DKYD-KABUM-06-CHA-023: Difference between revisions
No edit summary |
No edit summary |
||
Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|sectionheading=No | |||
|fulltitletib=ཡང་གསང་ཐུགས་ཀྱི་ཐིག་ལེ་ལསཿ མཐའ་སྡུད་སྨོན་ལམ་ཟབ་མོ་བཞུགསཿ | |||
|fulltitle=yang gsang thugs kyi thig le las mtha' sdud smon lam zab mo | |||
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ། | |||
|collectiontitle=mdo mkhyen brtse bka' 'bum | |collectiontitle=mdo mkhyen brtse bka' 'bum | ||
|author=Mdo mkhyen brtse | |author=Mdo mkhyen brtse | ||
|authortib=མདོ་མཁྱེན་བརྩེ་ | |authortib=མདོ་མཁྱེན་བརྩེ་ | ||
|sourcerevealer=Mdo mkhyen brtse | |sourcerevealer=Mdo mkhyen brtse | ||
|sourcerevealertib=མདོ་མཁྱེན་བརྩེ་ | |sourcerevealertib=མདོ་མཁྱེན་བརྩེ་ | ||
|tibgenre=Prayers - smon lam | |||
|terma=Yes | |terma=Yes | ||
|language=Tibetan | |language=Tibetan | ||
|volumenumber=06 | |||
|volnumtib=༦ | |volnumtib=༦ | ||
|volyigtib=ཆ | |volyigtib=ཆ | ||
| | |totalvolumes=8 | ||
|textnuminvol=023 | |textnuminvol=023 | ||
|multivolumework=No | |||
|colophontib=བརྩེ་བའི་བདག་ཉིད་ལྷ་ལྕམ་དབང་མོ་མཆོགཿ ཚེ་རིང་ལྷ་ཡི་མཚན་འཛིན་གང་དེ་ཡིསཿ བཀའ་གནང་མ་ལྡོག་ལྕམ་མིང་ཀུ་སུ་ལུཿ བློ་གསལ་སྒོན་མ་ཞེས་བྱའི་ཕུལ་བ་ཡིསཿ དབང་པོའི་ཞབས་པད་བསྐལ་བརྒྱར་བརྟན་གྱུར་ནས༔ ལྕམ་སྲས་སྐུ་ཚེ་བསོད་ནམས་དཔལ་འབྱོར་འཕེལཿ ཕུན་ཚོགས་བསྐལ་བརྒྱར་བཞུགས་པར་སྨོན། | |||
|colophonwylie=brtse ba'i bdag nyid lha lcam dbang mo mchog: tshe ring lha yi mtshan 'dzin gang de yis: bka' gnang ma ldog lcam ming ku su lu: blo gsal sgrol ma zhes byas phul ba yis: dbang po zhabs pad bskal brgyar brtan gyur nas: lcam sras sku tshe bsod nams dpal 'byor 'phel: phun tshogs bskal brgya'i bar du bzhugs par smon: | |||
|pdflink=File:DKYD-KABUM-06-CHA-023.pdf | |pdflink=File:DKYD-KABUM-06-CHA-023.pdf | ||
|volumeLetter=CHA | |||
|InitCategories=Khyentse Lineage Project; DKYD-KABUM-Volume-06-CHA | |InitCategories=Khyentse Lineage Project; DKYD-KABUM-Volume-06-CHA | ||
}} | }} | ||
<h1>Tibetan Text</h1> | <h1>Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|འུྃཿ «ཡང་གསང་ཐུགས་ཀྱི་ཐིག་ལེ་ལསཿ མཐའ་སྡུད་སྨོན་ལམ་ཟབ་མོ་བཞུགསཿ ཨེ་མ་ཧོཿ ཆོས་དབྱིངས་སྟོན་པ་ཀུན་ཏུ་བཟང་པོ་དང་ཿ བདེ་ཆེན་ཞིང་དུ་སྣང་མཐའ་དྲི་མ་མེདཿ | {{TibP|འུྃཿ «ཡང་གསང་ཐུགས་ཀྱི་ཐིག་ལེ་ལསཿ མཐའ་སྡུད་སྨོན་ལམ་ཟབ་མོ་བཞུགསཿ ཨེ་མ་ཧོཿ ཆོས་དབྱིངས་སྟོན་པ་ཀུན་ཏུ་བཟང་པོ་དང་ཿ བདེ་ཆེན་ཞིང་དུ་སྣང་མཐའ་དྲི་མ་མེདཿ པོ་ཊ་ལ་རུ་ཕྱག་ན་པད་མའི་སྐུཿ རྔ་ཡབ་གླིང་དུ་པདྨ་ཐོད་ཕྲེང་རྩ»ལ«༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱི་རློབསཿ མཆོག་གསུམ་རྩ་གསུམ་སྐུ་གསུམ་འདུས་པའི་དཔལཿ ཕྱོགས་བཅུའི་སངས་རྒྱས་སྲས་དང་སློབ་མར་བཅསཿ ལྷ་དང་དྲང་སྲོང་མཁའ་འ»གྲོ«་ཆོས་སྐྱོང་སྲུངཿ བདེན་ཚིག་སྨོན་ལམ་དཔང་པོར་མཐུན་འགྱུར་སྒྲུབསཿ བསྐལ་བ་དཔང་ཏུ་མེད་པའི་སྔོན་རོལ་དུཿ མེ་ཏོག་བཀོད་པ་ཞེས་བྱའི་འཇིག་རྟེན་ཁམསཿ རིགས་ཀྱི་བདག་པོ་དྲི་མ་མེད་པའི་དྲུང་ཿ དཔའ་བོ་ཆེན་པོ་མི་ཡི་སེང་གེ་དང་ཿ ཡིད་ལས་སྐྱེས་དང་རབ་མཛེས་པུ»ཥྤེ«་ཀཿ དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནསཿ ལས་དང་ཐ་ཚིག་སྨོན་ལམ་གཅིག་ཏུ་འབྲེལཿ གཞན་ཡང་སྤྲུལ་པའི་ཞིང་ཁམས་སྣ་ཚོགས་པརཿ གངས་ཆེན་གངས་ཆུང་ལ་སོགས་དུས་རྟག་ཏུ༔ ལེགས་སྨོན་བདེན་པ་དུས་འདིར་སྨིན་པར་ཤོགཿ ཞིང་ཁམས་ཁྱད་འཕགས་ཉི་མ་སྣང་བྱེད་རིགསཿ སྲས་མཆོག་སྟོན་པ་དགའ་རབ་དཔའ་བོའི་དྲུངཿ ཨ་ཙར་དམར་པོ་སྲས་མོ་ཆོས་ཀྱི་སྤྲིན་༔ ལེགས་སྐྱེས་མ་སོགས་སྨོན་ལམ་འབྲེ»ལ་«པ་ཡིསཿ མ་འོངས་ལུང་བསྟན་གཏད་རྒྱ་སྨོན་ལམ་བཅསཿ འབྲས་བུ་བཟང་པོ་དུས་འདིར་སྨིན་གྱུར་ཅིགཿ འཛམ་གླིང་རྒྱན་གཅིག་»པདྨ«་ཀཱ་ར་ཡིསཿ དཔལ་གྱི་མཆིམས་ཕུ་བྲག་དམར་ཀེའུ་ཚང་དུཿ བཀའ་འདུས་དཀྱིལ་འཁོར་རྒྱ་མཚོ་ཞལ་ཕྱེས་ཚེཿ མནྡྷ་ར་བ་རྫུ་འཕྲུལ་ཤུགས་གྱི་བསྐྱོདཿ ཡེ་ཤེས་མཚོ་རྒྱལ་དཀྱིལ་འཁོར་ལས་བསྒྲུབ་ཅིངཿ གསང་བའི་དབང་བསྐུར་གཏད་རྒྱ་སྨོན་ལམ་མཛདཿ ལྔ་ཕྲག་ཐ་མའི་ལུང་བསྟ»ན«་དབུགས་དབྱུང་ཚེཿ བདེན་ཚིག་སྨོན་ལམ་གང་བཏབ་འགྲུབ་པར་ཤོགཿ ད་ལྟ་རྩོད་ལྡན་ལྔ་བརྒྱའི་ཐ་མ་འདིརཿ ལས་ཀྱི་དབང་གིས་འཁོར་བའི་འདམ་དུ་བྱིངཿ དགྲ་གཉེན་དགའ་སྡུག་རེ་དོགས་རླུང་ལྟར་འཚུབསཿ རྣམ་རྟོག་བདུད་ཀྱི་འཇུག་སྒོ་གྲངས་མང་ལྡངཿ མི་ཚེ་དོན་མེད་གཡེང་བའི་འཁོར་ལོར་ཟད་ཿ འོན་ཀྱང་སྔོ»ན«་ལས་དྲག་པོའི་མཐུས་བསྐྱེད་པའིཿ རྡོ་རྗེ་ཁྲག་འཐུང་རྒྱལ་བ་ཉིད་དང་མཇལཿ སྨིན་གྲོལ་བདུད་རྩིའི་བཅུད་ལ་ལོངས་སྤྱོད་ཅིང་ཿ ཕྱི་ནང་གསང་བའི་དབང་རྣམས་རྫོགས་བར་ཐོབཿ བརྩེ་བའི་ཐུགས་རྗེའི་རྗེས་བཟུང་ཨེ་མ་ཧོཿ འདི་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བརཿ བཀའ་དྲིན་གསུམ་ལྡན་བླ་མ་རྡོ་རྗེ་འཛི»ན«ཿ བརྩེ་བའི་»ཐུགས་ཀྱིས་«བསྐྱང་བའི་ཌཱཀྐི་མཿ བསྐལ་མང་ལས་ཀྱི་འབྲེ»ལ«་བ་བདག་ཉིད་དང་ཿ སྐད་ཅིག་ཙམ་ཡང་འདུ་འབྲལ་མེད་པར་ཐོགཿ སྐྱེ་འདིར་གསང་སྔགས་ཟབ་མོའི་ཆོས་ལ་སྤྱོདཿ དད་དང་»ངེ«ས་འབྱུང་བྱང་སེམས་རྒྱུད་ལ་སྐྱེསཿ བསྐྱེད་རྫོགས་ལམ་ལ་གོམས་པ་ཐོབ་གྱུར་ནསཿ ཆོས་ཉིད་ཟབ་མོའི་གནས་ལུགས་རྟོགས་པར་ཤོགཿ བདེ་བ་ཆེན་པོ་ལྷན་སྐྱེས་ཡེ་ཤེས་ཀྱིསཿ རོ་ལ་སྤྱོད་དང་དབང་གི་འབྲས་བུ་ཡིསཿ སྐྱེ་གནས་འཁྲུལ་སྣང་རྨི་ལམ་སྒྱུ་མར་རྟོགསཿ འཆི་ཁར་གཞི་ཡི་འོད་གསལ་ངོས་ཟིན་ཅིངཿ ཀ་དག་བླ་མའི་ཐུགས་ཀློང་རོ་གཅིག་འདྲེསཿ གཞོན་ནུ་བུམ་སྐུའི་ཀློང་དུ་གྲོལ་བར་ཤོགཿ གོམས་སྟོབས་ཞན་པས་ཆོས་སྐུར་མ་གྲོལ་ནཿ ཆོས་ཉིད་འོད་གསལ་ཆེན་པོའི་སྣང་བ་ལཿ ལོངས་སྐུ་ཞི་ཁྲོའི་དཀྱིལ་འཁོར་མཐོང་བའི་ཚེཿ རྡོ་རྗེ་སེམས་དཔའི་གསང་ལམ་ངོས་ཟིན་ནསཿ ཡེ་ཤེས་བཞི་སྦྱོར་གསར་བའི་འོད་ལམ་ལཿ ལོངས་སྤྱོ»ད«་རྫོགས་སྐུ་ཆེན་པོར་གྲོལ་བར་ཤོགཿ ཁྲག་འཐུང་ཁྲོ་བོའི་དཀྱིལ་འཁོར་ཤར་བའི་ཚེཿ མངོན་རྫོགས་རྒྱ»ལ«་པོ་ཁྲག་འཐུང་ཧེ་རུ་ཀའིཿ ཞལ་མཐོ»ང«་ཧ་ཧའི་གད་རྒྱངས་སྒྲོག་པ་ནཿ རྡོ་རྗེ་»སླ«ོབ་དཔོན་སྤྲུལ་པའི་རྣམ་རོལ་དུཿ ངོ་ཤེས་དད་པའི་སྤུ་ལོང་རབ་གཡོས་ཤིངཿ ཆོས་ཉིད་ཆགས་པ་ཆེན་པོའི་ཐུགས་རྗེ་ཡིསཿ རྗེས་སུ་བཟུང་ནས་སྐད་ཅིག་བཙན་ཐབས་སུཿ ཀྲོ་ཏི་ཤྭ་རིའི་དབྱིངས་སུ་གྲོལ་བར་ཤོགཿ སྐུ་གསུམ་ཞིང་ཁམས་ཉི་ཟླའི་བགྲོད་པ་བཞིནཿ ས་དང་ལམ་གྱི་ཡོན་ཏན་མཐར་ཕྱིན་ནསཿ ལྷན་སྐྱེས་ཡེ་ཤེས་སྟུག་པོ་བཀོད་པའི་ཞིང་ཿ ཁ་སྦྱོར་ཡན་ལག་བདུན་ལྔན་སྤྱོད་པར་ཤོགཿ བདག་དང་བཟང་ངན་ལས་ཀྱི་འ»བྲེལ་«བ་ཡི༔ བསྡུས་དང་ཁམས་གསུམ་སེམས་ཅན་ཐམས་ཅད་ཀུན༔ འབྲེལ་ཚད་དོན་ལྡན་བག་ཆགས་ཡོངས་བྱང་ནསཿ དད་དང་ཞེན་ལོག་སྙིང་རྗེ་རྒྱུད་ལ་སྐྱེསཿ མཐར་ཐུག་བླ་མའི་གདུལ་བྱར་འགྱུ»ར«་བར་ཤོགཿ མཆོག་»གསུ«མ་རྩ་གསུམ་ཆོས་ཉིད་ཆོས་ཅན་དང་ཿ སྐྱབས་གནས་ཀུན་འདུས་པདྨ་ཀཱ་ར་ཡིཿ ཐུགས་བསྐྱེད་བྱིན་རླབས་བདེན་པ་རྒྱ་ཆེན་གྱིསཿ དང་གུས་གདུང་བའི་སྨོན་ལམ་བཏབ་པ་འདིཿ གེ»ག«ས་མེད་མྱུ»ར«་དུ་འགྲུབ་པར་བྱིན་གྱིས་རློབསཿ བརྩེ་བའི་བདག་ཉིད་ལྷ་ལྕམ་དབང་མོ་མཆོགཿ ཚེ་རིང་ལྷ་ཡི་མཚན་འཛིན་གང་དེ་ཡིསཿ བཀའ་གནང་མ་ལྡོག་ལྕམ་མིང་ཀུ་སུ་ལུཿ བློ་གསལ་སྒོན་མ་ཞེས་བྱའི་ཕུལ་བ་ཡིསཿ དབང་པོའི་ཞབས་པད་བསྐལ་བརྒྱར་བརྟན་གྱུར་ནས༔ ལྕམ་སྲས་སྐུ་ཚེ་བསོད་ནམས་དཔལ་འབྱོར་འཕེལཿ ཕུན་ཚོགས་བསྐལ་བརྒྱར་བཞུགས་པར་སྨོན། | ||
}} | }} |
Latest revision as of 15:49, 27 June 2024
Wylie title | yang gsang thugs kyi thig le las mtha' sdud smon lam zab mo | |
---|---|---|
Location | mdo mkhyen brtse bka' 'bum Volume 6, Text 23, Pages (Folios to ) | |
Author | མདོ་མཁྱེན་བརྩེ་ | |
Less details More details | ||
Tertön | མདོ་མཁྱེན་བརྩེ་ (Mdo mkhyen brtse) | |
Citation | ||
Genre | Prayers - smon lam | |
Colophon |
བརྩེ་བའི་བདག་ཉིད་ལྷ་ལྕམ་དབང་མོ་མཆོགཿ ཚེ་རིང་ལྷ་ཡི་མཚན་འཛིན་གང་དེ་ཡིསཿ བཀའ་གནང་མ་ལྡོག་ལྕམ་མིང་ཀུ་སུ་ལུཿ བློ་གསལ་སྒོན་མ་ཞེས་བྱའི་ཕུལ་བ་ཡིསཿ དབང་པོའི་ཞབས་པད་བསྐལ་བརྒྱར་བརྟན་གྱུར་ནས༔ ལྕམ་སྲས་སྐུ་ཚེ་བསོད་ནམས་དཔལ་འབྱོར་འཕེལཿ ཕུན་ཚོགས་བསྐལ་བརྒྱར་བཞུགས་པར་སྨོན། | |
brtse ba'i bdag nyid lha lcam dbang mo mchog: tshe ring lha yi mtshan 'dzin gang de yis: bka' gnang ma ldog lcam ming ku su lu: blo gsal sgrol ma zhes byas phul ba yis: dbang po zhabs pad bskal brgyar brtan gyur nas: lcam sras sku tshe bsod nams dpal 'byor 'phel: phun tshogs bskal brgya'i bar du bzhugs par smon: |