དམ་བཅའ་བཞི་ལྡན་སྨོན་ལམཿ

From Khyentse Lineage - A Tsadra Foundation Project
DKYD-KABUM-06-CHA-024
Wylie title dam bca' bzhi ldan smon lam
Location mdo mkhyen brtse bka' 'bum
Volume 6, Text 24, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Prayers - smon lam
Colophon

དམ་བཅའ་བཞི་ལྡན་སྨོན་ལམ་འདིཿ བློ་གསལ་དབང་མོའི་བཀའ་བསྐུལ་བཞིནཿ རྗེ་བཙུན་བླ་མའི་གདུང་འབུམ་དྲུང་ཿ ལུས་བསྐྱེད་ཕ་མའི་དགེ་རྩ་རུ༔ སྨིན་དྲུག་ཟླ་བའི་ཡར་ཚེས་ལཿ བྱ་བྲལ་བདེ་བའི་རྡོ་རྗེ་ཡིསཿ ཐོལ་བྱུང་ཤར་བཞིན་ཐོགས་མེད་སྤྲེལ༔ དགོངས་པའི་གཏེར་དང་ཁྱད་པར་མེདཿ ཡི་གེ་པ་ནི་ངོ་མཚར་རོཿ

dam bca' bzhi ldan smon lam 'di: blo gsal dbang mos bkas bskul bzhin: rje btsun bla ma'i gdung 'bum drung: lus skyes pha ma'i dge rtsa ru: smin drug zla ba'i yar tshes la: bya bral bde ba'i rdo rje yis: thol byung shar bzhin thogs med spel: dgongs pa'i gter dang khyad par med: yi ge pa ni ngo mtshar ro:

[edit]
༄༅། །«ན་མོཿ ཆོས་སྐུ་འོད་མི་འགྱུར་བ་སྣང་མཐའ་ཡསཿ ལོངས་སྐུ་རིགས་ལྔའི་སངས་རྒྱས་སྤྱན་རས་གཟིགསཿ སྤྲུལ་སྐུ་འདྲེན་བ་སྟོང་རྩ་པདྨ་འབྱུང་༔ མཆོག་གསུམ་རྩ་གསུམ་སྐུ་གསུམ་ཀུན་འདུས་དཔལཿ རིགས་བརྒྱའི་ཁྱབ་བདག་ཀུན་བཟང་གཞན་ཕན་རྗེཿ གསོལ་བ་འདེབས་སོ་དབང་བསྐུར་བྱིན་རླབས་སྩོལཿ གདོད་ནས་འཁྲུལ་མ་མྱོང་བའི་རང་རིག་གཤིསཿ སྤང་བླང་ཡེ་དག་བྱ་སྩོལ་བྲལ་བ་ལཿ འཁོར་འདས་དགེ་སྡིག་འཛིན་ཞེན་ཨ་འཐས་ཆོསཿ རང་ཞིན་ཁྱབ་བརྡ་ཆེན་པོར་»རྟོ«གས་པར་ཤོགཿ དེ་ལྟར་མ་རྟོགས་གཉིས་འཛིན་འཁྲུལ་པའི་རྒྱུསཿ མ་རིག་ཨ་འཐས་འཁོར་བ་འདིར་འཁྱམས་བསཿ བདག་མེད་བདག་བཟུང་ཐག་ཁྲ་»སྦྲུ«ལ་མཐོང་བཞིནཿ སྣང་བའི་བསླུ་བྲིད་རང་སར་གྲོལ་བར་ཤོགཿ རྒྱལ་བའི་དགོངས་པ་གཏིང་དཔག་དཀའ་བའི་དོནཿ མྱུར་ལམ་ཟབ་མོའི་གནད་ཀྱིས་རྟོགས་གྱུར་ནས༔ བདག་དང་བདག་འདྲའི་འཁོར་བར་འཁྱམས་པའི་འགྲོཿ ཟབ་གསང་ཕོ་ཉའི་ལམ་ལ་འཇུག་པར་ཤོགཿ དབང་བཞིས་རྒྱུ»ད«་སྨིན་རིམ་གཉིས་གཅིག་ཆར་རྫོགསཿ བདེ་བའི་བོག་ཐོན་དགའ་བའི་རང་ངོ་གྲོལཿ ཡེ་ཤེས་བཞི་སྦྱོར་ལམ་གྱི་འཛིན་ཞེན་ཞིགཿ ལྷན་སྐྱེས་རྒྱལ་བའི་དགོངས་དོན་རྟོགས་པར་ཤོགཿ དེས་རྐྱེན་འབྲས་བུ་ངོ་བོ་གཞིའི་འོད་གསལཿ གང་ཡང་མ་བཟུང་ཅིར་ཡང་གྲོལ་མིན་ཡང་༔ བདག་དོན་རྗེས་སུ་བཟུང་བའི་ཡེ་གསལ་ཆེཿ བདག་མེད་བུམ་སྐུའི་བཙན་ས་ཟིན་པར་ཤོགཿ ལས་དང་ལུས་ཀྱིས་འབྲེལ་བའི་དྲིན་ཆེ་བཿ ཐབས་ཤེས་གྲོགས་དང་ཕ་མས་གཙོར་གྱུར་པའིཿ མཁའ་»ཁྱ«བ་ཞིང་གི་སེམས་ཅན་ཇི་སྙེད་པ༔ སྡུག་བསྔལ་འཁོར་བའི་མཚོ་ལས་ཡོངས་སྒྲོལ་ཤོགཿ བདག་གི་སྒོ་གསུམ་བརྩོན་འགྲུས་དྲག་པོ་ཡིསཿ གཡེལ་པ་མེད་པར་ཐབས་ལམ་འདིར་འབད་མཐུསཿ འབྲེལ་བས་བསྡུས་པའི་འགྲོ་བ་མ་ལུས་པཿ ལམ་འདིར་འཇུག་པའི་སྐལ་བ་ལྡན་པར་ཤོགཿ དེར་ཡང་ཐེ་ཚོམ་ལོག་ལྟས་མ་བསླད་ཅིངཿ ཡེ་ཤེས་ཆེན་»པ«ོ»ར«་རང་ངོ་འཕྲོད་གྱུར་ནསཿ ཀུན་ཀྱང་ལམ་འདིར་འདྲེན་པའི་མཐུ་ཐོབ་ནསཿ ཕྱམས་གཅིག་བདེ་ཆེན་ཀློང་དུ་གྲོལ་བར་ཤོགཿ རྒྱལ་བ་སྲས་བཅས་ཐུགས་བསྐྱེད་བླ་མེད་དང་ཿ རྩ་གསུམ་རིག་འཛིན་ཆོས་སྐྱོང་སྲུང་མའི་མཐུཿ རིགས་བདག་»རྗ«ེ་བཙུན་བླ་མའི་བྱིན་རླབས་ཀྱིསཿ སྨོན་བ་འདི་དག་གེགས་མེད་འགྲུབ་གྱུར་ཅིགཿ དམ་བཅའ་བཞི་ལྡན་སྨོན་ལམ་འདིཿ བློ་གསལ་དབང་མོའི་བཀའ་བསྐུལ་བཞིནཿ རྗེ་བཙུན་བླ་མའི་གདུང་འབུམ་དྲུང་ཿ ལུས་བསྐྱེད་ཕ་མའི་དགེ་རྩ་རུ༔ སྨིན་དྲུག་ཟླ་བའི་ཡར་ཚེས་ལཿ བྱ་བྲལ་བདེ་བའི་རྡོ་རྗེ་ཡིསཿ ཐོལ་བྱུང་ཤར་བཞིན་ཐོགས་མེད་སྤྲེལ༔ དགོངས་པའི་གཏེར་དང་ཁྱད་པར་མེདཿ ཡི་གེ་པ་ནི་ངོ་མཚར་རོཿ