DKYD-KABUM-07-JA-051: Difference between revisions
No edit summary |
No edit summary |
||
Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|sectionheading=No | |||
|fulltitletib=མན་ངག་ཨུར་མོ་ཁ་འཐམ་ལསཿ དགེ་བསྙེན་བསྙོ་ཁ་ནག་པོ་ཡིཿ འབོད་རྦད་བསད་པའི་ལས་སྦྱོརཿ | |||
|fulltitle=man ngag ur mo kha 'tham las dge bsnyen bsnyo kha nag po yi 'bod rbad bsad pa'i las sbyor | |||
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ། | |||
|collectiontitle=mdo mkhyen brtse bka' 'bum | |collectiontitle=mdo mkhyen brtse bka' 'bum | ||
|author=Mdo mkhyen brtse | |author=Mdo mkhyen brtse | ||
|authortib=མདོ་མཁྱེན་བརྩེ་ | |authortib=མདོ་མཁྱེན་བརྩེ་ | ||
|sourcerevealer=Mdo mkhyen brtse | |sourcerevealer=Mdo mkhyen brtse | ||
|sourcerevealertib=མདོ་མཁྱེན་བརྩེ་ | |sourcerevealertib=མདོ་མཁྱེན་བརྩེ་ | ||
|tibgenre=Protector Rituals - gsol mchod | |tibgenre=Activity Practices - las tshogs, Protector Rituals - gsol mchod | ||
|terma=Yes | |terma=Yes | ||
|language=Tibetan | |language=Tibetan | ||
Line 15: | Line 17: | ||
|volnumtib=ཇ | |volnumtib=ཇ | ||
|volyigtib=༧ | |volyigtib=༧ | ||
| | |totalvolumes=8 | ||
|textnuminvol=051 | |textnuminvol=051 | ||
|multivolumework=No | |||
|colophontib=བདག་འདྲ་དུས་མཐའི་གཏེར་སྨྱོན་ཁྲག་འཐུང་དཔའ་བོའི་བརྡ་རིས་ལས་བཤུས་ཤིང་གྲོགས་ཀྱི་བཀའ་ལྟར་ཁྲིགས་སུ་བསྡེབས་པ་གསང་པའི་སྡེ་ཚན་ཏེཿ ཡི་གེ་འདུ་བྱེད་སློབ་བུར་རསྨིའི་མིང་འཛིན་གྱིས་བགྱིས་པ་གུ་ཧྱཿ | |||
|colophonwylie=bdag 'dra dus mtha'i gter smyon khrag 'thung dpa' bo'i brda ris las bshus shing grogs kyi bka' ltar khrigs su bsdebs pa gsang pa'i sde tshan te:_yi ge 'du byed slob bur rasmi'i ming 'dzin gyis bgyis pa gu h+ya: | |||
|pdflink=File:DKYD-KABUM-07-JA-051.pdf | |pdflink=File:DKYD-KABUM-07-JA-051.pdf | ||
|volumeLetter=JA | |||
|InitCategories=Khyentse Lineage Project; DKYD-KABUM-Volume-07-JA | |InitCategories=Khyentse Lineage Project; DKYD-KABUM-Volume-07-JA | ||
}} | }} | ||
Line 23: | Line 29: | ||
<onlyinclude> | <onlyinclude> | ||
{{TibP|༁ྃཿ མན་ངག་ཨུར་མོ་ཁ་འཐམ་ལསཿ དགེ་བསྙེན་བསྙོ་ཁ་ནག་པོ་ཡིཿ འབོད་རྦད་བསད་པའི་ལས་སྦྱོར་བཞུགསཿ | {{TibP|༁ྃཿ མན་ངག་ཨུར་མོ་ཁ་འཐམ་ལསཿ དགེ་བསྙེན་བསྙོ་ཁ་ནག་པོ་ཡིཿ འབོད་རྦད་བསད་པའི་ལས་སྦྱོར་བཞུགསཿ | ||
༁ྃཿ | ༁ྃཿ དབང་དྲག་གདུག་པ་འདུལ་བའི་གཤེདཿ ཧེ་རུ་ཀ་ལ་གུས་པས་འདུདཿ གཏེར་སྲུང་དགེ་བསྙེན་དམ་ཚིག་ཅནཿ མི་སྲུན་བསྙོ་ཁ་ནག་པོ་ཡིཿ སྒྲུབ་དང་ལས་ལ་སྦྱོར་བའི་ཐབསཿ ཨུར་མོ་ཁ་འཐམ་རྒྱུད་ཀྱི་དོནཿ དུག་རླུང་འཚུབས་མ་ཞེས་བྱ་བསྟནཿ རྩ་བ་ལས་བྱང་གཞུང་བཞིན་ལཿ རི་རྒྱུད་ཕུང་སའི་ས་སྟེགས་ནིཿ གྲུ་གང་དབུས་སུ་གྲུ་གསུམ་བསྐོརཿ དམར་ནག་རྩང་གིས་མཐའ་བསྐོར་ཞིང་ཿ ཕྱི་རུ་རོ་སོལ་ནང་དུག་ཁྲགཿ ཁབ་ལེན་རྡོ་དང་གྲི་ལྕགས་ཕྱེཿ བཏབ་ཅིང་སྟེང་དུ་གཏོར་མ་ནིཿ ཁྲག་ཆང་དུག་སྣས་ངར་བཏབ་པཿ འབྲུ་ནག་སྐེ་ཚེ་ཤང་ཚེའི་ཕྱེཿ སྦྲུས་ཤིང་ཟུར་གསུམ་དཔལ་རྣོ་བཿ དུག་ཁྲག་རོ་སོལ་བྱུག་བྱས་ལཿ དྲག་པོའི་བཤོས་ཕྲན་བཅུ་གསུམ་དང་ཿ སྐྱུ་གུ་ཕྱིར་བསྟན་གྲངས་མེད་བསྐོརཿ རྩང་དམར་ཤ་ཁྲག་རུས་པས་བརྒྱནཿ སྒྲུབ་རྟེན་སྨྱུག་རྒོད་ཚིག་གསུམ་པཿ དར་མཚོན་ལྔས་བརྒྱན་སྐུ་ཡི་རྟེནཿ དར་དམར་སྔགས་བྱང་གསུང་གི་རྟེནཿ དངུལ་དཀར་མེ་ལོང་ཐུགས་ཀྱི་རྟེནཿ གསེར་གཡུ་དུང་གསུམ་ཡོན་ཏན་རྟེནཿ མི་བསད་རལ་གྲི་ཕྲིན་ལས་རྟེནཿ བླ་རྡོ་སྲོག་འཁོར་གསང་བའི་རྟེནཿ གཏོར་མ་ཤ་ཁྲག་ཟས་སྣ་དང་ཿ ཇ་ཆང་འོ་ཞོ་མཆོད་པའི་རྫསཿ སྤྱན་གཟིགས་དཀོར་ཆ་ལོངས་སྤྱོད་དང་ཿ སྲོག་ཆགས་མདངས་སོགས་བསྐང་བའི་རྫསཿ དངོས་འབྱོར་ཡིད་སྤྲུལ་འདུ་བྱས་ལཿ ཐོག་མར་བསྒྲུབ་ཅིང་འགོ་སྔགས་བཟླཿ ཐུགས་དམ་བསྐང་ཞིང་མངའ་གསོལ་རྗེསཿ ལྟ་བ་གྱད་ཀྱི་ངར་ལྡན་བསཿ རང་ཉིད་ཡི་དམ་དབང་དྲག་ཧེ་རུ་ཀའི་ཐུགས་ཀ་ནས་འོད་ཟེར་འཕྲོས་དམ་ཅན་འཁོར་བཅས་ཀྱི་ཐུགས་ཀར་ཕོགཿ སྔོན་གྱི་དམ་ཚིག་དྲན་ཞིང་གློག་ལྟར་མྱུར་བའི་མདུན་དུ་ལས་ལ་འདུས་ཤིང་བཀའ་ཉན་གསུང་སྡོད་ཅི་དགོས་པའི་ལས་རྣམས་སྒྲུབ་པར་ཁས་བླངསཿ སླར་ཡང་འོད་ཟེར་འཕྲོས་པས་ཁམས་གསུམ་གྱི་དྲེགས་པ་ཅན་ཐམས་ཅད་ཀྱི་མཐུ་སྟོབས་དང་ནུས་པ་བསྡུསཿ དམ་ཅན་ལ་ཐིམ་པས་གཟི་བརྗིད་རྒྱས་ཤིང་མངོན་སྤྱོད་ཀྱི་ལས་ལ་ཆེས་དཔའ་བའི་མཐུ་སྟོབས་ནུས་རྩལ་འབར་བར་བསམ་ལཿ ཨོཾ་ཏྲི་ཏྲི་ཙ་བ་ལ་ཀ་ལ་ཏྲིའུ་ཤུ་ལ་རུ་རུ་རུ་ཙ་ཙིཏྟ་ཧྲིང་ཧྲིང་ཛ་ཛཿ ལོ་ཀ་བསྡུས་བསྡུསཿ དམ་ཅན་སྲོག་གི་སྙིང་པོ་འདིཿ འབོད་སྒྲུབ་དུས་སུ་བཟླ་བ་སྟེཿ དངོས་གཟུགས་བསྟན་ཚེ་ལས་བཅོལ་ལོཿ དངོས་ཉམས་རྨི་ལམ་མ་ངེས་པརཿ ལས་དང་མཐུན་པའི་ཆས་ཅན་ནིཿ དགེ་བསྙེན་ཧོར་ཆས་མི་དཔོན་གཟུགསཿ གུས་པས་འདུད་དང་གྲོགས་ཀྱི་ཚུལཿ ང་ཉིད་འབོད་པའི་དོན་གང་ཟེརཿ དེ་ཚེ་རྦད་པའི་རིམ་པ་ནིཿ དུག་ཤོག་ངོས་སུ་དགྲ་བོའི་གཟུགསཿ སྐྱེ་མཆེད་དབང་པོ་ཀུན་ཚང་བྲིཿ སྙིང་ཁར་ས་བོན་རྣྲྀཿཡིག་མཐརཿ དམ་ཉམས་དམིགས་པའི་ཡུལ་དུ་གྱུར་པའི་དགྲ་བོའི་མིང་རུས་ཆེ་གེ་མོའི་ཞེས་བྱ་བའི་བླ་སྲོག་རྣམ་པར་ཤེས་པ་རྟེན་འདི་ལ་མཆིས་པར་གྱུར་ཅིགཿ ཨཾ་ཀུ་ཤ་ཡ་ཛཿ དགྲ་བོའི་བླ་རྟེན་སྲོག་རྟེན་ཚེ་རྟེན་ཤ་མ་རི་འགྲིམ་འགྲིམཿ ཤ་མ་རི་ཏི་ཐུལ་ཐུལཿ མྱོག་མྱོགཿ ཡེད་ཡེདཿ ཁུག་ཁུགཿ ལིང་མྱོག་ལིང་ཤག་ཙ་མུན་ཏྲི་ཛ་ཧཱུྃ་བྃ་ཧོཿ ཡིག་འགོ་ནང་བསྟན་གཡས་སུ་བཀོདཿ ྅྅྅བླ་དགཿ དགྲམ་བརཿ ངུསཿ ཚིག་ཆེན་བཞི་ལཿ ཛ་ཧཱུྃ་བྃ་ཧོཿ ཁ་ལ་བདུད་པོ་ང་ལོངས་ཤིགཿ མིག་གཉིས་ལོང་དང་རྣ་བར་འོནཿ ཕྲག་གཡས་འགོ་བའི་ལྷ་དང་ཕྲོལ་ཅིགཿ ཕྲག་གཡོན་སྐྱོབ་པའི་ལྷ་དང་ཕྲོལ་ཅིགཿ འདོམ་ལ་ཀླུ་བདུད་ནག་པོའི་ཟས་སྐལ་གཏོད་ཅིགཿ རྦད་བསད་སྔགས་དང་དམོད་མོའི་རིགསཿ སྤྲུལ་ནག་ཞགས་པས་མཐའ་ནས་བསྐོརཿ ཟག་རྫས་དུག་ཁྲག་བྱུག་བྱ་ལཿ ལྷ་དབྱེ་མུ་ཟི་རྟ་བོན་དང་ཿ ཡུག་སའི་ལྷམ་འབོལ་ཁྱི་ནག་བྲུནཿ ར་རུ་རེ་ལྕགས་དུད་པ་བདུགཿ རས་ནག་གཡབ་མོ་རྡེབ་བྱས་ལཿ ཀྱེཿ བླ་མ་ཡི་དམ་མཁའ་འགྲོ་གསུམཿ སྣང་སྲིད་ལྷ་སྲིན་སྡེ་བརྒྱད་བཅསཿ མ་ཉེས་དཔང་དུ་དཀོན་མཆོག་བཞུགསཿ དམ་ཉམས་དགྲ་བོ་ལས་ངན་ལཿ སྲུང་ཞིང་སྐྱོབས་པའི་ལྷ་རྣམས་ཉོནཿ ལས་ངན་གདུག་པའི་སེམས་ཅན་འདིཿ སྔོན་གྱི་སྨོན་ལམ་ལོག་པའི་མཐུསཿ ད་ལྟ་གསང་སྔགས་བསྟན་ལ་འཚེཿ སྔགས་འཆང་བདག་ལ་ཕོད་དུ་བཙུགཿ བྱང་ཆུབ་སེམས་ལ་བར་ཆད་ཅིང་ཿ དད་དམ་ལྡན་རྣམས་སུན་ཕྱུངས་ཤིང་ཿ ལྷ་དང་སྲུང་མར་ཕོད་བཙུགས་པའིཿ མགོན་སྐྱབས་བྱ་བའི་ཡུལ་མིན་ཕྱིརཿ ཡེ་ཤེས་ལྷ་རྣམས་དམ་ཚིག་ཉམསཿ དེ་བས་རང་རང་གནས་སུ་གཤེགསཿ འཇིག་རྟེན་ལྷ་རྣམས་སྡིག་ཏོ་ཅནཿ མགོན་སྐྱབས་བྱེད་རྣམས་རླག་བྱེད་ཅིང་ཿ རྡོ་རྗེའི་དམྱལ་བར་འཕེན་པས་ནཿ དགྲ་བོ་ འདི་ཡི་གཤེད་དུ་ཕོབཿ བྱེའུ་ཕྲུག་ཐང་དུ་བསྐྱུར་བ་བཞིནཿ དོར་ལ་རྒྱང་གྲགས་ཕྱིར་བྱེར་ཞིགཿ ཛྙཱ་ན་ལོ་ཀ་དྷེ་ཝ་བྱེར་བྱེར་ཙིཏྟ་གཏུབ་པྲ་ཝེ་ཤ་ཡ་བརླག་བརླག་མ་ར་ཡ་ཕཊཿ ཉི་ཤུ་རྩ་གཅིག་བཟླས་བྱའོཿ དེ་ནས་འགུགས་གཞུག་དྲག་པོ་བྱཿ ལིང་ག་མདུན་དུ་བཀོད་བྱས་ལཿ རང་ཉིད་ཡི་དམ་ཐུགས་ཀ་ནསཿ གཡུ་ཡི་སྦྲང་བུ་འཕྲོས་པ་ཡིསཿ དམིགས་བྱའི་སྙིང་གི་དཀྱིལ་དུ་བབསཿ ཚེ་བསོད་བཀྲག་མདངས་གཟི་བརྗིད་ཀུནཿ འཕྲོག་ཅིང་ལུས་དང་དབང་པོ་ཡིཿ མདོག་ཉམས་བཅུད་ཤོར་དྲན་པ་ཉམསཿ སྦྲང་བུ་སླར་འཁོར་རང་དང་འདྲེསཿ རང་ཉིད་བཀྲག་མདངས་གཟི་བརྗིད་རྒྱསཿ སངས་རྒྱས་སྟོང་གིས་ཕྱག་འཚལ་ཞིང་ཿ བསོད་ནམས་རླུང་རྟ་ཁ་སྦུབ་བྱཿ ལིང་ག་ཞལ་ཤེས་ལྡན་པས་བསྡེབསཿ རབ་ཆད་དུད་པས་བདུག་བྱ་ཞིང་ཿ ཤི་སྐྲ་འམ་ནི་རབ་ཆད་ཀྱིཿ རྒྱུས་པས་བཙིང་ཞིང་ཞོལ་དུ་གཞུགཿ སྐེ་ཚེ་ཤང་ཚེ་ཡུངས་ཀར་ནགཿ ལྕགས་ཕྱེ་མཁར་ཕྱེ་རྡོ་ཕྱེ་དང་ཿ ཐར་ནུ་ཐང་ཁྲོམ་ར་བཙན་དུགཿ མཛེ་ཡུག་དམེ་ཁྲག་ངར་བཏབ་པཿ ཐུན་རྫས་བསགས་ཤིང་སྒྲོལ་གྲི་དང་ཿ དགོས་པའི་ཡོ་བྱད་འདུ་བྱས་ལཿ འབོད་སྔགས་བཟླས་རྗེས་བསྟོད་པའི་མཐརཿ བསྐུལ་ཞིང་རྦད་པའི་རིམ་པ་ནིཿ ཁྲག་ཆང་མཆོད་ཅིང་འདི་སྐད་དོཿ བྷྱོཿ དམ་ཚིག་གཉན་གྱི་སྲུང་མ་ནིཿ མེ་རླུང་དམར་ནག་འཁྲུགས་པའི་ཀློང་ཿ བདུད་ཀྱི་བདུད་ཆེན་བསྙོ་ཁ་ནགཿ མུན་པའི་མདོག་ཆེན་ཁྲོས་པའི་གཟུགསཿ དབུ་ལ་ཆུ་སྲིན་ཡ་གལ་དང་ཿ སྐུ་ལ་དོམ་གྱི་སློག་པ་གསོལཿ སྦྲུལ་དང་རྒྱུ་མའི་སྐ་རག་བཅིང་ཿ མི་ལྤགས་གཡང་གཞིའི་སྟོད་གཡོགས་ཤིང་ཿ གཡས་སུ་སྤུ་གྲི་འབར་བ་ཕྱརཿ སྡང་བྱེད་དགྲ་ཡི་མགོ་ལུས་ཕྲལཿ གཡོན་པས་སྦྲུལ་ནག་ཞགས་པ་འཕེནཿ དགྲ་བོའི་སྐེ་སྡོམ་སྙིང་ལ་འཛིནཿ བདུད་རྟ་ནག་པོ་འཕུར་ཤེས་ཆིབསཿ ལས་མཁན་ཀླུ་བདུད་ཏི་པ་ཙཿ མི་ལུས་སྡིག་པའི་མགོ་བོ་ཅནཿ སྟྭ་གྲིས་དགྲ་བོའི་མགོ་ལུས་གཤོགཿ ནད་རྐྱལ་རྡེབ་ཅིང་རིམས་ནད་ཡམསཿ མཛེ་ལྷོག་ཕོལ་མིག་ཧུར་ཐུམ་ནདཿ གློ་བུར་ཡེ་འདྲོགས་ཆོ་འཕྲུལ་འགྱེདཿ སྦལ་སྦྲུལ་སྡོམ་སྡིག་སྲོག་ཆགས་སོགསཿ ལྟས་ངན་མང་པོ་ལས་ལ་འགྱེདཿ སྦྲུལ་མཇུག་འཁྱུག་པས་འདུན་མ་བཤིགསཿ བརྣག་པ་གང་ཡིན་སྐད་ཅིག་གིསཿ གསོད་ཤེས་འཛིན་ཤེས་གཏོང་མི་ཤེསཿ ཀླུ་བཙན་བདུད་རིགས་བློན་པོ་བརྒྱདཿ མཚོན་ཆ་སྣ་ཚོགས་དགྲ་ལ་བསྣུནཿ བཀའ་འཁོར་བྱེ་བ་འབུམ་སྡེའི་ཚོགསཿ གུང་ཟེར་དུས་བཞིར་དམག་ལ་ཆོསཿ ཁྱེད་ཅག་ཐུགས་དམ་དུས་ལ་བབཿ སྔོན་གྱི་བསྐལ་པའི་དང་པོ་ལཿ དབང་དྲག་རོལ་པའི་དུར་ཁྲོད་ནསཿ སྨོན་ལམ་བཏབ་ཅིང་སྲོག་སྙིང་ཕུལཿ དབང་བསྐུར་དམ་བཏགས་ཐ་ཚིག་བསྒོསཿ ཇི་ལྟར་བྲོ་བོར་དམ་བཅས་པཿ ཡང་གསང་བསྟན་པ་སྲུང་བ་དང་ཿ དམ་ཚིག་ལྡན་པའི་རྣལ་འབྱོར་པསཿ བཀའ་བཞིན་བསྒྲུབ་པར་མ་ཆད་དམཿ ཉམས་པ་བདུན་ལྡན་སྨོས་ཅི་དགོསཿ དམ་ཚིག་ལྡན་ལ་གནོད་སྦྱོར་རྩོམཿ ཆོས་ལ་ཡ་ག་སྒྲོག་པ་དང་ཿ བྱང་ཆུབ་སེམས་ལྡན་སུན་འབྱིན་ཀུནཿ མ་བསྐུལ་བར་ཡང་སྒྲོལ་བ་ཡིཿ སྨོན་ལམ་ཐ་ཚིག་གང་དུ་ཐལཿ བདག་ཅག་པདྨའི་བརྒྱུད་འཛིན་གྱིཿ དང་པོ་མ་ཉེས་སེམས་མ་ཉེསཿ རྟག་ཏུ་བྱང་ཆུབ་སེམས་གཉིས་བསྒོམསཿ བར་དུ་མ་ཉེས་ཁ་མ་ཉེསཿ རྒྱུ་འབྲས་དགེ་སྡིག་བླང་དོར་བཤདཿ ཐ་མར་མ་ཉེས་ལག་མ་ཉེསཿ རྫས་དང་ཡོ་བྱད་གཏོར་མཆོད་བསགསཿ བླ་རྫོགས་ཐུགས་གསུམ་གནད་ལ་འབུངསཿ བསྐྱེད་རྫོགས་ཟབ་མོའི་དོན་ལ་བལྟསཿ ཡང་གསང་གདམ་པ་སྤེལ་སྙམས་ཡངཿ དམ་ཉམས་ལས་ངན་སྡིག་ཏོ་ཅནཿ སྡང་དགྲ་དམིགས་པའི་ཡུལ་གྱུར་འདིསཿ དང་པོ་གསང་སྔགས་བསྟན་ལ་སྡངཿ བར་དུ་སྦྱོར་སྒྲོལ་ལོག་པར་བལྟསཿ ཐ་མར་རྣལ་འབྱོར་བདག་ལ་བདོཿ རྡོ་རྗེ་སློབ་དཔོན་ཐུགས་རྒྱུད་དཀྲུགསཿ བྱང་ཆུབ་སྒྲུབ་ལ་བར་དུ་བཅདཿ ཉེས་མེད་སེམས་ཅན་སྡུག་ལ་སྦྱརཿ དང་པོ་སེམས་ཀྱི་ཀུན་སློང་ནགཿ བར་དུ་ཁ་ནས་ཡ་ག་སྒྲོགསཿ ཐ་མ་དུག་གཡོས་དགྲ་གྱོད་ཤོམཿ ཕྲ་མ་ཚིག་རྩུབ་ཡུལ་ཁམས་དཀྲུགཿ དགྲ་འདི་ཡན་པར་བཏང་གྱུར་ནཿ སངས་རྒྱས་བསྟན་པ་ནུབ་ལ་ཉེཿ སློབ་དཔོན་མྱ་ངན་འདས་ལ་དགོངསཿ བདག་ཅག་དམངས་སུ་འབེབས་འགྱུར་ཞིང་ཿ དམ་ཅན་ཁྱོད་ཀྱང་ཁྱི་ལྟར་འཁྱམསཿ སྔོན་གྱི་དམ་ཚིག་ཉམས་པའི་མཐུསཿ མནར་མེད་རྡོ་རྗེའི་དམྱལ་བར་ལྟུང་ཿ ཀྱེ་མ་ཀྱི་ཧུད་རྩ་གསུམ་ལྷཿ གཟུ་དང་དབང་པོ་དྲངས་ཤན་མཛོདཿ ལས་མྱུར་ཐོག་འདྲ་བསྙོ་ཁ་ནགཿ ཡེ་ཤེས་སྤྱན་ལ་རྡུལ་སོང་ངམཿ དམ་ཉམས་དགྲ་བོ་ཅིས་མི་གཟིགསཿ མངོན་ཤེས་སྙན་ལ་ནད་བྱུང་ངམཿ ཆོས་ལ་ཡ་ག་ཅིས་མི་སྙནཿ མཐུ་སྟོབས་ནུས་པ་དགྲས་ཕྲོག་གམཿ དེ་བས་ཡལ་ཡོལ་ཅི་ལ་བྱེདཿ བདག་གིས་དུང་དུང་ལྷང་ལྷང་གིསཿ ལས་ལ་བསྐུལ་བ་མ་ཐོས་སམཿ མངོན་སྤྱོད་ཕྲིན་ལས་དུས་ལ་བབསཿ ཆའོ་ཆའོ་ལས་ལ་ཆོསཿ མགྱོགས་པ་ཞོན་ལ་རྣོ་མཚོན་བརྡོརཿ ཞེ་སྡང་ཕྱུངས་ལ་ང་རྒྱལ་བསྐྱེདཿ ནམ་མཁའི་ཁམས་ནས་ཀི་ཡིས་ཐོབཿ ལྷ་བདུད་ཚོགས་ཀྱི་དམག་མང་སྡུསཿ བར་སྣང་ཁམས་ནས་བསྭོ་ཡིས་ཐོབཿ དམུ་བདུད་ཚོགས་ཀྱི་དམག་ཚུར་སྡུསཿ ས་གཞིའི་ཁམས་ནས་བཤུགས་སྒྲས་ཐོབཿ ཀླུ་བདུད་ཚོགས་ཀྱི་དམག་ཡར་སྡུསཿ སྔ་དགྲ་བྱས་དང་ད་དགྲ་བྱེདཿ ཕྱི་དགྲ་ཤོམ་པའི་ལས་ངན་སོདཿ ཆེ་གེ་མོ་ཞེས་བྱ་བ་ལཿ དམ་ཅན་སྲུང་མའི་དམག་ཆོས་ཤིགཿ ཏི་པ་ཙ་ཡིས་དམག་སྣ་དྲོངསཿ བདུད་དམག་འབུམ་གྱིས་ཡུལ་ཁམས་རློགསཿ ལས་མཁན་བདུན་གྱིས་ཤན་པ་གྱིསཿ དགེ་བསྙེན་ཆེན་པོས་དམག་མཇུག་སྡུསཿ ནད་ཀྱི་ན་བུན་ཐིབས་སེ་ཐིབསཿ དུག་གི་རླངས་པ་ཕྱུ་རུ་རུཿ མཚོན་གྱི་སེར་བ་ཐ་ར་རཿ ཐོག་མདའ་བུ་ཡུག་འཚུབས་སེ་ཚུབཿ ཤན་པའི་དམག་ཚོགས་ཤ་ར་རཿ རྒྱུགས་ཤིག་རྒྱུགས་ཤིག་ལས་ལ་ཆོསཿ དམིགས་པའི་ཡུལ་དུ་གྱུར་པ་འདིཿ ལོ་ཟླ་ཞགས་དུས་མ་འགྱངས་བརཿ དོ་ནུབ་ནམ་གྱི་སྲོད་ཐུན་ལཿ དགྲ་བོའི་ཡུལ་ཁམས་དམག་གིས་ཁོངསཿ ནམ་ཕྱེད་ལས་ངན་བླ་འཁྱམས་དུསཿ སྲོག་རྩ་ཆོད་ལ་སྙིང་ཁྲག་འཐུང་ཿ ཚེ་བསོད་བཀྲག་མདངས་གཟི་བརྗིད་ལོངསཿ ཤ་ཁྲག་རུས་པ་ནང་རོལ་བཅསཿ བདུད་དམག་ཚོགས་ཀྱིས་རྔམ་ཟས་ཀྱིསཿ ཐོ་རངས་རྒྱལ་རྔ་རྡུང་པའི་དུསཿ བསད་རྟགས་དོན་སྙིང་ཁྱེར་ལ་ཤོགཿ མིང་གི་ལྷག་མར་བརླག་པར་གྱིསཿ ལས་མཁན་མཐུ་རྩལ་མ་ཞན་ཅིགཿ ཞེས་བསྐུལ་རྦད་སྔགས་བཟླ་པ་ནིཿ རང་ཉིད་ཡི་དམ་གྱི་ཐུགས་ཀ་ནས་འོད་ཟེར་དམར་ནག་གློག་ཞགས་ལྟར་འགྱུ་ཞིང་ཚ་ལ་རྩུབ་ཤིང་རྣོ་ལ་མྱུར་བ་དཔག་ཏུ་མེད་པར་འཕྲོས་ཤིང་དམ་ཅན་འཁོར་བཅས་ཀྱི་ཐུགས་ཀར་ཕོག་པས་དམ་ཚིག་དྲན་ཞེ་སྡང་མེ་ལྟར་འབར་ཞིང་དགྲ་བོའི་ཡུལ་དུ་དམག་ལ་ཆས་ཤིང་མངོན་སྤྱོད་ཀྱི་ལས་ཐོགས་མེད་སྒྲུབ་པར་བསམ་ལཿ བྷྱོ་བྷྱོ་ཏྲི་ཏྲི་ཙ་པ་ལ་ན་རཀྴ་ཏྲིའུ་ཏྲིའུ་ཀོ་ཀ་དུ་ཏྲི་དགྲ་བོ་ཆེ་གེ་མོའི་སྲོག་ལ་བྲིང་བྲིང་ཿ འུར་བ་འུར་བཿ དུན་དུནཿ རྒྱུག་རྒྱུགཿ ཤད་ཤདཿ ཏི་མ་ར་ཡ་རྦད་རྦདཿ ཅི་ནུས་བཟླ་ཞིང་དམིགས་པས་གཟིརཿ སྐབས་སུ་བདེན་སྟོབས་བརྗོད་པ་ནིཿ ན་མོཿ བརྒྱུད་པ་དགུ་ལྡན་བླ་མ་དང་ཿ བསླུ་བ་མེད་པ་དཀོན་མཆོག་གསུམཿ རྒྱུད་སྡེ་བཞི་དྲུག་ཐེག་རིམ་དགུཿ ཡེ་ཤེས་འཇིག་རྟེན་ཌཱཀྐིའི་ཚོགསཿ ཁྱད་པར་དབང་དྲག་ཧེ་རུ་ཀའིཿ སྐུ་གསུང་ཐུགས་ཀྱི་བདེན་པ་དངཿ ཕོ་རྒྱུད་མོ་རྒྱུད་ཆོས་སྐྱོངས་རིགསཿ དམ་ཅན་དགེ་བསྙེན་བསྙཽ་ཁ་ནགཿ བཙུན་མོ་སྲས་དང་ཕོ་ཉ་འབརཿ ལས་མཁན་བཀའ་འཁོར་ཚོགས་རྣམས་ཀྱིསཿ སྟོབས་རྩལ་ཤུགས་དང་ནུས་མཐུ་ཡིསཿ དམ་ཉམས་དགྲ་བོ་ཆེ་གེ་མོའི༔ བླ་སྲོག་རྣམ་ཤེས་རྟེན་དང་བཅསཿ རང་དབང་མེད་པར་འདིར་ཁུག་ཅིགཿ དམིགས་རྟེན་ལིང་ག་དབྱེར་མེད་བསྟིམཿ ཨཾ་ཀུ་ཤ་ཡ་ཛ་ཛཿ དགྲ་བོའི་བླ་རྟེན་སྲོག་རྟེན་ཚེ་རྟེན་ཤ་མ་རི་ཏི་འགྲིམ་འགྲིམཿ ཤ་མ་རི་ཏི་ཐུལ་ཐུལཿ མྱོག་མྱོགཿ ཡེ་ཡེཿ ཁུག་ཁུགཿ ལིང་མྱོག་ལིང་ཤག་ཙ་མུན་ཏྲི་ཛ་ཧཱུྃ་བྃ་ཧོཿ རྟགས་ཐོན་བཟླ་ཞིང་བྲུན་ལ་སྔགསཿ རྟགས་མ་ཐོན་ན་གནད་ལ་དབབཿ རང་ཉིད་ལྷ་ཡི་ང་རྒྱལ་གྱིསཿ སྲུང་བའི་སྤྱི་བོར་བྲོ་གར་འཆམསཿ འོད་ཟེར་མཚོན་ཆའི་གཟིར་བར་བྱཿ ཤི་ས་བསྟན་པའི་མགོ་མཇུག་ལྡོགཿ འདར་ཞིང་ཁ་ནས་ཁྲག་སྐྱུག་བསམཿ ཕྲལ་དུ་ལས་འགྲུབ་ཐེ་ཚོམ་མེདཿ ཤིན་ཏུ་དོ་གལ་ཆེ་བ་དང་ཿ འགགས་ལ་མ་ཐུག་མི་བྱའོཿ དགྲ་བོ་འགུགས་བསད་རྟགས་བྱུང་ཚེཿ བསད་པས་མཐའ་ཐུག་བྱ་བ་ནིཿ ཟན་ལིང་འགུགས་གཞུགས་བྱས་པ་ལཿ བྷྱོཿ དབང་དྲག་སྤྲུལ་པའི་ཕོ་ཉ་ནིཿ ཁྲོ་བོ་ཁྲོ་མོ་འཇིགས་པའི་གཟུགསཿ ལག་ན་གདུག་པའི་མཚོན་ཆ་ཐོགསཿ དམ་ཉམས་དགྲ་བོ་ལས་ངན་གྱིཿ སྲོག་དབུགས་བསྡུས་ལ་རྣམ་ཤེས་སྦོརཿ ལྔ་ཕུང་གཏུབས་ཤིང་ཕྱེ་མར་ཐོངསཿ རྣམ་པར་ཤེས་པ་གནད་ལ་གཟིརཿ དུ་ཏྲི་རྦད་དགྲ་བོ་ཆེ་གེ་མོ་ཨ་རྣྲྀ་མ་ར་ཡ་རྦད་རྦདཿ ཅེས་གཏུབ་ལིང་རོ་གཏོར་མར་བྲནཿ ཤོག་ལིང་ཐུན་གྱིས་གཟིར་བྱས་ལཿ བྷྱོཿ དམ་ཅན་སྲུང་མའི་དམག་ཚོགས་རྣམསཿ ཞལ་གདངས་ལྗགས་སྐྱོང་མཆེ་བ་གཙིགསཿ བསྟན་དགྲ་ལས་ངན་སྡིག་པོ་ཆེའིཿ དོན་སྙིང་དབང་པོ་ནང་རོལ་དང་ཿ ཤ་ཁྲག་ལྤགས་རུས་ཀླད་པར་བཅསཿ ཆུང་མ་བུ་ནོར་ལོངས་སྤྱོད་ཀུནཿ དམ་ཅན་ཚོགས་ལ་ཟས་སྐལ་གཏདཿ ལྷག་མ་མེད་པར་མྱུར་དུ་ཟོཿ མ་འགྱངས་མ་ཞུད་མ་གཡེལ་བརཿ རྩྭ་ཕུང་མེ་ལ་བསྲེགས་པའམཿ ལན་ཚ་ཆུ་ལ་བསྐྱུར་བ་བཞིནཿ མངོན་སྤྱོདཕྲིན་ལས་མ་གཡེལ་ཞིགཿ བྷྱོ་དུ་ཏྲི་མ་ར་ཡ་རྦད་སོདཿ དགྲ་བོ་ཆེ་གེ་མོའི་ཤ་ལ་བྲིང་བྲིང་ཿ ཁྲག་ལ་ཧུབ་ཧུབཿ རུས་ལ་ཆེམ་ཆེམཿ ཏྲིའུ་ཏྲིའུ་ཙིཏྟ་རྔུབ་རྔུབཿ བྲིང་ཤག་ཚལ་བ་ཚལ་པཿ ཧུར་ཧུརཿ ཏྲིའུ་དུ་ནཱ་ག་ཆེ་གེ་མོ་མ་ར་ཡ་རྦད་རྦད་སོད་སོདཿ བཟླ་ཞིང་ལྟག་མེད་ཟོས་པར་བསམཿ ཐུན་མཚམས་གོང་བཞིན་བསྐུལ་པ་བྱཿ བསད་རྟགས་དངོས་སུ་བྱུང་བའི་དུསཿ དགྲ་བོ་གཉིས་གསུམ་ལས་མེད་ནཿ མེ་ནང་དམ་ཅན་སྒོམ་ཞིང་བསྲེགཿ མཐའ་རྩ་སྐྱེ་རྒྱུད་གཅོད་འདོད་ནཿ གླང་ནག་རྭ་ཡི་ནང་དུ་བྲུབཿ མི་ཁའི་རྫས་དང་ཐུན་རྫས་གཏམསཿ གདོལ་པ་ནག་པོར་གཏད་པར་བྱཿ དགྲ་བོ་ཤིན་ཏུ་བྱིང་ཆེ་ནཿ མངའ་གསོལ་བསྐུལ་པ་ཙམ་གྱིས་ཀྱང་ཿ ཕྲན་བུའི་དགྲ་རྣམས་འཇོམས་པར་བྱེདཿ བསྲེག་པའི་ཐལ་བ་དགྲ་བོ་ཡིཿ གནས་རྟེན་མཐོང་པར་གཏོར་བྱས་ནཿ དེས་ཀྱང་ཕུང་པར་ཐེ་ཚོམ་མེདཿ རྦད་སྔགས་གཤམ་དུ་གང་འདོད་ཀྱིཿ སྤེལ་ཚིག་རྣོན་པོ་ཞལ་ལས་ཤེསཿ ར་རུ་ཐང་ཁྲོམ་འུག་པའི་སྒྲོཿ བྱུག་ཅིང་ཚེར་ནག་ཤིང་ལ་བྲིཿ ནུབ་བསྟན་ཆུ་མིག་གཡས་འགྲམ་སྦསཿ དགྲ་བོ་འདུན་མ་གཤིགས་པར་ངེསཿ ཆུ་མིག་བྱང་བསྟན་གཡོན་འགྲམ་སྦསཿ དགྲ་ལ་མི་འདོད་སྣ་ཚོགས་འབྱུང་ཿ བྱང་བསྟན་ཆུ་མིག་ལྐུགས་པ་ཡིཿ འོག་ཏུ་ཕུང་རེས་དྲིལ་བྱས་ཤིང་ཿ གཡག་ནག་ཁྲག་གིས་བྲིས་སྦས་ནཿ དགྲ་ལ་རྒྱལ་པོས་བཀའ་ཆད་འབྱུང་ཿ ཕ་ཝཾ་གཅིག་པའི་འོག་ཕྱོགས་ཀྱིཿ འདོམས་གང་ས་རུ་དོང་བྲུས་ཤིང་ཿ ཚེར་མ་ཅན་གྱི་ཤིང་དག་ལཿ འབོད་རྦད་བསད་པའི་སྔགས་ཤམ་དུཿ ཏྲི་ཏྲི་ཀ་ཏྲི་ནཿ ཞེས་བཏགས་འུག་པའི་ཁྲག་བྱུག་ལཿ མགོ་མཇུག་ལྡོག་ཅིང་དུར་རྔོ་ལཿ ཨོ་ཛཿབྲིས་པས་གདབ་བྱས་ཤིང་ཿ གཅེར་རྒྱུག་ལན་གསུམ་བྱས་པའི་མཐརཿ ནུབ་ཀྱི་ཕྱོགས་སུ་ཁ་བསྟན་ནསཿ དྲི་ཆུ་དོར་ཞིང་རང་གནས་འོང་ཿ དགྲ་ལ་མི་འདོད་སྣ་དགུ་འབྱུང་ཿ བཀྲོལ་ཚེ་ཕུར་པ་འོ་ཆུས་བཀྲུསཿ ལུག་ཀླག་བྱུག་ན་གྲོལ་བའོཿ གོང་གི་ལས་མཐའ་རྫོགས་པའི་མཐརཿ གཏོར་མ་ཤ་ཁྲག་རུས་པ་མཆོདཿ ཀྱེཿ བདུད་ཀྱི་བདུད་དགྲ་ཆེན་པོ་ནིཿ བསྙོ་ཁ་ནག་པོ་སྲོག་གི་བདགཿ ཁྱེད་ལ་མཆོད་པ་འབུལ་བ་ནིཿ དགྲ་བསད་ཤ་ཁྲག་ཀིང་རུས་དང་ཿ དབང་ལྔ་དོན་སྙིང་ནང་རོལ་འབུལཿ གཟུགས་སྒྲ་དྲི་རོ་རེག་བྱ་ཆོསཿ སྤྱན་གཟིགས་དཀོར་ནོར་དཔག་མེད་པཿ རྟེན་སྒྲུབ་ཐུགས་དམ་བསྐང་བའི་རྫསཿ རྣལ་འབྱོར་པ་དང་འབྲལ་མེད་ཅིང་ཿ སྔ་བཅོལ་ལས་ཀྱི་བཏང་རག་དང་ཿ ད་བཅོལ་ལས་ཀྱི་དཔའ་ཟས་སྟེཿ ཕྱི་བཅོལ་གཉེར་ཟན་ཕུལ་བ་ཡིསཿ རྣལ་འབྱོར་པ་ཡི་ཕྲིན་ལས་སྒྲུབསཿ འབྲལ་མེད་རྟག་ཏུ་སྐྱོང་པར་མཛོདཿ ཅེས་བརྗོད་སླར་ཡང་སྒྲུབ་གཏོར་བཏེགསཿ དགྲ་བོའི་ཕྱོགས་སུ་ཁ་བལྟས་ཤིང་ཿ ཤིན་ཏུ་ཁྲོས་པའི་ང་རྒྱལ་གྱིསཿ བྷྱོཿ ཆའོ་ཆའོ་ལས་ལ་ཆོསཿ བདུད་དམག་འབར་བ་བསྟན་དགྲའི་གཤེདཿ ཞེ་སྡང་ཕྱུང་ལ་ང་རྒྱལ་བསྐྱེདཿ བསྐུལ་པ་ཡིས་ནི་ལས་མ་འགྱངསཿ རྦད་པ་ཡིན་ནོ་མཐུུ་ མ་ཆུང་ཿ བདག་ལ་སྡང་བའི་དགྲ་བོ་འདིསཿ ཕོ་རྒྱུད་རྩད་ནས་ཆོད་ལ་ཤོགཿ མོ་རྒྱུད་མངལ་ནས་སྐོམ་ལ་ཤོགཿ ཡུལ་ཁམས་ཐལ་བ་རླུང་གཏོར་བཞིནཿ ལྷག་མ་རྗེས་ཤུལ་ཙམ་དུ་རློགསཿ རིག་འཛིན་པདྨ་ཀ་ར་ཡིཿ བརྒྱུད་པ་འཛིན་པའི་གང་ཟག་ལཿ སྡང་བར་བྱེད་པའི་དགྲ་གདོན་ཀུནཿ སྒོ་ང་བྲག་ལ་བརྡབ་པའམཿ ལོ་ཏོག་སེར་བས་བཅོམ་པ་བཞིནཿ མངོན་སྤྱོད་འབྲས་བུ་མཆིས་པར་མཛོདཿ ཏྲི་བཱ་ལ་ཀ་ལ་སུ་ཏྲི་བྲིང་བྲིང་ཿ རྒྱུག་རྒྱུགཿ ཕྱོད་ཕྱོདཿ ཧོབ་ཤ་མ་ར་ཡ་རྦད་རྦདཿ དགྲ་བོ་ཆེ་གེ་མོའི་མཐའ་རྩ་སྐྱེ་རྒྱུད་དང་བཅས་པ་རྗེས་མེད་ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པའི་ཕྲིན་ལས་མཛོད་ཅིགཿ ཅེས་བརྗོད་གོམ་པ་བརྒྱ་ཡི་མཐརཿ དགྲ་བོ་གནས་པའི་ཕྱོགས་སུ་འཕང་ཿ དོ་གལ་ཆེ་ན་རི་དབང་རྩེརཿ རླུང་དང་བསྟུན་ཅིང་དགྲ་ཕྱོགས་སུཿ ཁ་གཏད་དོར་ཞིང་དུལ་མོ་རྡེབསཿ དམོད་པ་བོར་ཞིང་དམིགས་པས་གཟིརཿ ཟླ་གཅིག་ཚུན་དུ་ལས་འགྲུབ་བོཿ དེ་ཚེ་གཏང་རག་མཆོད་པ་བྱཿ དེ་ནས་གཏོར་གཞོང་ཁ་སྦུབ་བྱཿ ལས་གཅིག་འགྲུབ་ཕན་ཁོ་རང་ལཿ བསྔོས་པས་རྒྱུན་གཏོར་ནར་མ་འབུལཿ བརྒྱུད་ལྡན་བླ་མའི་ཞལ་ཁྲིད་ཀྱིཿ ཐེབ་ཅིང་མན་ངག་འདི་ལྡན་ནཿ ཕ་རོལ་ཕུང་པར་ཐེ་ཚོམ་མེདཿ ས་སྟེགས་བྱང་གི་ཕྱོགས་སུ་བསྐྱལཿ ཤུལ་དུ་གུ་གུལ་བ་ལུ་དང་ཿ མཁན་དཀར་ཨ་གར་དུད་པས་བདུགཿ རང་ཉིད་ལྟ་བའི་ངང་མདངས་སྐྱོངསཿ སླར་ཡང་དགྲ་ལ་དུམ་བྱེད་ནཿ ཟས་ནོར་རིམ་པ་སྤྲང་སྦྱིན་དང་ཿ བུད་ཀྱི་གྲུབ་མའི་གཏོར་མཆོད་བྱཿ དེས་ནི་རང་ལ་མི་ལྡོག་གོཿ བདག་འདྲ་ཨ་ཙར་དམར་པོ་ཡིསཿ བདེ་སྟེར་ཌཱཀྐིའི་བརྡ་བཀྲོལ་ཚེཿ ཨུར་མོ་ཁ་འཐམས་རྒྱུད་ཀྱི་དོནཿ མན་ངག་ཁྲིགས་སུ་བསྡེབས་པ་སྟེཿ ཡེ་ཤེས་ཌཱཀྐིའི་སྤྲུལ་བསྒྱུར་གརཿ རྡོ་རྗེ་ཕག་མོའི་ཕྱག་ཆ་སྟེཿ དམ་མེད་མིག་གིས་མཐོང་ཚད་ཀུནཿ སྲོག་གི་གཤེད་མར་ཐེ་ཚོམ་མེདཿ བཀའ་འདི་ཀླུ་བདུད་ནག་པོར་གཏདཿ ཐུབ་པར་སྲུངས་ཤིག་དམ་ཚིག་རྒྱཿ ས་མ་ཡཱཿ གུ་ཧྱཿ ཁ་ཐཾཿ ཙིཏྟ་རཀྟ་ཊྚ་ཏུཿ བདག་འདྲ་དུས་མཐའི་གཏེར་སྨྱོན་ཁྲག་འཐུང་དཔའ་བོའི་བརྡ་རིས་ལས་བཤུས་ཤིང་གྲོགས་ཀྱི་བཀའ་ལྟར་ཁྲིགས་སུ་བསྡེབས་པ་གསང་པའི་སྡེ་ཚན་ཏེཿ ཡི་གེ་འདུ་བྱེད་སློབ་བུར་རསྨིའི་མིང་འཛིན་གྱིས་བགྱིས་པ་གུ་ཧྱཿ | ||
}} | }} |
Latest revision as of 14:52, 28 June 2024
Wylie title | man ngag ur mo kha 'tham las dge bsnyen bsnyo kha nag po yi 'bod rbad bsad pa'i las sbyor | |
---|---|---|
Location | mdo mkhyen brtse bka' 'bum Volume 7, Text 51, Pages (Folios to ) | |
Author | མདོ་མཁྱེན་བརྩེ་ | |
Less details More details | ||
Tertön | མདོ་མཁྱེན་བརྩེ་ (Mdo mkhyen brtse) | |
Citation | ||
Genre | Activity Practices - las tshogs · Protector Rituals - gsol mchod | |
Colophon |
བདག་འདྲ་དུས་མཐའི་གཏེར་སྨྱོན་ཁྲག་འཐུང་དཔའ་བོའི་བརྡ་རིས་ལས་བཤུས་ཤིང་གྲོགས་ཀྱི་བཀའ་ལྟར་ཁྲིགས་སུ་བསྡེབས་པ་གསང་པའི་སྡེ་ཚན་ཏེཿ ཡི་གེ་འདུ་བྱེད་སློབ་བུར་རསྨིའི་མིང་འཛིན་གྱིས་བགྱིས་པ་གུ་ཧྱཿ | |
bdag 'dra dus mtha'i gter smyon khrag 'thung dpa' bo'i brda ris las bshus shing grogs kyi bka' ltar khrigs su bsdebs pa gsang pa'i sde tshan te:_yi ge 'du byed slob bur rasmi'i ming 'dzin gyis bgyis pa gu h+ya: |