JKCL-KABUM-12-NA-016

From Khyentse Lineage - A Tsadra Foundation Project
Revision as of 08:58, 19 January 2022 by Mort (talk | contribs)

Wylie title JKCL-KABUM-12-NA-016.pdf
Location chos kyi blo gros bka' 'bum
Volume 12, Text 16, Pages (Folios 1a to )
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. '. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 12: . Bir, H.P.: Khyentse Labrang, 2012.
Genre Official Letters - chab shog

1 Texts in this Section (sde tshan or chos tshan)

[edit]
རྒྱལ་ཀུན་མཁྱེན་ནུས་བརྩེ་བའི་ཡེ་ཤེས་ཀྱི་ཕུང་པོ་སྐུ་ཞབས་རིན་པོ་ཆེའི་མཆོག་སྤྲུལ་དམ་པའི་༧ཞབས་པད་དུ། གུས་པས་ཞུ་གསོལ། དེང་། མཐའ་ཀླས་པའི་བསྟན་འགྲོ་སྤྱི་དང་། ཁྱད་པར་སྔ་འགྱུར་རྡོ་རྗེ་ཐེག་པའི་བཀའ་གཏེར་གྱི་བསྟན་པ་རིན་པོ་ཆེ་གསལ་བར་བྱེད་པའི་དཔུང་གཉེན་དུ་འཚོ་ཞིང་གཞེས་པ་དང་། ད་ལམ་འདི་གར་ཆེད་དུ་ཕེབས་ཏེ། བླ་མ་གོང་མའི་འབྲེལ་ཟབ་ཆོས་དམ་ལ་དགོངས་ཏེ། ལུགས་གཉིས་ཀྱི་གཟིགས་ཁྱབ་ཚད་མེད་པ་དང་། ཁྱད་པར་རྐྱེན་སེལ་སྲི་གཅོད་ཀྱི་འདུར་དང་། རང་གཏེར་གྱི་ཚེ་སྒྲུབ་ཟབ་མོས་བཀའ་དབང་སོགས་སྩལ་བ་བཀའ་དྲིན་གང་ཆེར་གྱུར་པ་ལ་དད་སྤྲོའི་ལེགས་འབུལ་མཎྜལ་མཚོན་བྱེད་བཀྲ་ཤིས་པའི་ལྷ་རེག །གསང་གསུམ་གཞན་དུ་མི་འགྱུར་བ་བཞུགས་མཚོན། སྐུ་རྟེན་སྒྲོལ་སྐུ་ལི་སེར་རྙིང་པ་བྱིན་ལྡན། གསུང་རྟེན་འཇམ་དཔལ་མཚན་བརྗོད། ཐུགས་རྟེན་རྒྱ་དྲིལ་རྙིང་ལེགས་དབུ་ཕྱག་རང་འགྲིགས། མངག་འཐགས་དམར་པོ་ཐ་ན་གཅིག །རྒྱ་གར་ཐེར་གཟན། གོ་ཐེར་ཤམ་ཐབས། ཅིན་ཁེབས་སྐུ་སྟོད་གཅིག །བཟང་གོས་སེར་པོ་ཁ། རྡི་ཁྲ་ཛར་ལྡན། ཁ་ཆེ་སྤོས་ཤེལ་ལེགས་པ་གཅིག །བྱེ་རུ་གཅིག །འབང་ཚང་གསེར་ལྗང་བརྡུང་གི་རྣ་ལོང་བྱེར་ཙབ་ཅན་ཡ་གཅིག །གཟིག་ལྤགས་གཅིག །སྲམ་ལྤགས། རྟ་ཕོ་གཅིག །ད་གོར་ཉིས་བརྒྱ་ཐམ་པ། བཞུགས་གདན་གམ་གྲུམ་སྔོ་ཁྲ་འབྲུག་རིས་ཅན། རས་དཀར་བཅས་མ་འདྲེས་བཅོ་བརྒྱད་ཀྱི་གྲངས་ལྡན་དངོས་འབྱོར་བདོག་པ་ཤིན་ཏུ་ཕྲའང་ནང་བརྩེས་བཞེས་གྲུབ་པ་དང་། སླད་ཀྱི་ཆར་ཡང་། པ༵དྨའི༵་མཆོག་བསྟན་སྔ་འགྱུར་བུམ་པ་བཟང་། །གར༵་གྱི་དབ༵ང་ཕྱུག་བདུད་རྩིའི་ལེགས་གསོས་ཏེ། །ཕྲིན་ལས༵་རྣམ་བཞི་རྒྱུན་གྱིས་རབ༵་ཏུ་ཁྱབ། ཐར་གླིང༵་སྣང་བ་རྒྱས་པ༵ར་མཛད་དུ་གསོལ། །གསེར་གྱི་ཉི་མ་ཡུན་དུ་བརྟན་པ་དང་། །བཀྲ་ཤིས་ཟླ་བ་གསར་པ་ཚེས་གྱུར་ཅིང་། །རྣམ་དག་སློབ་ཚོགས་རྒྱུ་སྐར་ཕྲེང་བ་ཡི། །ཀུན་མཁྱེན་བསྟན་པའི་རྒྱལ་མཚན་སྒྲེངས་ཏུ་གསོལ། །ཐུབ༵་པའི་བ༵སྟན་པ་ཡུན་དུ་གནས་པ་དང་། །གཞན༵་ལ་ཕན་པ་མཐའ་ཡས་འབྱུང་བའི་གཏེར། །ཀུན༵་དག༵འི་སྐྱེད་ཚལ་དར་ལ་བབ་པ་ཡི། །ཕུན་ཚོགས་དགེ་ལེགས་རྟག་ཁྱབ་ལྷུན་གྲུབ་ཤོག །སརྦ་དཱ་མངྒ་ལཾ།། །།
[edit]

rgyal kun mkhyen nus brtse ba'i ye shes kyi phung po sku zhabs rin po che'i mchog sprul dam pa'i 7zhabs pad du/__gus pas zhu gsol/__deng /__mtha' klas pa'i bstan 'gro spyi dang /__khyad par snga 'gyur rdo rje theg pa'i bka' gter gyi bstan pa rin po che gsal bar byed pa'i dpung gnyen du 'tsho zhing gzhes pa dang /__da lam 'di gar ched du phebs te/__bla ma gong ma'i 'brel zab chos dam la dgongs te/__lugs gnyis kyi gzigs khyab tshad med pa dang /__khyad par rkyen sel sri gcod kyi 'dur dang /__rang gter gyi tshe sgrub zab mos bka' dbang sogs stsal ba bka' drin gang cher gyur pa la dad spro'i legs 'bul maN+Dal mtshon byed bkra shis pa'i lha reg__/gsang gsum gzhan du mi 'gyur ba bzhugs mtshon/__sku rten sgrol sku li ser rnying pa byin ldan/__gsung rten 'jam dpal mtshan brjod/__thugs rten rgya dril rnying legs dbu phyag rang 'grigs/__mngag 'thags dmar po tha na gcig__/rgya gar ther gzan/__go ther sham thabs/__cin khebs sku stod gcig__/bzang gos ser po kha/__rdi khra dzar ldan/__kha che spos shel legs pa gcig__/bye ru gcig__/'bang tshang gser ljang brdung gi rna long byer tsab can ya gcig__/gzig lpags gcig__/sram lpags/__rta pho gcig__/da gor nyis brgya tham pa/__bzhugs gdan gam grum sngo khra 'brug ris can/__ras dkar bcas ma 'dres bco brgyad kyi grangs ldan dngos 'byor bdog pa shin tu phra'ang nang brtses bzhes grub pa dang /__slad kyi char yang /__pa~Xd+ma'i~X mchog bstan snga 'gyur bum pa bzang /__/gara~X gyi dba~Xng phyug bdud rtsi'i legs gsos te/__/phrin lasa~X rnam bzhi rgyun gyis raba~X tu khyab/__thar glinga~X snang ba rgyas pa~Xr mdzad du gsol/__/gser gyi nyi ma yun du brtan pa dang /__/bkra shis zla ba gsar pa tshes gyur cing /__/rnam dag slob tshogs rgyu skar phreng ba yi/__/kun mkhyen bstan pa'i rgyal mtshan sgrengs tu gsol/__/thuba~X pa'i ba~Xstan pa yun du gnas pa dang /__/gzhana~X la phan pa mtha' yas 'byung ba'i gter/__/kuna~X dga~X'i skyed tshal dar la bab pa yi/__/phun tshogs dge legs rtag khyab lhun grub shog__/sarba dA mang+ga laM//___//

Footnotes

Other Information