtong dus tsha shas che na mar gsar/__grang shas che na sha gsar nang gtum/__sos ma reg par rtas phul nas gyur mid bya/__sman gyi shis brjod/__sman gzungs rnams dang /__gtong rjes/__pi ling /__sga skya/__gla rtsi gsum gyi phye ma thun chen gcig btang /__mi gnyid/__tsog pur 'dug__/tho rangs a ru gser mdog bdun zhib par brdung phye chur thug pa ltar bskol nas ja yun gcig tsam gtong rjes/__a ru mchu bsnyungs spar gang sha rus bcas brdung bskol ba phor chung gang btang /__skyugs na bskyar/__nam phyed tshun bshal yong /__sla nga zed/__zhag gcig la sbyang ma chad pa dang /__chad na mchu bsnyungs thang bskyar/__dbang ril ma thon bar du btang /__zhag gcig gis ma byung na zhag 23mal gso yang mchu bsnyungs thang btang /__ril bu byung yang /__nad thon rtags ma byung na zhag shas re mi gtong bar 'jog__/nad thon rtags nad gar yod 'khrugs/__kha dog sna tshogs sbyangs/__mthar ril bu nad kyis gtum nas 'byung /__ril bu'i kha dog 'gyur/__yang na gas/__shus/__'thor ba sogs 'byung /__gshang ba dang sbrags nas byung na rtags 'bring /__ril bu chus bkrus nas dri khu mang du byung na nad don rtags/__yun du mi 'gor ba byung nad med rtags/__nad tsha ba che rim ltor yun 'gor/__skyugs nas ma 'jags na ma zug pa yin/__khrus bgegs bskrad sogs dang /__chu bskol mang du btung na bad mkhris skyugs rjes ril bu 'byung /__zhag gsum ril bu ma 'ong na/__a ru mchu bsnyungs bdun/__dur byid ril ma tsam gsum/__hong len ril ma tsam gcig__/dong ka'i tshig 'bras bdun rnams btags la/__lcum rtsa bsdus thang gis phul dgos/__des kyang ma thon zug che na/__dbang ril gson po'am/__phye ma dpung bsnan du btang /__ril bu ltor gnas tshe ja chang /__sha khu bzang po rnams res mos dang /__ril bu don rjes mar gsar lan tshwa btab pa'i zan dron dang /__chang gar ma btang bar bya'o/__/dbang ril nus bskyed sngags/__ha sa ha sing /__ka ling ka ma'u tse/__hri da sod swA hA/__mi lag mi 'grim/__kha che dang dar sna tshogs nang gtum nas rten gral 'jog na mi nyams/__chang nyi me dud ma phog par bya'o/__/dbyig dug yin min brtags pa/__nad pa'i skra sen/__lto dregs/__rkang pa'i rgyu zhabs dregs pa rnams sol mer bsregs pa'i dud pa la rma bya'i mdangs yal nas nag por song na yin no/__/de la dmar bstan 'dzin phun tshogs kyi dbang ril skor gyi zin bris dang /__dug bcos skor tshan kha shas zab legs 'dug__/sarba mang+ga laM//___//

Footnotes

Other Information