DKYD-KABUM-06-CHA-009: Difference between revisions
No edit summary |
No edit summary |
||
Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|sectionheading=No | |||
|fulltitletib=འཕགས་མཆོག་གར་དབང་སྒྲུབ་སྐོར་ལས༔ འོད་གསལ་ཐོད་རྒལ་ངོ་སྤྲོདཿ | |||
|fulltitle='phags mchog gar dbang sgrub skor las 'od gsal thod rgal ngo sprod | |||
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ། | |||
|collectiontitle=mdo mkhyen brtse bka' 'bum | |collectiontitle=mdo mkhyen brtse bka' 'bum | ||
|author=Mdo mkhyen brtse | |author=Mdo mkhyen brtse | ||
|authortib=མདོ་མཁྱེན་བརྩེ་ | |authortib=མདོ་མཁྱེན་བརྩེ་ | ||
|sourcerevealer=Mdo mkhyen brtse | |sourcerevealer=Mdo mkhyen brtse | ||
|sourcerevealertib=མདོ་མཁྱེན་བརྩེ་ | |sourcerevealertib=མདོ་མཁྱེན་བརྩེ་ | ||
|tibgenre=Pith Instructions - man ngag | |||
|terma=Yes | |terma=Yes | ||
|deity=thugs rje chen po | |deity=thugs rje chen po | ||
Line 14: | Line 17: | ||
|cycletib=འཕགས་མཆོག་གར་དབང་སྒྲུབ་སྐོར་ | |cycletib=འཕགས་མཆོག་གར་དབང་སྒྲུབ་སྐོར་ | ||
|language=Tibetan | |language=Tibetan | ||
|volumenumber=06 | |||
|volnumtib=༦ | |volnumtib=༦ | ||
|volyigtib=ཆ | |volyigtib=ཆ | ||
| | |totalvolumes=8 | ||
|textnuminvol=009 | |textnuminvol=009 | ||
|multivolumework=No | |||
|colophontib=གར་དབང་ཐུགས་ཆེན་པོའི་གདམས་པའི་མཐར་ཐུག་འོད་གསལ་མཐའ་གྲོལ་ཆེན་པོ་ཞེས་བྱ་བ་ཡོངས་སུ་དགེ་བར་གྱུར་ཅིག༔ ཡི་གེའི་རིས་བྱེད་རང་སློབ་དཔལ་གྱི་སེང་གེའོ།། །། | |||
|colophonwylie=gar dbang thugs chen po'i gdams pa'i mthar thug 'od gsal mtha' grol chen po zhes bya ba yongs su dge bar gyur cig:_yi ge'i ris byed rang slob dpal gyi seng ge'o//_// | |||
|pdflink=File:DKYD-KABUM-06-CHA-009.pdf | |pdflink=File:DKYD-KABUM-06-CHA-009.pdf | ||
|volumeLetter=CHA | |||
|InitCategories=Khyentse Lineage Project; DKYD-KABUM-Volume-06-CHA | |InitCategories=Khyentse Lineage Project; DKYD-KABUM-Volume-06-CHA | ||
}} | }} | ||
<h1>Tibetan Text</h1> | <h1>Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|ཧྲི།ཿ འཕགས་མཆོག་གར་དབང་སྒྲུབ་སྐོར་ལས༔ འོད་གསལ་ཐོད་རྒལ་ངོ་སྤྲོད་བཞུགསཿ ཧྲ།ཿ ནང་གསལ་ཐིམ་ལ་མ་རྨུགས་པའིཿ གཞོན་ནུ་བུམ་པའི་སྐུ་ལ་འདུདཿ དེའི་ཚེ་དེའི་དུས་ན་མ་འོངས་འགྲོ་བའི་དོན་ཆེད་ཐུགས་རྗེ་ཆེན་པོ་པདྨ་གར་གྱི་དབང་ཕྱུག་གི་ཆོས་ཚན་ལེགས་པར་རྫོགས་མཐརཿ འོག་མིན་གསང་བ་ཕུག་ཏུ་མཚོ་རྒྱལ་ཡུམ་དང་གསང་སྤྱོད་མཛད་པའི་ཚེཿ ཡེ་ཤེས་ཀྱི་མཁའ་འགྲོ་ཆེན་མོ་ཟ་ཧོར་གྱི་རིགས་འཁྲུངས་མནྡ་ར་བ་ཉིད་རྫུ་འཕྲུལ་གྱི་བཀོད་པས་བྱོན་ཞིང་བདུད་རྩི་ཚོགས་ཀྱི་མཆོད་པ་དང་ཿ གསང་བའི་མཎྜལ་ལན་བདུན་ཕུལཿ གུ་རུའི་ཐུགས་ཡོངས་སུ་དགྱེས་པར་མཛདཿ སླར་ཡང་གསང་བའི་དབང་གིས་མཚོ་རྒྱལ་སྨིནཿ ཞིང་ཁམས་ཀྱི་དཔའ་བོ་མཁའ་འགྲོ་ཀུན་བདུད་རྩིའི་ཚོགས་ཀྱི་མཆོད་པས་དགྱེས་པ་བསྐྱེད་མཐར་ཞུས་པཿ ཀྱེ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་པ་གཅིག་ཏུ་བསྡུས་པའི་བདག་ཉིད་ཡབ་ཧེ་རུ་ཀ་ཆེན་པོས་བདག་ལ་དགོངས་སུ་གསོལཿ འཕགས་མཆོག་གར་གྱི་དབང་ཕྱུག་གིསཿ ཡང་གསང་བླ་ན་མེད་པ་སྙན་བརྒྱུད་ཡི་གེ་མེད་པའི་སྐོརཿ དབང་རབ་ཟླ་དྲུག་ལ་གྲོལ་བ་བྱེད་པའི་མན་ངགཿ རྫོགས་པ་ཆེན་པོ་འོད་གསལ་ཐོད་རྒལ་གྱི་མན་ངག་ཚིག་ཉུང་ལ་དོན་འདུས་པཿ ཟབ་གནད་ཀྱི་འགག་ཚང་བ་ཞིག་གསུང་དུ་གསོལ༔ ཞེས་ཞུ་པས་བཀའ་རྩལ་པཿ ཉོན་ཅིགཿ རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་སྙིང་ཁུཿ གསང་བ་མན་ངག་རྒྱུད་ཀྱི་གབ་དོནཿ དགོངས་བརྒྱུད་ཡི་གེ་མེད་པའི་གནདཿ འོད་གསལ་ཐོད་རྒལ་ཆེན་པོ་འདི་ཉིད་བསྟན་པར་འཕང་བའི་མན་ངག་ལགས་ཀྱང་ཿ ལྷ་ལྕམ་ཁྱོད་ཀྱིས་བཤད་པའི་དུས་ལ་བབ་པར་ཤེས་ནས་ཇི་བཞིན་སྟོན་པ་ལཿ ཡུམ་གཉིས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིགཿ ཨེ་མ་ཧོཿ བདེ་གཤེགས་སྙིང་པོའི་ཁམས༔ འགྲོ་བའི་སྙིང་ལ་གནས་པ་སྟེཿ འོད་དང་ཟེར་གྱི་ཚུལ་ཉིད་དུཿ མ་རྟོགས་དབུལ་པོའི་ཁྱིམ་གྱི་གཏེརཿ ཇི་བཞིན་ཡོངས་སུ་གབ་པ་ལཿ གནད་ལ་བརྟེན་ནས་མངོན་གྱུར་ཅིང་ཿ མྱུ་དུ་འགྲོལ་བ་མན་ངག་གནདཿ ཁྲེགས་ཆོད་ལྟ་བའི་རྒྱལ་པོ་ཆེསཿ མངོན་སུམ་རིག་པ་ངོ་འཕྲོད་ནས༔ འཁྲུལ་སྣང་འཁོར་བའི་རྫུན་ཕུག་རྡིབས༔ ལུས་ངག་ཡིད་གསུམ་མནལ་དུ་ཕབཿ བྱ་བ་དགུ་ཕྲུག་ཞག་བདུན་བཏང་ཿ དེ་ནས་དྭངས་གསལ་ནམ་མཁའི་དཀྱིལཿ མི་གཡོ་བ་ལ་རབ་ཏུ་བསླབཿ ལུས་གནད་སྐུ་གསུམ་བཞུགས་སྟངས་ལཿ ངག་གི་བྱ་བ་ཐམས་ཅད་སྤོངཿ རླུགགི་གནད་ཀྱང་དལ་བར་བསླབ༔ སེམས་གནད་འཁྲུལ་བའི་རྒྱུན་བཅད་ཅིང་ཿ སྟོང་གསལ་འདུས་མ་བྱས་པའི་ངང་ཿ རྡོ་རྗེའི་ལུས་ཀྱི་རྩ་གནད་ཀུནཿ མི་དཀྲུགས་གློ་བའི་རླུང་དག་ཕྱིརཿ དབུགས་ནི་དལ་བུའི་མགྲིན་པའི་ལམཿ འཁྲུལ་རྟོག་སེམས་ཀྱི་རྩ་བ་ཆོདཿ དེ་ཚེ་ཙིཏྟ་སྙིང་གི་དབུསཿ ཀ་ཏི་ཤེལ་གྱི་སྦུ་གུ་ཅནཿ ཁྲག་དང་ཆུ་ཡིས་མ་གོས་པཿ འོད་རྩ་དར་གྱི་སྐུད་བ་སྟེཿ ཙིཏྟ་འདྲེན་བྱེད་ལམ་དུ་ཟུགཿ རྩེ་མོ་རྒྱང་ཞགས་བརྟེན་པའི་ཡུལཿ རྩེ་མོ་བ་མིན་རྭ་བཞིན་ནོཿ དེ་ཉིད་ཙིཏྟ་ཤའི་སྒྲོན་མཿ བ་མིན་རྭ་ཡི་རྩེ་མོ་རུཿ འོད་ལྔ་ཟླུམ་པོ་འཁྱིལ་བ་ལཿ ཨ་འབྲས་ཆུ་བུར་ལ་བརྟེན་པརཿ རྒྱང་ཞགས་ཆུ་ཡི་སྒྲོན་མའོ༔ དེ་ཉིད་གཟིགས་སྟངས་རྣམ་གསུམ་གྱིཿ གཅུན་ཚེ་ནམ་མཁའ་དག་པའི་དབྱིངས༔ ངོས་བཟུང་མེད་པའི་ཁ་དོག་ལསཿ རེ་སྡེའམ་ཟ་འོག་བཀྲམ་པ་བཞིནཿ གཞི་རུ་ཤར་ཞིང་འོད་གསལ་བཿ རྣམ་དག་དབྱིངས་ཀྱི་སྒྲོན་མའོཿ དེ་ལས་འོད་ལྔའི་ཐིག་ལེའི་གཟུགས༔ ཟླུམ་འཁྱིལ་རྩིབ་ཤར་མ་ངེས་པཿ རྨ་བྱའི་མདངས་བཞིན་སྦྲིད་ཆགས་གསལཿ ཐིག་ལེ་སྟོང་པའི་སྒྲོན་མ་ནིཿ དེ་དབུས་ལྷག་མཐོང་སྣང་ཆའི་རྩལཿ ཤེལ་དཀར་ཕྲེང་བ་ལྟ་བུའམཿ མུ་ཏིག་ལན་ཚར་གསེར་སྐུད་དཔེའིཿ གཡོ་གདེངས་འགུལ་བསྐྱོད་རྣམ་པ་ཅན༔ འཕེལ་འགྲིབ་འགྱུར་ལྡོག་སྣཚོགས་སྟོནཿ དབྱིབས་དང་ཁ་དོག་བརྗོད་དཀའ་བཿ རིག་གདངས་རྡོ་རྗེའི་ལུ་གུ་རྒྱུདཿ རྩོལ་བ་མེད་པ་ཉམས་ལེན་ཚེཿ ཆོས་ཉིད་མ་བཅོས་ཟད་ཀ་མཿ བརྗོད་མེད་སྟོང་གསལ་འཛིན་པ་བྲལཿ ཅིར་ཡང་མ་གྲུབ་ས་ལེར་གནསཿ སྣང་ཆ་མ་འགགས་ཧྲིག་གེ་བཿ ཀུན་ཁྱབ་གཞི་ཡི་སྒྲོན་མའོཿ དེ་ལྟར་སྒྲོན་མ་དྲུག་གི་ལམཿ ཇི་བཞིན་དྲོད་ལྡན་སློབ་དཔོན་གྱིསཿ མན་ངག་ལ་བརྟེན་རྩལ་དབང་བསྐུརཿ ངོ་འཕྲོད་བརྟན་པ་ཐོབ་པའི་ཚེཿ བཞུགས་སྟངས་གཟིགས་སྟངས་རྣམ་གསུམ་དང་༔ མི་འབྲལ་མན་ངག་གནད་ཚད་བསྐྱལཿ ཙིཏྟ་ཤ་ཡི་སྒྲོན་མ་ནིཿ ཆོས་ཉིད་གཞི་ཡི་སྒྲོན་མའི་རྩལཿ རྒྱང་ཞགས་ལམ་ལ་གསལ་བ་སྟེཿ རིག་གདངས་དངོས་པོར་མ་གོལ་གནདཿ ཡེ་ཤེས་འོད་ལྔའི་སྣང་བ་ཉིདཿ ཉམས་ལེན་སྟོབས་ཀྱིས་འཕེལ་བའི་ཚེཿ མངོན་སུམ་གོང་འཕེལ་ཚད་ཕེབ་པརཿ ཕྱི་རོལ་འབྱུང་ལྔའི་སྣང་བ་དང་ཿ ནང་དུ་ཕུང་ལྔ་རླུང་ལྔའི་ཁམསཿ རྣམ་དག་འོད་ཀྱི་ལམ་ནས་སྦྱངསཿ དང་པོར་སྐུ་གསུམ་རྟེན་ལ་བསླབཿ བརྟན་པ་ཐོབ་ནས་འཆི་མེད་ལམཿ ཆེར་ཐོབ་སྣང་བ་གང་ལའང་གསལཿ ལམ་དུ་སློབ་ཕྱིར་མུན་པའི་གནདཿ འོད་ལྔ་རྩིབས་ཤར་གྱེན་བགྲེངས་དང་ཿ ཐིག་ལེ་ལྔ་ཚོམ་སྐུ་དང་ནིཿ གཙོ་རྐྱང་ཡབ་ཡུམ་འཁོར་རྣམ་པཿ མཆོག་དང་རྩ་ཡི་འཕེལ་འགྲིབ་སོགས༔ སྣང་བ་བཞི་ཡི་ས་མཚམས་གནདཿ རྡོ་རྗེ་སློབ་དཔོན་མཁས་པའི་འབྱེདཿ ཕྱི་རུ་འོད་ལྔའི་སྣང་བ་དང་ཿ ནང་དུ་ཉོན་མོངས་ཞེན་གྲོལ་གནདཿ གསང་བ་ཉམས་ཀྱི་གྲོལ་ཚད་སོགས་ཿ ཡ་མ་ཟུང་དུ་གྱུར་པས་ནཿ སློབ་དཔོན་མཁས་པའི་མན་ངག་བསྟེནཿ དེ་ཚེ་ཞལ་གཟིགས་ལུང་བསྟན་དང་ཿ ཕྲན་བུའི་རྫུ་འཕྲུལ་དྲོད་རྟགས་སོགསཿ ཆེད་འཛིན་ཞུགས་ན་བདུད་ཀྱིས་བསླུསཿ འཇིག་རྟེན་སྣ་ཚོགས་མཁའ་འགྲོ་མའིཿ གར་བསྒྱུར་བསླུ་བྲིད་སྣ་ཚོགས་པཿ འབྱུང་ཕྱིར་འབྲས་བུ་མ་ཐོབ་པརཿ ལམ་རྟགས་ཟིན་པ་མེད་ཤེས་ནསཿ སློབ་དཔོན་ཐོད་དུ་ཁུར་བ་གཅེསཿ ཆོས་ཉིད་ཟད་པའི་འབྲས་བུ་ལཿ རེག་ཚེ་ཕྱི་རོལ་འོད་ལྔ་དང་ཿ ནང་དུ་གཟུང་འཛིན་དབྱིངས་སུ་ཡལཿ འཁྲུལ་བའི་ཀུན་རྟོག་ཟད་པའི་ཚདཿ ངོ་ཚ་འཇིགས་སྐྲག་དང་བྲལ་ཞིང་ཿ སྒྲ་གྲགས་བྲག་ཆ་ལྟ་བུ་ལཿ གཤེད་མ་བརྒྱས་བསྐོར་ཉམས་མི་མངའཿ ཆོས་ཅན་སྣང་བ་ཆོས་ཉིད་ཀློང་ཿ ཟད་ཅིང་མངོན་སངས་རྒྱས་པའོཿ ཟག་བཅས་ཕུང་པོ་སྒྱུ་མའི་ཁམསཿ ཟག་མེད་འོད་ཀྱི་སྐུར་དེངས་པའིཿ ན་བུར་དྭངས་བཞིན་སྙིགས་མ་བྲལ༔ འགྲོ་བའི་དོན་དུ་སྐུར་སྤྲུལ་ནཿ ཚེ་དབང་རིག་འཛིན་མཆོག་བརྙེས་པ༔ པདྨ་ཀ་ར་བདག་བཞིན་ནོཿ ལྷུན་གྲུབ་རིག་འཛིན་དགོངས་པ་སྟེཿ འགྲོ་དོན་མཆོག་གི་སྤྲུལ་སྐུར་མཉམཿ འབྲས་བུ་གཞི་ཐོག་གྲོལ་བ་སྟེཿ ཆོས་དབྱིངས་བུམ་སྐུའི་ཀློང་རུམ་དུཿ འུབ་ཆུབ་འཁོར་བ་དོང་ནས་སྤུགསཿ གཞི་ཐོག་གྲོལ་བ་ཨ་ལ་ལཿ ཞེས་གསུངས་སོཿ མཚོ་རྒྱལ་མནྡ་ར་བ་ནིཿ སྤྲུལ་པ་སྟེ་ད་རེས་ཀྱི་སྤྲུལ་པས་ཟ་ཧོར་རྒྱལ་པོའི་སྲས་མོའི་ཚུལ་བཟུང་ཞིང་བདག་གི་སྒྲུབ་སྡེ་མོ་བགྱིསཿ ཕ་མའི་མངལ་གྱི་བསྒྲིབ་པའང་བདེ་སྟོང་གི་ལམ་ནས་སྦྱོང་བ་ཡིནཿ ང་ཉིད་པདྨ་འབྱུང་གནས་ཀྱང་འོད་གསལ་ཐོད་རྒལ་ཆེན་པོའི་ལམ་འདི་ནས་ཚེ་དབང་རིག་འཛིན་བརྙེསཿ མཚོ་རྒྱལ་ཁྱོད་ཀྱང་ལམ་འདི་ནས་གྲོལ་འབྲས་ཐོབཿ མ་འོངས་ལྔ་བཅུ་ཁ་རལ་དུས་ཀྱི་ཐ་མའི་ཚེ་ན་སེམས་ཅན་དུག་ལྔའི་སྟོབས་དྲག་པོས་ཚེ་ཐུངཿ སྙིང་རུས་ཆུང་ཿ གདམས་ངག་གཞན་གྱིས་གྲོལ་བར་དཀའ་བའི་ཚེཿ ཀུན་བཟང་ཐུགས་ཀྱི་ཡང་བཅུདཿ སངས་རྒྱས་ཐམས་ཅད་ཀྱི་དགོངས་པའི་མཐིལ་ལྟ་བུ་འདི་ཉིད་འཕྲད་པ་ཙམ་གྱིས་གྲོལ་བར་ཐེ་ཚོམ་མེད་པས་དེང་སང་དུས་ལ་མ་བབ་པ་ནཿ བསྟན་པར་འཕོང་ཞིང་ཿ ཁྱད་པར་བདག་དང་སྨོན་ལམ་ལོག་པའི་དམར་རྒྱན་ཀླུ་གོང་ཿ ཀླུ་དཔལ་རྣམས་ཀྱིས་རླུང་ཕྱོགས་ཙམ་ཡང་ཐོས་པར་འགྱུར་ན་གདམས་ངག་ལ་སེལ་འཇུག་ཅིང་མ་འོངས་ང་སྤྲུལ་སྐྱེས་བུས་འགྲོ་བའི་དོན་སྤྱོད་པའི་ཚེ་ནའང་གདམས་ངག་གི་དྲོད་ཡལ་བས་འགྲོ་དོན་འགགས་ཤིང་བར་ཆད་འབྱུང་བའི་ཉེན་ཡོད་པའི་ཕྱིརཿ རང་ཅག་ཡབ་ཡུམ་གམ་དུ་ལསཿ གཞན་གྱིས་རླུང་ཕྱོགས་ཙམ་ཡང་མ་ཐོས་པར་གྱིསཿ མནྡ་ར་བས་རྫུ་འཕྲུལ་གྱི་བཀོད་པས་བརྡ་རིས་སུ་ཐོབ་ལ་མཁའ་གསང་བདེ་བ་ཆེན་པོའི་ཀློང་དུ་སྦ་བར་བྱའོཿ མ་འོངས་པའི་དུས་སུ་འོད་གསལ་ཐོད་རྒལ་ཆེན་པོའི་དོན་ཉམས་སུ་ལེན་པ་དཀོན་ཞིང་ཿ དྲོད་ཚད་ལྡན་པ་རེ་གཉིས་འབྱུང་ཀྱང་ཿ ལས་ལྡན་གྱི་སློབ་མ་དཀོན་པས་མཁའ་འགྲོ་འཁྲེན་དུར་གྱི་རྒྱུར་དོགས་ནས་ཇི་བཞིན་གསལ་བར་སྟོན་པ་དཀའ་པསཿ མངོན་གྱུར་གྱི་དྲོད་ཚད་ཐོབ་པ་ཉིན་སྐར་ཙམ་མོཿ དེ་ཚེ་ལྔ་ཕྲག་ཐ་མ་ལཿ ང་སྤྲུལ་ཁྲག་འཐུང་ལས་ཀྱི་དཔའ་བོས་འགྲོ་བའི་དོན་སྤྱོད་པའི་ཚེ་ང་ཡི་ཞལ་ལན་གསུམ་མཐོང་བའི་ཐ་མ་ཆུ་མོ་སྦྲུལ་གྱི་ལོཿ རྒྱལ་གྱི་ཟླ་བ་ལ་གདམས་པ་འདིའི་བཀའ་གནད་ཁྲོལ་ཞིང་ཌཱཀྐིའི་གསང་མཛོད་ལ་དབང་བསྒྱུར་བ་འབྱུང་ཞིང་ཿ འབྲེལ་ཐོག་རིག་འཛིན་གྱི་གྲལ་དུ་འཁོད་ཅིང་ཿ གདམས་པ་འདི་དང་འཕྲད་པའི་ལས་ཅན་བུ་མཆོགཿ ཕུང་པོ་འོད་སྐུར་དེང་བར་ཐེ་ཚོམ་མེད་དོཿ འོན་ཀྱང་ད་ལྟའི་སྨོན་ལམ་ལོག་པའི་སྟོབས་ཀྱིས་དམར་རྒྱན་ཀླུ་གོང་ཿ ཀླུ་དཔལ་གསུམ་གྱི་སྤྲུལ་བས་གཡོ་སྒྱུ་དང་ཿ ངན་སྤྱོད་སྣ་ཚོགས་བརྩོམ་ཞིང་ལས་ཅན་ཕལ་ཆེར་ཐེ་ཚོམ་ཟ་བའི་གནས་ལ་འཇུག་པར་བྱེད་མཐུས་འགྲོ་དོན་དང་ཉམས་ལེན་གྱི་འཕྲོ་ཆད་ཅིང་ལས་ཅན་བུ་མཆོག་སྐལ་ལྡན་གྱི་འཁོར་བཅས་སུན་པར་སྲིདཿ དེའི་ཚེ་ལྷ་ལྕམ་དང་ཿ བཻ་རོཿ རྨ་ཐོག་གསུམ་གྱིས་བརྩོན་འགྲུས་ཀྱི་སྟོབས་བསྐྱེད་འགྲོ་དོན་གྱི་སྣ་འདྲེན་ཁྱད་པར་སྦ་མི་ཡེ་ཤེས་གཞོན་ནུ་དང་ཿ འབྲོག་བཟའ་བྱང་ཆུབ་སྒྲོན་མ་གཉིས༔ གར་དབང་ཐུགས་རྗེ་ཆེན་པོའི་སྒྲུབ་པ་མཐར་འཆོལ་ཞིང་སྨོན་ལམ་དག་པའི་མཐུས་དཔའ་བོ་ཡབ་ཡུམ་གྱིས་ཚེ་འཕྲང་སེལ་ཞིང་གདམས་ངག་རྟེན་འབྲེལ་གྱི་སྒོ་འབྱེད་པར་ཐེ་ཚོམ་མེདཿ མདོ་སྨད་ཁམས་ཀྱི་ཙ་རི་ཊ་ཞེས་བྱ་བ་ད་ལྟ་ཡེ་ཤེས་མཁའ་འགྲོའི་བྱིན་གྱིས་བརླབས་པའི་གནས་བརྩམས་ཏེཿ འདི་ནས་མི་ལོ་བརྒྱ་འདས་པ་ནཿ ང་ཡི་སྤྲུལ་པ་དགྲ་འདུལ་རྒྱལ་པོ་ཞེས་བྱ་བསཿ རིག་འཛིན་མཁའ་འགྲོའི་ཞིང་དུ་བྱིན་གྱིས་བརླབས་ཤིངཿ ཡེ་ཤེས་དང་འཇིག་རྟེན་ཤ་ཟའི་གནས་ཉི་ཤུ་རྩ་གཅིག་འགོདཿ མ་མོ་དང་ཤ་ཟ་སྲིན་པོའི་སྡེཿ སྡེ་བརྒྱད་དཔག་ཏུ་མེད་པས་གནས་བཅསཿ མི་མ་ཡིན་དུང་ཕྱུར་བདུན་གྱི་གྲོང་བརྡལ་བར་འགྱུར་ཏེཿ དེང་སང་ས་ཡི་དབུས་ཀྱི་ཙརིཊར་བཅོལ་བའི་གཏེར་ཁ་མང་པོའང་གནས་དེར་འདྲེན་ཞིངཿ བཅོལ་གཏད་བྱེདཿ དེ་ནས་མི་ལོ་དཔག་ཏུ་མེད་པ་འདས་པའི་འོག་ཏུ་ཁྲག་འཐུང་ལས་ཀྱི་དབའ་བོས་བོད་དུ་འགྲོ་དོན་སྤྱོད་པའི་ཚེཿ གནས་དེའི་མི་མ་ཡིན་གྲོལ་འབྲས་ཐོབ་ཅིང་ཞིང་སྐྱོང་ཌཱཀྐིའི་ཚོགས་རྣམས་ལུས་དང་གྲིབ་བཞིན་འགྲོགས་པས་གྲོགས་བགྱིད་ཅིངསེམས་ཅན་གྱི་དོན་དཔག་མེད་འགྲུབཿ འོན་ཀྱང་དེའི་དུས་སུ་ཐེ་ཚོམ་གྱི་བདུད་ཞུགས་པ་མང་བས་ལམ་འདི་ཁོ་ན་ལ་འབད་པ་ཉུང་བར་ཟད་ཕྱིར་ལྷ་ལྕམ་ཁྱོད་ཀྱང་འགྲོ་བའི་དོན་དུ་ལུས་ལ་ཕོངས་པ་མེད་པར་སྙིང་སྟོབས་བསྐྱེད་ཅིགཿ གཞན་ལུས་ཐབས་ལྡན་གྱི་ལམ་སྤོང་བ་རྣམས་གདམས་པ་འདིས་གྲོལ་བའི་སྐལ་པ་མེད་དོཿ དེ་བས་ན་སྔགས་ཀྱི་ལམ་ལ་ཐེ་ཚོམ་མེད་པའི་སྤྱོད་ཡུལ་ཁྱད་པར་ཅན་དུ་ངེས་ཤེས་བསྐྱེད་ཅིངཿ ཅེས་གསུངས་སོཿ འོ་མཚོ་རྒྱལ་བདག་གི་གསང་བའི་བཀའ་སྲུང་ལྷ་ལྕམ་མ་གཏོགས་སྔོན་ཆད་ཁྱོད་ཀྱིས་ཀྱང་མ་ཐོས་པའི་ཌཱཀྐི་འབར་མ་མཆེད་གསུམ་ཞེས་བྱ་བ་གཏོར་ཚོགས་མཆོད་པ་ལ་མ་ལྟོས་ཤིང་ཆོས་ཉིད་ཏིང་ངེ་འཛིན་གྱི་མཆོད་པ་དང་ཿ ཆགས་པའི་རོས་ཚིམ་པར་ཡོད་ཀྱིས་འབོད་པར་བྱའོཿ ཌཱཀྐི་ནི་མུ་ཁ་མུ་ཁ་ཤ་ས་ན་ཙིཏྟ་ཧྲིང་ཧྲིང་ཛ་ཛཿ ཞེས་གསུང་བས་བུད་མེད་མཐིང་དམར་སྔོ་བའི་མདོག་ཅན་གསུམ་ཆ་ལུགས་མ་ངེས་པར་སྟོན་ཅིང་ཧ་ཧིའི་གད་རྒྱངས་དང་བཅས་གར་སྟབས་ཤིགས་སེ་བྱུང་བར་དོན་རྒྱུད་ཀྱི་གདམས་པ་ཀུན་གཏད་དོཿ སློབ་དཔོན་ཡབ་ཡུམ་གྱིས་དཀར་དམར་ཁམས་ཀྱི་དྭངས་མས་མཉེས་པར་བྱས་ཏེ་སླར་མི་སྣང་བར་གྱུར་ཏོཿ གསང་བའི་རྡོ་རྗེ་པདྨའི་རྒྱཿ རྒྱ་རྒྱ་རྒྱཿ ཐྱ་གྱ་རྱཿ གྱ་རྱ་ཎྱཿ འཁྲུལ་ཞིག་ཁྲག་འཐུང་ལས་ཀྱི་རྡོ་རྗེའི་ཡང་གསང་སྙིང་མཛོད་སྨུག་པོའི་ཀློང་མི་འཇིགས་ཆགས་ཆེན་འཁྲུགས་པའི་བརྡ་རིས་ལས་དག་པར་བབ་བ་གསང་བའི་བཀའ་སྲུང་མཆེད་གསུམ་སྔགས་ཀྱི་བདག་མོ་ཨེ་ཀ་ཙ་ཏིཿ གཏེར་བདག་ཞིང་སྐྱོང་ཀུན་དགའ་གཞོན་ནུཿ ཡུམ་ཆེན་ཟ་བྱེད་དམར་མོས་གཡེལ་བ་མེད་པར་སྲུངས་ཤིགཿ མན་ངག་གསང་བ་གཅིག་བརྒྱུད་ལེའུ་གསུམ་པ་སྙན་བརྒྱུད་ཡི་གེ་མེད་པའི་སྐོར་རོཿ འདི་ཉིད་ཤིན་ཏུ་གསང་བའི་མན་ངག་མཁའ་འགྲོ་འབུམ་གྱི་རྫོང་སྲོང་སྟེཿ འདིར་སྣང་ལ་ཞེན་པ་ལོག་པའི་རྣལ་འབྱོར་པའི་སྤྱོད་ཡུལ་ལས་གཞན་དུ་དམ་ཚིག་གི་བཀའ་རྒྱ་ཡོད་དོཿ ཆོས་བརྒྱད་ཆགས་སྡང་མཁན་གྱི་སྤྱོད་ཡུལ་མ་ཡིན་ནོཿ ལས་ལྡན་བུས་སྲོག་གི་དྭངས་མར་ཟུངས་ཤིགཿ འཁོར་བ་དོང་ནས་སྤྲུགས་པར་ཤོགཿ གར་དབང་ཐུགས་ཆེན་པོའི་གདམས་པའི་མཐར་ཐུག་འོད་གསལ་མཐའ་གྲོལ་ཆེན་པོ་ཞེས་བྱ་བ་ཡོངས་སུ་དགེ་བར་གྱུར་ཅིག༔ ཡི་གེའི་རིས་བྱེད་རང་སློབ་དཔལ་གྱི་སེང་གེའོ།། །། | {{TibP|ཧྲི།ཿ འཕགས་མཆོག་གར་དབང་སྒྲུབ་སྐོར་ལས༔ འོད་གསལ་ཐོད་རྒལ་ངོ་སྤྲོད་བཞུགསཿ | ||
ཧྲ།ཿ ནང་གསལ་ཐིམ་ལ་མ་རྨུགས་པའིཿ གཞོན་ནུ་བུམ་པའི་སྐུ་ལ་འདུདཿ དེའི་ཚེ་དེའི་དུས་ན་མ་འོངས་འགྲོ་བའི་དོན་ཆེད་ཐུགས་རྗེ་ཆེན་པོ་པདྨ་གར་གྱི་དབང་ཕྱུག་གི་ཆོས་ཚན་ལེགས་པར་རྫོགས་མཐརཿ འོག་མིན་གསང་བ་ཕུག་ཏུ་མཚོ་རྒྱལ་ཡུམ་དང་གསང་སྤྱོད་མཛད་པའི་ཚེཿ ཡེ་ཤེས་ཀྱི་མཁའ་འགྲོ་ཆེན་མོ་ཟ་ཧོར་གྱི་རིགས་འཁྲུངས་མནྡ་ར་བ་ཉིད་རྫུ་འཕྲུལ་གྱི་བཀོད་པས་བྱོན་ཞིང་བདུད་རྩི་ཚོགས་ཀྱི་མཆོད་པ་དང་ཿ གསང་བའི་མཎྜལ་ལན་བདུན་ཕུལཿ གུ་རུའི་ཐུགས་ཡོངས་སུ་དགྱེས་པར་མཛདཿ སླར་ཡང་གསང་བའི་དབང་གིས་མཚོ་རྒྱལ་སྨིནཿ ཞིང་ཁམས་ཀྱི་དཔའ་བོ་མཁའ་འགྲོ་ཀུན་བདུད་རྩིའི་ཚོགས་ཀྱི་མཆོད་པས་དགྱེས་པ་བསྐྱེད་མཐར་ཞུས་པཿ ཀྱེ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་པ་གཅིག་ཏུ་བསྡུས་པའི་བདག་ཉིད་ཡབ་ཧེ་རུ་ཀ་ཆེན་པོས་བདག་ལ་དགོངས་སུ་གསོལཿ འཕགས་མཆོག་གར་གྱི་དབང་ཕྱུག་གིསཿ ཡང་གསང་བླ་ན་མེད་པ་སྙན་བརྒྱུད་ཡི་གེ་མེད་པའི་སྐོརཿ དབང་རབ་ཟླ་དྲུག་ལ་གྲོལ་བ་བྱེད་པའི་མན་ངགཿ རྫོགས་པ་ཆེན་པོ་འོད་གསལ་ཐོད་རྒལ་གྱི་མན་ངག་ཚིག་ཉུང་ལ་དོན་འདུས་པཿ ཟབ་གནད་ཀྱི་འགག་ཚང་བ་ཞིག་གསུང་དུ་གསོལ༔ ཞེས་ཞུ་པས་བཀའ་རྩལ་པཿ ཉོན་ཅིགཿ རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་སྙིང་ཁུཿ གསང་བ་མན་ངག་རྒྱུད་ཀྱི་གབ་དོནཿ དགོངས་བརྒྱུད་ཡི་གེ་མེད་པའི་གནདཿ འོད་གསལ་ཐོད་རྒལ་ཆེན་པོ་འདི་ཉིད་བསྟན་པར་འཕང་བའི་མན་ངག་ལགས་ཀྱང་ཿ ལྷ་ལྕམ་ཁྱོད་ཀྱིས་བཤད་པའི་དུས་ལ་བབ་པར་ཤེས་ནས་ཇི་བཞིན་སྟོན་པ་ལཿ ཡུམ་གཉིས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིགཿ ཨེ་མ་ཧོཿ བདེ་གཤེགས་སྙིང་པོའི་ཁམས༔ འགྲོ་བའི་སྙིང་ལ་གནས་པ་སྟེཿ འོད་དང་ཟེར་གྱི་ཚུལ་ཉིད་དུཿ མ་རྟོགས་དབུལ་པོའི་ཁྱིམ་གྱི་གཏེརཿ ཇི་བཞིན་ཡོངས་སུ་གབ་པ་ལཿ གནད་ལ་བརྟེན་ནས་མངོན་གྱུར་ཅིང་ཿ མྱུ་དུ་འགྲོལ་བ་མན་ངག་གནདཿ ཁྲེགས་ཆོད་ལྟ་བའི་རྒྱལ་པོ་ཆེསཿ མངོན་སུམ་རིག་པ་ངོ་འཕྲོད་ནས༔ འཁྲུལ་སྣང་འཁོར་བའི་རྫུན་ཕུག་རྡིབས༔ ལུས་ངག་ཡིད་གསུམ་མནལ་དུ་ཕབཿ བྱ་བ་དགུ་ཕྲུག་ཞག་བདུན་བཏང་ཿ དེ་ནས་དྭངས་གསལ་ནམ་མཁའི་དཀྱིལཿ མི་གཡོ་བ་ལ་རབ་ཏུ་བསླབཿ ལུས་གནད་སྐུ་གསུམ་བཞུགས་སྟངས་ལཿ ངག་གི་བྱ་བ་ཐམས་ཅད་སྤོངཿ རླུགགི་གནད་ཀྱང་དལ་བར་བསླབ༔ སེམས་གནད་འཁྲུལ་བའི་རྒྱུན་བཅད་ཅིང་ཿ སྟོང་གསལ་འདུས་མ་བྱས་པའི་ངང་ཿ རྡོ་རྗེའི་ལུས་ཀྱི་རྩ་གནད་ཀུནཿ མི་དཀྲུགས་གློ་བའི་རླུང་དག་ཕྱིརཿ དབུགས་ནི་དལ་བུའི་མགྲིན་པའི་ལམཿ འཁྲུལ་རྟོག་སེམས་ཀྱི་རྩ་བ་ཆོདཿ དེ་ཚེ་ཙིཏྟ་སྙིང་གི་དབུསཿ ཀ་ཏི་ཤེལ་གྱི་སྦུ་གུ་ཅནཿ ཁྲག་དང་ཆུ་ཡིས་མ་གོས་པཿ འོད་རྩ་དར་གྱི་སྐུད་བ་སྟེཿ ཙིཏྟ་འདྲེན་བྱེད་ལམ་དུ་ཟུགཿ རྩེ་མོ་རྒྱང་ཞགས་བརྟེན་པའི་ཡུལཿ རྩེ་མོ་བ་མིན་རྭ་བཞིན་ནོཿ དེ་ཉིད་ཙིཏྟ་ཤའི་སྒྲོན་མཿ བ་མིན་རྭ་ཡི་རྩེ་མོ་རུཿ འོད་ལྔ་ཟླུམ་པོ་འཁྱིལ་བ་ལཿ ཨ་འབྲས་ཆུ་བུར་ལ་བརྟེན་པརཿ རྒྱང་ཞགས་ཆུ་ཡི་སྒྲོན་མའོ༔ དེ་ཉིད་གཟིགས་སྟངས་རྣམ་གསུམ་གྱིཿ གཅུན་ཚེ་ནམ་མཁའ་དག་པའི་དབྱིངས༔ ངོས་བཟུང་མེད་པའི་ཁ་དོག་ལསཿ རེ་སྡེའམ་ཟ་འོག་བཀྲམ་པ་བཞིནཿ གཞི་རུ་ཤར་ཞིང་འོད་གསལ་བཿ རྣམ་དག་དབྱིངས་ཀྱི་སྒྲོན་མའོཿ དེ་ལས་འོད་ལྔའི་ཐིག་ལེའི་གཟུགས༔ ཟླུམ་འཁྱིལ་རྩིབ་ཤར་མ་ངེས་པཿ རྨ་བྱའི་མདངས་བཞིན་སྦྲིད་ཆགས་གསལཿ ཐིག་ལེ་སྟོང་པའི་སྒྲོན་མ་ནིཿ དེ་དབུས་ལྷག་མཐོང་སྣང་ཆའི་རྩལཿ ཤེལ་དཀར་ཕྲེང་བ་ལྟ་བུའམཿ མུ་ཏིག་ལན་ཚར་གསེར་སྐུད་དཔེའིཿ གཡོ་གདེངས་འགུལ་བསྐྱོད་རྣམ་པ་ཅན༔ འཕེལ་འགྲིབ་འགྱུར་ལྡོག་སྣཚོགས་སྟོནཿ དབྱིབས་དང་ཁ་དོག་བརྗོད་དཀའ་བཿ རིག་གདངས་རྡོ་རྗེའི་ལུ་གུ་རྒྱུདཿ རྩོལ་བ་མེད་པ་ཉམས་ལེན་ཚེཿ ཆོས་ཉིད་མ་བཅོས་ཟད་ཀ་མཿ བརྗོད་མེད་སྟོང་གསལ་འཛིན་པ་བྲལཿ ཅིར་ཡང་མ་གྲུབ་ས་ལེར་གནསཿ སྣང་ཆ་མ་འགགས་ཧྲིག་གེ་བཿ ཀུན་ཁྱབ་གཞི་ཡི་སྒྲོན་མའོཿ དེ་ལྟར་སྒྲོན་མ་དྲུག་གི་ལམཿ ཇི་བཞིན་དྲོད་ལྡན་སློབ་དཔོན་གྱིསཿ མན་ངག་ལ་བརྟེན་རྩལ་དབང་བསྐུརཿ ངོ་འཕྲོད་བརྟན་པ་ཐོབ་པའི་ཚེཿ བཞུགས་སྟངས་གཟིགས་སྟངས་རྣམ་གསུམ་དང་༔ མི་འབྲལ་མན་ངག་གནད་ཚད་བསྐྱལཿ ཙིཏྟ་ཤ་ཡི་སྒྲོན་མ་ནིཿ ཆོས་ཉིད་གཞི་ཡི་སྒྲོན་མའི་རྩལཿ རྒྱང་ཞགས་ལམ་ལ་གསལ་བ་སྟེཿ རིག་གདངས་དངོས་པོར་མ་གོལ་གནདཿ ཡེ་ཤེས་འོད་ལྔའི་སྣང་བ་ཉིདཿ ཉམས་ལེན་སྟོབས་ཀྱིས་འཕེལ་བའི་ཚེཿ མངོན་སུམ་གོང་འཕེལ་ཚད་ཕེབ་པརཿ ཕྱི་རོལ་འབྱུང་ལྔའི་སྣང་བ་དང་ཿ ནང་དུ་ཕུང་ལྔ་རླུང་ལྔའི་ཁམསཿ རྣམ་དག་འོད་ཀྱི་ལམ་ནས་སྦྱངསཿ དང་པོར་སྐུ་གསུམ་རྟེན་ལ་བསླབཿ བརྟན་པ་ཐོབ་ནས་འཆི་མེད་ལམཿ ཆེར་ཐོབ་སྣང་བ་གང་ལའང་གསལཿ ལམ་དུ་སློབ་ཕྱིར་མུན་པའི་གནདཿ འོད་ལྔ་རྩིབས་ཤར་གྱེན་བགྲེངས་དང་ཿ ཐིག་ལེ་ལྔ་ཚོམ་སྐུ་དང་ནིཿ གཙོ་རྐྱང་ཡབ་ཡུམ་འཁོར་རྣམ་པཿ མཆོག་དང་རྩ་ཡི་འཕེལ་འགྲིབ་སོགས༔ སྣང་བ་བཞི་ཡི་ས་མཚམས་གནདཿ རྡོ་རྗེ་སློབ་དཔོན་མཁས་པའི་འབྱེདཿ ཕྱི་རུ་འོད་ལྔའི་སྣང་བ་དང་ཿ ནང་དུ་ཉོན་མོངས་ཞེན་གྲོལ་གནདཿ གསང་བ་ཉམས་ཀྱི་གྲོལ་ཚད་སོགས་ཿ ཡ་མ་ཟུང་དུ་གྱུར་པས་ནཿ སློབ་དཔོན་མཁས་པའི་མན་ངག་བསྟེནཿ དེ་ཚེ་ཞལ་གཟིགས་ལུང་བསྟན་དང་ཿ ཕྲན་བུའི་རྫུ་འཕྲུལ་དྲོད་རྟགས་སོགསཿ ཆེད་འཛིན་ཞུགས་ན་བདུད་ཀྱིས་བསླུསཿ འཇིག་རྟེན་སྣ་ཚོགས་མཁའ་འགྲོ་མའིཿ གར་བསྒྱུར་བསླུ་བྲིད་སྣ་ཚོགས་པཿ འབྱུང་ཕྱིར་འབྲས་བུ་མ་ཐོབ་པརཿ ལམ་རྟགས་ཟིན་པ་མེད་ཤེས་ནསཿ སློབ་དཔོན་ཐོད་དུ་ཁུར་བ་གཅེསཿ ཆོས་ཉིད་ཟད་པའི་འབྲས་བུ་ལཿ རེག་ཚེ་ཕྱི་རོལ་འོད་ལྔ་དང་ཿ ནང་དུ་གཟུང་འཛིན་དབྱིངས་སུ་ཡལཿ འཁྲུལ་བའི་ཀུན་རྟོག་ཟད་པའི་ཚདཿ ངོ་ཚ་འཇིགས་སྐྲག་དང་བྲལ་ཞིང་ཿ སྒྲ་གྲགས་བྲག་ཆ་ལྟ་བུ་ལཿ གཤེད་མ་བརྒྱས་བསྐོར་ཉམས་མི་མངའཿ ཆོས་ཅན་སྣང་བ་ཆོས་ཉིད་ཀློང་ཿ ཟད་ཅིང་མངོན་སངས་རྒྱས་པའོཿ ཟག་བཅས་ཕུང་པོ་སྒྱུ་མའི་ཁམསཿ ཟག་མེད་འོད་ཀྱི་སྐུར་དེངས་པའིཿ ན་བུར་དྭངས་བཞིན་སྙིགས་མ་བྲལ༔ འགྲོ་བའི་དོན་དུ་སྐུར་སྤྲུལ་ནཿ ཚེ་དབང་རིག་འཛིན་མཆོག་བརྙེས་པ༔ པདྨ་ཀ་ར་བདག་བཞིན་ནོཿ ལྷུན་གྲུབ་རིག་འཛིན་དགོངས་པ་སྟེཿ འགྲོ་དོན་མཆོག་གི་སྤྲུལ་སྐུར་མཉམཿ འབྲས་བུ་གཞི་ཐོག་གྲོལ་བ་སྟེཿ ཆོས་དབྱིངས་བུམ་སྐུའི་ཀློང་རུམ་དུཿ འུབ་ཆུབ་འཁོར་བ་དོང་ནས་སྤུགསཿ གཞི་ཐོག་གྲོལ་བ་ཨ་ལ་ལཿ ཞེས་གསུངས་སོཿ མཚོ་རྒྱལ་མནྡ་ར་བ་ནིཿ སྤྲུལ་པ་སྟེ་ད་རེས་ཀྱི་སྤྲུལ་པས་ཟ་ཧོར་རྒྱལ་པོའི་སྲས་མོའི་ཚུལ་བཟུང་ཞིང་བདག་གི་སྒྲུབ་སྡེ་མོ་བགྱིསཿ ཕ་མའི་མངལ་གྱི་བསྒྲིབ་པའང་བདེ་སྟོང་གི་ལམ་ནས་སྦྱོང་བ་ཡིནཿ ང་ཉིད་པདྨ་འབྱུང་གནས་ཀྱང་འོད་གསལ་ཐོད་རྒལ་ཆེན་པོའི་ལམ་འདི་ནས་ཚེ་དབང་རིག་འཛིན་བརྙེསཿ མཚོ་རྒྱལ་ཁྱོད་ཀྱང་ལམ་འདི་ནས་གྲོལ་འབྲས་ཐོབཿ མ་འོངས་ལྔ་བཅུ་ཁ་རལ་དུས་ཀྱི་ཐ་མའི་ཚེ་ན་སེམས་ཅན་དུག་ལྔའི་སྟོབས་དྲག་པོས་ཚེ་ཐུངཿ སྙིང་རུས་ཆུང་ཿ གདམས་ངག་གཞན་གྱིས་གྲོལ་བར་དཀའ་བའི་ཚེཿ ཀུན་བཟང་ཐུགས་ཀྱི་ཡང་བཅུདཿ སངས་རྒྱས་ཐམས་ཅད་ཀྱི་དགོངས་པའི་མཐིལ་ལྟ་བུ་འདི་ཉིད་འཕྲད་པ་ཙམ་གྱིས་གྲོལ་བར་ཐེ་ཚོམ་མེད་པས་དེང་སང་དུས་ལ་མ་བབ་པ་ནཿ བསྟན་པར་འཕོང་ཞིང་ཿ ཁྱད་པར་བདག་དང་སྨོན་ལམ་ལོག་པའི་དམར་རྒྱན་ཀླུ་གོང་ཿ ཀླུ་དཔལ་རྣམས་ཀྱིས་རླུང་ཕྱོགས་ཙམ་ཡང་ཐོས་པར་འགྱུར་ན་གདམས་ངག་ལ་སེལ་འཇུག་ཅིང་མ་འོངས་ང་སྤྲུལ་སྐྱེས་བུས་འགྲོ་བའི་དོན་སྤྱོད་པའི་ཚེ་ནའང་གདམས་ངག་གི་དྲོད་ཡལ་བས་འགྲོ་དོན་འགགས་ཤིང་བར་ཆད་འབྱུང་བའི་ཉེན་ཡོད་པའི་ཕྱིརཿ རང་ཅག་ཡབ་ཡུམ་གམ་དུ་ལསཿ གཞན་གྱིས་རླུང་ཕྱོགས་ཙམ་ཡང་མ་ཐོས་པར་གྱིསཿ མནྡ་ར་བས་རྫུ་འཕྲུལ་གྱི་བཀོད་པས་བརྡ་རིས་སུ་ཐོབ་ལ་མཁའ་གསང་བདེ་བ་ཆེན་པོའི་ཀློང་དུ་སྦ་བར་བྱའོཿ མ་འོངས་པའི་དུས་སུ་འོད་གསལ་ཐོད་རྒལ་ཆེན་པོའི་དོན་ཉམས་སུ་ལེན་པ་དཀོན་ཞིང་ཿ དྲོད་ཚད་ལྡན་པ་རེ་གཉིས་འབྱུང་ཀྱང་ཿ ལས་ལྡན་གྱི་སློབ་མ་དཀོན་པས་མཁའ་འགྲོ་འཁྲེན་དུར་གྱི་རྒྱུར་དོགས་ནས་ཇི་བཞིན་གསལ་བར་སྟོན་པ་དཀའ་པསཿ མངོན་གྱུར་གྱི་དྲོད་ཚད་ཐོབ་པ་ཉིན་སྐར་ཙམ་མོཿ དེ་ཚེ་ལྔ་ཕྲག་ཐ་མ་ལཿ ང་སྤྲུལ་ཁྲག་འཐུང་ལས་ཀྱི་དཔའ་བོས་འགྲོ་བའི་དོན་སྤྱོད་པའི་ཚེ་ང་ཡི་ཞལ་ལན་གསུམ་མཐོང་བའི་ཐ་མ་ཆུ་མོ་སྦྲུལ་གྱི་ལོཿ རྒྱལ་གྱི་ཟླ་བ་ལ་གདམས་པ་འདིའི་བཀའ་གནད་ཁྲོལ་ཞིང་ཌཱཀྐིའི་གསང་མཛོད་ལ་དབང་བསྒྱུར་བ་འབྱུང་ཞིང་ཿ འབྲེལ་ཐོག་རིག་འཛིན་གྱི་གྲལ་དུ་འཁོད་ཅིང་ཿ གདམས་པ་འདི་དང་འཕྲད་པའི་ལས་ཅན་བུ་མཆོགཿ ཕུང་པོ་འོད་སྐུར་དེང་བར་ཐེ་ཚོམ་མེད་དོཿ འོན་ཀྱང་ད་ལྟའི་སྨོན་ལམ་ལོག་པའི་སྟོབས་ཀྱིས་དམར་རྒྱན་ཀླུ་གོང་ཿ ཀླུ་དཔལ་གསུམ་གྱི་སྤྲུལ་བས་གཡོ་སྒྱུ་དང་ཿ ངན་སྤྱོད་སྣ་ཚོགས་བརྩོམ་ཞིང་ལས་ཅན་ཕལ་ཆེར་ཐེ་ཚོམ་ཟ་བའི་གནས་ལ་འཇུག་པར་བྱེད་མཐུས་འགྲོ་དོན་དང་ཉམས་ལེན་གྱི་འཕྲོ་ཆད་ཅིང་ལས་ཅན་བུ་མཆོག་སྐལ་ལྡན་གྱི་འཁོར་བཅས་སུན་པར་སྲིདཿ དེའི་ཚེ་ལྷ་ལྕམ་དང་ཿ བཻ་རོཿ རྨ་ཐོག་གསུམ་གྱིས་བརྩོན་འགྲུས་ཀྱི་སྟོབས་བསྐྱེད་འགྲོ་དོན་གྱི་སྣ་འདྲེན་ཁྱད་པར་སྦ་མི་ཡེ་ཤེས་གཞོན་ནུ་དང་ཿ འབྲོག་བཟའ་བྱང་ཆུབ་སྒྲོན་མ་གཉིས༔ གར་དབང་ཐུགས་རྗེ་ཆེན་པོའི་སྒྲུབ་པ་མཐར་འཆོལ་ཞིང་སྨོན་ལམ་དག་པའི་མཐུས་དཔའ་བོ་ཡབ་ཡུམ་གྱིས་ཚེ་འཕྲང་སེལ་ཞིང་གདམས་ངག་རྟེན་འབྲེལ་གྱི་སྒོ་འབྱེད་པར་ཐེ་ཚོམ་མེདཿ མདོ་སྨད་ཁམས་ཀྱི་ཙ་རི་ཊ་ཞེས་བྱ་བ་ད་ལྟ་ཡེ་ཤེས་མཁའ་འགྲོའི་བྱིན་གྱིས་བརླབས་པའི་གནས་བརྩམས་ཏེཿ འདི་ནས་མི་ལོ་བརྒྱ་འདས་པ་ནཿ ང་ཡི་སྤྲུལ་པ་དགྲ་འདུལ་རྒྱལ་པོ་ཞེས་བྱ་བསཿ རིག་འཛིན་མཁའ་འགྲོའི་ཞིང་དུ་བྱིན་གྱིས་བརླབས་ཤིངཿ ཡེ་ཤེས་དང་འཇིག་རྟེན་ཤ་ཟའི་གནས་ཉི་ཤུ་རྩ་གཅིག་འགོདཿ མ་མོ་དང་ཤ་ཟ་སྲིན་པོའི་སྡེཿ སྡེ་བརྒྱད་དཔག་ཏུ་མེད་པས་གནས་བཅསཿ མི་མ་ཡིན་དུང་ཕྱུར་བདུན་གྱི་གྲོང་བརྡལ་བར་འགྱུར་ཏེཿ དེང་སང་ས་ཡི་དབུས་ཀྱི་ཙརིཊར་བཅོལ་བའི་གཏེར་ཁ་མང་པོའང་གནས་དེར་འདྲེན་ཞིངཿ བཅོལ་གཏད་བྱེདཿ དེ་ནས་མི་ལོ་དཔག་ཏུ་མེད་པ་འདས་པའི་འོག་ཏུ་ཁྲག་འཐུང་ལས་ཀྱི་དབའ་བོས་བོད་དུ་འགྲོ་དོན་སྤྱོད་པའི་ཚེཿ གནས་དེའི་མི་མ་ཡིན་གྲོལ་འབྲས་ཐོབ་ཅིང་ཞིང་སྐྱོང་ཌཱཀྐིའི་ཚོགས་རྣམས་ལུས་དང་གྲིབ་བཞིན་འགྲོགས་པས་གྲོགས་བགྱིད་ཅིངསེམས་ཅན་གྱི་དོན་དཔག་མེད་འགྲུབཿ འོན་ཀྱང་དེའི་དུས་སུ་ཐེ་ཚོམ་གྱི་བདུད་ཞུགས་པ་མང་བས་ལམ་འདི་ཁོ་ན་ལ་འབད་པ་ཉུང་བར་ཟད་ཕྱིར་ལྷ་ལྕམ་ཁྱོད་ཀྱང་འགྲོ་བའི་དོན་དུ་ལུས་ལ་ཕོངས་པ་མེད་པར་སྙིང་སྟོབས་བསྐྱེད་ཅིགཿ གཞན་ལུས་ཐབས་ལྡན་གྱི་ལམ་སྤོང་བ་རྣམས་གདམས་པ་འདིས་གྲོལ་བའི་སྐལ་པ་མེད་དོཿ དེ་བས་ན་སྔགས་ཀྱི་ལམ་ལ་ཐེ་ཚོམ་མེད་པའི་སྤྱོད་ཡུལ་ཁྱད་པར་ཅན་དུ་ངེས་ཤེས་བསྐྱེད་ཅིངཿ ཅེས་གསུངས་སོཿ འོ་མཚོ་རྒྱལ་བདག་གི་གསང་བའི་བཀའ་སྲུང་ལྷ་ལྕམ་མ་གཏོགས་སྔོན་ཆད་ཁྱོད་ཀྱིས་ཀྱང་མ་ཐོས་པའི་ཌཱཀྐི་འབར་མ་མཆེད་གསུམ་ཞེས་བྱ་བ་གཏོར་ཚོགས་མཆོད་པ་ལ་མ་ལྟོས་ཤིང་ཆོས་ཉིད་ཏིང་ངེ་འཛིན་གྱི་མཆོད་པ་དང་ཿ ཆགས་པའི་རོས་ཚིམ་པར་ཡོད་ཀྱིས་འབོད་པར་བྱའོཿ ཌཱཀྐི་ནི་མུ་ཁ་མུ་ཁ་ཤ་ས་ན་ཙིཏྟ་ཧྲིང་ཧྲིང་ཛ་ཛཿ ཞེས་གསུང་བས་བུད་མེད་མཐིང་དམར་སྔོ་བའི་མདོག་ཅན་གསུམ་ཆ་ལུགས་མ་ངེས་པར་སྟོན་ཅིང་ཧ་ཧིའི་གད་རྒྱངས་དང་བཅས་གར་སྟབས་ཤིགས་སེ་བྱུང་བར་དོན་རྒྱུད་ཀྱི་གདམས་པ་ཀུན་གཏད་དོཿ སློབ་དཔོན་ཡབ་ཡུམ་གྱིས་དཀར་དམར་ཁམས་ཀྱི་དྭངས་མས་མཉེས་པར་བྱས་ཏེ་སླར་མི་སྣང་བར་གྱུར་ཏོཿ གསང་བའི་རྡོ་རྗེ་པདྨའི་རྒྱཿ རྒྱ་རྒྱ་རྒྱཿ ཐྱ་གྱ་རྱཿ གྱ་རྱ་ཎྱཿ འཁྲུལ་ཞིག་ཁྲག་འཐུང་ལས་ཀྱི་རྡོ་རྗེའི་ཡང་གསང་སྙིང་མཛོད་སྨུག་པོའི་ཀློང་མི་འཇིགས་ཆགས་ཆེན་འཁྲུགས་པའི་བརྡ་རིས་ལས་དག་པར་བབ་བ་གསང་བའི་བཀའ་སྲུང་མཆེད་གསུམ་སྔགས་ཀྱི་བདག་མོ་ཨེ་ཀ་ཙ་ཏིཿ གཏེར་བདག་ཞིང་སྐྱོང་ཀུན་དགའ་གཞོན་ནུཿ ཡུམ་ཆེན་ཟ་བྱེད་དམར་མོས་གཡེལ་བ་མེད་པར་སྲུངས་ཤིགཿ མན་ངག་གསང་བ་གཅིག་བརྒྱུད་ལེའུ་གསུམ་པ་སྙན་བརྒྱུད་ཡི་གེ་མེད་པའི་སྐོར་རོཿ འདི་ཉིད་ཤིན་ཏུ་གསང་བའི་མན་ངག་མཁའ་འགྲོ་འབུམ་གྱི་རྫོང་སྲོང་སྟེཿ འདིར་སྣང་ལ་ཞེན་པ་ལོག་པའི་རྣལ་འབྱོར་པའི་སྤྱོད་ཡུལ་ལས་གཞན་དུ་དམ་ཚིག་གི་བཀའ་རྒྱ་ཡོད་དོཿ ཆོས་བརྒྱད་ཆགས་སྡང་མཁན་གྱི་སྤྱོད་ཡུལ་མ་ཡིན་ནོཿ ལས་ལྡན་བུས་སྲོག་གི་དྭངས་མར་ཟུངས་ཤིགཿ འཁོར་བ་དོང་ནས་སྤྲུགས་པར་ཤོགཿ གར་དབང་ཐུགས་ཆེན་པོའི་གདམས་པའི་མཐར་ཐུག་འོད་གསལ་མཐའ་གྲོལ་ཆེན་པོ་ཞེས་བྱ་བ་ཡོངས་སུ་དགེ་བར་གྱུར་ཅིག༔ ཡི་གེའི་རིས་བྱེད་རང་སློབ་དཔལ་གྱི་སེང་གེའོ།། །། | |||
}} | }} |
Latest revision as of 14:30, 27 June 2024
Wylie title | 'phags mchog gar dbang sgrub skor las 'od gsal thod rgal ngo sprod | |
---|---|---|
Location | mdo mkhyen brtse bka' 'bum Volume 6, Text 9, Pages (Folios to ) | |
Author | མདོ་མཁྱེན་བརྩེ་ | |
Less details More details | ||
Tertön | མདོ་མཁྱེན་བརྩེ་ (Mdo mkhyen brtse) | |
Citation | ||
Genre | Pith Instructions - man ngag | |
Cycle | འཕགས་མཆོག་གར་དབང་སྒྲུབ་སྐོར་ ('phags mchog gar dbang sgrub skor) | |
Deity | thugs rje chen po | |
Colophon |
གར་དབང་ཐུགས་ཆེན་པོའི་གདམས་པའི་མཐར་ཐུག་འོད་གསལ་མཐའ་གྲོལ་ཆེན་པོ་ཞེས་བྱ་བ་ཡོངས་སུ་དགེ་བར་གྱུར་ཅིག༔ ཡི་གེའི་རིས་བྱེད་རང་སློབ་དཔལ་གྱི་སེང་གེའོ།། །། | |
gar dbang thugs chen po'i gdams pa'i mthar thug 'od gsal mtha' grol chen po zhes bya ba yongs su dge bar gyur cig:_yi ge'i ris byed rang slob dpal gyi seng ge'o//_// |