DKYD-KABUM-06-CHA-016: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
Line 7: Line 7:
|author=Mdo mkhyen brtse
|author=Mdo mkhyen brtse
|authortib=མདོ་མཁྱེན་བརྩེ་
|authortib=མདོ་མཁྱེན་བརྩེ་
|sourcerevealer=Mdo mkhyen brtse
|sourcerevealer='jigs med gling pa
|sourcerevealertib=མདོ་མཁྱེན་བརྩེ་
|sourcerevealertib=འཇིགས་མེད་གླིང་པ་
|terma=Yes
|terma=Yes
|deity=thugs rje chen po
|cycle=gsang sgrub thugs rje chen po sdug bsngal rang grol
|cycletib=གསང་སྒྲུབ་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་
|parentcycle=klong chen snying gi thig le
|parentcycletib=ཀློང་ཆེན་སྙིང་གི་ཐིག་ལེ་
|language=Tibetan
|language=Tibetan
|volnumtib=༦
|volnumtib=༦

Revision as of 16:10, 27 June 2024

Wylie title
Location mdo mkhyen brtse bka' 'bum
Volume 6, Text 16, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön འཇིགས་མེད་གླིང་པ་ ('jigs med gling pa)
Citation
Genre
Cycle གསང་སྒྲུབ་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་ (gsang sgrub thugs rje chen po sdug bsngal rang grol)
Parent Cycle ཀློང་ཆེན་སྙིང་གི་ཐིག་ལེ་ (klong chen snying gi thig le)
Deity thugs rje chen po
[edit]
འུྃ། །«ཀློང་ཆེན་སྙིང་ཐིག་ཆ་ལག་ལས། སྡུག་བསྔལ་རང་གྲོལ་གྱི་དབང་ཆོག་བྱིན་རླབས་སྤྲིན་དཔུང་བཞུགས།»།« ༄༅། །།ན་མོ་ལོ་ཀིཤྭ་ར་ཡེ། །འཕགས་མཆོག་སྡུག་བསྔལ་རང་གྲོལ་གྱི། །བྱིན་རླབས་དབང་གི་ཆོ་ག་ནི། །དཀྱིལ་འཁོར་དབང་རྫས་མཆོད་གཏོར་སོགས། །ཡུལ་དུས་དང་བསྟུན་འདུ་བྱས་ལ། །དང་པོ་ཆོ་གའི་གཞུང་བསྲང་ཞིང༌། །བདག་བསྐྱེད་ཀྱི་བཟླས་པ་སྔོན་དུ་འགྲོ་བས། མདུན་བུམ་ལ་དམིགས་ཏེ། བདག་ལུས་མདུན་བསྐྱེད་བུམ་པའི་དཀྱིལ་འཁོར་ལྷ། »།«མཚོ་ལ་གཟའ་སྐར་»ཤ«ར་བཞིན་གསལ་བ་ཡི། »།«རང་སྲོག་སྔགས་ཀྱི་འོད་ཟེར་གཟུང་ཐག་ལ། »།«འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་བརྒྱུད་ལ། »།«དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། »།«བབ་པས་བུམ་ཆུར་དབྱེར་མེད་རོ་གཅིག་གྱུར། །རྩ་སྔགས་ཅི་འགྲུབ་དང་»། «ཀཱ་ཡ་ཝཀྐ་ཙིཏྟ་ཨ་བྷི་ཥིཉྩ་མམ། བཏགས་པ་བརྒྱ་རྩ་ཙམ་བཟླས་ལ་མཆོད་བསྟོད་དང་ཡིག་བརྒྱ་ལན་གསུམ་གྱིས་བཟོད་པར་གསོལ། ལུས་བུམ་བདུད་རྩི་འཁྱིལ་བའམ་རྟ་མགྲིན་གང་རུང་ནུས་ལྡན་དུ་བསྒྲུབ་མཆོད་བསྟོད་མཐར། ཨོཾ་ཨཱ༔་ཧཱུཾ།» «ཞེས་རྣམ་རྒྱལ་བུམ་པའི་ལྷ་ཚོགས་ཞུ་ནས་བུམ་ཆུ་དང་དབྱེར་མེད་དུ་འདྲིས། ལས་བུམ་གྱི་ལྷ་དབང་གི་བྱ་བ་མ་རྫོགས་ཀྱི་བར་དུ་བཞུགས་པར་མོས་ལ། སྐབས་འདིར་ཚོགས་འཁོར་བྱ། ཐམས་ཅད་བསྐུལ་ཞིང་བདག་འཇུག་གཞུང་ལྟར་བླངས། བསྐྱེདརྫོགས་ལ་གོམ་པ་བརྟན་པོར་སོན་པའི་རིག་པའི་མེ་ཏོག་དོར་བས་འཇུག ཨོཾ་བཛྲ་ས་མ་ཡ་ཨོཾ། ཨཱཿ་བཛྲ་ས་མ་ཡ་ཨཱཿ ཧཱུཾ་བཛྲ་ས་མ་ཡ་ཧཱུ»ཾ། «སྭ་བཛྲ་ས་མ་ཡ་སྭཱ། ཧ་བཛྲ་ས་མ་ཡ་ཧཱ། ཨོཾ་ཡེ་ཤེས་རྒྱལ་པོའི་སྐུ་ག»སུང་ཐུ«གས། ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། »།«དེ་ཉི»ད«་དུ་ནི་མཉམ་སྦྱོར་བའི། »།«ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཨོཾ་བཛྲ་ས་མ་ཡ་ཧཱུཾ། ཨོཾ་བ»ཛྲ«་ས་ལ་ཡ་སྟྭམ། ཨོཾ་བཛྲ་ས་མ་ཡ་ཧོ།» «ཞེས་རང་བཞིན་གྱིས་འཇུག་གོ། གཞུང་གི་དངོས་གྲུབ་ལེན་པའང་བྱའོ། ཨོཾ་རྡོ་རྗེ་ཡེ་ཤེས་ཐོབ་བྱེད་པའི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྙིང་པོའི་དཀྱིལ་འཁོར་ཆནེ་པོ་འདིར། བདག་གི་སློབ་མར་འཇུག་པར་འཚལ། །ཛ་ཧཱུཾ་བམ་ཧོ། ཡིག་བརྒྱ༌།དེ་ནས་སློབ་མ་ལ་དབང་བསྐུར་བ་ནི། ལས་བུམ་ཆུས་ཁྲུས་བྱས། བགེགས་བསྐྲད་བསྲུང་འཁོར་བསྒོམ། མེ་ཏོག་བཀྱེ་བསྡུ། ཙཀྱུ་བྷནྡྷ་ཝ་ར་མ་ཎ་ཡེ་སྭཱ་ཧཱ། མིག་དར་བཅིང༌། ཨོཾ་ཨ་ཁམ་ཝི་ར་ཧཱུཾ། གིས་མེ་ཏོག་གཏད། ཆོས་བཤད་པ་ནི། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐསམ་ཅད་སངས་རྒྱས་ཐོབ་པར་བྱ་དེ་ཡི་ཆེད་དུ་འཕགས་»མ«ཆོག་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་དཀྱིལ་འཁོར་དུ་བྱིན་རླབས་དབང་གི་ཆོ་ག་གནས་ནས་ཉམས་སུ་བླང་བར་བགྱིའོ་སྙམས་པའི་བྱང་ཆུབ་ཀྱི་སེམས་རིན་པ»ོ་«ཆེ་བསྐྱེད་དེ་ལ»ེ«གས་པར་གསན་འཚལ། ཇི་ལྟར་ཉན་པའི་ཚུལ་ཡང་»།« »།«སྣོད་ཀྱི་སྐྱོན་གསུམ་དྲི་མ་དྲུག་དང་བཅས་པ་སྤང་ཞིང་དད་གུས་རྩེ་གཅིག་གིས་ཉན་དགོས་པ་ཡང༌། མདོ་སྡུད་པ་ལས། དགའ་དང་གུས་དང་དད་པའི་མཆོག་ནི་ཉེར་བཞག་སྟེ། »།«སྒྲིབ་པ་ཉོན་མོངས་བསལ་ནས་དྲི་མ་ལས་འདས་པ། »།«འགྲོ་དོན་མངོན་བཞུགས་དེས་པའི་ཤེར་རབ་»ཕ་རོ«ལ་ཕྱིན། »།«གང་ལ་དཔའ་རྣམས་སྤྱོ»ད«་པ་དེ་ནི་མཉམ་པར་འོས། »།«ཞེས་གསུངས་པ་ལྟར་ཉན་པར་བྱ་ཞིང༌། དེ་ཡང་རང་ཅག་རྣམས་ཀྱི་དལ་འབྱོར་རྟེན་མི་ལུས་རིན་པོ་ཆེ་ཐོབ་པའི་སྐབས་འདིར་ཐར་བ་དང་ཐམས་ཅད་»མཁྱ«ེན་པའི་གོ་འཕང་བསྒྲུབ་པའི་ཐབས་ལ་མ་འབད་ན། མི་རྟག་འཆི་བས་འཇིགས་པ་དེ་རིང་གི་ཉི་ནུ»བ«་ཙམ་ལའང་མི་འབྱུང་བའི་ངེས་པ་མེད་དེ། མདོ་རྒྱ་ཆེ»ན«་རོལ་བ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། »།«འགྲོ་བའི་»སྐྱེ«་འཆི་གར་ལ་བལྟ་དང་མཚུངས། »།«སྐྱེ་བོའི་ཚེ་འ»གྲོ«་ནམ་མཁའི་གློག་ལས་མྱུར། »།«རི་གཟར་འབབ་ཆུ་བཞིན་དུ་མྱུར་དུ་འགྲོ»། «ཞེས་གསུངས་པ་ལྟར་མི་རྟག་འཆི་བ་རྒྱུད་ལ་དྲན་པ་བཞིན་ཚེ་འདི་ལ་ཞེན་ཆགས་མི་བྱ་བར་ཆོས་ཁོ་ན་ལ་འབད་པ་ཞིག་དགོས་ཏེ། དེ་ལ་ཡང་འདིར་འཁོར་བའི་སྡུག་བསྔལ་ལས་སྐྱོབས་པའི་ལྷ་འཕགས་མཆོག་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་དབང་འདི་ཉིད་སྤྱི་བསྐལ་པ་བཅུའི་གོང་ནས་སངས་རྒྱས་པར་གསུང་པ་ལྟར་ལགས་མོད། བྱེ་བྲག་མི་མ»ཇེ«ད་ཀྱི་ཁམས་འདིར་འགྲོ་བའི་དོན་མཛད་ཚུལ་ཉུང་»ངུ«ར་དྲིལ་ཏེ་འཆད་ན། དུས་ལན་གཅིག་གི་ཚེ་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པའི་ཐུགས་ཀ་ནས་ཧྲཱི»ཿ« ཡིག་ཁ་དོ»ག«་ལྔ་ལྡན་ཞིག་ལྷོ་ནུབ་འོ་མ་ཅན་གྱི་རྒྱ་མཚོར་སྤྲོ་བར་མཛད་པ་ལས་རེ་ཞིག་གི་ཚེ་ཡབ་འཁོར་»ལོ«་བསྒྱུར་རྒྱལ་བཟང་པོའི་»དོག་«»ཅ«ེས་བྱ་བ་རྒྱལ་བའི་ཐུགས་རྗེ་བསྐུལ་ཏེ་རྒྱ་མ»ཚོའི«་འགྲམ་དུ་ཕྱིན་པ་དང༌། རྒྱ་མཚོའི་དབུས་སུ་པདྨ་སྟོང་ལྡན་གྱི་དབུས་ན་ཁྱེའུ་»དཀར་པོ«་བ»ལྟ་བས་ཆོག་མི་ཤེས་པ་མཚན་དཔེས་སྦྲས་པ་ཞིག་འཁྲུངས་འདུག་པ་དང་མཇལ་བར་རྒྱལ་པོས་ཕྱག་དང་མཆོད་སྟོད་སོགས་ཀྱིས་སྲི་ཞུ་བགྱི་མཐར་པད་སྡོང་ཁྱེའུ་དང་བཅས་པ་རང་གནས་སུ་སྤྱན་དྲངས་ནས་སངས་རྒྱས་ཀྱི་སྤྱན་སྔར་ཕྱིན་ཚེ་ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་པའི་ཏིང་ངེ་འཛིན་དབང་བསྐུར་དབུགས་དབྱུང་གཟེངས་བསྟོད་དོ་ལྷོ་ཕྱོགས་རི་བོ་གྲུ་འཛིན་གྱི་རྩེར་ཕེབ་ནས་འཁོར་བ་དོང་ནས་སྤྲུག་པའི་ཏིང་འཛིན་ལ་བཞུགས་བཞིན་ཡིག་དྲུག་་དུང་བརྒྱ་ཐམ་པ་ཞལ་འདོན་མཛད་ནས་ངན་སོང་ལན་གསུམ་སྟོང་པར་མཛད་མཐར་སླར་གཟིགས་པས་སྔར་ལས་ཅུང་ཟད་ཀྱང་མ་བྲི་བར་འདུག་པ་སེམས་ཅན་གྱི་དོན་བྱེད་པ་འདི་རེ་དཀའ་དགོངས་ནས་སྐྱོ་བ་ཅུ་ཟད་ཅིག་སྐྱེས་པས་ཐུགས་བསྐྱེད་ཀྱི་དམ་བཅས་དང་འགལ་བས་དབུ་ཚལ་པ་སྟོང་དུ་གས་པ་སངས་རྒྱས་འོད་དཔག་མེད་ཀྱི་བཅུ་གཅིག་ཞལ་དུ་བྱིན་གྱིས་རླབས་ནས་སྔར་ལས་ཀྱང་འགྲོ་དོན་རྒྱ་ཆེ་ཞིང་སྔ་མ་སེམས་ཀྱི་ལས་ལ་འཛད་དུ་མེད་པ་ལ་ཐུགས་ཞུམས་ཏེ་སྤྱན་ཆབ་བྱུང་བའང་སྒྲོལ་མ་དཀར་ལྗང་དུ་གྱུར་ནས་འཕགས་པའི་གྲོགས་བགྱི་བར་དམ་བཅས། ཐུགས་ལས་ཨོ་རྒྱན་ཆེན་པོ་སྤྲུལ་ནས་དེ་ལྟར་གནས། ཡང་བཅུ་གཅིག་ཞལ་ཏེ་ཕྱག་སྟོང་སྤྱན་སྟོང་དུ་བསྒྱུར་ཞིང༌། རྒྱལ་པོ་སྟོང་དང་འདྲེན་པ་སྟོང་སོགས་སུ་སྤྲུལ་ནས་འགྲོ་དོན་དཔག་ཏུ་མེད་པ་བྱེད་པ་ལགས་མོད། གཞན་ཡང་འཕགས་པའི་ཐུགས་ལས་སྤྲུལ་པའི་སྤྲེའུ་ཞིག་ལ་དགེ་བསྙེན་གྱི་སྡོམ་པ་ཕོག་ནས་བོད་ཡུལ་འདྲེ་སྲིན་མི་རུ་བསྒྱུར་བའི་ཆེད་དུ་མངགས་ནས་ཁམས་ཀྱི་རྨ་ལུང་བྲག་ཏུ་སྒོམ་སྒྲུབ་ལ་བཞུགས་ཚེ། སྒྲོལ་མའི་སྤྲུལ་པའི་བྲག་སྲིན་མོ་ཞིག་གི་ཁྱིམ་ཐབས་དགོས་པའི་བརྡའ་ཡང་བསྟན་པར་སྤྲེལ་སྒོམ་འཕགས་པའི་དྲུང་དུ་ཕྱིན་ནས་དེ་ཚུལ་ཞུས་པར་འཕགས་པའི་ཁྱིམ་ཐབས་ཀྱིས་ཞེས་གསུངས་བཞིན་བྱས་པས་སྤྲེལ་ཕྲུག་དྲུག་སྐྱེས་པ་ནགས་རྨ་བྱ་ཅན་དུ་སྐྱལ་ཚེ། དེར་བལྟམ་པའི་སྤྲེའུ་རྣམས་དང་ལྷན་ཅིག་འཚོགས་པས་སྤྲེའུ་མང་དུ་འཕེལ་ནས་བཟའ་རྒྱུ་མ་རྙེད་ཚེ། འཕགས་པའི་དྲུང་དུ་ཕྱིན་ནས་གསོལ་བ་བཏབ་པས་འབྲུ་སྣ་བདུན་གནང་བ་བོད་ཡུལ་ཕྱོགས་སུ་གཏོར་ནས་སྨོན་ལམ་བཏབ་བཞིན་སྨིན་ནས་ལོངས་སྤྱོད་པས་སྤྲེའུ་རྣམས་མི་རུ་གྱུར་པ་བོད་མི་འུ་རུ་དྲུག་ཏུ་གྲགས་པ་རྣམས་ཡིན་ཟིར། དེ་ལས་ཁྱད་པར་དུ་སངས་རྒྱས་སྤྲུལ་པའི་སྤྲེའུ་དེ་ལ་བོད་ཀྱི་རྗེ་བོ་ཀྱིས་ལ་འགྲོ་དོན་གྱིས་ཞེས་བཀའ་ལྕལ་བཞིན་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་ཞེས་བྱ་བར་སྤྲུལ་ནས་གྲོགས་སུ་སྒྲོལ་མ་དང་ཁྲོ་གཉེར་ཅན་གྱི་སྤྲུལ་པ་རྒྱ་ཟ་དང་བལ་ཟ་གཉིས་བསུ་བ་མཛད། འཇམ་དབྱངས་ཀྱི་སྤྲུལ་པ་ཐོན་མིན་ཨ་ནུས་བུ་སམ་བྷོ་ཊ་དང༌། ཕྱག་རྡོར་གྱི་སྤྲུལ་པ་བློན་པོ་མགར་རིག་པ་ཅན་དུ་གྲགས་པ་དེ་གསུམ་རིགས་གསུམ་མགོན་པོ་«རྒྱལ་བློན་གྱི་ཚུལ་དུ་བྱོན་པ་ཡིན་»ཞེས«་གསུང་པ་ལྟར་ལགས། དེ་ནས་བཟུང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་འ»ཇམ་དབྱངས་«ཀྱི་སྤྲུལ་པ་དང༌། སྤྱན་རས་གཟིགས་དང་ཕྱག་རྡོར་ཡང་འཁོར་གྱི་ཚུལ་དུ་ཡོད་པར་འཆད་པ་དང་བོད་འདིར་བསྟན་འགྲོར་ཕན་པའི་བླ་མ་དང་རྒྱལ་བློན་ཕལ་པ་ཅི་འདྲ་ཡིན་ཡང་རིགས་གསུམ་མགོན་པོའི་སྤྲུལ་པ་ཡིན་པར་གསུངས་ཤིང༌། ཁྱད་པར་སྤྲེལ་སྒོམ་བོད་ཕལ་མོ་ཆེའི་འབྱུང་ཁུངས་སུ་གྱུ»ར«་པ་དང༌། དེ་ཉིད་འཕགས་པའི་སྤྲུལ་པ་ལས་མ་འདས་པ་དང༌། སྲོང་བཙན་སྒམ་པོ་འཕགས་པ་དངོས་སུ་བྱོན་པ་ཡིན། བོད་ཐུགས་རྗེ་ཆེན་པོའི་གདུལ་ཞིང་ཡིན་པར་གོར་མ་ཆགས་ཤིང༌། ཐུགས་རྗེ་ཆེན་པོའི་སྒྲུབ་སྐོར་ཡང༌། མདོ་རྒྱུད་མན་ངས་དུ་མ་ནས་མང་དུ་བྱུང་ཡང༌། ཁྱད་པར་དུ་གྱུར་པ་འདི་ནི་མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་སྨྲོས་ན། དཔལ་»ཁྱེན་བརྩེ«་འོད་ཟེར་འཇིགས་མེད་གླིང་པ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ཀྱི་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལས་བྱོན་པའི་གསང་སྒྲུབ་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་»གྲ«ོ»ལ«་ཞེས་པ་འདི་ནི་སློབ་དཔོན་ཆེན་པོའི་རྡོ་རྗེའི་གསུངས་ལས། འདི་ལྟར་ཤིན་ཏུ་ཟབ་པའི་གནད། »།«འཕགས་མཆོག་སྡུག་བསྔལ་རང་»གྲ«ོ»ལ«་གྱི། »།«སྒྲུབ་ཐབས་རྗེ་བཙུན་མ་ཧཱ་གུ་རུས་མངའ་བདག་ཆོ»ས«་རྒྱལ་ཡབ་སྲས་ལ། བར་ཁང་གཡུ་ཞལ་འབར་བ་རུ། །གདམས་ཏེ་སྙིང་མ»ཛོད«་སྒྲོམ་བུར་བ»སྩ«ལ»། «སྨོན་»ལ«མ་གཏད་རྒྱའི་མཐུ་བཙན་ནོ། །དུས་བབ་»ས་ཕོ་«སྟག་གི་ལོར། །ཐུགས་རྗེ་ཆེན་པོའི་ཞལ་མཐོང་ཞིང༌། »།«ཡེ་ཤེས་དབྱིངས་ཀྱི་ཌཱཀྐི་མས»། །«འོད་གསལ་སྒྱུ་འཕྲུལ་»དྲྭ«་བའི་ཀློང༌། »།«ཀློང་གསལ་བརྡ་རིས་ཤོག་དྲིལ་སྤྲོད། »།«བརྡ་དོན་གབ་སྦ»ས«་མེད་པར་བཀོ»ད«། »།«བ»སྟན་སྲུང«་གཟའ་བདུད་ཆེན་པོ་ཡིས། »།«ཤིན་ཏུ་ཟབ་པའི་གཏེར་གྱི་བཅུད། »།«གཡེལ་མེད་སྐྱོངས་ཤིག་ས་མ་ཡ༔ ཞེས་དང་ལོ་བདུན་གསང་རྒྱ་བྱས་ནས་གཏན་ལ་ཕབ༔ སྙིང་ལས་གཅེས་པའ»ི་«གདམས་པའོ། །ཞེས་རྡོ་རྗེའི་ལུང་གིས་གསལ་བར་བྱས་པ་འདི་ཉི»ད«་ཀྱི་སྒོ་ནས་ཁྱེད་རང་རྣམས་ལ་དབང་བསྐུར་བར་བྱ་བ་ལ་བདག་གིས་བགྱ»ི་«བར་འོས་པ་རྣམས་གྲུབ་པ་ཡིན་པས། ད་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པའི་མཎྜལ་ཕུལ་བར་མཛོད། དེ་ལྟར་མ»ཎྜ«ལ་ཕུལ་བ་»སྔ«ོན་དུ་སོང་ནས་གསོལ་བ་གདབ་པ་འདིའི་རྗེས་»ཟློ«ས་མཛོད། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། »།«སྲིད་པའི་འཁོར་ལོ་རྣམ་སྦྱོངས་པ། »།«དེ་རི»ང་བཤད་«པའི་རིན་ཆེན་གཏེར། »།«གཙོ་བོས་བདག་ལ་བཀའ་དྲིན་སྩོལ།» «ལན་གསུམ་སོང་ནས། ཚོགས་བསགས་པའི་ཕྱིར་མདུན་གྱི་ནམ་མཁར་བླ་མ་དང་དབྱེར་མེད་པའི་ཇོ་བོ་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་ལ་རྒྱལ་བ་སྲས་དང་བཅས་པ་སྤྲིན་ཕུང་གཏིབ་པ་བཞིན་བསྐོར་བའི་མདུན་ཏུ། ཁྱེད་རང་རྣམས་ཀྱི་ཕ་མའི་གཙོ་བྱས་རིགས་དྲུག་འགྲོ་བའི་སེམས་ཅན་ཐམས་ཅད་འཁོད་ནས་སྒོ་གསུམ་གུས་པ་ཆེན་པོས་རྒྱུན་བཤགས་འདི་ཉི»ད«་ཚིག་རྗེས་སུ་དོན་དྲན་པའི་ངང་ནས་འདིའི་རྗེས་»ཟློ«ས་མཛོད། »དཀོ«ན་མཆོག་གསུམ་ལ་བདག་»སྐྱ«བས་མཆི། »།«ལུས་ངག་ཡིད་གསུམ་གུས་ཕྱག་འཚལ། »།«ལུས་དང་ལོངས་སྤྱོ»ད«་ལྟོས་མེད་འབུལ། »།«སྡིག་པ་མི་དགེ་སོ་སོར་བཤགས། »།«འགྲོ་བའི་དགེ་ལ་རྗེས་ཡི་རང༌། »།«སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང༌། »།«སངས་རྒྱས་ཆོས་དང་ཚོ»གས«་མཆོག་ལ། »།«བྱང་ཆུབ་བར་དུ་བདག་»སྐྱ«བས་མཆི། »།«རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། »།«བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི»། །«བྱང་ཆུབ་མཆོ»ག«་གི་སེམས་ནི་བསྐྱེད་བགྱིད་ནས། »།«སེམས་ཅན་ཐམས་ཅད་བདག་གིས་མ»གྲོ«ན་»དུ«་ག»ཉེ«ར། »།«བྱང་ཆུབ་སྤྱོ»ད«་མཆོག་ཡིད་འོང་སྤྱད་པར་བགྱི། »།«འགྲོ་ལ་ཕན་ཕྱི»ར«་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ་བརྗོད»།« དེ་ནས་བྱང་སྡོམ་བཟུང་བའི་»ཕྱ«ི»ར«་འདིའི་རྗེས་ཟློས་མཛོད། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། »།«སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། »།«ཆོས་དང་བྱང་ཆུབ་སེམས་དཔའ་ཡི། »།«ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི»། །«ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱི། »།«བྱང་ཆུབ་ཐུགས་ནི་བ»སྐྱེ«ད་པ་དང༌། »།«བྱང་ཆུབ་སེམས་དཔའ»ི«་བསླབ་པ་ལ། »།དེ་དག«་རིམ་བཞིན་གནས་པ་ལྟར། »།«བདག་ཀྱང་འགྲོ་ལ་»ཕ«ན་དོན་དུ། »།«བྱང་ཆུབ་སེམས་ནི་བ»སྐྱེ«ད་བགྱི་ཞིང༌། »།«དེ་བཞིན་དུ་ནི་བསླབ་པ་ལའང༌། »།«རིམ་པ་བཞིན་ཏུ་བསླབ་པར་བགྱི།» «ལན་གསུམ། སློབ་དཔོན་གྱིས། དེང་དུས་བདག་ཚེ་འ»བྲ«ས་»བུ་«ཡོད། »།«མི་ཡི་སྲིད་པ་ལ»ེ«གས་པར་ཐོབ»།« །དེ་རིང་སངས་རྒྱས་རིགས་སུ་སྐྱེས། »།«སངས་རྒྱས་སྲས་སུ་ད་གྱུར་»དོ«། »།«བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། »།«སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། »།«བར་དུ་བདེ་ལ་མ»གྲོ«ན་དུ་བ»ོས་«ཟིན་གྱི། »།«ལྷ་དང་ལྷ་མིན་ལ»་སོ«གས་དགའ་བར་བགྱི། །ཅེས་དབུགས བྱུང་ལ། དེ་ནས་དབང་བསྐུར་བ་དངོས་ནི། སློབ་དཔོན་དང་དཀྱིལ་འཁོར་»གྱ«ི་གཙོ་བོ་དབྱེར་མེད་པ་ལ་སྒོ་གསུམ་གུས་པས་ཕྱག་འཚལ་བར་མོས་ལ། ཨོཾ་ན་མ་»ཏེ«་ཧཱུཾ། ཨོཾ་ན་མ་མེ་ཧཱུཾ་ཨོཾ་ན་མོ་ན་མ་ཧཱུཾ། ལན་བཞིའི་མཐར་ལས་བུམ་གྱི་ཆུས། ཨ྄ྀརས་ཏས་བསང»་«། སྭཱ་བྷཱ་ཝས་སྦྱངས།» «སློབ་དཔོན་»ཀྱ«ི་»ཐུ«གས་ཀ་ནས་འོད་ཟེར་བྱུང་སློབ་མའི་རྣམ་སྨིན་»ཕུ«ང་ཁམས་སྐྱེ་མཆེད་མི་དམིགས་པ་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཁྱེད་རང་རྣམས་སྐད་ཅིག་གི་འཕགས་མཆོག་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་གསལ་ཞལ་གཅིག་ཞི་ཞིང་འཛུམ་པའི་ཉམས་དང་ལྡན་ཞིང་ཕྱག་བཞིའི་ད»ང་པོའི་«ཐུགས་ཀར་ཐལ་མོ་སྦྱར་བ། གཡས་ཀྱི་འགོ»ག་«མས་མ་ཎིའི་ཕྲེང་བ་དང་གཡོན་གྱི་འོག་མས་པ»དྨ«་དཀར་པོའི་ཡུ་བ་འཛིན་ཞིང༌། ཞབས་གཉིས་འགྲོ་བའི་དོན་ལ་ཉམས་པའི་སྟབས་སུ་བ»ཞེ«ངས་ཏེ་དར་དང་རིན་པོ་ཆེས་བརྒྱན་ཅིང༌། སྣང་ལ་རང་བཞིན་མེད་པ་འཛའ»་འོད«་མཁའ་ལས་ཤར་བཞིན་གསལ་བའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས་»ཕྱོགས་བཅུའི«་པོའི་དེ་བཞིན་གཤེགས་པ་སྲས་དང་»བཅས«་པ་སྤྱན་དྲང་བར་བསམ་ལ། ཧྲཱིཿ ནུབ་ཕྱོགས་བདེ་ཆེན་དབང་གི་ཕོ་བྲང་ན། »།«མགོན་པོ་འོད་དཔག་མེད་པ་གཤེགས་སུ་གསོལ། »།«སྤྲུལ་པའི་ཞིང་ཁམས་རི་བོ་ཏ་ལ་ནསཿ འགྲོ་འ»དུ«ལ་སྤྱན་རས་གཟིགས་དབང་»༴« »།«ཐུགས་རྗེ་འ»གྲོ«་བ་འདུལ་པའི་ཕོ་བྲང་ནས༔ དཀྱིལ་འཁོར་ལྷ་ཚོགས་མ་ལུས་༴ བདག་ཅག་སྒྲུབ་པ་པོ་ལ་བྱིན་གྱི»ས«་རློབས༔ »མ«ཆོག་དང་ཐུན་མོང་དངོ»ས«་གྲུབ་»སྩ«ལ་དུ་གསོལ། »།«ཨོཾ་ལོ་ཀི་ཤྭ་ར་གུ་རུ་»དྷེ«་ཝ་ཌཱཀྐི་ནི་སརྦ་ས་མ་ཡ་ཛ་ཛཿ རོལ་མོ་སྒྲ་དང་བཅས་བ་བྱིན་དབབ་ནས། དེ་ལྟར་ཡེ་ཤེས་པའི་ཚོགས་ཁ་ཆར་དབབ་པ་ལྟར་»ཁྱོ«ད་རང་རྣམས་ལ་ཐ»ིམ་«པས་སྒོ་གསུམ་»རྒྱལ«་བ་རྣམས་ཀྱི་གསང་བ་གསུམ་དང་དབྱེར་མེད་དུ་གྱུར་པར་མོས་ལ། རྩ་སྔགས་ལ་ཨ་ཝཻ་ཤ་ཡ་ཕཻམ་ཕཻམ༔» «ཅེས་བཏང་བ་བྱིན་དབབ་མཐར་ཏིཥྛ་བཛྲ་བརྟན་པར་བྱས་ནས། མེ་ཏོག་དོར་བ་འདིའི་རྗེས་ཟློས་ཀྱིས། »ཀྱེ«་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ། »།«འབྲེལ་བའི་མེ་ཏོག་འདི་དོར་བས། »།«ལས་འ»ཕོ«་གང་ཡོད་ལྷ་དང་མཇལ་བར་ཤོག །པྲ་ཏིཙྪ་བཛྲ་ཧོ། ཞེས་མེ་ཏོག་ཕུལ། པྲ་ཏི་གྷྲྀ་ཎ་ཨེ་མཾ་ས་ཏྭ་མ་ཧཱ་བྷཱ་ལ། ལྷག་པའི་ལྷ་སྤྱི་བོར་ཐིམ་པར་བསམ། གདོང་གཡོག་དཀྲོལ་ལ། »ཧ«ོ་བདེ་ཤེགས་སྙིང་པོ་ཚོགས་བརྒྱད་ཀྱིས»། །«ལྡོང་བའི་མ་རིག་ལིང་ཏོག་ནི། »།«ཡེ་ཤེས་ཐུར་མས་བསལ་ནས་ཀྱང༌། »།«རྣམ་ཐར་སྒོ་གསུམ་བསྟ»ན«་དུ་གསོལ། »།«ཛྙཱ་ན་ཙཀྵུ་པྲ་»ཝེ«་ཤ་ཡ་ཕཊ༔ ཅེས་བརྗོད་ལ»།« ཆོས་ཉིད་ཀྱི་བདེན་པ་མཐོང་བར་བསམ་ལ། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། »།«ཁྱོད་ནི་སྡིག་པ་ཀུན་ལ་གྲོལ། །དཀྱིལ་འཁོར་ཆེན་པོ་འདི་ལ་»ལྟོ«ས། »།«ལུས་ངག་ཡིད་ཀྱི་དད་པ་བསྐྱེད། »།«དངོས་གྲུབ་ཐམས་ཅད་»ཁྱོ«ད་ཀྱིས་ཐོབ»། །«དམ་ཚིག་སྔགས་ལ་བརྩོན་པར་གྱིས། །དེ་ནས་དང་པོ་སྐུ་བུམ་པའི་དབང་བསྐུར་བ་ནི། ཧྲཱིཿ བུམ་པ་འཕགས་པའི་གཞལ་གཡས་ཁང༌། »།«བུ»མ«་ཆུ་ལྷ་དང་གཉིས་སུ་མེད། »།«སྐལ་ལྡན་བུ་ལ་དབང་བསྐུར་བས། »།«ལུས་ཀྱི་སྒྲིབ་པ་ཡོངས་དག་ནས། བསྐྱེད་རིམ་ལྷ་དང་དབང་ཐོབ་ཤོག རྩ་སྔགས་གཤམ་དུ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ»། «ལྷ་དབང་ནི།» «མདུན་བསྐྱེད་ཀྱི་ལྷ་རྣམས་ཀྱི་སྐུ་ལས་སྐུ་གཉིས་པ་རེ་ཆད་ནས་ཁྱོད་རང་རྣམས་ལ་ཐིམ་པས་ལྷ་སོ་སོའི་དཔལ་ཡོན་ལ་དབང་བར་བྱས་པའི་མོས་པ་གྱིས»། «ཞེས་བརྗོད་ནས་གཙོ་བོའི་སྐུ་ཐོག་ལ། ཧྲཱིཿསྐལ་ལྡན་རིགས་ཀྱི་བུ་རྣམས་ལ། »།«ཕྱག་ན་པདྨ་དབང་བསྐུར་བས། »།«སྡུག་བསྔལ་རྒྱུ་འབྲས་རང་»གྲ«ོ་ནས། །འཕགས་པའི་གསང་གསུམ་མངོན་གྱུར་ཤོག །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཀཱ་ཡ་ཨ་བྷི་ཥིཉྩ་མམ། རིགས་བདག་གི་སྐུ་ཐོགས་ལ། ཧྲཱིཿ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། »།«འཆི་མེད་མགོན་པོས་དབང་བསྐུར་བས། »།སྐྱེ«་འཆི་བྲལ་བའི་དོན་རྟོགས་ནས། »།«འགྲོ་དོན་དཔག་ཡས་འབྱུང་བར་ཤོག»། «ཨོཾ་ཨ་མི་ཏ་བྷ་ཧྲཱིཿ ཀཱ་ཡ་ཨ་བྷི་ཥིཉྩ་མམ།» «སྒྲོན་མའི་སྐུ་ཐོགས་ལ། ཧྲཱིཿ སྐལ་ལྡན་རིགས་ཀྱི༴ རྗེ་བཙུན་སྒྲོན་མའི་དབང་༴ འཇིགས་ཚོགས་ཀུན་ཞི་ཚེ་བསོད་རྒྱས། བྱམས་པ་ཚད་མེད་དཔལ་ཐོབ་ཤོག »།«ཨཱརྱ་ཏ་རེ་ཀ་ཡ་ཨ་བྷི་ཥིཉྩ་མམ། འོད་ཟེར་ཅན་མའི་སྐུ་ཐོག་ལ། ཧྲཱིཿ སྐལ་ལྡན་རིགས༴ འོད་ཟེར་ཅན་མའི་དབང་»༴« ལོག་འདྲེན་དཔུང་འཇོམས་ཡོན་ཏན་འཕེལ། »།«སྙིང་རྗེ་ཚད་མེད་སྟོབས་རྒྱས་ཤོག »།«ཨརྱ་མ་རེ་ཙྱེ་མམ་ཀཱ་ཡ་ཨ་བྷི་ཥིཉྩི་ལམ། རིགས་བྱེད་མའི་སྐུ་ཐོག་ལ། ཧྲཱིཿ སྐལ་ལྡན་རིགས༴ རིགས་བྱེད་ལྷ་མོ་དབང་༴ འགྲོ་ཁམས་མ་ལུས་དབང་འདུས་ནས། »།«དགའ་བ་ཚད་མེད་རྟག་བརྟན་ཤོག །ཨོཾ་»ཀུ«་རུ་ཀུལླེ་ཧྲཱི༔ཀཱ་ཡ་ཨ་བྷི་ཥིཉྩ་མམ། ནོར་རྒྱུན་མའི་སྐུ་ཐོགས་ལ། ཧྲཱིཿསྐལ་ལྡན་རིགས»༴« ནོར་»རྒྱུ«ན་ལྷ་མོའི་དབང་༴ དཔལ་འབྱོར་ལོངས་སྤྱོ»ད«་ཕུན་ཚོགས་ཤིང༌། »།«བཏང་སྙོམས་ཚད་མ»ེད་«མཐུ་ཐོབ་ཤོག །ཨརྱ་བ་སུ་དྷ་རི་ཀཱ་ཡ་ཨ༴» «རྡོ་རྗེ་དབང་ཆེན་ཐོགས་ལ ཧྲཱིཿ སྐལ་ལྡན་རིགས༴ བཛྲ་རྟ་མགྲིན་དབང་༴ ཞི་བའི་ལས་གྲུབ་ལྷའི་བདུད་ཆ»ོམ«་མེ་»ལོ«ང་ཡེ་ཤེས་མངོན་གྱུར་ཤོག །ཨོཾ་བཛྲ་ཀྲོ་དྷ་ཧྱ་གྷྲྀ་ཝ་ཀ་ཡ»༴« རིན་ཆེན་དབང་ཆེན་ཐོགས་ལ། ཧྲཱིཿ སྐལ་ལྡན་རིགས༴ རརྣ་རྟ་མ»གྲི«ན་དབང་༴ རྒྱས་པའི་ལས་གྲུབ་ཉོན་བདུད་ཐུལ། »།«མཉམ་ཉིད་ཡེ་ཤེས་མངོན་གྱུར་ཤོག ཨོཾ་རཏྣ་ཀྲོ་ཏ་ཧྱགྷྲྀ་ཝ་ཀཱ་ཡ»༴« པདྨ་དབང་ཆེན་ཐོགས་ལ»། «ཧྲཱིཿ སྐལ་ལྡན་རིགས༴ པདྨ་རྟ་མགྲིན་དབང་»༴« དབང་གི་ལས་འགྲུབ་ཕུང་བདུད་ཆོམ། »།«སོར་»རྟོ«གས་ཡེ་ཤེས་མངོན་གྱུར་ཤོག །ཨོཾ་པ»དྨ«་ཀྲོ་ཏ་ཧྱ་གྷྲྀ་ཝ་ཀཱ་ཡ༴» «ལས་ཀྱི་དབང་ཆེན་ཐོགས་ལ། ཧྲཱིཿསྐལ་ལྡན་རིགས༴ ཀརྨ་རྟ་མགྲིན་དབང་༴ དྲག་པོའི་ལས་འགྲུབ་འཆི་བདུད་ཐུལ། »།«བྱ་གྲུབ་ཡེ་ཤེས་མངོན་གྱུར་ཤོག །ཨོཾ་ཀརྨ་ཀྲོ་ཏ་ཧྱ་གྷྲྀ་ཝ་ཀཱ་ཡ༴ཕྱག་སྟོང་འཁོར་ལ»ོ«་བསྒྱུ»ར«་བའི་རྒྱ»ལ«་པོ་སྟོང༌། »།«སྤྱན་སྟོང་བསྐལ་པ་བཟང་པོའི་སངས་རྒྱས་སྟོང༌། །གང་ལ་གང་འདུལ་དེར་སྟོན་པའི། །བཙུན་པ་སྤྱན་རས་གཟིགས་ཀྱི་དབང་བསྐུར་རོ། »།«ཞེས་པ་སངས་རྒྱས་སྟོང་དབང་བསྐུར་བ་རྒྱས་པ་བྱེད་ན་སྐབས་འདིར་བྱ། བསྡུ་ན། མཐུན་པའི་དགེ་ཚོགས་»སྨོན་ལམ་རྨད་བྱུང་«ཞིང༌། »།«སྤྱད་པ་སྤྱོ་ཚེ་ནམ་ཡང་མཁྱེན་གྱུ་ཅིང༌། »།«བསྐལ་བཟང་གཅིག་ལ་མཛད་པ་མཐར་ཕྱིན་པའི»། །«རྫོགས་པའི་སངས་རྒྱས་སྟོང་གི་དབང་བསྐུར་རོ། »།«ཨོཾ་སརྦ་ཏ་ཐ་ག་ཏ་ཨ་བྷི་ཥིཉྩ་མམ། དེ»ས«་སྐུ་བུམ་པ་ལྷའི་དབང་ཐོབ»་«ལུས་ཀྱི་སྒྲིབ་པ་དག །བསྐྱེད་རིམ་ལྷ་བསྒོམ་པ་ལ་དབང༌། སྤྲུལ་སྐུ་ཐོབ་པའི་སྐལ་བ་རྒྱུད་ལ་བཞག་གོ། གཉིས་པ་གསུང་གི་རྗེས་སུ་གནང་བའི་དབང་ནི། སྔགས་བྱང་མགྲིན་པར་བཞག་ལ། ཧྲཱིཿསྤྱན་རས་གཟིགས་དབང་ཡན་ལག་དྲུག་ཅུའི་གསུང༌། »།«སྙིང་པོ་ཡི་གེ་མདུན་མར་འདུས་པའི་དབང་སྐལ་ལྡ»ན«་རིགས་ཀྱི་བུ་ལ་དབང་བསྐུར»་བ། །«ངག་གི་སྒྲིབ་དག་གསུང་གི་དབང་ཐོབ་ཤོག །རྩ་སྔགས་གཤམ་དུ། ཝཀྐ་ཨ་བྷི་ཥིཉྩ་ཨཱཿ ཞེས་སློབ་དཔོན་གྱི་ཐུགས་ཀའི་སྔགས་ཀྱི་ཕྲེང་བ་ལས་སྔགས་ཕྲེང་ལུ་གུ་རྒྱུད་དུ་འཕྲོས་སློབ་མའི་མགྲིན་པར་ཞུགས། སྙིང་ཁའི་ས་བོན་མ»ཐ«ར་གཡས་སུ་འཁོར་བས་མ་དག་པའི་རླུང་ཁམས་མཐའ་དག་གྲགས་སྟོང་སྔགས་ཀྱི་འཁོར་ལོ་རྫོགས་པར་མོས་ལ། སྔགས་འདིའི་རྗེས་»ཟླ«ོས་མཛོད། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ བཟླས།» «དེས་གསུང་གི་དབང་ཐོབ། ངག་གི་སྒྲིབ་པ་དང༌། སྙིང་པོ་བཟླ་བ་ལ་དབང༌། ལོ»ངས«་སྐུའི་ས་བོན་རྒྱུད་ལ་བཞག་གོ །གསུམ་པ་ཐུགས་ཀྱི་དབང་ནི། མེ་ལོང་སྙིང་གར་བཞག་ལ། ཧྲཱིཿ མེ་ལོ»ང«་»དྭ«ངས་གསལ་སྤྲོས་»བྲལ་«ཆོས་ཀྱི་དབྱིངས། »།«སྐུ་ལྔ་ཡེ་ཤེས་ལྔ་ལྡན་འདུ་འབྲལ་མེད། རྒྱལ་ཀུན་ངོ་བོ་འཕགས་མཆོག་ཐུགས་ཀྱི་མཚོན»། །«སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ། །ཡིད་ཀྱི་སྒྲིབ་དག་ཐུགས་ཀྱི་དབང་ཐོབ་ཤོག །རྩ་སྔགས་གཤམ་དུ།» «ཙིཏྟ་ཨ་བྷི་ཥིཉྩ་ཧཱུཾ་ཞེས་བསྐུར་ཞིང་ངོ་སྤྲོད་པ་ནི། ཁྱོད་ཀྱི་སེམས་ཉི»ད«་སྤྲོས་དང་བྲལ། »།«འགེགས་»མེད«་སྙིང་»རྗེ་«ཆེན་པོའི་གདངས། »།«ཆགས་སྡང་ཉོན་མོངས་ལས་འདས་པ། »།«འཕགས་པའི་ཐུགས་ཡིན་ཤེས་པར་གྱིས། །ཞེས་བརྗོད དེས་ཐུགས་ཀྱི་དབང་ཐོབ། ཡིད་ཀྱི་སྒྲིབ་པ་དག །རྫོགས་རིམ་བསྒོམ་པ་ལ་དབང༌། »།«ཆོས་སྐུའི་ས་བོན་རྒྱུད་ལ་བཞག་གོ། དེ་ནས་བྱིན་རླབས་གཏོར་མའི་དབང་ནི། བསྒྲུབ་གཏོར་ཐོགས་ལ། ཧྲཱིཿ དཀྱིལ་འཁོར་གཙོ་བོ་འཕགས་མཆོག་ཐུགས་རྗེའི་གཏེར། »།«སྡུག་བསྔལ་རང་»གྲོལ«་སྤྱན་རས་གཟིགས་དབང་མཆོ»ག« »།«རིགས་བདག་འོད་དཔག་མེད་པ་འགྲོ་བའི་མགོན། »།«སེམས་མ་རྣམ་བཞི་སྡུག་བསྔལ་སེལ་བས་སྐྱབས། »།«སངས་རྒྱས་བྱང་སེམས་བྱིན་རླབས་ཐུགས་རྗེའི་གཏེར། །རྟ་མགྲིན་ར»ིགས་«བཞིས་བདུད་ལས་»བར་ཆ«ད་སེལ། »།«ཐམས་ཅད་གནད་ནས་བསྐུལ་ལོ་རྗེས་སུ་དགོངས། »།«སྐལ་ལྡན་མོས་པའི་བུ་ལ་བྱིན་གྱི»ས«་རློབས། སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི། །དབང་མཆོག་བསྐུར་ལ་མཆོག་མཐུན་དངོས་གྲུབ་སྩོལ། »།«གུ་རུ་དྷེ་ཝ་»ཌཱ«ཀྐི་ནི་ཨརྱ་ལོ་ཀི་ཤྭ་ར་སརྦ་ཏྭ་ཐ་ག་ཏ་ཀཱ་ཡ་ཝཀྐ་ཙིཏྟ་གུརྣ་ཀརྨ་སརྦ་སི»དྡྷ«ི་ཕ་ལ་ཧཱུཾ། ཞེས་བསྐུར་རོ། །དེ་ལྟར་དངོས་གཞིའི་དབང་རྫོགས་ནས། མཐའ་རྟེན་གྱི་དབང་ནི། དང་པོ་རྒྱལ་སྲིད་སྣང་བདུན་གྱི་དབང་བསྐུར་བ་ནི། ཧྲཱིཿ»འཁོར་ལོ་«རིན་ཆེན་ཆོ»ས«་ཀྱི་འཁོར་ལོ་བསྐོར། »།«ནོར་བུ་རིན་ཆེན་དགོས་འདོད་ཐམས་ཅད་འབྱུང༌། བཙུན་མོ་རིན་ཆེན་»ཕ་རོ«ལ་ཕྱིན་བཅུ་ལྡན། »།«ཁྱིམ་བདག་རིན་ཆེན་ཆབ་སྲིད་རབ་ཏུ་སྤེལ། »།«གླང་པོ་རིན་ཆེན་བདུད་ཀྱི་དཔུང་ཚོགས་འཇོམས། »།«རྟ་མཆོག་རིན་ཆེན་འཁོར་བའི་ཕ་»རོ«ལ་སྒྲོལ། »།«དམག་དཔོན་རིན་ཆེན་ཉོན་མོངས་གཡུལ་ངོ་བཟློག། »།«རིན་ཆེན་སྣ་བདུད་ཡོངས་རྫོགས་དབང་བསྐུར་རོ། »།«གཉིས་པ་བཀྲིས་རྟགས་བརྒྱད་ཀྱི་དབང་ནི། ཧྲཱིཿ» «བཀྲ་ཤིས་རིན་ཆེན་གདུག་ཀྱི་ཚ་གདུང་སྐྱོབས། །བཀྲ་ཤིས་གསེར་ཉྭས་ཡེ་ཤེས་སྤྱན་བྱིན་རློབས། »།«བཀྲ་ཤིས་དུང་ཆེན་ཐེག་ཆེན་རང་སྒྲ་སྒྲོགས། »།«བཀྲ་ཤིས་པ»དྨ«་ཉོན་མོངས་སྐྱོན་དང་བྲལ། །བཀྲ་ཤིས་བུམ་པ་དགོས་འདོད་འབྱུང་བའི་གཏེར། །བཀྲ་ཤིས་དཔལ་བེའུ་ཡེ་ཤེས་ལྔ་ཡི་དབྱིངས།»།« བཀྲ་ཤིས་རྒྱལ་མཚན་»ཐེ«ག་དགུའི་རྩེ་མོར་ཕྱིན། »།«བཀྲ་ཤིས་འཁོར་ལོ་ས་བཅུ་ཟིལ་གྱིས་གནོན། »།«བཀྲ་ཤིས་རྟགས་བརྒྱད་ཡོངས་རྫོགས་དབང་བསྐུར་རོ། »།«གསུམ་པ་རྫས་བརྒྱད་ཀྱི་དབང་ནི། ཧྲཱི༔»། «བསྒྲུབ་རྫས་ཡུངས་དཀར་རྒྱལ་པོས་བགེགས་ཚོགས་འཇོམས། རྫས་མཆོག་བིལ་བས་ཡོན་ཏན་ཐམས་ཅད་རྒྱས། »།«རྩ་»མ«ཆོག་དུར་བས་གདོན་གྱི་གནོད་པ་སྐྱོབས། »།«ལི་ཁྲི་མཚལ་ཆེན་འགྲོ་བ་དབང་དུ་སྡུད། »།«གི་ཝཾ་སྨན་གྱི་ཉོན་མོངས་ནད་ཀུན་སེལ། »།«བཅུད་ལྡན་ཞོ་ཡིས་དབང་པོའི་གཟི་མདངས་བསྐྱེད། »།«གསལ་བྱེད་མེ་»ལོ«ང་མ་རིག་མུན་པ་སེལ། »།«ཆོས་དུང་གཡས་འཁྱིལ་གསུང་དབྱངས་དྲུག་ཅུ་སྒྲོགས། »།«བཀྲ་ཤིས་རྫས་བརྒྱད་ཡོངས་རྫོགས་དབང་བསྐུར་རོ། །དེ་ལྟར་དབང་རྣམས་རྫོགས་པར་ཐོབ་ནས་དམ་ཚིག་ཁས་ལེན་ཅིང་ཡོན་འབུལ་བ་འདིའི་རྗེས་ཟློས་མཛོད། གཙོ་བོའི་ཇི་ལྟར་བཀའ་»སྩ«ལ་པ། »དེ་དག་«ཐམས་ཅད་བདག་གིས་བགྱི། »།དེ«ང་ནས་བརྩམས་ཏེ་བདག་བྲན་དུ། »།«ཁྱེད་ལ་བདག་ལུས་འབུལ་ལགས་ན། »།«ཁྱོད་ཀྱིས་སློབ་མར་བཟུང་བ་དང༌། »།«ཆ་ཤེས་ཀྱིས་ཀྱང་སྤྱད་དུ་གསོལ།» «།གཏང་རིག་གི་མཎྜལ་འབུལ། བཀྲ་ཤིས་དང་བསྔོ་སྨོན་གྱིས་མཐར་བརྒྱན་པར་བྱའོ། །ཀློང་ཆེན་སྙིང་ཐིག་གཏེར་གཞུང་བདག་འཇུག་དང༌། །གྲུབ་དབང་བླ་མས་མཛད་པའི་དབང་ཆོག་ལམ་བཟང༌། སློབ་བུ་སྨིན་པའི་དབང་བཞིའི་གཞུང་ཉིད་དུ། །ཐ་མལ་སྐྱེ་བོར་གསང་སྒྲོག་ཉེས་པའི་རྐྱེན། །འཇུག་ལྡོག་ཀུན་ལ་ཕན་ཕྱིར་ལྷག་གསམ་གྱིས། །སྔགས་འཆང་འཇའ་ལུས་རྡོ་རྗེ་སྒྲུབ་པ་ལ། །ཉེས་འགལ་མཆིས་ན་བླ་མ་ལྷ་ལ་བཤགས། །མ་རྒན་སེམས་ཅན་ཐམས་ཅད་ཀུན། །སྐུ་གསུམ་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག། ཡི་གེ་འདུ་བྱེད་བདུད་འཇོམས་རྡོ་རྗེས་སོ། །མངྒ་ལཾ། ཧོ་ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྒྱལ་བ་རིགས་ལྔ་སྤྲུལ་སྐུ་དགའ་རབ་རྡོ་རྗེ། སློབ་དཔོན་འཇམ་དཔལ་བཤེས་ཉེན། རིག་འཛིན་ཤྲཱི་སིང་ཧ། པན་ཆེན་མི་མ་མི་ཏྲ། ཨུ་རྒྱན་པདྨ་ཐོད་ཕྲེང༌། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། མངའ་བདག་ཁྲི་སྲོང་ལྡེའུ་བཙན། རྒྱལ་སྲས་དྲི་མེད་འོད་ཟེར། ཀློང་ཆེན་ནམ་མཁའི་རྣལ་འབྱོར། འཇིགས་མེད་ཕྲིན་ལས་འོད་ཟེར།» «རིག་འཛིན་འཇའ་ལུས་རྡོ་རྗེ་དྲི་མེད་གྲགས་པའི་འོད་ཟེར་ལ་སོགས་རིག་འཛིན་རྫོགས་པ་ཆེན་པོའི་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་མགོན་རིག་འཛིན་བླ་མ་ཡི་དམ་མཁའ་འགྲོ་རྒྱ་མཚོ་ཆོས་སྲུང་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་དེང་འདིར་རྡོ་རྗེ་སློབ་དཔོན་རྣམ་པ་དབང་བསྐུར་དུ་གསོལ། བྱིན་གྱིས་རླབས་དུ་གསོལ། རྟོགས་པས་ཤར་དུ་གསོལ། བརྟུལ་ཞུགས་བསྐྱེད་དུ་གསོལ། བྱ་རྩོལ་བློ་འདས་རྫོགས་པ་ཆེན་པོའི་ཀློང་དུ་དགོངས་པས་བཙན་ས་ཟིན་ཏེ་ཚེའི་གཅིག་ལུས་གཅིག་ལ་འཇའ་ལུས་འཕོ་བ་ཆེན་པོ་སྐུ་མཆོག་བརྙེས་ནས་དཔལ་ཀུན་ཏུ་བཟང་པོའི་ས་ལ་འགོད་པར་མཛད་དུ་གསོལ།