DKYD-KABUM-06-CHA-002: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
 
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|sectionheading=No
|fulltitletib=འཕགས་མཆོག་གར་དབང་སྒྲུབ་སྐོར་ལསཿ གཏེར་འབྱུང་ལོ་རྒྱུས་བསྡུས་པཿ
|fulltitle='phags mchog gar dbang sgrub skor las gter 'byung lo rgyus bsdus pa
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ།
|collectiontitle=mdo mkhyen brtse bka' 'bum
|collectiontitle=mdo mkhyen brtse bka' 'bum
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ།
|totalvolumes=8
|author=Mdo mkhyen brtse
|author=Mdo mkhyen brtse
|authortib=མདོ་མཁྱེན་བརྩེ་
|authortib=མདོ་མཁྱེན་བརྩེ་
|sourcerevealer=Mdo mkhyen brtse
|sourcerevealer=Mdo mkhyen brtse
|sourcerevealertib=མདོ་མཁྱེན་བརྩེ་
|sourcerevealertib=མདོ་མཁྱེན་བརྩེ་
|tibgenre=History Texts - lo rgyus
|terma=Yes
|terma=Yes
|deity=thugs rje chen po
|deity=thugs rje chen po
Line 14: Line 17:
|cycletib=འཕགས་མཆོག་གར་དབང་སྒྲུབ་སྐོར་
|cycletib=འཕགས་མཆོག་གར་དབང་སྒྲུབ་སྐོར་
|language=Tibetan
|language=Tibetan
|volumenumber=06
|volnumtib=༦
|volnumtib=༦
|volyigtib=ཆ
|volyigtib=ཆ
|pagestatus=Temporary stub only
|totalvolumes=8
|volumenumber=06
|volumeLetter=CHA
|textnuminvol=002
|textnuminvol=002
|multivolumework=No
|colophontib=ཞེས་པའང་རིག་འཛིན་མཐུ་སྟོབས་བདུད་འདུལ་རྩལ་གྱིས་བརྡ་རིས་ལས་ཕབ་པའི་ཡི་གེ་པ་ནི་དམ་ཚིག་ལྡན་པ་དཔལ་གྱི་སེངྒེས་བགྱིས་པའོ།།
|colophonwylie=zhes pa'ang rig 'dzin mthu stobs bdud 'dul rtsal gyis brda ris las phab pa'i yi ge pa ni dam tshig ldan pa dpal gyi seng+ges bgyis pa'o//
|pdflink=File:DKYD-KABUM-06-CHA-002.pdf
|pdflink=File:DKYD-KABUM-06-CHA-002.pdf
|volumeLetter=CHA
|InitCategories=Khyentse Lineage Project; DKYD-KABUM-Volume-06-CHA
|InitCategories=Khyentse Lineage Project; DKYD-KABUM-Volume-06-CHA
}}
}}
<h1>Tibetan Text</h1>
<h1>Tibetan Text</h1>
<onlyinclude>
<onlyinclude>
{{TibP|ཧྲཱི«ཿ འཕགས་མཆོག་གར་དབང་སྒྲུབ་སྐོར་ལསཿ གཏེར་འབྱུང་ལོ་རྒྱུས་བསྡུས་པ་བཞུགསཿ མཱ་ཏྲཎཱཏྲཱཿ གར་གྱི་དབང་ཕྱུག་སྐུ་ལ་འདུདཿ བར་ཁང་གཡུ་ཞལ་འབར་བ་རུཿ ཌཱཀྐིའི་རྗེ་བོ་པདྨའི་དྲུངཿ ལས་ཅན་རྗེ་འབངས་འཁོར་ལྔ་ཡིསཿ གདུང་ཤུགས་དྲག་པོས་གསོལ་བཏབ་མཐུསཿ འཕགས་མཆོག་གར་དབང་སྒྲུབ་ཐབས་བསྟནཿ དེ་ཚེ་བདག་ཉིད་མཚོ་རྒྱལ་མསཿ མ་འོངས་འགྲོ་བའི་དོན་ཆེད་དུཿ ཆོས་འདིའི་གཏེར་འབྱུང་ལོ་རྒྱུས་དངཿ མ་འོངས་དུས་རྟགས་ལུང་བསྟན་སོགསཿ གསུང་བར་གསོལ་བ་བཏབ་པའི་ཚེཿ བཀའ་དྲིན་འཁོར་མེད་ཨོ་རྒྱན་རྗེའིཿ སྤྱན་གྱིས་འབྲུ་ཚུགས་ནམ་མཁར་གཟིགསཿ ཕྱག་གཡས་ཐོད་པའི་ཌཱ་མ་རུ༔ ལན་གསུམ་འཁྲོལ་ཚེ་མཁའ་སྤྱོད་ནསཿ ཡུམ་ཆེན་ཌཱཀྐི་མ»ནྡྷ་«རཿ བྱོན་ཞིང་ལྷན་ཅིག་སྦྱོར་བའི་སྒྲསཿ རྩ་གསུམ་དཔའ་བོ་མཁའ་འགྲོའི་ཚོགསཿ སྤྲིན་ལྟར་འདུས་ཤིང་དབང་བཞི་བསྐུརཿ སྨོན་ལམ་བཀའ་རྒྱས་བྱིན་བརླབས་འབརཿ སླར་ཡང་གུ་རུའི་ཞལ་ན་རེཿ ཀྱེ་མ་རྗེ་འབངས་ཚོགས་རྣམསཿ མ་ཡེངས་ལེགས་པར་གསོན་དངཿ སྐུ་གསུམ་རྒྱལ་བ་སྲས་བཅསཿ སྤྲུལ་པ་གཅིག་བསྡུས་བདག་ཉིདཿ ང་ཉིད་པདྨ་འབྱུང་གནསཿ ལྷོ་ནུབ་འོ་མ་ཅན་གྱིཿ མཚོ་དབུས་པདྨའི་རྩེ་རུཿ »བརྫུ«ས་སྐྱེས་»སྤྲུ«ལ་ཚུལ་སླར་ཡང་ཿ འཕགས་ཡུལ་སྣ་ཚོགས་སྤྲུལ་པསཿ འགྲོ་རྣམས་ཡང་དག་ལམ་བཀོདཿ ཁྱད་པར་མཐའ་འཁོབ་གདོང་དམརཿ ཁ་བ་ཅན་གྱི་ཡུལ་འདིརཿ འགྲོ་བའི་དོན་དུ་སྙིང་སྟོབསཿ ཆེན་པོ»ས«་གདུལ་བྱ་འདུལ་དངཿ ཆོས་འཁོར་གཙུག་ལག་ཁང་བཞེངསཿ གངས་བྲག་དབེན་གནས་སྒྲུབ་གནསཿ དཔག་མེད་བྱིན་བརླབས་རྫུ་འཕྲུལཿ བཀོད་པས་འགྲོ་བའི་བློ་བསྒྱུརཿ ཁྱད་པར་ཟབ་མོའི་གཏེར་ཁཿ བརྒྱ་རྩ་བརྒྱད་དང་གཏེར་ཕྲནཿ གྲངས་ལས་འདས་བར་»སྦ«ས་ཤིངཿ འགྲོ་བ་སྡུག་བསྔལ་ལས་སྐྱོབསཿ འོན་ཀྱང་མ་འོངས་དུས་སུཿ འགྲོ་བ་དུག་ལྔའི་དབང་གྱུརཿ གསང་སྔགས་འཆོལ་ཉོག་སྤྱོད་ཅིངཿ དམ་རྫས་མི་ནག་སྐྱོ་བསཿ ཚོགས་གྲལ་འགྲིམ་ཞིང་སྡིག་སྤྱོདཿ སྔགས་པས་ཐུགས་དམ་ཆང་དངཿ བཙུན་མས་རིགས་བརྒྱུ»ད«་མང་གསོཿ དབེན་པར་བོན་གྱིས་བསྭོ་སྒྲོགཿ སྒྲུབ་གནས་བྱིན་རླབས་ཉམས་མཐུསཿ ཐོག་གིས་བསྣུན་དང་གཏེར་རྡོལཿ སྦྱོར་སྒྲོལ་»ཁྱི«མ་པས་སྤྱོད་ཅིངཿ སྔགས་ལ་ལོག་ལྟ་སྐུར་འདེབསཿ »གྲོ«ང་མདོར་ལྷ་ཁང་བཞེངས་དངཿ ས་གནད་མཐའ་མིས་རྟེན་བཞེངསཿ ཆོས་འཁོར་བྱིན་རླབས་ཉམས་པས༔ ཇོ་»ཤཱ«ཀ་གཟི་མདངས་ཉམས་ཤིངཿ སྤྱན་ཆབ་ལན་གསུམ་འབྱིན་འགྱུར༔ བྱིན་ལྡན་སྐུ་རྟེན་ཆག་འཇིགཿ སྨྱོན་པའི་ལུང་བསྟན་བཤད་བརྟེནཿ དབུས་གཙང་མཐའ་མིས་འཛིན་ཞིངཿ སྔར་མེད་མཚོན་ཆ་མང་དརཿ བཙུན་པས་འདུལ་ཁྲིམས་ཉམས་རྐྱེནཿ ཆོས་གོས་གྲིར་ཤིའི་གོས་བྱེདཿ དགེ་གཤེས་སྡིག་པའི་བཤེས་གཉེནཿ མི་འབྱེད་ལོག་པའི་ལམ་འཁྲིདཿ སྔགས་པས་ཐབས་ལམ་སྤང་ཞིངཿ འདུལ་ཁྲིམས་རྩིས་སུ་བྱེད་ཅིངཿ བཅུ་ལས་འདུལ་ཁྲི»མས«་དོར་ནས༔ མ་རབ་བྱ་སྤྱོ»ད«་ལ་སྨོནཿ སྔགས་པས་དམ་ཚིག་ཁྱད་གསོདཿ ཐུགས་དམ་མཚོན་ཆར་རྩིས་བྱེདཿ ཐབས་ཤེས་ཡ་བྲལ་སྤྱོད་པསཿ ལྷ་འདྲེའི་ལུས་སླང་འདུལ་དཀའཿ སོ་ཐར་གསང་རྒྱ་བྱེད་ཅིངཿ གསང་སྔགས་ཁྲོམ་སྤེལ་ཡི་མུགཿ གཅོད་ལོག་བདུད་ཀྱི་སྤྱོད་པའིཿ འདྲེ་གདོན་ཡན་པར་ཤོར་མཐུསཿ བོད་ཁམས་ཡུལ་འགའ་ཕུང་ཉེ༔ མཐུ་མེད་ཟོལ་ཟོག་ཅན་འགསཿ དགྲ་གདོན་ཡན་པར་ཤོར་མཐུསཿ རི་ཚུགས་ཆོམས་པོ»ས«་ཟིན་དཀའཿ ཆོས་བྱེད་རྣལ་འབྱོར་ཕོ་མོཿ སྲང་མདོའི་ཁྱི་ལྟར་འཁྱམས་ཤིངཿ ཟོལ་ཟོག་གཡོ་སྒྱུ་ཅན་འགའཿ ཡིད་བཞིན་»ནོར«་ལྟར་ཐོད་ཁུརཿ དེ་ཚེ་གཏེར་མིན་གཏེར་འདྲཿ གཏེར་རྫུན་ས་སྟེང་གང་ཞིག༔ ང་སྤྲུལ་གཏེར་སྟོན་ཁ་ཤསཿ འབྱུང་ཡང་ཤན་མི་འབྱེད་པའིཿ སྟོབས་ཀྱིས་འགྲོ་དོན་འགག་ཅིངཿ ཚེ་ཆོས་བར་དུ་ཆོད་མཐུསཿ མ་ཚོགས་ཌཱཀྐི་དང་ནིཿ བཀའ་སྲུང་སྡེ་བརྒྱད་འཁྲུགས་ཤིངཿ ནག་ཕྱོགས་བདུད་དཔུང་དར་བསཿ བོད་ཁམ་སེམས་ཅན་ཤིན་ཏུཿ སྡུག་བསྔལ་དྲག་པོས་མནར་ཚེཿ རིགས་གསུམ་སྤྲུལ་བ་གཅིག་བསྡུསཿ ང་སྤུལ་བྱིན་གྱིས་བརླབས་པའིཿ མངའ་བདག་ཐུགས་ཀྱི་རོལ་གརཿ མཐུ་སྟོབས་དཔའ་བོ་ཞེས་བྱཿ ལྕགས་ཕོ་སྤྲེལ་གྱི་ལོར་འབྱུངཿ ཤིང་མོ་ཕག་ལོ་རང་མཇལཿ གཏེར་གྱི་ཁ་བྱང་ཐོབ་ཅིངཿ ས་ཕོ་སྟག་ལ་མངའ་གསོལཿ གཏེར་སྟོན་ཆེན་པོར་མཚན་གྲགསཿ འོན་ཀྱང་ད་ལྟ་ང་ཡིཿ དྲུང་ནས་སྨོན་ལམ་ལོག་པའིཿ བདུད་བློན་གསུམ་གྱི་སྤྲུལ་བསཿ དབང་བཙན་བར་ཆད་སྣ་ཚོགསཿ བརྩམས་ཤིང་ཁྱད་བར་འབྲོག་བཟའཿ དྷ་ཀི་སྨོན་ལམ་ལོག་ཅིང་ཿ རྟེན་འབྲེལ་ཤོལ་འགྱངས་དབང་གྱུརཿ འོན་ཀྱང་ལྷ་སྲས་»སྤྲུ«ལ་པསཿ སྨོན་ལམ་མཐུ་ཡིས་སྐྱོབས་སྲིདཿ ཆུ་མོ་ལུག་ལོར་དགོངས་གཏེརཿ ཆེན་བོར་མངའ་དབང་བསྒྱུར་ཀྱངཿ དམར་རྒྱན་ཁྲོམ་སྐྱིད་སྤྲུལ་པཿ མི་མོ་གྲོགས་བསྟེན་བདུད་སྤྲུལཿ བདུད་ཀྱི་དབང་བཙན་འདུན་མཿ རླུང་ལ་བསྐུར་བར་བྱས་མཐུསཿ ལོ་འགའ་སྡུག་བསྔལ་དྲག་པོསཿ མནར་ཞིང་ཚེ་ཆོས་བར་ཆདཿ འབྱུང་ཡང་ཌཱཀྐིའི་སྨོན་ལམཿ མཐུ་དང་སྔགས་ཀྱི་སྲུང་མསཿ སྐྱོབ་པས་ཚེ་འཕྲང་བཟློག་སྲིདཿ ལྕགས་ཁམས་སྟག་གི་ལོ་ལཿ དམར་རྒྱན་སྤྲུལ་པའི་རྒྱུ་དངཿ བདུད་སྤྲུལ་གསུམ་གྱིས་རྐྱེན་བསྒྱུརཿ ས་གཏེར་འགའ་འགའི་འཕྲོ་ཆདཿ སྨན་མོ་ཞིག་དང་འ»ཕྲ«ད་པསཿ འདུ་བ་རྣམ་བཞི་འཁྲུགས་ཤིངཿ ཚེ་ཡི་འདུ་བྱེད་བ»ལྟུ«ང་ལཿ ཁད་དུ་ཐུག་པ་ཞིག་འགྱུརཿ དེ་ཚེ་ང་དང་སྨོན་ལམཿ དག་པ་་ཞིག་གི་མཐུས་སྐྱོབསཿ ཆུ་ཕོ་འབྲུག་གི་ལོ་ལཿ ད་ལྟའི་སྨོན་ལམ་བཟང་པོའིཿ འབྲས་བུ་དུས་སུ་སྨིན་པའིཿ ཤེས་རབ་ཌཱཀྐི་མཆོག་དངཿ འཕྲད་ཅིང་ཟབ་མོའི་གཏེར་གྱིཿ རྟེན་འབྲེ»ལ«་སྒོ་འཕར་འགའ་འགྱེདཿ དེ་ཡང་ས་གཡོ་རི་ཉིལཿ ཤྭ་འུད་མཐའ་ཡི་འཁྲུགས་རྩོདཿ དུས་རྟགས་འཚུབས་སློང་སྣ་ཚོགསཿ »ད«ང་བཅས་ཆུ་ཁམས་འབྲུག་ལོརཿ ཌཱཀྐིའི་བརྡ་རྟགས་ལུང་བསྟནཿ མཚམས་སྦྱར་མདོ་སྨད་གནས་མཆོགཿ ཁམས་ཀྱི་ཙཱ་རི་ཊ་ནསཿ འཕགས་མཆོག་གར་དབང་སྒྲུབ་ཐབསཿ འཁོར་བ་དབྱིངས་སྒྲོལ་འ»ཕྲ«ད་ཅིངཿ ལས་ཐབས་སྨོན་ལམ་དག་ནཿ ས་གཏེར་གསང་གཏེར་ཆེན་མོརཿ མངའ་དབང་བསྒྱུར་ནས་གཟུགས་ཅནཿ གཟུགས་མེད་འགྲོ་ཀུན་གྲོལ་ནསཿ འགྲོ་དོན་ཉི་འོག་ཁྱབ་ངེསཿ འོན་ཀྱང་གཟུགས་ཅན་གཟུགས་མེདཿ སྨོན་ལམ་ལོག་སྲེད་ཅན་འགསཿ མཐུ་ཡིས་འཚུབས་སློང་སྣ་ཚོགསཿ འབྱུང་ཡང་ད་ལྟའི་རྗེ་འབངསཿ ཌཱཀྐི་འི་ཚོགས་རྣམས་སྨོན་ལམཿ དག་པ་ཆེན་པོའི་མཐུས་སྦྱརཿ འབྲེལ་གྲོལ་དག་པའི་མཐུ་བཙནཿ གཏེར་བདག་»ཌཱ«ཀྐིའི་མཐུ་བཙུནཿ གདམས་པ་ཡུན་དུ་འགྱངས་པའིཿ ལས་ལྡན་གསང་རྒྱ་ཆེར་དབེནཿ རྟ་ལོ་ས་ག་ཟླ་བཿ ནས་བཟུང་འ»གྲོ«་བའི་དོན་སྤྱོདཿ ཆོས་བདག་ཌཱཀྐིའི་མཆོག་དངཿ བཻ་རོ་སྣ»་«ནམ་ཡེ་དབྱངསཿ རྨ་ཐོག་ལྡན་མ་རྩེ་མངཿ ལ་སོགས་དག་པའི་འཁོར་ལཿ རིམ་བཞིན་གདམས་པ་ཡོངས་སྤྲེལཿ འོན་ཀྱང་དམར་རྒྱན་ཀླུ་གངཿ ཁྲོམ་བ་རྒྱན་གསུམ་སྤྲུལ་པཿ དངོས་མེད་དམ་སྲི་འགའ་འགའིཿ གནོ»ད«་འཚེའི་བར་ཆད་བརྩམ་ཡངཿ ས་སྤྱོད་ལས་ཀྱི་ཌཱཀྐིའིཿ རྫུ་འཕྲུལ་མཐུ་ཡིས་བ»ཟློག«་སྲིདཿ ད་ལྟ་ང་ཡི་དྲུང་ནསཿ སྨོན་ལམ་དག་པའི་མཚམས་སྦྱརཿ གླིང་རྗེའི་དྲུང་དུ་འདུས་ཀུནཿ ལྷག་པའི་ལྷ་མཆོག་འདི་ཉིདཿ ཡི་དམ་ལྷ་རུ་ངེས་རྙེདཿ དེ་ཕྱིར་གདམས་ངག་འདི་ཉིདཿ ཉམས་ལེན་ཕོ་མོ་འབུམ་ཕྲགཿ བདུན་གྲོལ་འབྲེལ་ཐོགས་རྡུལ་སྙེདཿ གྲངས་མེད་དག་ཞིང་གྲོལ་ངེསཿ ཀརྨ་དྷྭ་ཛ་བ་ལའིཿ མིང་འཛིན་ཞིག་དང་འཕྲད་ནཿ ཙི་ནའི་མངའ་རིས་ཡོངས་ཁྱབཿ འ»དི«་ཚེ་གཟུགས་མེད་མང་པོའིཿ མི་ཁོག་རྒྱུ་དང་གཞན་ཡངཿ འ»དྲ«་མིན་སྤྱོད་པ་རྟགས་མཚན༔ སྔར་མེད་མང་དུ་བྱུང་མཐུསཿ ཅུང་ཟད་ཐེ་ཚོམ་གནས་སུཿ འགྱུར་བ་གདམས་ངག་བྱིན་རླབས༔ ཚན་ཁ་ཆེ་དང་དངོས་མེདཿ གྲོལ་བའི་རྟགས་ཡིན་ཡིད་གཉིསཿ སྤོང་ལ་ཉམས་སུ་ལེན་གལཿ འགྲོ་བ་དུག་ལྔའི་འཁྲུགས་ཀུནཿ སྙིང་རྗེ་ཆེན་པོས་འདུལ་པའིཿ འཕགས་མཆོག་ཕྱག་ན་པདྨའིཿ སྒྲུབ་ཐབས་འོ་མའི་རྒྱ་མཚོཿ ལྟ་བུའི་ཡང་ཞུན་མན་ངགཿ ད་ལྟ་རྗེ་འབངས་ཚོགས་ལཿ གཏད་ཅིང་ལྔ་ཕྲག་ཐ་མའིཿ སྡུག་བསྔལ་ཉམས་ཐག་འགྲོ་རྣམསཿ སྐྱོབས་ཕྱི»ར«་ཟབ་མོའི་གཏེར་དུཿ ཙཱ་རི་ཊ་ཡི་དབུས་ཕྱོགསཿ མཁའ་འགྲོའི་བླ་མཚོར་»སྦོ«ས་ལཿ ང་སྤྲུལ་སྐྱེས་བུ་འ»ཕྲ«ད་ཚེཿ ནད་མུག་མཚོན་དང་མི་མིནཿ འབྱུང་པོའི་གདུག་རྩུབ་ཞི་ཞིང་ཿ ས་ཡི་བཅུད་གཡོ་འབྱུང་བཞིའ»ི«ཿ གཡོ་འཁྲུགས་སད་སེར་ཟློག་ངེསཿ དེ་ཚེ་གཏེར་རྫུན་དམ་སྲིཿ མཆེད་གཉིས་གདམས་པ་ཡིན་ཟེརཿ ཐེའུ་རང་ནོར་སྒྲུབ་འགའ་འབྱུངཿ དེའི་རྐྱེན་ཡུལ་འགར་ཆོས་འདིའ»ི«ཿ འགྲོ་དོན་ཅུང་ཟད་འགག་སྲིདཿ ང་ཡི་རྗེས་འཇུག་དམ་ལྡནཿ རི་ལ་སྒྲུབ་ཚུགས་འཛིན་དངཿ སྙིང་རྗེས་གཞན་དོན་སྤྱོད་ཀུནཿ གདམས་པ་ཉམས་སུ་ལོངས་ལཿ སྒྲུབ་པ་མཆོད་སྒྲུབ་བསྙུང་གནསཿ འགྲོ་དོན་ལས་མཐར་འབད་གལཿ དགྲ་གདོན་ཡན་པར་ཤོར་ནཿ གསང་»སྔ«གས་དམ་ཚིག་ཉམས་ཤིངཿ ཆོས་སྒྲུབ་སུན་འབྱིན་འགྱུར་བསཿ ལས་བཞི་རབ་འབྱམས་ཕྲིན་ལས༔ གང་ལ་ཐོགས་མེད་འཇུག་དངཿ ལས་ཕྲན་གནད་ལ་འབད་གལཿ ལྟ་བས་རང་སྣང་འདུལ་ཞིངཿ སྙིང་རྗེ་ཆེན་པོས་འགྲོ་བའི༔ སྡུག་བསྔལ་སྐྱོབ་པའི་ཐབས་འབོདཿ ཆོས་མིན་ལོག་ལྟ་»བདུ«ད་ཀྱིཿ དབང་གྱུ»ར«་འགྲོ་བ་འགའ་འགའཿ བླ་མར་»སྡ«ང་ཞིང་སྔགས་དངཿ གདམས་པ་འདོད་»སྲེད«་ཅན་འགསཿ ལག་ཏུ་ཤོར་ཚད་ཆུད་ཟོསཿ དད་ལྡན་ཆོ»ས«་ལ་མོས་པའིཿ སྡུག་བསྔལ་གྱིས་མནན་ཉམ་ཐགཿ འགྲོ་བ་འགའ་འགའ་ཆོས་འདིསཿ གདུལ་བྱར་གྱུ»ར«་པ་དེས་སོ༔ དེ་ཕྱི»ར«་སྙིང་ལ་འཆང་ཞིགཿ དེ་སྐད་གསུངས་ཤིང་རྫུ་འ»ཕྲུ«ལ་བཀོད་པ་མཛདཿ བདག་ཅག་ལས་ཅན་དག་པའི་འཁོ»ར«་ལྔ་ཡིཿ རྒྱན་གོས་ལོངས་སྤྱོ»ད«་ལུས་ཀྱི་མཎྜལ་ཕུལཿ ཕྱི་ནང་གསང་བའི་ཚོགས་ཀྱི་མཉེས་པར་བྱསཿ ཌཱཀྐིའི་ཚོགས་ལ་གཏོར་ཚོགས་མཆོད་པ་དངཿ རྡོ་རྗེའི་གླུ་གར་གསང་བའི་མཆོ»ད«་པས་མཆོདཿ བཀའ་སྲུང་གཏེར་བདག་བཅས་ལ་གཏོར་མས་བརྔནཿ དེ་ཚེ་མ་མོ་སྔགས་ཀྱི་སྲུང་མ་དངཿ འབར་མ་མཆེད་བདུན་བདུད་མགོན་ཡབ་ཡུམ་གཉིསཿ ལྷ་ཀླུ་དྲེགས་པ་སྡེ་བརྒྱད་ཚོགས་ཀུན་གྱིཿ རང་རྟགས་སྲོག་སྙིང་ཕུལ་ཞིང་ཐ་ཚིག་བོརཿ གདམས་ངག་སྨོན་ལམ་བཀའ་»བ«རྒྱ་གདབ་བའི་མཐརཿ བདག་ཅག་ལས་ཅན་དག་པའི་འཁོར་ལྔ་ཡིསཿ ཉམས་སུ་བླངས་པས་བདུན་ཕྲག་རེ་རེ་ནསཿ གྲུབ་རྟགས་མངོན་གྱུར་དངོ»ས«་གྲུབ་མཆོག་ཐོབ་བོཿ ཨེ་མ་ཧོཿ གཏེར་འབྱུང་ལོ་རྒྱུ»ས«་གསང་བའི་ཁ་བྱང་འདིཿ མ་འོངས་དོན་དུ་མཚོ་རྒྱལ་བདག་ཉི»ད«་ཀྱིསཿ བརྡ་རིས་ཡི་གེར་བཏབ་ཅིང་བཀའ་རྒྱས་བཏབཿ སྐལ་ལྡན་ལས་ཅན་བུ་དང་འ»ཕྲ«ད་པར་ཤོགཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ ཞེས་པའང་རིག་འཛིན་མཐུ་སྟོབས་བདུད་འདུལ་རྩ»ལ«་གྱི»ས«་བརྡ་ར»ི«ས་ལས་ཕབ་པའི་ཡི་གེ་པ་ནི་དམ་ཚིག་ལྡན་པ་དཔལ་གྱི་སེངྒེས་བགྱིས་པའོ།།»
{{TibP|ཧྲཱིཿ འཕགས་མཆོག་གར་དབང་སྒྲུབ་སྐོར་ལསཿ གཏེར་འབྱུང་ལོ་རྒྱུས་བསྡུས་པ་བཞུགསཿ མཱ་ཏྲཎཱཏྲཱཿ གར་གྱི་དབང་ཕྱུག་སྐུ་ལ་འདུདཿ བར་ཁང་གཡུ་ཞལ་འབར་བ་རུཿ ཌཱཀྐིའི་རྗེ་བོ་པདྨའི་དྲུངཿ ལས་ཅན་རྗེ་འབངས་འཁོར་ལྔ་ཡིསཿ གདུང་ཤུགས་དྲག་པོས་གསོལ་བཏབ་མཐུསཿ འཕགས་མཆོག་གར་དབང་སྒྲུབ་ཐབས་བསྟནཿ དེ་ཚེ་བདག་ཉིད་མཚོ་རྒྱལ་མསཿ མ་འོངས་འགྲོ་བའི་དོན་ཆེད་དུཿ ཆོས་འདིའི་གཏེར་འབྱུང་ལོ་རྒྱུས་དངཿ མ་འོངས་དུས་རྟགས་ལུང་བསྟན་སོགསཿ གསུང་བར་གསོལ་བ་བཏབ་པའི་ཚེཿ བཀའ་དྲིན་འཁོར་མེད་ཨོ་རྒྱན་རྗེའིཿ སྤྱན་གྱིས་འབྲུ་ཚུགས་ནམ་མཁར་གཟིགསཿ ཕྱག་གཡས་ཐོད་པའི་ཌཱ་མ་རུ༔ ལན་གསུམ་འཁྲོལ་ཚེ་མཁའ་སྤྱོད་ནསཿ ཡུམ་ཆེན་ཌཱཀྐི་མ»ནྡྷ་«རཿ བྱོན་ཞིང་ལྷན་ཅིག་སྦྱོར་བའི་སྒྲསཿ རྩ་གསུམ་དཔའ་བོ་མཁའ་འགྲོའི་ཚོགསཿ སྤྲིན་ལྟར་འདུས་ཤིང་དབང་བཞི་བསྐུརཿ སྨོན་ལམ་བཀའ་རྒྱས་བྱིན་བརླབས་འབརཿ སླར་ཡང་གུ་རུའི་ཞལ་ན་རེཿ ཀྱེ་མ་རྗེ་འབངས་ཚོགས་རྣམསཿ མ་ཡེངས་ལེགས་པར་གསོན་དངཿ སྐུ་གསུམ་རྒྱལ་བ་སྲས་བཅསཿ སྤྲུལ་པ་གཅིག་བསྡུས་བདག་ཉིདཿ ང་ཉིད་པདྨ་འབྱུང་གནསཿ ལྷོ་ནུབ་འོ་མ་ཅན་གྱིཿ མཚོ་དབུས་པདྨའི་རྩེ་རུཿ »བརྫུ«ས་སྐྱེས་»སྤྲུ«ལ་ཚུལ་སླར་ཡང་ཿ འཕགས་ཡུལ་སྣ་ཚོགས་སྤྲུལ་པསཿ འགྲོ་རྣམས་ཡང་དག་ལམ་བཀོདཿ ཁྱད་པར་མཐའ་འཁོབ་གདོང་དམརཿ ཁ་བ་ཅན་གྱི་ཡུལ་འདིརཿ འགྲོ་བའི་དོན་དུ་སྙིང་སྟོབསཿ ཆེན་པོ»ས«་གདུལ་བྱ་འདུལ་དངཿ ཆོས་འཁོར་གཙུག་ལག་ཁང་བཞེངསཿ གངས་བྲག་དབེན་གནས་སྒྲུབ་གནསཿ དཔག་མེད་བྱིན་བརླབས་རྫུ་འཕྲུལཿ བཀོད་པས་འགྲོ་བའི་བློ་བསྒྱུརཿ ཁྱད་པར་ཟབ་མོའི་གཏེར་ཁཿ བརྒྱ་རྩ་བརྒྱད་དང་གཏེར་ཕྲནཿ གྲངས་ལས་འདས་བར་»སྦ«ས་ཤིངཿ འགྲོ་བ་སྡུག་བསྔལ་ལས་སྐྱོབསཿ འོན་ཀྱང་མ་འོངས་དུས་སུཿ འགྲོ་བ་དུག་ལྔའི་དབང་གྱུརཿ གསང་སྔགས་འཆོལ་ཉོག་སྤྱོད་ཅིངཿ དམ་རྫས་མི་ནག་སྐྱོ་བསཿ ཚོགས་གྲལ་འགྲིམ་ཞིང་སྡིག་སྤྱོདཿ སྔགས་པས་ཐུགས་དམ་ཆང་དངཿ བཙུན་མས་རིགས་བརྒྱུ»ད«་མང་གསོཿ དབེན་པར་བོན་གྱིས་བསྭོ་སྒྲོགཿ སྒྲུབ་གནས་བྱིན་རླབས་ཉམས་མཐུསཿ ཐོག་གིས་བསྣུན་དང་གཏེར་རྡོལཿ སྦྱོར་སྒྲོལ་»ཁྱི«མ་པས་སྤྱོད་ཅིངཿ སྔགས་ལ་ལོག་ལྟ་སྐུར་འདེབསཿ »གྲོ«ང་མདོར་ལྷ་ཁང་བཞེངས་དངཿ ས་གནད་མཐའ་མིས་རྟེན་བཞེངསཿ ཆོས་འཁོར་བྱིན་རླབས་ཉམས་པས༔ ཇོ་»ཤཱ«ཀ་གཟི་མདངས་ཉམས་ཤིངཿ སྤྱན་ཆབ་ལན་གསུམ་འབྱིན་འགྱུར༔ བྱིན་ལྡན་སྐུ་རྟེན་ཆག་འཇིགཿ སྨྱོན་པའི་ལུང་བསྟན་བཤད་བརྟེནཿ དབུས་གཙང་མཐའ་མིས་འཛིན་ཞིངཿ སྔར་མེད་མཚོན་ཆ་མང་དརཿ བཙུན་པས་འདུལ་ཁྲིམས་ཉམས་རྐྱེནཿ ཆོས་གོས་གྲིར་ཤིའི་གོས་བྱེདཿ དགེ་གཤེས་སྡིག་པའི་བཤེས་གཉེནཿ མི་འབྱེད་ལོག་པའི་ལམ་འཁྲིདཿ སྔགས་པས་ཐབས་ལམ་སྤང་ཞིངཿ འདུལ་ཁྲིམས་རྩིས་སུ་བྱེད་ཅིངཿ བཅུ་ལས་འདུལ་ཁྲི»མས«་དོར་ནས༔ མ་རབ་བྱ་སྤྱོ»ད«་ལ་སྨོནཿ སྔགས་པས་དམ་ཚིག་ཁྱད་གསོདཿ ཐུགས་དམ་མཚོན་ཆར་རྩིས་བྱེདཿ ཐབས་ཤེས་ཡ་བྲལ་སྤྱོད་པསཿ ལྷ་འདྲེའི་ལུས་སླང་འདུལ་དཀའཿ སོ་ཐར་གསང་རྒྱ་བྱེད་ཅིངཿ གསང་སྔགས་ཁྲོམ་སྤེལ་ཡི་མུགཿ གཅོད་ལོག་བདུད་ཀྱི་སྤྱོད་པའིཿ འདྲེ་གདོན་ཡན་པར་ཤོར་མཐུསཿ བོད་ཁམས་ཡུལ་འགའ་ཕུང་ཉེ༔ མཐུ་མེད་ཟོལ་ཟོག་ཅན་འགསཿ དགྲ་གདོན་ཡན་པར་ཤོར་མཐུསཿ རི་ཚུགས་ཆོམས་པོ»ས«་ཟིན་དཀའཿ ཆོས་བྱེད་རྣལ་འབྱོར་ཕོ་མོཿ སྲང་མདོའི་ཁྱི་ལྟར་འཁྱམས་ཤིངཿ ཟོལ་ཟོག་གཡོ་སྒྱུ་ཅན་འགའཿ ཡིད་བཞིན་»ནོར«་ལྟར་ཐོད་ཁུརཿ དེ་ཚེ་གཏེར་མིན་གཏེར་འདྲཿ གཏེར་རྫུན་ས་སྟེང་གང་ཞིག༔ ང་སྤྲུལ་གཏེར་སྟོན་ཁ་ཤསཿ འབྱུང་ཡང་ཤན་མི་འབྱེད་པའིཿ སྟོབས་ཀྱིས་འགྲོ་དོན་འགག་ཅིངཿ ཚེ་ཆོས་བར་དུ་ཆོད་མཐུསཿ མ་ཚོགས་ཌཱཀྐི་དང་ནིཿ བཀའ་སྲུང་སྡེ་བརྒྱད་འཁྲུགས་ཤིངཿ ནག་ཕྱོགས་བདུད་དཔུང་དར་བསཿ བོད་ཁམ་སེམས་ཅན་ཤིན་ཏུཿ སྡུག་བསྔལ་དྲག་པོས་མནར་ཚེཿ རིགས་གསུམ་སྤྲུལ་བ་གཅིག་བསྡུསཿ ང་སྤུལ་བྱིན་གྱིས་བརླབས་པའིཿ མངའ་བདག་ཐུགས་ཀྱི་རོལ་གརཿ མཐུ་སྟོབས་དཔའ་བོ་ཞེས་བྱཿ ལྕགས་ཕོ་སྤྲེལ་གྱི་ལོར་འབྱུངཿ ཤིང་མོ་ཕག་ལོ་རང་མཇལཿ གཏེར་གྱི་ཁ་བྱང་ཐོབ་ཅིངཿ ས་ཕོ་སྟག་ལ་མངའ་གསོལཿ གཏེར་སྟོན་ཆེན་པོར་མཚན་གྲགསཿ འོན་ཀྱང་ད་ལྟ་ང་ཡིཿ དྲུང་ནས་སྨོན་ལམ་ལོག་པའིཿ བདུད་བློན་གསུམ་གྱི་སྤྲུལ་བསཿ དབང་བཙན་བར་ཆད་སྣ་ཚོགསཿ བརྩམས་ཤིང་ཁྱད་བར་འབྲོག་བཟའཿ དྷ་ཀི་སྨོན་ལམ་ལོག་ཅིང་ཿ རྟེན་འབྲེལ་ཤོལ་འགྱངས་དབང་གྱུརཿ འོན་ཀྱང་ལྷ་སྲས་»སྤྲུ«ལ་པསཿ སྨོན་ལམ་མཐུ་ཡིས་སྐྱོབས་སྲིདཿ ཆུ་མོ་ལུག་ལོར་དགོངས་གཏེརཿ ཆེན་བོར་མངའ་དབང་བསྒྱུར་ཀྱངཿ དམར་རྒྱན་ཁྲོམ་སྐྱིད་སྤྲུལ་པཿ མི་མོ་གྲོགས་བསྟེན་བདུད་སྤྲུལཿ བདུད་ཀྱི་དབང་བཙན་འདུན་མཿ རླུང་ལ་བསྐུར་བར་བྱས་མཐུསཿ ལོ་འགའ་སྡུག་བསྔལ་དྲག་པོསཿ མནར་ཞིང་ཚེ་ཆོས་བར་ཆདཿ འབྱུང་ཡང་ཌཱཀྐིའི་སྨོན་ལམཿ མཐུ་དང་སྔགས་ཀྱི་སྲུང་མསཿ སྐྱོབ་པས་ཚེ་འཕྲང་བཟློག་སྲིདཿ ལྕགས་ཁམས་སྟག་གི་ལོ་ལཿ དམར་རྒྱན་སྤྲུལ་པའི་རྒྱུ་དངཿ བདུད་སྤྲུལ་གསུམ་གྱིས་རྐྱེན་བསྒྱུརཿ ས་གཏེར་འགའ་འགའི་འཕྲོ་ཆདཿ སྨན་མོ་ཞིག་དང་འ»ཕྲ«ད་པསཿ འདུ་བ་རྣམ་བཞི་འཁྲུགས་ཤིངཿ ཚེ་ཡི་འདུ་བྱེད་བ»ལྟུ«ང་ལཿ ཁད་དུ་ཐུག་པ་ཞིག་འགྱུརཿ དེ་ཚེ་ང་དང་སྨོན་ལམཿ དག་པ་་ཞིག་གི་མཐུས་སྐྱོབསཿ ཆུ་ཕོ་འབྲུག་གི་ལོ་ལཿ ད་ལྟའི་སྨོན་ལམ་བཟང་པོའིཿ འབྲས་བུ་དུས་སུ་སྨིན་པའིཿ ཤེས་རབ་ཌཱཀྐི་མཆོག་དངཿ འཕྲད་ཅིང་ཟབ་མོའི་གཏེར་གྱིཿ རྟེན་འབྲེ»ལ«་སྒོ་འཕར་འགའ་འགྱེདཿ དེ་ཡང་ས་གཡོ་རི་ཉིལཿ ཤྭ་འུད་མཐའ་ཡི་འཁྲུགས་རྩོདཿ དུས་རྟགས་འཚུབས་སློང་སྣ་ཚོགསཿ »ད«ང་བཅས་ཆུ་ཁམས་འབྲུག་ལོརཿ ཌཱཀྐིའི་བརྡ་རྟགས་ལུང་བསྟནཿ མཚམས་སྦྱར་མདོ་སྨད་གནས་མཆོགཿ ཁམས་ཀྱི་ཙཱ་རི་ཊ་ནསཿ འཕགས་མཆོག་གར་དབང་སྒྲུབ་ཐབསཿ འཁོར་བ་དབྱིངས་སྒྲོལ་འ»ཕྲ«ད་ཅིངཿ ལས་ཐབས་སྨོན་ལམ་དག་ནཿ ས་གཏེར་གསང་གཏེར་ཆེན་མོརཿ མངའ་དབང་བསྒྱུར་ནས་གཟུགས་ཅནཿ གཟུགས་མེད་འགྲོ་ཀུན་གྲོལ་ནསཿ འགྲོ་དོན་ཉི་འོག་ཁྱབ་ངེསཿ འོན་ཀྱང་གཟུགས་ཅན་གཟུགས་མེདཿ སྨོན་ལམ་ལོག་སྲེད་ཅན་འགསཿ མཐུ་ཡིས་འཚུབས་སློང་སྣ་ཚོགསཿ འབྱུང་ཡང་ད་ལྟའི་རྗེ་འབངསཿ ཌཱཀྐི་འི་ཚོགས་རྣམས་སྨོན་ལམཿ དག་པ་ཆེན་པོའི་མཐུས་སྦྱརཿ འབྲེལ་གྲོལ་དག་པའི་མཐུ་བཙནཿ གཏེར་བདག་»ཌཱ«ཀྐིའི་མཐུ་བཙུནཿ གདམས་པ་ཡུན་དུ་འགྱངས་པའིཿ ལས་ལྡན་གསང་རྒྱ་ཆེར་དབེནཿ རྟ་ལོ་ས་ག་ཟླ་བཿ ནས་བཟུང་འ»གྲོ«་བའི་དོན་སྤྱོདཿ ཆོས་བདག་ཌཱཀྐིའི་མཆོག་དངཿ བཻ་རོ་སྣ»་«ནམ་ཡེ་དབྱངསཿ རྨ་ཐོག་ལྡན་མ་རྩེ་མངཿ ལ་སོགས་དག་པའི་འཁོར་ལཿ རིམ་བཞིན་གདམས་པ་ཡོངས་སྤྲེལཿ འོན་ཀྱང་དམར་རྒྱན་ཀླུ་གངཿ ཁྲོམ་བ་རྒྱན་གསུམ་སྤྲུལ་པཿ དངོས་མེད་དམ་སྲི་འགའ་འགའིཿ གནོ»ད«་འཚེའི་བར་ཆད་བརྩམ་ཡངཿ ས་སྤྱོད་ལས་ཀྱི་ཌཱཀྐིའིཿ རྫུ་འཕྲུལ་མཐུ་ཡིས་བ»ཟློག«་སྲིདཿ ད་ལྟ་ང་ཡི་དྲུང་ནསཿ སྨོན་ལམ་དག་པའི་མཚམས་སྦྱརཿ གླིང་རྗེའི་དྲུང་དུ་འདུས་ཀུནཿ ལྷག་པའི་ལྷ་མཆོག་འདི་ཉིདཿ ཡི་དམ་ལྷ་རུ་ངེས་རྙེདཿ དེ་ཕྱིར་གདམས་ངག་འདི་ཉིདཿ ཉམས་ལེན་ཕོ་མོ་འབུམ་ཕྲགཿ བདུན་གྲོལ་འབྲེལ་ཐོགས་རྡུལ་སྙེདཿ གྲངས་མེད་དག་ཞིང་གྲོལ་ངེསཿ ཀརྨ་དྷྭ་ཛ་བ་ལའིཿ མིང་འཛིན་ཞིག་དང་འཕྲད་ནཿ ཙི་ནའི་མངའ་རིས་ཡོངས་ཁྱབཿ འ»དི«་ཚེ་གཟུགས་མེད་མང་པོའིཿ མི་ཁོག་རྒྱུ་དང་གཞན་ཡངཿ འ»དྲ«་མིན་སྤྱོད་པ་རྟགས་མཚན༔ སྔར་མེད་མང་དུ་བྱུང་མཐུསཿ ཅུང་ཟད་ཐེ་ཚོམ་གནས་སུཿ འགྱུར་བ་གདམས་ངག་བྱིན་རླབས༔ ཚན་ཁ་ཆེ་དང་དངོས་མེདཿ གྲོལ་བའི་རྟགས་ཡིན་ཡིད་གཉིསཿ སྤོང་ལ་ཉམས་སུ་ལེན་གལཿ འགྲོ་བ་དུག་ལྔའི་འཁྲུགས་ཀུནཿ སྙིང་རྗེ་ཆེན་པོས་འདུལ་པའིཿ འཕགས་མཆོག་ཕྱག་ན་པདྨའིཿ སྒྲུབ་ཐབས་འོ་མའི་རྒྱ་མཚོཿ ལྟ་བུའི་ཡང་ཞུན་མན་ངགཿ ད་ལྟ་རྗེ་འབངས་ཚོགས་ལཿ གཏད་ཅིང་ལྔ་ཕྲག་ཐ་མའིཿ སྡུག་བསྔལ་ཉམས་ཐག་འགྲོ་རྣམསཿ སྐྱོབས་ཕྱི»ར«་ཟབ་མོའི་གཏེར་དུཿ ཙཱ་རི་ཊ་ཡི་དབུས་ཕྱོགསཿ མཁའ་འགྲོའི་བླ་མཚོར་»སྦོ«ས་ལཿ ང་སྤྲུལ་སྐྱེས་བུ་འ»ཕྲ«ད་ཚེཿ ནད་མུག་མཚོན་དང་མི་མིནཿ འབྱུང་པོའི་གདུག་རྩུབ་ཞི་ཞིང་ཿ ས་ཡི་བཅུད་གཡོ་འབྱུང་བཞིའ»ི«ཿ གཡོ་འཁྲུགས་སད་སེར་ཟློག་ངེསཿ དེ་ཚེ་གཏེར་རྫུན་དམ་སྲིཿ མཆེད་གཉིས་གདམས་པ་ཡིན་ཟེརཿ ཐེའུ་རང་ནོར་སྒྲུབ་འགའ་འབྱུངཿ དེའི་རྐྱེན་ཡུལ་འགར་ཆོས་འདིའ»ི«ཿ འགྲོ་དོན་ཅུང་ཟད་འགག་སྲིདཿ ང་ཡི་རྗེས་འཇུག་དམ་ལྡནཿ རི་ལ་སྒྲུབ་ཚུགས་འཛིན་དངཿ སྙིང་རྗེས་གཞན་དོན་སྤྱོད་ཀུནཿ གདམས་པ་ཉམས་སུ་ལོངས་ལཿ སྒྲུབ་པ་མཆོད་སྒྲུབ་བསྙུང་གནསཿ འགྲོ་དོན་ལས་མཐར་འབད་གལཿ དགྲ་གདོན་ཡན་པར་ཤོར་ནཿ གསང་»སྔ«གས་དམ་ཚིག་ཉམས་ཤིངཿ ཆོས་སྒྲུབ་སུན་འབྱིན་འགྱུར་བསཿ ལས་བཞི་རབ་འབྱམས་ཕྲིན་ལས༔ གང་ལ་ཐོགས་མེད་འཇུག་དངཿ ལས་ཕྲན་གནད་ལ་འབད་གལཿ ལྟ་བས་རང་སྣང་འདུལ་ཞིངཿ སྙིང་རྗེ་ཆེན་པོས་འགྲོ་བའི༔ སྡུག་བསྔལ་སྐྱོབ་པའི་ཐབས་འབོདཿ ཆོས་མིན་ལོག་ལྟ་»བདུ«ད་ཀྱིཿ དབང་གྱུ»ར«་འགྲོ་བ་འགའ་འགའཿ བླ་མར་»སྡ«ང་ཞིང་སྔགས་དངཿ གདམས་པ་འདོད་»སྲེད«་ཅན་འགསཿ ལག་ཏུ་ཤོར་ཚད་ཆུད་ཟོསཿ དད་ལྡན་ཆོས་ལ་མོས་པའིཿ སྡུག་བསྔལ་གྱིས་མནན་ཉམ་ཐགཿ འགྲོ་བ་འགའ་འགའ་ཆོས་འདིསཿ གདུལ་བྱར་གྱུར་པ་དེས་སོ༔ དེ་ཕྱི»ར«་སྙིང་ལ་འཆང་ཞིགཿ དེ་སྐད་གསུངས་ཤིང་རྫུ་འ»ཕྲུ«ལ་བཀོད་པ་མཛདཿ བདག་ཅག་ལས་ཅན་དག་པའི་འཁོར་ལྔ་ཡིཿ རྒྱན་གོས་ལོངས་སྤྱོ»ད«་ལུས་ཀྱི་མཎྜལ་ཕུལཿ ཕྱི་ནང་གསང་བའི་ཚོགས་ཀྱི་མཉེས་པར་བྱསཿ ཌཱཀྐིའི་ཚོགས་ལ་གཏོར་ཚོགས་མཆོད་པ་དངཿ རྡོ་རྗེའི་གླུ་གར་གསང་བའི་མཆོ»ད«་པས་མཆོདཿ བཀའ་སྲུང་གཏེར་བདག་བཅས་ལ་གཏོར་མས་བརྔནཿ དེ་ཚེ་མ་མོ་སྔགས་ཀྱི་སྲུང་མ་དངཿ འབར་མ་མཆེད་བདུན་བདུད་མགོན་ཡབ་ཡུམ་གཉིསཿ ལྷ་ཀླུ་དྲེགས་པ་སྡེ་བརྒྱད་ཚོགས་ཀུན་གྱིཿ རང་རྟགས་སྲོག་སྙིང་ཕུལ་ཞིང་ཐ་ཚིག་བོརཿ གདམས་ངག་སྨོན་ལམ་བཀའ་»བ«རྒྱ་གདབ་བའི་མཐརཿ བདག་ཅག་ལས་ཅན་དག་པའི་འཁོར་ལྔ་ཡིསཿ ཉམས་སུ་བླངས་པས་བདུན་ཕྲག་རེ་རེ་ནསཿ གྲུབ་རྟགས་མངོན་གྱུར་དངོས་གྲུབ་མཆོག་ཐོབ་བོཿ ཨེ་མ་ཧོཿ གཏེར་འབྱུང་ལོ་རྒྱུས་གསང་བའི་ཁ་བྱང་འདིཿ མ་འོངས་དོན་དུ་མཚོ་རྒྱལ་བདག་ཉིད་ཀྱིསཿ བརྡ་རིས་ཡི་གེར་བཏབ་ཅིང་བཀའ་རྒྱས་བཏབཿ སྐལ་ལྡན་ལས་ཅན་བུ་དང་འ»ཕྲ«ད་པར་ཤོགཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ ཞེས་པའང་རིག་འཛིན་མཐུ་སྟོབས་བདུད་འདུལ་རྩལ་གྱིས་བརྡ་རིས་ལས་ཕབ་པའི་ཡི་གེ་པ་ནི་དམ་ཚིག་ལྡན་པ་དཔལ་གྱི་སེངྒེས་བགྱིས་པའོ།།»


}}
}}

Latest revision as of 12:25, 27 June 2024

Wylie title 'phags mchog gar dbang sgrub skor las gter 'byung lo rgyus bsdus pa
Location mdo mkhyen brtse bka' 'bum
Volume 6, Text 2, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre History Texts - lo rgyus
Cycle འཕགས་མཆོག་གར་དབང་སྒྲུབ་སྐོར་ ('phags mchog gar dbang sgrub skor)
Deity thugs rje chen po
Colophon

ཞེས་པའང་རིག་འཛིན་མཐུ་སྟོབས་བདུད་འདུལ་རྩལ་གྱིས་བརྡ་རིས་ལས་ཕབ་པའི་ཡི་གེ་པ་ནི་དམ་ཚིག་ལྡན་པ་དཔལ་གྱི་སེངྒེས་བགྱིས་པའོ།།

zhes pa'ang rig 'dzin mthu stobs bdud 'dul rtsal gyis brda ris las phab pa'i yi ge pa ni dam tshig ldan pa dpal gyi seng+ges bgyis pa'o//

[edit]
ཧྲཱིཿ འཕགས་མཆོག་གར་དབང་སྒྲུབ་སྐོར་ལསཿ གཏེར་འབྱུང་ལོ་རྒྱུས་བསྡུས་པ་བཞུགསཿ མཱ་ཏྲཎཱཏྲཱཿ གར་གྱི་དབང་ཕྱུག་སྐུ་ལ་འདུདཿ བར་ཁང་གཡུ་ཞལ་འབར་བ་རུཿ ཌཱཀྐིའི་རྗེ་བོ་པདྨའི་དྲུངཿ ལས་ཅན་རྗེ་འབངས་འཁོར་ལྔ་ཡིསཿ གདུང་ཤུགས་དྲག་པོས་གསོལ་བཏབ་མཐུསཿ འཕགས་མཆོག་གར་དབང་སྒྲུབ་ཐབས་བསྟནཿ དེ་ཚེ་བདག་ཉིད་མཚོ་རྒྱལ་མསཿ མ་འོངས་འགྲོ་བའི་དོན་ཆེད་དུཿ ཆོས་འདིའི་གཏེར་འབྱུང་ལོ་རྒྱུས་དངཿ མ་འོངས་དུས་རྟགས་ལུང་བསྟན་སོགསཿ གསུང་བར་གསོལ་བ་བཏབ་པའི་ཚེཿ བཀའ་དྲིན་འཁོར་མེད་ཨོ་རྒྱན་རྗེའིཿ སྤྱན་གྱིས་འབྲུ་ཚུགས་ནམ་མཁར་གཟིགསཿ ཕྱག་གཡས་ཐོད་པའི་ཌཱ་མ་རུ༔ ལན་གསུམ་འཁྲོལ་ཚེ་མཁའ་སྤྱོད་ནསཿ ཡུམ་ཆེན་ཌཱཀྐི་མ»ནྡྷ་«རཿ བྱོན་ཞིང་ལྷན་ཅིག་སྦྱོར་བའི་སྒྲསཿ རྩ་གསུམ་དཔའ་བོ་མཁའ་འགྲོའི་ཚོགསཿ སྤྲིན་ལྟར་འདུས་ཤིང་དབང་བཞི་བསྐུརཿ སྨོན་ལམ་བཀའ་རྒྱས་བྱིན་བརླབས་འབརཿ སླར་ཡང་གུ་རུའི་ཞལ་ན་རེཿ ཀྱེ་མ་རྗེ་འབངས་ཚོགས་རྣམསཿ མ་ཡེངས་ལེགས་པར་གསོན་དངཿ སྐུ་གསུམ་རྒྱལ་བ་སྲས་བཅསཿ སྤྲུལ་པ་གཅིག་བསྡུས་བདག་ཉིདཿ ང་ཉིད་པདྨ་འབྱུང་གནསཿ ལྷོ་ནུབ་འོ་མ་ཅན་གྱིཿ མཚོ་དབུས་པདྨའི་རྩེ་རུཿ »བརྫུ«ས་སྐྱེས་»སྤྲུ«ལ་ཚུལ་སླར་ཡང་ཿ འཕགས་ཡུལ་སྣ་ཚོགས་སྤྲུལ་པསཿ འགྲོ་རྣམས་ཡང་དག་ལམ་བཀོདཿ ཁྱད་པར་མཐའ་འཁོབ་གདོང་དམརཿ ཁ་བ་ཅན་གྱི་ཡུལ་འདིརཿ འགྲོ་བའི་དོན་དུ་སྙིང་སྟོབསཿ ཆེན་པོ»ས«་གདུལ་བྱ་འདུལ་དངཿ ཆོས་འཁོར་གཙུག་ལག་ཁང་བཞེངསཿ གངས་བྲག་དབེན་གནས་སྒྲུབ་གནསཿ དཔག་མེད་བྱིན་བརླབས་རྫུ་འཕྲུལཿ བཀོད་པས་འགྲོ་བའི་བློ་བསྒྱུརཿ ཁྱད་པར་ཟབ་མོའི་གཏེར་ཁཿ བརྒྱ་རྩ་བརྒྱད་དང་གཏེར་ཕྲནཿ གྲངས་ལས་འདས་བར་»སྦ«ས་ཤིངཿ འགྲོ་བ་སྡུག་བསྔལ་ལས་སྐྱོབསཿ འོན་ཀྱང་མ་འོངས་དུས་སུཿ འགྲོ་བ་དུག་ལྔའི་དབང་གྱུརཿ གསང་སྔགས་འཆོལ་ཉོག་སྤྱོད་ཅིངཿ དམ་རྫས་མི་ནག་སྐྱོ་བསཿ ཚོགས་གྲལ་འགྲིམ་ཞིང་སྡིག་སྤྱོདཿ སྔགས་པས་ཐུགས་དམ་ཆང་དངཿ བཙུན་མས་རིགས་བརྒྱུ»ད«་མང་གསོཿ དབེན་པར་བོན་གྱིས་བསྭོ་སྒྲོགཿ སྒྲུབ་གནས་བྱིན་རླབས་ཉམས་མཐུསཿ ཐོག་གིས་བསྣུན་དང་གཏེར་རྡོལཿ སྦྱོར་སྒྲོལ་»ཁྱི«མ་པས་སྤྱོད་ཅིངཿ སྔགས་ལ་ལོག་ལྟ་སྐུར་འདེབསཿ »གྲོ«ང་མདོར་ལྷ་ཁང་བཞེངས་དངཿ ས་གནད་མཐའ་མིས་རྟེན་བཞེངསཿ ཆོས་འཁོར་བྱིན་རླབས་ཉམས་པས༔ ཇོ་»ཤཱ«ཀ་གཟི་མདངས་ཉམས་ཤིངཿ སྤྱན་ཆབ་ལན་གསུམ་འབྱིན་འགྱུར༔ བྱིན་ལྡན་སྐུ་རྟེན་ཆག་འཇིགཿ སྨྱོན་པའི་ལུང་བསྟན་བཤད་བརྟེནཿ དབུས་གཙང་མཐའ་མིས་འཛིན་ཞིངཿ སྔར་མེད་མཚོན་ཆ་མང་དརཿ བཙུན་པས་འདུལ་ཁྲིམས་ཉམས་རྐྱེནཿ ཆོས་གོས་གྲིར་ཤིའི་གོས་བྱེདཿ དགེ་གཤེས་སྡིག་པའི་བཤེས་གཉེནཿ མི་འབྱེད་ལོག་པའི་ལམ་འཁྲིདཿ སྔགས་པས་ཐབས་ལམ་སྤང་ཞིངཿ འདུལ་ཁྲིམས་རྩིས་སུ་བྱེད་ཅིངཿ བཅུ་ལས་འདུལ་ཁྲི»མས«་དོར་ནས༔ མ་རབ་བྱ་སྤྱོ»ད«་ལ་སྨོནཿ སྔགས་པས་དམ་ཚིག་ཁྱད་གསོདཿ ཐུགས་དམ་མཚོན་ཆར་རྩིས་བྱེདཿ ཐབས་ཤེས་ཡ་བྲལ་སྤྱོད་པསཿ ལྷ་འདྲེའི་ལུས་སླང་འདུལ་དཀའཿ སོ་ཐར་གསང་རྒྱ་བྱེད་ཅིངཿ གསང་སྔགས་ཁྲོམ་སྤེལ་ཡི་མུགཿ གཅོད་ལོག་བདུད་ཀྱི་སྤྱོད་པའིཿ འདྲེ་གདོན་ཡན་པར་ཤོར་མཐུསཿ བོད་ཁམས་ཡུལ་འགའ་ཕུང་ཉེ༔ མཐུ་མེད་ཟོལ་ཟོག་ཅན་འགསཿ དགྲ་གདོན་ཡན་པར་ཤོར་མཐུསཿ རི་ཚུགས་ཆོམས་པོ»ས«་ཟིན་དཀའཿ ཆོས་བྱེད་རྣལ་འབྱོར་ཕོ་མོཿ སྲང་མདོའི་ཁྱི་ལྟར་འཁྱམས་ཤིངཿ ཟོལ་ཟོག་གཡོ་སྒྱུ་ཅན་འགའཿ ཡིད་བཞིན་»ནོར«་ལྟར་ཐོད་ཁུརཿ དེ་ཚེ་གཏེར་མིན་གཏེར་འདྲཿ གཏེར་རྫུན་ས་སྟེང་གང་ཞིག༔ ང་སྤྲུལ་གཏེར་སྟོན་ཁ་ཤསཿ འབྱུང་ཡང་ཤན་མི་འབྱེད་པའིཿ སྟོབས་ཀྱིས་འགྲོ་དོན་འགག་ཅིངཿ ཚེ་ཆོས་བར་དུ་ཆོད་མཐུསཿ མ་ཚོགས་ཌཱཀྐི་དང་ནིཿ བཀའ་སྲུང་སྡེ་བརྒྱད་འཁྲུགས་ཤིངཿ ནག་ཕྱོགས་བདུད་དཔུང་དར་བསཿ བོད་ཁམ་སེམས་ཅན་ཤིན་ཏུཿ སྡུག་བསྔལ་དྲག་པོས་མནར་ཚེཿ རིགས་གསུམ་སྤྲུལ་བ་གཅིག་བསྡུསཿ ང་སྤུལ་བྱིན་གྱིས་བརླབས་པའིཿ མངའ་བདག་ཐུགས་ཀྱི་རོལ་གརཿ མཐུ་སྟོབས་དཔའ་བོ་ཞེས་བྱཿ ལྕགས་ཕོ་སྤྲེལ་གྱི་ལོར་འབྱུངཿ ཤིང་མོ་ཕག་ལོ་རང་མཇལཿ གཏེར་གྱི་ཁ་བྱང་ཐོབ་ཅིངཿ ས་ཕོ་སྟག་ལ་མངའ་གསོལཿ གཏེར་སྟོན་ཆེན་པོར་མཚན་གྲགསཿ འོན་ཀྱང་ད་ལྟ་ང་ཡིཿ དྲུང་ནས་སྨོན་ལམ་ལོག་པའིཿ བདུད་བློན་གསུམ་གྱི་སྤྲུལ་བསཿ དབང་བཙན་བར་ཆད་སྣ་ཚོགསཿ བརྩམས་ཤིང་ཁྱད་བར་འབྲོག་བཟའཿ དྷ་ཀི་སྨོན་ལམ་ལོག་ཅིང་ཿ རྟེན་འབྲེལ་ཤོལ་འགྱངས་དབང་གྱུརཿ འོན་ཀྱང་ལྷ་སྲས་»སྤྲུ«ལ་པསཿ སྨོན་ལམ་མཐུ་ཡིས་སྐྱོབས་སྲིདཿ ཆུ་མོ་ལུག་ལོར་དགོངས་གཏེརཿ ཆེན་བོར་མངའ་དབང་བསྒྱུར་ཀྱངཿ དམར་རྒྱན་ཁྲོམ་སྐྱིད་སྤྲུལ་པཿ མི་མོ་གྲོགས་བསྟེན་བདུད་སྤྲུལཿ བདུད་ཀྱི་དབང་བཙན་འདུན་མཿ རླུང་ལ་བསྐུར་བར་བྱས་མཐུསཿ ལོ་འགའ་སྡུག་བསྔལ་དྲག་པོསཿ མནར་ཞིང་ཚེ་ཆོས་བར་ཆདཿ འབྱུང་ཡང་ཌཱཀྐིའི་སྨོན་ལམཿ མཐུ་དང་སྔགས་ཀྱི་སྲུང་མསཿ སྐྱོབ་པས་ཚེ་འཕྲང་བཟློག་སྲིདཿ ལྕགས་ཁམས་སྟག་གི་ལོ་ལཿ དམར་རྒྱན་སྤྲུལ་པའི་རྒྱུ་དངཿ བདུད་སྤྲུལ་གསུམ་གྱིས་རྐྱེན་བསྒྱུརཿ ས་གཏེར་འགའ་འགའི་འཕྲོ་ཆདཿ སྨན་མོ་ཞིག་དང་འ»ཕྲ«ད་པསཿ འདུ་བ་རྣམ་བཞི་འཁྲུགས་ཤིངཿ ཚེ་ཡི་འདུ་བྱེད་བ»ལྟུ«ང་ལཿ ཁད་དུ་ཐུག་པ་ཞིག་འགྱུརཿ དེ་ཚེ་ང་དང་སྨོན་ལམཿ དག་པ་་ཞིག་གི་མཐུས་སྐྱོབསཿ ཆུ་ཕོ་འབྲུག་གི་ལོ་ལཿ ད་ལྟའི་སྨོན་ལམ་བཟང་པོའིཿ འབྲས་བུ་དུས་སུ་སྨིན་པའིཿ ཤེས་རབ་ཌཱཀྐི་མཆོག་དངཿ འཕྲད་ཅིང་ཟབ་མོའི་གཏེར་གྱིཿ རྟེན་འབྲེ»ལ«་སྒོ་འཕར་འགའ་འགྱེདཿ དེ་ཡང་ས་གཡོ་རི་ཉིལཿ ཤྭ་འུད་མཐའ་ཡི་འཁྲུགས་རྩོདཿ དུས་རྟགས་འཚུབས་སློང་སྣ་ཚོགསཿ »ད«ང་བཅས་ཆུ་ཁམས་འབྲུག་ལོརཿ ཌཱཀྐིའི་བརྡ་རྟགས་ལུང་བསྟནཿ མཚམས་སྦྱར་མདོ་སྨད་གནས་མཆོགཿ ཁམས་ཀྱི་ཙཱ་རི་ཊ་ནསཿ འཕགས་མཆོག་གར་དབང་སྒྲུབ་ཐབསཿ འཁོར་བ་དབྱིངས་སྒྲོལ་འ»ཕྲ«ད་ཅིངཿ ལས་ཐབས་སྨོན་ལམ་དག་ནཿ ས་གཏེར་གསང་གཏེར་ཆེན་མོརཿ མངའ་དབང་བསྒྱུར་ནས་གཟུགས་ཅནཿ གཟུགས་མེད་འགྲོ་ཀུན་གྲོལ་ནསཿ འགྲོ་དོན་ཉི་འོག་ཁྱབ་ངེསཿ འོན་ཀྱང་གཟུགས་ཅན་གཟུགས་མེདཿ སྨོན་ལམ་ལོག་སྲེད་ཅན་འགསཿ མཐུ་ཡིས་འཚུབས་སློང་སྣ་ཚོགསཿ འབྱུང་ཡང་ད་ལྟའི་རྗེ་འབངསཿ ཌཱཀྐི་འི་ཚོགས་རྣམས་སྨོན་ལམཿ དག་པ་ཆེན་པོའི་མཐུས་སྦྱརཿ འབྲེལ་གྲོལ་དག་པའི་མཐུ་བཙནཿ གཏེར་བདག་»ཌཱ«ཀྐིའི་མཐུ་བཙུནཿ གདམས་པ་ཡུན་དུ་འགྱངས་པའིཿ ལས་ལྡན་གསང་རྒྱ་ཆེར་དབེནཿ རྟ་ལོ་ས་ག་ཟླ་བཿ ནས་བཟུང་འ»གྲོ«་བའི་དོན་སྤྱོདཿ ཆོས་བདག་ཌཱཀྐིའི་མཆོག་དངཿ བཻ་རོ་སྣ»་«ནམ་ཡེ་དབྱངསཿ རྨ་ཐོག་ལྡན་མ་རྩེ་མངཿ ལ་སོགས་དག་པའི་འཁོར་ལཿ རིམ་བཞིན་གདམས་པ་ཡོངས་སྤྲེལཿ འོན་ཀྱང་དམར་རྒྱན་ཀླུ་གངཿ ཁྲོམ་བ་རྒྱན་གསུམ་སྤྲུལ་པཿ དངོས་མེད་དམ་སྲི་འགའ་འགའིཿ གནོ»ད«་འཚེའི་བར་ཆད་བརྩམ་ཡངཿ ས་སྤྱོད་ལས་ཀྱི་ཌཱཀྐིའིཿ རྫུ་འཕྲུལ་མཐུ་ཡིས་བ»ཟློག«་སྲིདཿ ད་ལྟ་ང་ཡི་དྲུང་ནསཿ སྨོན་ལམ་དག་པའི་མཚམས་སྦྱརཿ གླིང་རྗེའི་དྲུང་དུ་འདུས་ཀུནཿ ལྷག་པའི་ལྷ་མཆོག་འདི་ཉིདཿ ཡི་དམ་ལྷ་རུ་ངེས་རྙེདཿ དེ་ཕྱིར་གདམས་ངག་འདི་ཉིདཿ ཉམས་ལེན་ཕོ་མོ་འབུམ་ཕྲགཿ བདུན་གྲོལ་འབྲེལ་ཐོགས་རྡུལ་སྙེདཿ གྲངས་མེད་དག་ཞིང་གྲོལ་ངེསཿ ཀརྨ་དྷྭ་ཛ་བ་ལའིཿ མིང་འཛིན་ཞིག་དང་འཕྲད་ནཿ ཙི་ནའི་མངའ་རིས་ཡོངས་ཁྱབཿ འ»དི«་ཚེ་གཟུགས་མེད་མང་པོའིཿ མི་ཁོག་རྒྱུ་དང་གཞན་ཡངཿ འ»དྲ«་མིན་སྤྱོད་པ་རྟགས་མཚན༔ སྔར་མེད་མང་དུ་བྱུང་མཐུསཿ ཅུང་ཟད་ཐེ་ཚོམ་གནས་སུཿ འགྱུར་བ་གདམས་ངག་བྱིན་རླབས༔ ཚན་ཁ་ཆེ་དང་དངོས་མེདཿ གྲོལ་བའི་རྟགས་ཡིན་ཡིད་གཉིསཿ སྤོང་ལ་ཉམས་སུ་ལེན་གལཿ འགྲོ་བ་དུག་ལྔའི་འཁྲུགས་ཀུནཿ སྙིང་རྗེ་ཆེན་པོས་འདུལ་པའིཿ འཕགས་མཆོག་ཕྱག་ན་པདྨའིཿ སྒྲུབ་ཐབས་འོ་མའི་རྒྱ་མཚོཿ ལྟ་བུའི་ཡང་ཞུན་མན་ངགཿ ད་ལྟ་རྗེ་འབངས་ཚོགས་ལཿ གཏད་ཅིང་ལྔ་ཕྲག་ཐ་མའིཿ སྡུག་བསྔལ་ཉམས་ཐག་འགྲོ་རྣམསཿ སྐྱོབས་ཕྱི»ར«་ཟབ་མོའི་གཏེར་དུཿ ཙཱ་རི་ཊ་ཡི་དབུས་ཕྱོགསཿ མཁའ་འགྲོའི་བླ་མཚོར་»སྦོ«ས་ལཿ ང་སྤྲུལ་སྐྱེས་བུ་འ»ཕྲ«ད་ཚེཿ ནད་མུག་མཚོན་དང་མི་མིནཿ འབྱུང་པོའི་གདུག་རྩུབ་ཞི་ཞིང་ཿ ས་ཡི་བཅུད་གཡོ་འབྱུང་བཞིའ»ི«ཿ གཡོ་འཁྲུགས་སད་སེར་ཟློག་ངེསཿ དེ་ཚེ་གཏེར་རྫུན་དམ་སྲིཿ མཆེད་གཉིས་གདམས་པ་ཡིན་ཟེརཿ ཐེའུ་རང་ནོར་སྒྲུབ་འགའ་འབྱུངཿ དེའི་རྐྱེན་ཡུལ་འགར་ཆོས་འདིའ»ི«ཿ འགྲོ་དོན་ཅུང་ཟད་འགག་སྲིདཿ ང་ཡི་རྗེས་འཇུག་དམ་ལྡནཿ རི་ལ་སྒྲུབ་ཚུགས་འཛིན་དངཿ སྙིང་རྗེས་གཞན་དོན་སྤྱོད་ཀུནཿ གདམས་པ་ཉམས་སུ་ལོངས་ལཿ སྒྲུབ་པ་མཆོད་སྒྲུབ་བསྙུང་གནསཿ འགྲོ་དོན་ལས་མཐར་འབད་གལཿ དགྲ་གདོན་ཡན་པར་ཤོར་ནཿ གསང་»སྔ«གས་དམ་ཚིག་ཉམས་ཤིངཿ ཆོས་སྒྲུབ་སུན་འབྱིན་འགྱུར་བསཿ ལས་བཞི་རབ་འབྱམས་ཕྲིན་ལས༔ གང་ལ་ཐོགས་མེད་འཇུག་དངཿ ལས་ཕྲན་གནད་ལ་འབད་གལཿ ལྟ་བས་རང་སྣང་འདུལ་ཞིངཿ སྙིང་རྗེ་ཆེན་པོས་འགྲོ་བའི༔ སྡུག་བསྔལ་སྐྱོབ་པའི་ཐབས་འབོདཿ ཆོས་མིན་ལོག་ལྟ་»བདུ«ད་ཀྱིཿ དབང་གྱུ»ར«་འགྲོ་བ་འགའ་འགའཿ བླ་མར་»སྡ«ང་ཞིང་སྔགས་དངཿ གདམས་པ་འདོད་»སྲེད«་ཅན་འགསཿ ལག་ཏུ་ཤོར་ཚད་ཆུད་ཟོསཿ དད་ལྡན་ཆོས་ལ་མོས་པའིཿ སྡུག་བསྔལ་གྱིས་མནན་ཉམ་ཐགཿ འགྲོ་བ་འགའ་འགའ་ཆོས་འདིསཿ གདུལ་བྱར་གྱུར་པ་དེས་སོ༔ དེ་ཕྱི»ར«་སྙིང་ལ་འཆང་ཞིགཿ དེ་སྐད་གསུངས་ཤིང་རྫུ་འ»ཕྲུ«ལ་བཀོད་པ་མཛདཿ བདག་ཅག་ལས་ཅན་དག་པའི་འཁོར་ལྔ་ཡིཿ རྒྱན་གོས་ལོངས་སྤྱོ»ད«་ལུས་ཀྱི་མཎྜལ་ཕུལཿ ཕྱི་ནང་གསང་བའི་ཚོགས་ཀྱི་མཉེས་པར་བྱསཿ ཌཱཀྐིའི་ཚོགས་ལ་གཏོར་ཚོགས་མཆོད་པ་དངཿ རྡོ་རྗེའི་གླུ་གར་གསང་བའི་མཆོ»ད«་པས་མཆོདཿ བཀའ་སྲུང་གཏེར་བདག་བཅས་ལ་གཏོར་མས་བརྔནཿ དེ་ཚེ་མ་མོ་སྔགས་ཀྱི་སྲུང་མ་དངཿ འབར་མ་མཆེད་བདུན་བདུད་མགོན་ཡབ་ཡུམ་གཉིསཿ ལྷ་ཀླུ་དྲེགས་པ་སྡེ་བརྒྱད་ཚོགས་ཀུན་གྱིཿ རང་རྟགས་སྲོག་སྙིང་ཕུལ་ཞིང་ཐ་ཚིག་བོརཿ གདམས་ངག་སྨོན་ལམ་བཀའ་»བ«རྒྱ་གདབ་བའི་མཐརཿ བདག་ཅག་ལས་ཅན་དག་པའི་འཁོར་ལྔ་ཡིསཿ ཉམས་སུ་བླངས་པས་བདུན་ཕྲག་རེ་རེ་ནསཿ གྲུབ་རྟགས་མངོན་གྱུར་དངོས་གྲུབ་མཆོག་ཐོབ་བོཿ ཨེ་མ་ཧོཿ གཏེར་འབྱུང་ལོ་རྒྱུས་གསང་བའི་ཁ་བྱང་འདིཿ མ་འོངས་དོན་དུ་མཚོ་རྒྱལ་བདག་ཉིད་ཀྱིསཿ བརྡ་རིས་ཡི་གེར་བཏབ་ཅིང་བཀའ་རྒྱས་བཏབཿ སྐལ་ལྡན་ལས་ཅན་བུ་དང་འ»ཕྲ«ད་པར་ཤོགཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ ཞེས་པའང་རིག་འཛིན་མཐུ་སྟོབས་བདུད་འདུལ་རྩལ་གྱིས་བརྡ་རིས་ལས་ཕབ་པའི་ཡི་གེ་པ་ནི་དམ་ཚིག་ལྡན་པ་དཔལ་གྱི་སེངྒེས་བགྱིས་པའོ།།»