DKYD-KABUM-05-CA-001: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
 
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|sectionheading=No
|fulltitletib=ཡང་གསང་ཟབ་པའི་མཐར་ཐུག་པདྨ་འབྱུང་གནས་ཐུགས་ཀྱི་ཐིག་ལེ་བཞུགསཿ
|fulltitle=yang gsang zab pa'i mthar thug pad+ma 'byung gnas thugs kyi thig le
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ།
|collectiontitle=mdo mkhyen brtse bka' 'bum

|totalvolumes=8
|author=Mdo mkhyen brtse
|author=Mdo mkhyen brtse
|authortib=མདོ་མཁྱེན་བརྩེ་
|authortib=མདོ་མཁྱེན་བརྩེ་
|sourcerevealer=Mdo mkhyen brtse
|sourcerevealer=Mdo mkhyen brtse
|sourcerevealertib=མདོ་མཁྱེན་བརྩེ་
|sourcerevealertib=མདོ་མཁྱེན་བརྩེ་
|tibgenre=Sadhanas - Evocation Ritual - sgrub thabs
|terma=Yes
|terma=Yes
|cycle=zab gsang pad+ma thugs thig
|cycletib=ཟབ་གསང་པདྨ་ཐུགས་ཐིག་
|language=Tibetan
|language=Tibetan
|volumenumber=05
|volnumtib=༥
|volnumtib=༥
|volyigtib=ཅ
|volyigtib=ཅ
|pagestatus=Temporary stub only
|totalvolumes=8
|volumenumber=05
|volumeLetter=CA
|textnuminvol=001
|textnuminvol=001
|multivolumework=No
|colophontib=ཟབ་དགུའི་གདམས་པའི་མཐར་ཐུག་འདིཿ བདག་འདྲ་དགའ་རབ་དཔའ་བོ་ཡིསཿ འོད་སྣང་སྤྲུལ་པའི་བརྡ་རིས་ལསཿ ཕབ་པའི་ཡི་གེ་འདུ་བྱེད་མཁནཿ སྔགས་འཆང་རིག་པའི་ཡེ་ཤེས་སྟེཿ བྱིན་རླབས་དངོས་གྲུབ་ཆར་འབེབས་ཤོགཿ ལས་མཁན་ཆེན་མོའི་རྟག་ཏུ་སྲུངསཿ དགེའོཿ
|colophonwylie=zab dgu'i gdams pa'i mthar thug 'di: bdag 'dra dga' rab dpa' bo yis: 'od snang sprul pa'i brda ris las: phab pa'i yi ge 'du byed mkhan: sngags 'chang rig pa'i ye shes te: byin rlabs dngos grub char 'bebs shog: las mkhan chen mo'i rtag tu srungs: dge'o:
|pdflink=File:DKYD-KABUM-05-CA-001.pdf
|pdflink=File:DKYD-KABUM-05-CA-001.pdf
|volumeLetter=CA
|InitCategories=Khyentse Lineage Project; DKYD-KABUM-Volume-05-CA

}}
}}
<h1>Tibetan Text</h1>
<h1>Tibetan Text</h1>
<onlyinclude>
<onlyinclude>
{{TibP|ཡང་གསང་ཟབ་པའི་མཐར་ཐུག་པདྨ་འབྱུང་གནས་ཐུགས་ཀྱི་ཐིག་ལེ་བཞུགསཿ྅྅྅ «ན་མོ་མ་ཧཱ་གུ་རུ་ཀྲོ་ཏ་རཱ་ཛ་ཡེཿ འདུ་མ་བྱས་པའི་ཡེ་ཤེས་ལྔཿ རང་ཤར་དྲག་གཏུམ་དབྱེར་མེད་རྩལཿ ཡི་དམ་ལྷ་ལ་ཕྱག་འཚལ་ལོཿ རྡོ་རྗེ་གཏུམ་པོའི་བསྒྲུབ་པ་ནིཿ གཅིག་ཆོག་ནོར་བུའི་ལུགས་སུ་བསྟནཿ སྤྲོས་བཅས་རྩ་བའི་བསྒྲུབ་པ་དངཿ སྤྲོས་མེད་རྒྱུན་གྱི་རྣལ་འབྱོར་སྟེཿ མོས་གུས་ཅན་ལ་དངོས་གྲུབ་འབྱུངཿ ཐེ་ཚོམ་ཅན་ལ་སྐལ་བ་མེདཿ ཐོག་མར་སྔོན་འགྲོའི་རིམ་པ་ནིཿ གདུང་ཤུགས་དྲག་པོས་གསོལ་བ་འདེབསཿ» ཀྱེ་མ་ཀྱེ་ཧུད་རྒྱལ་བ་རྡོ་རྗེ་འཆངཿ དྲིན་ཆེན་བླ་མའི་ཞབས་ལ་གསོལ་བ་འདེབསཿ ཆོས་ལྡན་མི་ལུས་ཐོབ་པ་ད་རེས་ཙམཿ འདུ་བྱས་མི་རྟག་འཆི་བ་མྱུར་དུ་སླེབཿ ཚ་གྲང་དམྱལ་བ་བཀྲེས་སྐོམ་ཡི་དྭགས་དངཿ བླུན་རྨོངས་དུད་འགྲོ་འཐབ་རྩོད་ལྷ་མིན་མནརཿ ལྷ་དང་མི་ལའང་སྡུག་བསྔལ་དཔག་ཏུ་མེད ཕྱི་ཆད་སྡུག་བསྔལ་འདུ་བྱས་ཉོན་མོངས་འཕེལཿ དགེ་སྡིག་རྒྱུ་འབྲས་སྤང་བླང་གོ་ལྡོག་སྤྱོདཿ མགོན་པོ་ཁྱོད་ཀྱི་ཐུགས་རྗེའི་སྤྱན་གྱིས་གཟིགསཿ གཏན་གྱི་བདེ་བ་ཐར་པའི་ལམ་བཟང་མཆོགཿ གསང་སྔགས་ཟབ་མོའི་ལམ་འདིར་འཇུག་པ་ལཿ ལམ་སྟོན་དགེ་བའི་བཤེས་གཉེན་མཆོག་བསྟེན་ཞིངཿ རྣམ་གསུམ་དད་མོས་དྲག་པོའི་གཞི་ཚུགས་ནསཿ ཅི་གསུང་བཀའ་བསྒྲུབ་ལོག་ལྟ་རྒྱང་དུ་བསྲིངསཿ དམ་ཚིག་སྲོག་ལྟར་བསྲུང་བའི་སྙིང་སྟོབས་ཀྱིསཿ ཉིན་མཚན་དག་པའི་སྣང་བས་དུས་འདའ་ཞིངཿ ཉོན་མོངས་རང་སར་གྲོལ་བར་བྱིན་གྱིས་རློབསཿ མདུན་གྱི་ནམ་མཁར་འོད་སྣང་ཞིང་གི་དབུསཿ རིན་ཆེན་སེང་ཁྲི་པདྨ་ཉི་ཟླའི་སྟེངཿ རྩ་བའི་བླ་མ་གུ་རུ་ཉི་མའི་འོདཿ སྐུ་མདོག་སེར་གསལ་ཞི་མ་ཁྲོ་ཡི་ཉམསཿ ཐོར་ཚུགས་སྟག་ཤམ་རུས་རྒྱན་རོལ་སྟབས་བཞུགས༔ ཕྱག་གཡས་རྩེ་གསུམ་གཡོན་པས་འོད་སྟོང་འགྱེདཿ འཁོར་འདས་དབང་སྡུད་བདག་ལ་ལྷག་པར་ཆགསཿ རྩ་གསུམ་རྒྱལ་བ་ཀུན་འདུས་ངོ་བོར་བཞུགསཿ ན་མོཿ བདག་གི་སྒོ་གསུམ་གུས་པ་ཆེན་པོ་ཡིཿ ཞིང་གི་རྡུལ་སྙེད་ལུས་སྤྲུལ་ཕྱག་འཚལ་ལོཿ ཁྱོད་ལས་རེ་ས་གཞན་ན་མ་མཆིས་པསཿ རྣམ་གསུམ་དད་པས་སྙིང་ནས་སྐྱབས་སུ་མཆིཿ ཡིད་སྤྲུལ་དངོས་འབྱོར་ཞིང་ཁམས་རབ་འབྱམས་ཀྱིསཿ ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་རྟག་ཏུ་མཆོདཿ བདག་སོགས་སེམས་ཅན་ལས་ཉོན་འཁྲུལ་དབང་གིསཿ སྡིག་ལྟུང་དམ་ཚིག་ཉམས་པ་མཐོལ་ལོ་བཤགསཿ འགྲོ་ལ་བརྩེ་བའི་ཐུགས་རྗེའི་ཤུགས་དྲག་པོསཿ རླབས་ཆེན་ཕྲིན་ལས་མཛད་ལ་རྗེས་ཡི་རངསཿ འཁོར་བའི་རྒྱ་མཚོ་དོང་ནས་མ་སྤྲུག་པརཿ གསང་ཆེན་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལཿ བདག་ཀྱང་འགྲོ་ཀུན་སངས་རྒྱས་མ་ཐོབ་པརཿ བྱང་ཆུབ་སྤྱོད་པ་རླབས་ཆེན་སེམས་མཆོག་བསྐྱེདཿ སེམས་ཅན་ལོག་སྒྲུབ་སྐྱོ་ངལ་ཀུན་བཟོད་ནསཿ གཅིག་གི་དོན་དུ་ལུས་ཀྱང་སྲོག་གཏོང་ཞིངཿ བྱང་སེམས་གསང་སྔགས་སྦྱོར་སྒྲོལ་ལྟ་བ་དངཿ བླ་མ་ཡི་དམ་དབྱེར་མེད་ཡོངས་མི་སྤོངསཿ ཁྱེད་ཀྱི་ཐུགས་དམ་ཞལ་བཞེས་དགོངས་མཛོད་ལཿ བདག་ལ་ཐུགས་བརྩེའི་བཞུགས་པར་གསོལ་བ་འདེབསཿ ཟག་བཅས་ཟག་མེད་དུས་གསུམ་དགེ་ཚོགས་ཀུནཿ སྡུག་བསྔལ་ཉམ་ཐག་སེམས་ཅན་དོན་དུ་བསྔོཿ ཀྱེཿ ཁྱེད་ནི་བླ་མ་ཡི་དམ་ཀུན་འདུས་དངོསཿ མཁའ་འགྲོའི་སྤྲུལ་གཞི་ཆོས་སྐྱོང་རྗེ་བོ་སྟེཿ རྒྱལ་བ་སྲས་བཅས་སྐུ་གསུམ་ཞིང་ཁམས་ཀུནཿ རྡོ་རྗེ་སློབ་དཔོན་སྐུ་ཡི་བཀོད་པ་རྫོགསཿ ཕུར་ཚུགས་གདུང་བའི་མོས་གུས་ལྷང་ལྷང་གིསཿ གཅིག་ཆོག་ནོར་བུའི་ལུགས་སུ་གསོལ་བ་འདེབསཿ སྒོ་གསུམ་ལྟོས་པ་མེད་པར་ཕུལ་བ་ཡིསཿ བརྩེ་ཆེན་ཐུགས་རྗེའི་འོད་ཟེར་རབ་གཡོ་ནསཿ སྒོ་གསུམ་ཉོན་མོངས་ཤེས་བྱའི་སྒྲིབ་པ་དགཿ དབང་བཞི་རྫོགས་ཤིང་སྐུ་བཞིའི་ས་བོན་ཐེབསཿ རིག་འཛིན་བཞིར་སྨིན་ཐུགས་ཡིད་གཅིག་ཏུ་འདྲེསཿ མཐའ་བྲལ་སྟོང་ཉིད་བདེ་བའི་ཡེ་ཤེས་ངངཿ ཨོཾ་ཨཱཿཧཱུྃ་སྭཱ་ཧཱཿ «བཟླ་ཞིང་ཐུགས་ཡིད་བསྲེས་ལ་མཉམ་པར་བཞགཿ ཉོན་མོངས་མེ་འཇོམས་སྙིང་རྗེའི་ཆུ་རྒྱུན་རྒྱསཿ མོས་གུས་གདེངས་ཚུགས་སྡུག་བསྔལ་དབྱིངས་སུ་དགཿ ལྟ་བསྒོམ་སྤྱོད་པའི་བོག་འདོན་བླ་ན་མེདཿ བདེ་སྟོང་ཡེ་ཤེས་གསལ་བའི་ཉི་མ་འཆརཿ »ཚོགས་ཞིང་དགྱེས་པའི་འོད་ཞུས་རང་དང་འདྲེསཿ མ་བཅོས་སྤྲོས་བྲལ་འདུ་མ་བྱས་པའི་ངངཿ དུ་མ་རོ་གཅིག་ཆེན་པོའི་ངང་དུ་བཞགཿ «རིག་འཛིན་མཆོག་སྒྲུབ་སྔོན་འགྲོའི་རིམ་པ་སྟེཿ ཡེ་ཤེས་ཌཱཀྐིའི་ཐུགས་ཀྱི་ཀློང་ལས་བྱུངཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ གཉིས་པ་དངོས་གཞིའི་ཉམས་ལེན་རིམ་པ་ལཿ བསྐྱེད་རིམ་ཡི་དམ་ལྷ་ཡི་རྣམ་འབྱོར་རོཿ» ཧཱུྃཿ ཆོས་ཉིད་སྟོང་པའི་རང་མདངས་ལསཿ སྙིང་རྗེ་ཆེན་པོ་ཀུན་ལ་ཁྱབཿ བསྐལ་པའི་མེ་ལྟར་འབར་བའི་ཀློངཿ གནམ་ལྕགས་རྡོ་རྗེ་རྩེ་དགུ་པཿ སྲ་བརྟན་གཟི་བརྗིད་འབར་བ་ལསཿ རྡོ་རྗེ་མེ་ཡི་ཚྭ་ཚྭ་འཕྲོསཿ ཚངས་པའི་འཇིག་རྟེན་མན་ཆད་དངཿ ན་རག་དམྱལ་ཁམས་ཡན་ཆོད་ཀྱིཿ ཁམས་གསུམ་སྣོད་བཅུད་བག་ཆགས་སྒྲིབཿ ཉོན་མོངས་དགྲ་གདོན་གཟུང་འཛིན་བསྲེགསཿ ཆོས་ཉིད་སྟོང་པའི་རང་མདངས་ལསཿ སྙིང་རྗེ་ཆེན་པོ་ཀུན་ལ་ཁྱབཿ གནམ་ལྕགས་འོད་ཞུ་ཡི་གེ་ཧཱུྃཿ ཉི་ཟླའི་གའུའི་དབུས་སུ་ཤརཿ རྒྱལ་བ་མཆོད་ཅིང་འགྲོ་སྒྲིབ་སྦྱངཿ བྱིན་རླབས་ནུས་སྟོབས་བཅུད་དུ་འདྲིལཿ འོད་ཞུ་གསེར་རྡོར་རྩེ་ལྔ་བཿ ཐུགས་སྲོག་མཐིང་གའི་མཚན་པར་སྒོམཿ དེ་ལས་ཟེར་ལྔ་འཕྲོས་པ་ཡིསཿ སྟེང་འོག་ཕྱོགས་མཚམས་རྡོ་རྗེའི་གུརཿ དབུས་སུ་ཕ་ལམ་ལས་གྲུབ་པའིཿ གནམ་ལྕགས་རྡོ་རྗེ་རྩེ་དགུ་བཿ སྦུབས་སྟོང་ཁྱོན་ཡངས་ཆོས་བདུན་ལྡནཿ སྟེང་འོག་མཚོན་ཆའི་ཚྭ་ཚྭ་འཕྲོསཿ ཕྱོགས་མཚམས་མཚོན་ཆའི་བུ་ཡུག་འཚུབསཿ འོག་ཕྱོགས་རྡོ་རྗེའི་ཐོག་སེར་འབེབསཿ དེའི་ཕྱིར་སྤུ་གྲི་རེག་གཅོད་རླུང་ཿ དུས་མཐའི་མེ་ཆེན་འབར་བས་བསྲེགསཿ ནང་ཁོངས་ཁྲོ་བོ་ཁྲོ་མོས་གཏམསཿ ཡེ་ཤེས་ལྔ་ལྡན་འཇའ་གུར་དབུསཿ ཉི་ཟླ་པདྨའི་གདན་གྱི་འོགཿ མུ་སྟེགས་ཕོ་མོ་བསྣོལ་བའི་ཁརཿ རྡོ་རྗེ་རྒྱུ་ཡི་ཧེ་རུ་ཀཿ ཡོངས་གྱུར་དྲག་པོ་འཆོལ་བའི་ལྷཿ ཁྲོ་རྒྱལ་སེང་གེ་སྒྲ་སྒྲོག་དཔལཿ སྐུ་མདོག་མཐིང་ནག་འོད་དུ་འབརཿ ཞབས་ཟུང་གྱད་ཀྱི་དོར་སྟབས་བགྲདཿ ཕྱག་གཉིས་གཡས་པས་སྡིགས་མཛུབ་བཅསཿ གནམ་ལྕགས་རལ་གྲི་མེ་འབར་ཕྱརཿ སོར་རྩེ་བྱ་ཁྱུང་དམར་ནག་འགྱེདཿ གཡོན་པས་ཁྲོ་ལྕགས་ཕུར་པ་གདེངསཿ སོར་རྩེར་གནམ་ལྕགས་ཐོག་སེར་འཕྲོཿ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགསཿ ང་རོ་སྒྲ་ཡིས་སྲིད་གསུམ་བརྒྱལཿ ཁྲོ་གཉེར་ཆུ་ཡི་རླབས་བཞིན་འཁྲུགས༔ སྤྱན་གསུམ་སྡང་མིག་དམར་ཟླུམ་འཁྲུགསཿ ཨག་ཙོམ་སྨ་ར་རྫི་སྨིན་སེརཿ སེང་གེ་གཡུ་ཡི་རལ་པ་ཅནཿ སྐུ་ཆེ་ཡན་ལག་རགས་པ་ལཿ རུས་རྒྱན་རྡོ་རྗེ་གོ་ཁྲབ་དངཿ དུར་ཁྲོད་རོལ་པའི་ཆས་རྣམས་གསོལཿ ཡེ་ཤེས་མེ་དཔུང་འབར་བའི་ཀློངཿ བདེ་ཆེན་ཡུམ་དང་འདུ་འབྲལ་མེདཿ གཏུམ་རྔམས་གཟི་བརྗིད་འབར་བར་གསལཿ སྐུ་གསུམ་ཞིང་ཁམས་སྐུ་ལ་རྫོགསཿ དཔྲལ་བའི་གནས་ནས་གཤིན་རྗེ་གཤེདཿ མགྲིན་པ་ལས་ནི་ཧྱ་གྷྲྀཿ ཐུགས་ལས་སྤྲུལ་པ་གསང་བའི་བདགཿ ལྟེ་བར་ཁྲག་འཐུང་ཧེ་རུ་ཀཿ གསང་གནས་རྡོ་རྗེ་གཞོན་ནུས་སྲསཿ ནུ་མ་སེང་ཧ་དམར་ནག་དངཿ དཔུང་པར་སེང་གེ་བརླ་གཉིས་སྟགཿ སྟ་ཟུར་སྦྲུལ་ནག་ལྕེ་སྤྱང་གཉིསཿ སྐུ་ཡི་བ་སྤུའི་བུ་ག་ཀུནཿ རང་འདྲའི་ཁྲོ་ཆུང་སྐར་ལྟར་འཁྲུགསཿ སྤྲུལ་པ་ཡང་སྤྲུལ་དཔག་མེད་འགྱེདཿ རྒྱལ་བ་གཅིག་གི་ཆོ་འཕྲུལ་ལཿ དུ་མར་སྣང་ཡང་ངོ་བོ་གཅིགཿ ཐམས་ཅད་དཔལ་ཆེན་སྐུ་ལ་རྫོགསཿ ཕུང་ཁམས་གཤེགས་པ་གཤེགས་མ་ལྔཿ གནས་ལྔར་བཞུགས་ཅིང་སྦྱོར་བ་མཛདཿ བྱང་སེམས་བདུད་རྩིའི་དབང་བསྐུར་ཞིངཿ སྐུ་ལྔ་ཡེ་ཤེས་ལྔ་ཡི་དངོསཿ ལོངས་སྤྱོད་རྫོགས་སྐུར་མྱ་ངན་འདའཿ གསལ་སྟོང་འཛིན་མེད་སྤྲོས་བྲལ་ངངཿ ཨོཾ་ཨཱཿཧཱུྃ་སྭཱ་ཧཱཿ སླར་ཡང་ཡིག་འབྲུ་ལྔ་ཡི་རྣམ་པར་གནསཿ ལྷར་སྣང་ཕྱག་རྒྱ་ཆེན་པོར་ལམ་གྱིས་གསལཿ ཧཱུྃཿ འོག་མིན་ཆོས་དབྱིངས་དབུས་མཐའ་བྲལ་བ་ནསཿ ཆོས་ཀྱི་སྐུ་ལས་ལོངས་སྤྱོད་རྫོགས་པའི་གརཿ ཐུགས་རྗེ་སྤྲུལ་པའི་རྣམ་རོལ་མཐའ་ཡས་པཿ ཁྲག་འཐུང་ཁྲོ་བོ་རོལ་པའི་ལྷ་ཚོགས་རྣམསཿ རྔམས་པའི་སྟབས་ཀྱིས་གནས་འདིར་གཤེགས་སུ་གསོལཿ ངོ་མཚར་རྟགས་དང་མཚན་མ་སྟོན་པ་དངཿ རྡོ་རྗེ་དྲག་རྩལ་འབྲས་བུ་མཆིས་པར་མཛོདཿ ཨེ་ཧྱ་ཧེ་མ་ཧཱ་ཀ་རུ་ཎི་ཀ་ཨ་ཝེ་ཤ་ཡ་ཛཿ སྦྱོར་སྒྲོལ་གསང་བའི་དཀྱིལ་འཁོར་ཆེན་པོ་འདིརཿ དམ་ཡེ་དབྱེར་མེད་ཆུ་ལ་ཆུ་ཐིམ་ལྟརཿ ཡེ་ནས་འདུ་འབྲལ་མེད་ཕྱིར་རོ་གཅིག་འདྲེསཿ ཁམས་གསུམ་ལྷ་ཀླུ་གནོད་སྦྱིན་རིགས་དྲུག་འགྲོཿ སྐྱེ་གནས་བཞི་ཡིས་བསྡུས་པའི་སེམས་ཅན་གྱིཿ གཟུང་འཛིན་ཆགས་དང་བྲལ་བའི་བརྡ་ཕྱག་འཚལཿ ཛྙཱ་ན་ས་མ་ཡ་སྟྭོམཿ ན་མོ་ན་མ་ཧོཿ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ བདེ་བའི་བདག་ཉིད་རྡོ་རྗེ་རྣལ་འབྱོར་མའིཿ ཐུགས་ལས་མཆོད་པའི་ལྷ་མོ་དཔག་མེད་སྤྲོསཿ གཟུགས་ཀྱི་ལྷ་མོ་དཀར་མོའི་མེ་ཏོག་འཛིནཿ ཁྲག་འཐུང་ཁྲོ་རྒྱལ་ལྷ་ཚོགས་སྤྱན་ལ་འབུལཿ སྒྲ་ཡི་ལྷ་མོ་སེར་མོས་ཅིང་དྲིལ་འཁྲོལཿ བླ་མ་དྲག་པོའི་ལྷ་ཚོགས་སྙན་ལ་འབུལཿ དྲི་ཡི་ལྷ་མོ་དམར་མོས་སྤོས་ཕོར་ཐོགསཿ ཡི་དམ་རྒྱལ་བའི་ལྷ་ཚོགས་ཤངས་ལ་འབུལཿ རོ་ཡི་ལྷ་མོ་ལྗང་ཀུས་ཞལ་ཟས་ཐོགཿ ཌཱཀྐིའི་རྗེ་བོའི་ལྷ་ཚོགས་ལྗགས་ལ་འབུལཿ རེག་བྱའི་ལྷ་མོ་སྔོན་མོས་གཡང་གཞི་ཐོགསཿ ཆོས་སྐྱོང་སྲོག་བདག་ལྷ་ཚོགས་སྐུ་ལ་འབུལཿ མ་ཧཱ་སརྦ་པཱུ་ཙ་ཧོཿ ཁྲོ་མོ་དཀར་མོ་ཁམས་གསུམ་བཅུད་འདྲེན་མསཿ རྩ་བརྒྱད་ཡན་ལག་སྟོང་སྦྱར་བདུད་རྩི་འབུལཿ ཁྲོ་མོ་སྔོན་མོ་སྲིད་གསུམ་ཟ་བྱེད་མསཿ ཤ་རུས་འབྱུང་ལྔའི་དངས་བཅུད་གཏོར་མ་འབུལཿ ཁྲོ་མོ་དམར་མོ་སྐྱེ་འགྲོའི་སྲོག་འཕྲོག་མསཿ རྒྱུ་གཉིས་རྐྱེན་བཞི་སྦྱར་བའི་རཀྟ་འབུལཿ སརྦ་པཉྩ་ཨ་མྲྀ་ཏ་མ་ཧཱ་བཱ་ལིང་ཏ་རཀྟ་ཁ་རམ་ཁ་ཧིཿ བདེ་བའི་འབྱུང་གནས་ཆགས་པའི་ཟུར་མིག་གཡོཿ བཅུ་དྲུག་དགའ་བའི་འབྱུང་གནས་མཛའ་ན་མོསཿ བསྐུལ་བའི་འདོད་པ་གཡོ་ཞིང་སྦྱོར་བ་ཡིསཿ བདེ་བ་ཆེན་པོ་དཀར་དམར་ཁམས་ཀྱིས་མཆོདཿ ཞིང་བཅུ་ཉམས་པ་བདུན་སོགས་དགྲ་གདོན་བགེགསཿ ཐུགས་རྗེའི་ཤུགས་དྲག་མཚོན་ཆ་དབལ་རྣོན་པོསཿ སྲོག་དབུགས་ཕྲལ་ཞིང་རྣམ་ཤེས་དབྱིངས་སུ་སྤརཿ དུག་གསུམ་ཤ་ཁྲག་རུས་པས་བསྒྲལ་མཆོད་འབུལཿ ཏ་ན་ག་ཎ་པཱུ་ཙ་ཧོཿ བདེ་ཆེན་ཡུམ་དང་རྣམ་རོལ་བསཿ དགའ་བ་བཞི་ལ་ཡང་དག་གནསཿ སྟོང་ཆེན་སྨྲ་བསམ་བརྗོད་དུ་མེདཿ ཆོས་ཀྱི་ཕྱག་རྒྱ་ཆེན་པོས་མཆོདཿ མ་ཧཱ་མུ་ཏྲ་ཨ་ལ་ལ་ཨེ་མ་ཧོཿ ཀྱེཿ ལྷ་ཡི་ལྷ་མཆོག་རྩ་གསུམ་ཀུན་འདུས་དཔལཿ ཞིང་ཁམས་རབ་འབྱམས་སྐུ་ཡི་བཀོད་པར་རྫོགསཿ ངར་སྐད་སྲིད་གསུམ་གཡོ་བ་དྲག་པོའི་གསུངཿ སྙིང་རྗེ་ཁྲོས་པའི་ཐུགས་ནི་གཏུམ་རྔམས་འབརཿ རྣམ་འགྱུར་མ་ངེས་སྤྲུལ་པ་སྣ་ཚོགས་སྟོནཿ ཞི་ཆགས་ཁྲོ་བོའི་རྣམ་འགྱུར་ཕོ་ཉར་འགྱེདཿ ཕྲིན་ལས་རྣམ་བཞིའི་འགྲོ་བའི་དོན་མཛད་པའིཿ དཔལ་ཆེན་ཡི་དམ་ལྷ་ལ་བདག་བསྟོད་དོཿ བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་དུཿ མེ་ཏོག་བཀོད་པ་ཞེས་བྱའི་ཞིང་ཁམས་ནསཿ དྲི་མ་མེད་པའི་དྲུང་དུ་སྨོན་ལམ་འབྲེལཿ འོག་མིན་གསང་ཆེན་རོལ་པར་མངོན་སངས་རྒྱསཿ ཚེ་རབས་འཁོར་བ་གང་དང་གར་སྐྱེས་ཀྱངཿ བླ་མ་ཡི་དམ་ཁྱོད་ཀྱི་རྗེས་བཟུང་ཞིངཿ ལོག་པའི་ལམ་དུ་མི་གཏང་ཁྱོད་ཀྱི་དྲིནཿ བདག་ནི་མ་རིག་རྨོངས་པའི་དབང་གྱུར་ཏེཿ ཁྱེད་ལ་ལོག་ལྟ་སྒྲོ་བསྐུར་དམ་ཉམས་ཤོརཿ སྐུ་གསུང་ཐུགས་དང་འགལ་བར་བགྱིས་པ་ཀུནཿ གནོང་ངོ་འགྱོད་དོ་མཐོལ་བཤགས་བཟོད་པར་གསོལཿ ད་ནི་ཆོས་སྐུའི་རྒྱལ་ས་མ་ཟིན་པརཿ སློབ་དཔོན་ཡི་དམ་མཆོག་ཉིད་མི་གཏོང་ཞིངཿ དམ་ཚིག་སྲོག་ལ་ཐུགས་ཀྱང་མི་འདའ་བསཿ ཁྱེད་ཀྱི་ཐུགས་རྗེའི་རྟག་ཏུ་བདག་སྐྱོང་ཤིགཿ ཧཱུྃཿ ཆོས་དབྱིངས་དོན་གྱི་འོག་མིན་ཆེན་པོ་ནསཿ ཀུན་བཟང་ཡབ་ཡུམ་ཉིད་ལས་མི་ཞན་འཁོརཿ འོག་མིན་གསང་ཆེན་གཏུམ་དྲག་རོལ་པའི་ཞིང་ཿ སྟོན་པ་གཞོན་ནུ་སྟོབས་ལྡན་ཧེ་རུ་ཀཿ ཤེས་རབ་ཡུམ་མཆོག་གནམ་ཞལ་དབྱིངས་ཕྱུག་མཿ སྤྲུལ་པའི་འཁོར་ཚོགས་ཞི་ཆགས་ཁྲོ་བོའི་གརཿ ཡེ་ཤེས་ལྔ་ལྡན་ཐུགས་རྗེའི་ཤུགས་ཕྱུང་ལཿ དག་པ་རབ་འབྱམས་ཆེན་པོར་བྱིན་ཕོབ་ཅིགཿ སྐུ་མཆོག་བཻཌཱུར་ཞུན་མའི་ལྷུན་པོ་ལཿ ཉི་མ་འབུམ་གྱིས་མཚན་དཔེ་གཟི་འོད་འབརཿ འོད་ལུས་ཡེ་ཤེས་སྙིང་པོ་སྲ་བརྟན་དཔའཿ རྡོ་རྗེའི་ཆོས་བདུན་ངོ་བོར་བྱིན་ཕོབ་ཅིགཿ གསུང་མཆོག་མ་འགགས་སེང་གེའི་ང་རོ་སྐདཿ སྟོང་ཉིད་ཆོས་ཀྱི་སྒྲ་དབྱངས་ཕྱོགས་བཅུར་གཡོཿ སྲིད་གསུམ་བརྒྱལ་ཞིང་ཞིང་ཁམས་དབང་སྡུད་པསཿ རྡོ་རྗེ་བརྡ་སྐད་དྲག་པོར་བྱིན་ཕོབ་ཅིགཿ ཐུགས་མཆོག་མི་ཤིག་ཐིག་ལེའི་གཞལ་ཡས་སུཿ དྭངས་མ་ལྔ་ལྡན་ལོངས་སྤྱོད་རྫོགས་པའི་སྐུཿ ཁ་སྦྱོར་ཡན་ལག་བདུན་ལྡན་ངོ་བོ་ཉིདཿ དྲག་གཏུམ་ཁྲོ་བོ་འཆོལ་བར་བྱིན་ཕོབ་ཅིགཿ ཡོན་ཏན་སྤྲུལ་པའི་ཁྲོ་བོ་ཁྲོ་མོ་འགྱེདཿ དྲག་པོའི་རྒྱན་དང་ཆ་ལུགས་ཡོངས་སུ་རྫོགསཿ རྡོ་རྗེ་གུར་ཁང་མཚོན་ཆ་མེ་རླུང་འཁྲུགསཿ དམ་བཅའ་བཞི་ལྡན་ངོ་བོར་བྱིན་ཕོབ་ཅིགཿ ཕྲིན་ལས་ཁྲོ་ཚོགས་འཇའ་ཟེར་གཞལ་ཡས་ནསཿ འཇིག་རྟེན་མ་མོ་མཁའ་འགྲོའི་སྲོག་སྙིང་འགསཿ དམ་ཉམས་དགྲ་གདོན་འབྱུང་པོའི་དམྱལ་ཐག་གཅོདཿ སྒྲོལ་བ་སྙིང་རྗེ་ཆེན་པོར་བྱིན་ཕོབ་ཅིགཿ བྱིན་ཆེན་བྱིན་ཕོབ་རྒྱལ་བ་རྒྱ་མཚོའི་ཚོགསཿ དབང་ཆེན་དབང་བསྐུར་ཡི་དམ་ལྷག་པའི་ལྷཿ དངོས་གྲུབ་མཆོག་སྩོལ་རྩ་གསུམ་ལྷ་ཚོགས་རྣམསཿ ཁྲག་འཐུང་ཁྲོ་བོ་རོལ་པར་བྱིན་ཕོབ་ཅིགཿ ཨོཾ་གུ་རུ་དྷེ་ཝ་ཌཱཀྐི་ནི་དྷརྨ་སཾ་བྷོ་ཧེ་རུ་ཀ་ཛྙཱ་ན་སརྦ་ས་མ་ཡ་ཨ་ཝེ་ཤ་ཡ་ཕཻམཿཕཻམཿ «ནུས་མཐུ་སྔགས་ཀྱི་བཟླས་པའི་རྣལ་འབྱོར་ནིཿ དང་པོ་རྩ་བའི་བསྙེན་པ་བཟླ་བ་ལཿ »སྙིང་དབུས་ཉི་མ་ཟླ་བའི་སྟེངཿ ཡེ་ཤེས་སེམས་དཔའ་ཀུན་ཏུ་བཟངཿ མཐིང་གསལ་སྐྱིལ་ཀྲུང་མཉམ་བཞག་ཅནཿ རང་འོད་ཡུམ་འཁྲིལ་ཐུགས་ཀ་རུཿ གསེར་རྡོར་རྩེ་ལྔའི་ལྟེ་བ་ལཿ འོད་ལྔའི་ཁོང་སེང་ཐུགས་སྲོག་ཧཱུྃཿ བཀྲག་མདངས་གཟི་འོད་འབར་བར་གསལཿ ཞལ་ནས་དྲག་པོའི་སྔགས་ཀྱི་སྒྲཿ འབྲུག་སྟོང་དུས་གཅིག་ལྡིར་བཞིན་སྒྲོགསཿ སྐུ་ལས་འཕྲོས་པའི་འོད་ཟེར་གྱིསཿ ཁམས་གསུམ་རྣམ་དག་ཞིང་དུ་སྦྱངཿ ཨོཾ་བཛྲ་ཀྲོ་ཏ་སང་ཧ་གཎྜེ་དྷརྨཱ་དྷ་རྟུ་ཨཱཿཧཱུྃཿ «བསྐྱེད་རིམ་ལྷ་ལ་གསལ་སྣང་ཐོནཿ སྙིང་པོ་སྔགས་འདི་འབུམ་ལྔ་བཟླཿ ཐུགས་སྲོག་ཧཱུྃ་ལ་སེམས་བཟུང་བཞགཿ ཞལ་མཐོང་ལུང་སྟོན་དངོས་གྲུབ་སྟེརཿ མཐུ་སྟོབས་ནུས་མཐུ་རྫུ་འཕྲུལ་ཐོབཿ སྣང་བ་སྒྱུ་མ་རྟོགས་པར་ངེསཿ གཉིས་པ་བསྒྲུབ་པའི་དངོས་གཞི་ནིཿ» ཀུན་བཟང་ཐུགས་ཀར་གསེར་རྡོར་དངཿ ལྟེ་བར་འོད་ལྔ་ཟླུམ་འཁྱིལ་དབུསཿ སྲོག་གི་སྙིང་པོ་འོད་ཟེར་གྱིསཿ ལྷར་སྣང་སྤྲུལ་པར་བཅས་པ་ཡིཿ གསལ་བརྟན་བཀྲག་མདངས་གཟི་བརྗིད་འབརཿ ཡེ་ནས་དག་པ་སྐུ་གསུམ་དངོསཿ འཁོར་འདས་སྤྱི་དཔལ་ཆེན་པོར་བལྟཿ ཡང་དག་ཉིད་དུ་མངོན་སངས་རྒྱཿ ཧཱུྃཿ «སྙིང་ཀར་སེམས་བཟུང་མ་བཅོས་ངངཿ གསང་སྔགས་རྒྱུན་གྱི་སྙིང་པོ་མཆོགཿ ཐུགས་ཀྱི་བསྒྲུབ་པ་འདི་ལ་འབདཿ ཡང་སྙིང་འབྲུ་གཅིག་འབུམ་གཅིག་བཟླཿ ཡེ་ནས་རང་གྲོལ་གཉུག་མའི་གཤིསཿ སྤྲོས་བྲལ་མ་བཅོས་ངང་དུ་བཞགཿ རྟོག་ཚོགས་བདག་མེད་བདེ་བ་ཆེཿ ཀུན་བཟང་ཡུམ་གྱི་མཁའ་ཀློང་འདྲེསཿ འདི་ཡི་ཡོན་ཏན་བརྗོད་མི་ལོངསཿ ཉམས་སུ་བླང་ན་གསལ་བར་ངེསཿ གསུམ་པ་རྫོགས་རིམ་ཟབ་མོ་ནིཿ བར་རླུང་བུམ་ཅན་དང་སྒྲག་ཏེཿ ལྟེ་འོག་ཧཱུྃ་དམར་མེའི་རང་བཞིནཿ ཉི་མ་བྱེ་བའི་དྲོད་ལྡན་པསཿ འོད་ཀྱིས་སྨད་ཁྱབ་ཐུགས་སྲོག་བསྐུལཿ རང་འོད་ལུས་ཀྱི་སྟོད་ཁྱབ་ཅིངཿ དུང་ཁང་ཧཱུྃ་ཡིག་ཟླ་བའི་མདོགཿ བསྐུལ་ཞིང་དངུལ་ཞུན་བདུད་རྩི་བབཿ ལུས་ནང་རྩ་གནས་ཀུན་ཏུ་ཁྱབཿ ལྷ་ཚོགས་ཀུན་མཆོད་མཉེས་ཤིང་ཚིམཿ ཧཱུྃ་དམར་ལ་ཕོག་བདེ་དྲོད་འབརཿ དགའ་བཞིའི་ཡེ་ཤེས་ངང་དུ་བཞགཿ སླར་ཡང་དཀར་དམར་འདྲེས་པས་བཅུདཿ བདེ་དྲོད་འབར་བའི་ཤུགས་ཀྱིས་རྒྱསཿ གྱེན་དུ་འཕྱུར་ཞིང་རྩ་གནས་ཁྱབཿ སྤྱི་བོར་སླེབས་ཤིང་ཧཱུྃ་དཀར་ལཿ ཐིམ་པའི་རྡོ་རྗེའི་དབའ་རླབས་ཀྱིསཿ ལྷན་སྐྱེས་ཡེ་ཤེས་ཆེན་པོར་མཐོངཿ བསམ་གྱིས་མི་ཁྱབ་འདུས་མ་བྱསཿ་ཅི་ཡང་མ་གྲུབ་སྟོང་པ་ཆེཿ གསལ་གདངས་འགགས་མེད་བདེ་བའི་དབྱིངསཿ བརྗོད་མེད་འཁྲུལ་བའི་རྣམ་རྟོག་འགགསཿ བློ་འདས་ཀ་དག་ཆེན་པོའི་ངངཿ ཀུན་བཟང་དགོངས་པ་དེ་ཁོ་ནཿ དེ་ནས་ཐུགས་སྲོག་ཧཱུྃ་མཐིང་ལཿ སེམས་བཟུང་ཡིད་ཀྱི་བཟླས་པ་བྱཿ བར་རླུང་བུམ་པ་ཅན་དང་བསྒྲགཿ འོད་ལྔའི་ཐིག་ལེ་ཟེར་བྱུང་བའིཿ ལུས་ཀྱི་ནང་ཁོངས་ཀུན་ཁྱབ་ཅིངཿ ཕྱི་སྣོད་སྟོང་གསུམ་འཇིག་རྟེན་ཀུནཿ འོད་ལྔའི་རྣམ་པར་མེར་མེར་ཞུཿ ཁྲོ་རྒྱལ་ཆེན་པོའི་ཞལ་ནས་དྲངསཿ ནང་འོད་དང་འདྲེས་བཀྲག་མདངས་འབརཿ ལྷག་མ་མེད་པར་ཟོས་པའི་མཐརཿ དངས་མའི་ཐིག་ལེར་རོ་གཅིག་འདྲེསཿ དེ་ཡང་ཐུགས་སྲོག་ལ་ཐིམ་ཞིངཿ ཧད་ཀྱི་བརྒྱལ་ལྟའི་སྣང་བ་ལཿ བཅིང་གྲོལ་མེད་པའི་ཟང་ཁ་མཿ གཟུང་འཛིན་འཆིང་བ་ཀུན་ཟད་ཅིངཿ བློ་བྲལ་ཆོས་ཟད་ཆེན་པོར་འཆརཿ ལུས་སེམས་ཁོངས་ལྷོད་ཅི་བདེར་བཞགཿ བདེ་ཆེན་མཆོག་ཐོབ་སྡུག་བསྔལ་བྲལཿ སྔར་བའི་རྗེས་འཛིན་ཀུན་ཡིད་བདེཿ འདུ་བ་སྙོམས་དག་འོད་ལུས་འཆརཿ སྤྱན་དང་མངོན་ཤེས་རྫུ་འཕྲུལ་ཐོབཿ ཟག་པ་བག་ཆགས་ཡོངས་ཟད་ཅིངཿ དག་པའི་སྣང་བ་རྒྱུན་ཆད་མེདཿ ཚད་རྟགས་ཡོན་ཏན་ཀུན་ཐོབ་བོཿ མན་ངག་བླ་མའི་ཞལ་ལ་ལྟོསཿ སྙན་རྒྱུད་ཡི་གེ་མེད་པའི་སྐོརཿ ཟབ་པའི་མཐར་ཐུག་རྫོགས་རིམ་གནདཿ དགའ་རབ་དཔའ་བོའི་ཐུགས་ཀྱི་བཅུདཿ རང་གིས་ཉམས་བླང་རིག་འཛིན་འགྲུབཿ མན་དྷ་ར་བ་ཉིད་ལ་གནངཿ མ་འོངས་སྤྲུལ་པ་ཉིད་ལ་གཏོདཿ དེའི་ཀྱང་གཅིག་ལས་སྤེལ་བས་ནསཿ ང་ཡིས་བཀའ་ཆད་འབྱུང་ཏ་རེཿ སྙིང་ལས་ཕངས་སོ་ས་མ་ཡཱཿ རྒྱཿ» «དམ་ཚིག་ལུས་གསོ་བརྙེས་པ་སྤངསཿ ཤུ་ཏྲ་བསྙེན་བཀུར་ཐེ་ཚོམ་སྤངསཿ ཉིན་གཉིད་མཚན་རྒྱུག་དྲི་ངན་ཟསཿ རླུང་འགགས་ལས་ཀུན་སྤང་བར་བྱཿ བརྡ་དོན་རྟགས་ཀྱི་དབང་ཐོབ་ནསཿ བླ་མའི་ཐུགས་དགོངས་ཡོས་བ་རྫོགས་ཤིང་ཿ བསྐྱེད་རྫོགས་རྣམ་གཉིས་ཉམས་སུ་ལོངསཿ ངོ་སྤྲད་གཟེར་གྱིས་ཐེབས་པ་ནཿ ཟླ་དྲུག་བསྒོམ་པས་འབྲས་བུ་ཐོབཿ སྲོག་ལས་འཕང་བའི་གདམས་པའོཿ ཨཐིཿ གསུམ་པ་ལས་ལ་སྦྱོར་བ་ནིཿ »ཁྲག་འཐུང་སེང་གེའི་ང་རོ་ཡིཿ རྫུ་འཕྲུལ་ཐུགས་རྗེའི་རྩལ་ཤུགས་ཀྱིསཿ མཁའ་འགྲོ་མ་ཚོགས་ཀུན་བཀུག་ནསཿ སྲོག་སྙིང་ཕུལ་ཞིང་དམ་བཅས་ནསཿ བཀའ་ཉན་གསུང་སྡོད་ཕྲིན་ལས་སྒྲུབཿ འཇིག་རྟེན་མ་མོ་མཁའ་འགྲོ་ཀུནཿ འོག་ཕྱོགས་ལྕགས་ཁང་འབར་བའི་ནངཿ རྒྱ་ཁྲམ་ཉི་ཟླའི་འོག་ཏུ་མནནཿ དྲན་པ་ཉམས་ཞིང་སྲོག་སྙིང་འགསཿ ཉོན་མོངས་ལས་སྒྲིབ་ཀུན་བྱང་ནསཿ སྐུ་ལས་འཕྲོས་པའི་ཁྲོ་ཚོགས་ཀྱིསཿ བྱད་མ་དགྲ་གདོན་འབྱུང་པོའི་ཚོགསཿ འགུགས་འཆིང་སྡོམ་མྱོས་རང་གཤེད་ཕོབཿ སྲོག་དབུགས་ཕྲལ་ཞིང་དྲག་པོས་བསྒྲལཿ ཚེ་བསོད་བཀྲག་མདངས་གཟི་བརྗིད་བསྡུསཿ སྡིག་སྒྲིབ་ལས་ཉོན་བག་ཆགས་སྦྱངསཿ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤརཿ ཤ་ཁྲག་རུས་པ་ནང་རོལ་བཅསཿ ཁྲོ་རྒྱལ་འཁོར་བཅས་དགྱེས་པར་རོལཿ བདེ་བ་ཆེན་པོར་ཨ་ལ་ལཿ ཨོཾ་བཛྲ་ཀྲོ་ཏ་སེང་ཧ་གཎྜེ་ཨརྩིག་ནིརྩིག་ག་ཧ་ལ་ཧ་ལ་ཧི་ལི་ཧི་ལི་ཧུ་ལུ་ཧུ་ལུ་ཨེ་ཨེ་ཧྲིཥྟི་ཝཥྟི་གྷྲྀ་ཝནྣ་རོ་ཥ་རོ་ཥི་མ་མ་ཀི་ལི་ཀི་ལ་སརྦ་དུཥྟཾ་ཊ་ཀ་ཊ་ཀི་བྱད་མ་དགྲ་གདོན་འབྱུང་པོ་ཛ་ཧཱུྃ་བཾ་ཧོ་པྲ་ཝེ་ཤ་ཡ་ཨ་ཝེ་ཤ་ཡ་སྲོག་ལ་ཧུར་ཐུམ་ཤ་ཏྲུཾ་མ་ར་ཡ་རྦད་རྣྲྀ་ཛ་ཁཱ་ཧི་ཁཱ་ཧི་ཧཱུྃ་ཨཱཿཕཊཿ «ཏིང་འཛིན་དམིགས་གནད་ལྡན་པ་ཡིསཿ དྲག་སྔགས་སྤུ་གྲི་རེག་གཅོད་འདིཿ བརྒྱ་ཕྲག་བཟླས་པས་མངོན་སྤྱོད་འགྲུབཿ གང་ལ་དམིགས་པ་ཕུང་བར་ངེསཿ གསང་སྔགས་ནུས་པའི་སྟོབས་རྩལ་ཀུནཿ ཐེ་ཚོམ་མེད་པར་ཡིད་ཆེས་གནདཿ» ཁྲོས་རྒྱལ་འབར་བའི་རྫུ་འཕྲུལ་གྱིསཿ བྱད་མ་དགྲ་གདོན་མིང་ཡང་མེདཿ ཡེ་ནས་དག་པ་སྐུ་གསུམ་དངཿ སྤྲོས་བྲལ་ཆོས་དབྱིངས་ཀློང་དུ་ཨཱཿ «གསུམ་པ་རྗེས་ཀྱི་རིམ་པ་ལཿ» ཧཱུྃཿ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་འདིརཿ རྡོ་རྗེ་སློབ་དཔོན་སྐུ་གསུམ་འདུས་པའི་དཔལཿ ཤེས་རབ་ཡུམ་མཆོག་བདེ་ཆེན་རྣལ་འབྱོར་མཿ ཡི་དམ་ལྷག་པའི་ལྷ་མཆོག་སེང་གེ་སྒྲཿ ཞི་ཆགས་ཁྲོ་བོ་ཁྲོ་མོ་སྤྲུལ་པའི་གརཿ ཡེ་ཤེས་ཌཱཀྐི་ལས་ཀྱི་དབང་མོ་ཆེཿ ཧེ་རུ་ཀ་དཔལ་ཁྲག་འཐུང་ལྷ་ཚོགས་ཀྱིསཿ སྐུ་གསུང་ཐུགས་ཡོན་ཕྲིན་ལས་མཆོག་ཐུནམོངཿ དབང་དང་དངོས་གྲུབ་བྱིན་རླབས་མ་ལུས་པཿ ད་ལྟ་ཉིད་དུ་བདག་ལ་སྩལ་དུ་གསོལཿ རབ་འབྱམས་ཕྲིན་ལས་གྲུབ་པའི་བརྒྱད་གྲུབ་ཅིངཿ བླ་མ་ཡི་དམ་མཆོག་དང་དབྱེར་མེད་ཤོགཿ ཨོཾ་ཨཱཿཧཱུྃ་དྷརྨཱ་ཀ་ཡ་སཾ་བྷོ་ཀ་ཡ་ནིརྨ་ཀ་ཡ་མ་ཧཱ་གུ་རུ་བཛྲ་ཀྲོ་ཏ་ཛྙཱ་ན་ཌཱཀྐི་ནི་ཀ་ཡ་ཝཀྐ་ཙིཏྟ་ཤིནྟཾ་པུཥྟཾ་ཝ་ཤཾ་མ་ར་ཡ་དྷརྨཱ་དྷརྟུ་སརྦ་སིདྡྷི་ཕ་ལ་ཧོཿ «རྟེན་འབྲེལ་སྙིང་པོ་ལན་གསུམ་གྱིས་བརྟན་པར་བྱཿ» ཧཱུྃཿ ཡི་དམ་ཁྲོ་རྒྱལ་ལྷ་ཚོགས་འཁོར་བཅས་ལཿ འདོད་ཡོན་ལོངས་སྤྱོད་ཕྱི་ཡི་མཆོད་པ་དངཿ སྨན་གཏོར་རཀྟ་ནང་གི་མཆོད་པའི་རྫསཿ སྦྱོར་སྒྲོལ་རྣམ་དག་གསང་བའི་མཆོད་པ་དངཿ རྨད་བྱུང་དེ་བཞིན་ཉིད་ཀྱི་མཆོད་པ་འབུལཿ མ་ཧཱ་སརྦ་པཱུ་ཙ་ཁཱ་ཧིཿ དངོས་གྲུབ་ཀུན་འབྱུང་ཡི་དམ་རྒྱལ་བའི་ལྷཿ གདུལ་དཀའི་གཤེད་དུ་ཁྲོས་པ་དྲག་པོ་རྒྱལཿ ཚར་གཅོད་རྗེས་འཛིན་གཟུང་འཛིན་ཉོན་མོངས་བཅོམཿ ཁྱེད་ཀྱི་གསང་བ་གསུམ་ལ་བདག་བསྟོད་དོཿ ཡེ་ནས་ཡི་དམ་ལྷ་དང་དབྱེར་མེད་པསཿ ཉམས་དང་བཤགས་པར་བྱ་བ་མི་དམིགས་ཀྱངཿ ཐེ་ཚོམ་གཉིས་འཛིན་རྣམ་རྟོག་དབང་གྱུར་པཿ ཀུན་བཟང་ཡངས་པ་ཆེན་པོའི་ཀློང་དུ་བཤགསཿ «ཡི་གེ་བརྒྱ་པ་ལན་གསུམ་བརྗོདཿ དར་ཅིག་འཛིན་མེད་ངང་ལ་བཞགཿ རྡོ་རྗེ་བཞི་ཡི་ཆིང་གིས་བཅིངསཿ ཉམས་པའི་རྟོག་སྒྲིབ་གནས་མི་བྱཿ» བསྐྱེད་རིམ་ལྷར་སྣང་དབྱིངས་སུ་ཡལཿ སླར་ཡང་རྡོ་རྗེའི་འཇའ་གུར་དབུསཿ གནམ་ལྕགས་རྡོ་རྗེ་རྩེ་ལྔ་བཿ ལྟེ་བར་ཐུགས་སྲོག་ལམ་གྱི་གསལཿ དེ་ཉིད་རྗེས་ཐོབ་གཉུག་མའི་སྐུཿ ཁྲོ་རྒྱལ་དཔལ་ཆེན་ལམ་གྱིས་གསལཿ «སྙིང་པོ་འབྲུ་གཅིག་བཟླ་བ་དང་ཿ བསྐྱེད་རིམ་འཁྲུལ་འཁོར་གང་བདེར་བསྒྱུརཿ སྤྱོད་ལམ་རྣམ་བཞི་གང་ལ་ཡངཿ ལྟ་བའི་རྒྱལ་པོ་ནམ་མཁའ་ཆེཿ སྒོམ་པའི་རྒྱལ་པོ་བྲལ་ཐོབ་ཞིགཿ སྤྱོད་པའི་རྒྱལ་པོ་རང་རྩལ་རྫོགསཿ འཁོར་བ་མ་སྤངས་གནས་སུ་དགཿ ཉོན་མོངས་ཡེ་ཤེས་ལྔ་རུ་གྲོལཿ དག་དང་མ་དག་འཛིན་པ་བྲལཿ ཁྱབ་བདག་ཆེན་པོའི་ལམ་ཁྱེར་སྐྱོངསཿ དད་དང་མོས་གུས་དམ་ཚིག་ཅནཿ ང་དང་དགོངས་པ་མཉམ་པར་ངེསཿ གནད་ཀྱི་གདམསཔ་ཟབ་མོ་ནིཿ སེམས་དཔའི་སྐྱིལ་ཀྲུང་མཉམ་བཞག་བཅསཿ ཀུན་བཟང་བཞུགས་སྟངས་ལུས་སེམས་ལྷོདཿ རླུང་དང་སྤྱོད་ལམ་དག་ལ་སློབཿ ཙཀྱུའི་ཟུམ་བུའི་མཁའ་ལ་གཏདཿ མཁའ་དབྱིངས་ལམ་དུ་འོད་ལྔ་འཆརཿ རིག་གདངས་གཏད་མེད་འགྲོ་འོང་ཅནཿ ངོ་ཟིན་ཚེ་ན་རང་བབ་ལྷོདཿ རེ་དོགས་མེད་པར་མཁའ་དབྱིངས་བཞགཿ དེ་ཚེ་ཐིག་ལེ་འོད་འཁྱིལ་དབུསཿ སྤྲུལ་ལོངས་ཆོས་ཀྱི་སྐུ་མཐོང་བཿ མངོན་གསུམ་གོང་འཕེལ་ཚད་ཕེབ་རྟགསཿ རྨི་ལམ་གསལ་དང་སྤྲུལ་བསྒྱུར་ནུསཿ དབྱིངས་སུ་དག་པ་རྣམ་གསུམ་ཚད༔ ཡོན་ཏན་སྒོ་གསུམ་དག་ལ་འཆརཿ མན་ངག་ཐུགས་ཀྱི་ཐིག་ལེར་གབཿ ཟད་པར་འཁྱོལ་བའི་རྣལ་འབྱོར་ལཿ སྣུབས་འཇུག་རྣམ་གསུམ་ཞལ་ལས་ཤེསཿ ནམ་ཞིག་འདའ་ཀ་མ་ཡི་ཚེཿ ཕྱི་རྟགས་དབང་པོ་ཡུལ་ལྔ་སྡུདཿ ནང་རྟགས་འབྱུང་ལྔའི་སྟོབས་ཉམས་ཤིང་ཿ གསང་རྟགས་འོད་ལྔའི་གཟི་མདངས་ཤརཿ དེ་ཚེ་བསྡུ་རིམ་ཆེན་མོ་ནིཿ མཁའ་ཁྱབ་སྙིང་རྗེ་ཆེན་པོའི་ངངཿ »སྣོད་ཀྱི་འཇིག་རྟེན་རྡོ་རྗེའི་གུར་ལ་ཐིམཿ དེ་ཉིད་འོད་ལྔ་འོད་ཁྱིམ་ལྷ་ལ་བསྡུཿ བཅུད་ཀྱི་སེམས་ཅན་འོད་ཞུ་རང་ཉིད་ལཿ རང་ཉིད་ཁྲོ་རྒྱལ་སྐུར་གསལ་ཡེ་ཤེས་སེམསཿ གསེར་རྡོར་ལ་ཐིམ་ཐུགས་སྲོག་ཡི་གེར་འདྲེསཿ ཧཱུྃ་མཐིང་འཕར་འདར་ལིང་ངེར་བཀྲག་མདངས་ལྡནཿ རླུང་རིག་དབྱེར་མེད་ནམ་མཁའི་དབྱིངས་ཤར་བཿ སྐར་མདའ་ཆད་བཞིན་བླ་མའི་ཐུགས་ཀློང་འདྲེསཿ ཧཱུྃ་ཧཱུྃ་ཧཱུྃ་ཕཊཿ «ཐེ་ཚོམ་མེད་པར་ཆོས་སྐུའི་ཞིང་དུ་འཕོཿ བླ་མ་ཀུན་བཟང་ཐུགས་ཀློང་འཚང་རྒྱ་བཿ ཡར་གྱི་ཟང་ཐལ་ཨེ་མ་ཧོཿ སྙིང་རྗེའི་རྗེས་འཛིན་འགྲོ་བ་གང་ཡང་རུངཿ རྣམ་ཤེས་ཡེ་གེའི་རྟར་བསྐྱོན་འཕངས་པའི་འདྲོངསཿ ཨེ་མ་ཧོཿ བདག་འདྲ་ཨ་ཙར་པདྨ་ཀ་ར་ཡིཿ འཕགས་ཡུལ་བོད་དང་ལི་བལ་མོན་གྱི་ཡུལཿ ཟབ་དགུའི་གདམས་པ་བརྗོད་ལས་འདས་པ་སྤེལཿ སྐུ་གསུམ་ཞིང་ནས་གནད་ཀྱི་མན་ངག་རྟོགསཿ བླ་མའི་དྲིན་གྱིས་རྫོགས་ཆེན་དོན་དང་མཇལཿ འོད་ལུས་ཡེ་ཤེས་སྙིང་པོའི་གྲུབ་རྟགས་ཐོབཿ ངོ་མཚར་རྫུ་འཕྲུལ་ཡ་མ་ཟུང་དུ་བསྟནཿ སྐལ་ལྡན་བརྒྱ་ཕྲག་མང་པོའི་འགྲོ་དོན་མཛདཿ སྦྱོར་སྒྲོལ་གསང་སྔགས་སྤེལ་བའི་འདི་ཡི་དྲིནཿ རིགས་ཀྱི་བདག་པོ་དགའ་རབ་དཔའ་བོའི་དྲུངཿ ཉི་མ་སྣང་བྱེད་རི་ལ་བདེན་པ་མཐོངཿ ཨུ་རྒྱན་གནས་ཡུལ་དབང་བཞི་རྫོགས་པར་ཐོབཿ རྡོ་རྗེ་གདན་དུ་ཞལ་གཟིགས་ལུང་བསྟན་གནངཿ རང་རིག་ཡི་དམ་ལྷ་དང་དབྱེར་མེད་བསྲེཿ མཁའ་འགྲོ་བདུད་འདུལ་མ་ཡི་བྱིན་གྱིས་བརླབསཿ མུ་སྟེགས་ཁུ་ལང་ནག་པོའི་ཡུལ་ཆེན་པོཿ རྨད་དུ་བྱུང་བའི་སྦྱོར་སྒྲོལ་སྤྱོད་པས་བཏུལཿ ལྷ་ཆེན་དབང་ཕྱུག་ཡབ་ཡུམ་འཁོར་དང་བཅསཿ དབང་བསྡུས་སྲོག་སྙིང་བླངས་ཤིང་དམ་ལ་བཞགཿ འཕོ་ཆེན་རྡོ་རྗེའི་སྐུ་བརྙེས་འདི་ཡི་དྲིནཿ བསྟན་པར་འཕངས་ཀྱང་ལྷ་ལྕམ་ཡུམ་ལ་གཏདཿ ཉམས་སུ་ལོངས་ལ་གྲུབ་འབྲས་ཐོབ་པའི་ཚེཿ སུ་ཥ་སིདྡྷི་གྲུབ་འབྲས་མངོན་གྱུར་ནསཿ དག་ཞིང་དགའ་རབ་དཔའ་བོའི་དྲུང་ཉིད་དུཿ རྡོ་རྗེ་རྣལ་འབྱོར་མ་དང་དབྱེར་མེད་གཤེགསཿ ང་ཉིད་མཐའ་འཁོབ་བོད་ཀྱི་དོན་ལ་འགྲོཿ མ་འོངས་ལྔ་ཕྲག་ཐ་མའི་དུས་ཀྱི་ཚེཿ ཁ་བའི་ཡུལ་ལྗོངས་བདུད་ཀྱི་གྲོང་ཁྱེར་དུཿ དགའ་རབ་དཔའ་བོས་འགྲོ་དོན་མཛད་པའི་ཚེཿ ཁྱོད་དང་ང་ཉིད་གྲོགས་དང་སློབ་དཔོན་ཚུལཿ དེ་ཚེ་ཁྱོད་དང་གདམས་པ་འདི་འཕྲད་ནསཿ གྲུབ་འབྲས་མངོན་གྱུར་ནུས་མཐུ་རྫུ་འཕྲུལ་ཐོབཿ བདུད་སྡེའི་དཔུང་འཇོམས་འགྲོ་དོན་དཔག་མེད་སྤྱོདཿ དཔའ་བོའི་ཐུགས་ཀློང་ཡོངས་སུ་རྫོགས་གྱུར་ནསཿ མཐར་ཐུག་འོག་མིན་གཏུམ་དྲག་རོལ་པའི་ཞིངཿ ཚོམ་བུ་གཅིག་ཏུ་མངོན་འཚང་རྒྱ་བར་ཤོགཿ བཀའ་འདི་གསང་བའི་བཀའ་སྲུང་ལྷ་ཀླུ་གཉནཿ གཟའ་རྒོད་དྲག་པོ་ཐོག་རྒྱུག་གཏུམ་པོ་རྩལཿ འབར་བ་ཤ་ཟ་མཆེད་ལྔས་ཐུབ་པར་སྲུངསཿ ཉིན་མཚན་དུས་དྲུག་ནམ་ཡང་མ་གཡེལ་ཅིགཿ རླུང་ཕྱོགས་ཙམ་ཡང་གཞན་ལ་ཤོར་བས་ནཿ སྲོག་སྙིང་འགས་ཤིང་ན་རག་ཆེན་པོར་ལྟུངཿ དམ་ཚིག་སྲོག་གི་བཀའ་རྒྱ་ཨེ་མ་ཧོཿ བཛྲ་ས་མ་ཡཱཿ སྐུ་ཡི་རྒྱཿ གསུང་གི་རྒྱཿ ཐུགས་ཀྱི་རྒྱཿ སྲོག་གི་རྒྱཿ དམ་ཚིག་གི་རྒྱཿ ཁ་ཐཾཿ གུ་ཧྱཿ ཟབ་དགུའི་གདམས་པའི་མཐར་ཐུག་འདིཿ བདག་འདྲ་དགའ་རབ་དཔའ་བོ་ཡིསཿ འོད་སྣང་སྤྲུལ་པའི་བརྡ་རིས་ལསཿ ཕབ་པའི་ཡི་གེ་འདུ་བྱེད་མཁནཿ སྔགས་འཆང་རིག་པའི་ཡེ་ཤེས་སྟེཿ བྱིན་རླབས་དངོས་གྲུབ་ཆར་འབེབས་ཤོགཿ ལས་མཁན་ཆེན་མོའི་རྟག་ཏུ་སྲུངསཿ དགེའོཿ
{{TibP|ཡང་གསང་ཟབ་པའི་མཐར་ཐུག་པདྨ་འབྱུང་གནས་ཐུགས་ཀྱི་ཐིག་ལེ་བཞུགསཿ
 
྅྅྅ «ན་མོ་མ་ཧཱ་གུ་རུ་ཀྲོ་ཏ་རཱ་ཛ་ཡེཿ འདུ་མ་བྱས་པའི་ཡེ་ཤེས་ལྔཿ རང་ཤར་དྲག་གཏུམ་དབྱེར་མེད་རྩལཿ ཡི་དམ་ལྷ་ལ་ཕྱག་འཚལ་ལོཿ རྡོ་རྗེ་གཏུམ་པོའི་བསྒྲུབ་པ་ནིཿ གཅིག་ཆོག་ནོར་བུའི་ལུགས་སུ་བསྟནཿ སྤྲོས་བཅས་རྩ་བའི་བསྒྲུབ་པ་དངཿ སྤྲོས་མེད་རྒྱུན་གྱི་རྣལ་འབྱོར་སྟེཿ མོས་གུས་ཅན་ལ་དངོས་གྲུབ་འབྱུངཿ ཐེ་ཚོམ་ཅན་ལ་སྐལ་བ་མེདཿ ཐོག་མར་སྔོན་འགྲོའི་རིམ་པ་ནིཿ གདུང་ཤུགས་དྲག་པོས་གསོལ་བ་འདེབསཿ» ཀྱེ་མ་ཀྱེ་ཧུད་རྒྱལ་བ་རྡོ་རྗེ་འཆངཿ དྲིན་ཆེན་བླ་མའི་ཞབས་ལ་གསོལ་བ་འདེབསཿ ཆོས་ལྡན་མི་ལུས་ཐོབ་པ་ད་རེས་ཙམཿ འདུ་བྱས་མི་རྟག་འཆི་བ་མྱུར་དུ་སླེབཿ ཚ་གྲང་དམྱལ་བ་བཀྲེས་སྐོམ་ཡི་དྭགས་དངཿ བླུན་རྨོངས་དུད་འགྲོ་འཐབ་རྩོད་ལྷ་མིན་མནརཿ ལྷ་དང་མི་ལའང་སྡུག་བསྔལ་དཔག་ཏུ་མེད ཕྱི་ཆད་སྡུག་བསྔལ་འདུ་བྱས་ཉོན་མོངས་འཕེལཿ དགེ་སྡིག་རྒྱུ་འབྲས་སྤང་བླང་གོ་ལྡོག་སྤྱོདཿ མགོན་པོ་ཁྱོད་ཀྱི་ཐུགས་རྗེའི་སྤྱན་གྱིས་གཟིགསཿ གཏན་གྱི་བདེ་བ་ཐར་པའི་ལམ་བཟང་མཆོགཿ གསང་སྔགས་ཟབ་མོའི་ལམ་འདིར་འཇུག་པ་ལཿ ལམ་སྟོན་དགེ་བའི་བཤེས་གཉེན་མཆོག་བསྟེན་ཞིངཿ རྣམ་གསུམ་དད་མོས་དྲག་པོའི་གཞི་ཚུགས་ནསཿ ཅི་གསུང་བཀའ་བསྒྲུབ་ལོག་ལྟ་རྒྱང་དུ་བསྲིངསཿ དམ་ཚིག་སྲོག་ལྟར་བསྲུང་བའི་སྙིང་སྟོབས་ཀྱིསཿ ཉིན་མཚན་དག་པའི་སྣང་བས་དུས་འདའ་ཞིངཿ ཉོན་མོངས་རང་སར་གྲོལ་བར་བྱིན་གྱིས་རློབསཿ མདུན་གྱི་ནམ་མཁར་འོད་སྣང་ཞིང་གི་དབུསཿ རིན་ཆེན་སེང་ཁྲི་པདྨ་ཉི་ཟླའི་སྟེངཿ རྩ་བའི་བླ་མ་གུ་རུ་ཉི་མའི་འོདཿ སྐུ་མདོག་སེར་གསལ་ཞི་མ་ཁྲོ་ཡི་ཉམསཿ ཐོར་ཚུགས་སྟག་ཤམ་རུས་རྒྱན་རོལ་སྟབས་བཞུགས༔ ཕྱག་གཡས་རྩེ་གསུམ་གཡོན་པས་འོད་སྟོང་འགྱེདཿ འཁོར་འདས་དབང་སྡུད་བདག་ལ་ལྷག་པར་ཆགསཿ རྩ་གསུམ་རྒྱལ་བ་ཀུན་འདུས་ངོ་བོར་བཞུགསཿ ན་མོཿ བདག་གི་སྒོ་གསུམ་གུས་པ་ཆེན་པོ་ཡིཿ ཞིང་གི་རྡུལ་སྙེད་ལུས་སྤྲུལ་ཕྱག་འཚལ་ལོཿ ཁྱོད་ལས་རེ་ས་གཞན་ན་མ་མཆིས་པསཿ རྣམ་གསུམ་དད་པས་སྙིང་ནས་སྐྱབས་སུ་མཆིཿ ཡིད་སྤྲུལ་དངོས་འབྱོར་ཞིང་ཁམས་རབ་འབྱམས་ཀྱིསཿ ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་རྟག་ཏུ་མཆོདཿ བདག་སོགས་སེམས་ཅན་ལས་ཉོན་འཁྲུལ་དབང་གིསཿ སྡིག་ལྟུང་དམ་ཚིག་ཉམས་པ་མཐོལ་ལོ་བཤགསཿ འགྲོ་ལ་བརྩེ་བའི་ཐུགས་རྗེའི་ཤུགས་དྲག་པོསཿ རླབས་ཆེན་ཕྲིན་ལས་མཛད་ལ་རྗེས་ཡི་རངསཿ འཁོར་བའི་རྒྱ་མཚོ་དོང་ནས་མ་སྤྲུག་པརཿ གསང་ཆེན་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལཿ བདག་ཀྱང་འགྲོ་ཀུན་སངས་རྒྱས་མ་ཐོབ་པརཿ བྱང་ཆུབ་སྤྱོད་པ་རླབས་ཆེན་སེམས་མཆོག་བསྐྱེདཿ སེམས་ཅན་ལོག་སྒྲུབ་སྐྱོ་ངལ་ཀུན་བཟོད་ནསཿ གཅིག་གི་དོན་དུ་ལུས་ཀྱང་སྲོག་གཏོང་ཞིངཿ བྱང་སེམས་གསང་སྔགས་སྦྱོར་སྒྲོལ་ལྟ་བ་དངཿ བླ་མ་ཡི་དམ་དབྱེར་མེད་ཡོངས་མི་སྤོངསཿ ཁྱེད་ཀྱི་ཐུགས་དམ་ཞལ་བཞེས་དགོངས་མཛོད་ལཿ བདག་ལ་ཐུགས་བརྩེའི་བཞུགས་པར་གསོལ་བ་འདེབསཿ ཟག་བཅས་ཟག་མེད་དུས་གསུམ་དགེ་ཚོགས་ཀུནཿ སྡུག་བསྔལ་ཉམ་ཐག་སེམས་ཅན་དོན་དུ་བསྔོཿ ཀྱེཿ ཁྱེད་ནི་བླ་མ་ཡི་དམ་ཀུན་འདུས་དངོསཿ མཁའ་འགྲོའི་སྤྲུལ་གཞི་ཆོས་སྐྱོང་རྗེ་བོ་སྟེཿ རྒྱལ་བ་སྲས་བཅས་སྐུ་གསུམ་ཞིང་ཁམས་ཀུནཿ རྡོ་རྗེ་སློབ་དཔོན་སྐུ་ཡི་བཀོད་པ་རྫོགསཿ ཕུར་ཚུགས་གདུང་བའི་མོས་གུས་ལྷང་ལྷང་གིསཿ གཅིག་ཆོག་ནོར་བུའི་ལུགས་སུ་གསོལ་བ་འདེབསཿ སྒོ་གསུམ་ལྟོས་པ་མེད་པར་ཕུལ་བ་ཡིསཿ བརྩེ་ཆེན་ཐུགས་རྗེའི་འོད་ཟེར་རབ་གཡོ་ནསཿ སྒོ་གསུམ་ཉོན་མོངས་ཤེས་བྱའི་སྒྲིབ་པ་དགཿ དབང་བཞི་རྫོགས་ཤིང་སྐུ་བཞིའི་ས་བོན་ཐེབསཿ རིག་འཛིན་བཞིར་སྨིན་ཐུགས་ཡིད་གཅིག་ཏུ་འདྲེསཿ མཐའ་བྲལ་སྟོང་ཉིད་བདེ་བའི་ཡེ་ཤེས་ངངཿ ཨོཾ་ཨཱཿཧཱུྃ་སྭཱ་ཧཱཿ «བཟླ་ཞིང་ཐུགས་ཡིད་བསྲེས་ལ་མཉམ་པར་བཞགཿ ཉོན་མོངས་མེ་འཇོམས་སྙིང་རྗེའི་ཆུ་རྒྱུན་རྒྱསཿ མོས་གུས་གདེངས་ཚུགས་སྡུག་བསྔལ་དབྱིངས་སུ་དགཿ ལྟ་བསྒོམ་སྤྱོད་པའི་བོག་འདོན་བླ་ན་མེདཿ བདེ་སྟོང་ཡེ་ཤེས་གསལ་བའི་ཉི་མ་འཆརཿ »ཚོགས་ཞིང་དགྱེས་པའི་འོད་ཞུས་རང་དང་འདྲེསཿ མ་བཅོས་སྤྲོས་བྲལ་འདུ་མ་བྱས་པའི་ངངཿ དུ་མ་རོ་གཅིག་ཆེན་པོའི་ངང་དུ་བཞགཿ «རིག་འཛིན་མཆོག་སྒྲུབ་སྔོན་འགྲོའི་རིམ་པ་སྟེཿ ཡེ་ཤེས་ཌཱཀྐིའི་ཐུགས་ཀྱི་ཀློང་ལས་བྱུངཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ གཉིས་པ་དངོས་གཞིའི་ཉམས་ལེན་རིམ་པ་ལཿ བསྐྱེད་རིམ་ཡི་དམ་ལྷ་ཡི་རྣམ་འབྱོར་རོཿ» ཧཱུྃཿ ཆོས་ཉིད་སྟོང་པའི་རང་མདངས་ལསཿ སྙིང་རྗེ་ཆེན་པོ་ཀུན་ལ་ཁྱབཿ བསྐལ་པའི་མེ་ལྟར་འབར་བའི་ཀློངཿ གནམ་ལྕགས་རྡོ་རྗེ་རྩེ་དགུ་པཿ སྲ་བརྟན་གཟི་བརྗིད་འབར་བ་ལསཿ རྡོ་རྗེ་མེ་ཡི་ཚྭ་ཚྭ་འཕྲོསཿ ཚངས་པའི་འཇིག་རྟེན་མན་ཆད་དངཿ ན་རག་དམྱལ་ཁམས་ཡན་ཆོད་ཀྱིཿ ཁམས་གསུམ་སྣོད་བཅུད་བག་ཆགས་སྒྲིབཿ ཉོན་མོངས་དགྲ་གདོན་གཟུང་འཛིན་བསྲེགསཿ ཆོས་ཉིད་སྟོང་པའི་རང་མདངས་ལསཿ སྙིང་རྗེ་ཆེན་པོ་ཀུན་ལ་ཁྱབཿ གནམ་ལྕགས་འོད་ཞུ་ཡི་གེ་ཧཱུྃཿ ཉི་ཟླའི་གའུའི་དབུས་སུ་ཤརཿ རྒྱལ་བ་མཆོད་ཅིང་འགྲོ་སྒྲིབ་སྦྱངཿ བྱིན་རླབས་ནུས་སྟོབས་བཅུད་དུ་འདྲིལཿ འོད་ཞུ་གསེར་རྡོར་རྩེ་ལྔ་བཿ ཐུགས་སྲོག་མཐིང་གའི་མཚན་པར་སྒོམཿ དེ་ལས་ཟེར་ལྔ་འཕྲོས་པ་ཡིསཿ སྟེང་འོག་ཕྱོགས་མཚམས་རྡོ་རྗེའི་གུརཿ དབུས་སུ་ཕ་ལམ་ལས་གྲུབ་པའིཿ གནམ་ལྕགས་རྡོ་རྗེ་རྩེ་དགུ་བཿ སྦུབས་སྟོང་ཁྱོན་ཡངས་ཆོས་བདུན་ལྡནཿ སྟེང་འོག་མཚོན་ཆའི་ཚྭ་ཚྭ་འཕྲོསཿ ཕྱོགས་མཚམས་མཚོན་ཆའི་བུ་ཡུག་འཚུབསཿ འོག་ཕྱོགས་རྡོ་རྗེའི་ཐོག་སེར་འབེབསཿ དེའི་ཕྱིར་སྤུ་གྲི་རེག་གཅོད་རླུང་ཿ དུས་མཐའི་མེ་ཆེན་འབར་བས་བསྲེགསཿ ནང་ཁོངས་ཁྲོ་བོ་ཁྲོ་མོས་གཏམསཿ ཡེ་ཤེས་ལྔ་ལྡན་འཇའ་གུར་དབུསཿ ཉི་ཟླ་པདྨའི་གདན་གྱི་འོགཿ མུ་སྟེགས་ཕོ་མོ་བསྣོལ་བའི་ཁརཿ རྡོ་རྗེ་རྒྱུ་ཡི་ཧེ་རུ་ཀཿ ཡོངས་གྱུར་དྲག་པོ་འཆོལ་བའི་ལྷཿ ཁྲོ་རྒྱལ་སེང་གེ་སྒྲ་སྒྲོག་དཔལཿ སྐུ་མདོག་མཐིང་ནག་འོད་དུ་འབརཿ ཞབས་ཟུང་གྱད་ཀྱི་དོར་སྟབས་བགྲདཿ ཕྱག་གཉིས་གཡས་པས་སྡིགས་མཛུབ་བཅསཿ གནམ་ལྕགས་རལ་གྲི་མེ་འབར་ཕྱརཿ སོར་རྩེ་བྱ་ཁྱུང་དམར་ནག་འགྱེདཿ གཡོན་པས་ཁྲོ་ལྕགས་ཕུར་པ་གདེངསཿ སོར་རྩེར་གནམ་ལྕགས་ཐོག་སེར་འཕྲོཿ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགསཿ ང་རོ་སྒྲ་ཡིས་སྲིད་གསུམ་བརྒྱལཿ ཁྲོ་གཉེར་ཆུ་ཡི་རླབས་བཞིན་འཁྲུགས༔ སྤྱན་གསུམ་སྡང་མིག་དམར་ཟླུམ་འཁྲུགསཿ ཨག་ཙོམ་སྨ་ར་རྫི་སྨིན་སེརཿ སེང་གེ་གཡུ་ཡི་རལ་པ་ཅནཿ སྐུ་ཆེ་ཡན་ལག་རགས་པ་ལཿ རུས་རྒྱན་རྡོ་རྗེ་གོ་ཁྲབ་དངཿ དུར་ཁྲོད་རོལ་པའི་ཆས་རྣམས་གསོལཿ ཡེ་ཤེས་མེ་དཔུང་འབར་བའི་ཀློངཿ བདེ་ཆེན་ཡུམ་དང་འདུ་འབྲལ་མེདཿ གཏུམ་རྔམས་གཟི་བརྗིད་འབར་བར་གསལཿ སྐུ་གསུམ་ཞིང་ཁམས་སྐུ་ལ་རྫོགསཿ དཔྲལ་བའི་གནས་ནས་གཤིན་རྗེ་གཤེདཿ མགྲིན་པ་ལས་ནི་ཧྱ་གྷྲྀཿ ཐུགས་ལས་སྤྲུལ་པ་གསང་བའི་བདགཿ ལྟེ་བར་ཁྲག་འཐུང་ཧེ་རུ་ཀཿ གསང་གནས་རྡོ་རྗེ་གཞོན་ནུས་སྲསཿ ནུ་མ་སེང་ཧ་དམར་ནག་དངཿ དཔུང་པར་སེང་གེ་བརླ་གཉིས་སྟགཿ སྟ་ཟུར་སྦྲུལ་ནག་ལྕེ་སྤྱང་གཉིསཿ སྐུ་ཡི་བ་སྤུའི་བུ་ག་ཀུནཿ རང་འདྲའི་ཁྲོ་ཆུང་སྐར་ལྟར་འཁྲུགསཿ སྤྲུལ་པ་ཡང་སྤྲུལ་དཔག་མེད་འགྱེདཿ རྒྱལ་བ་གཅིག་གི་ཆོ་འཕྲུལ་ལཿ དུ་མར་སྣང་ཡང་ངོ་བོ་གཅིགཿ ཐམས་ཅད་དཔལ་ཆེན་སྐུ་ལ་རྫོགསཿ ཕུང་ཁམས་གཤེགས་པ་གཤེགས་མ་ལྔཿ གནས་ལྔར་བཞུགས་ཅིང་སྦྱོར་བ་མཛདཿ བྱང་སེམས་བདུད་རྩིའི་དབང་བསྐུར་ཞིངཿ སྐུ་ལྔ་ཡེ་ཤེས་ལྔ་ཡི་དངོསཿ ལོངས་སྤྱོད་རྫོགས་སྐུར་མྱ་ངན་འདའཿ གསལ་སྟོང་འཛིན་མེད་སྤྲོས་བྲལ་ངངཿ ཨོཾ་ཨཱཿཧཱུྃ་སྭཱ་ཧཱཿ སླར་ཡང་ཡིག་འབྲུ་ལྔ་ཡི་རྣམ་པར་གནསཿ ལྷར་སྣང་ཕྱག་རྒྱ་ཆེན་པོར་ལམ་གྱིས་གསལཿ ཧཱུྃཿ འོག་མིན་ཆོས་དབྱིངས་དབུས་མཐའ་བྲལ་བ་ནསཿ ཆོས་ཀྱི་སྐུ་ལས་ལོངས་སྤྱོད་རྫོགས་པའི་གརཿ ཐུགས་རྗེ་སྤྲུལ་པའི་རྣམ་རོལ་མཐའ་ཡས་པཿ ཁྲག་འཐུང་ཁྲོ་བོ་རོལ་པའི་ལྷ་ཚོགས་རྣམསཿ རྔམས་པའི་སྟབས་ཀྱིས་གནས་འདིར་གཤེགས་སུ་གསོལཿ ངོ་མཚར་རྟགས་དང་མཚན་མ་སྟོན་པ་དངཿ རྡོ་རྗེ་དྲག་རྩལ་འབྲས་བུ་མཆིས་པར་མཛོདཿ ཨེ་ཧྱ་ཧེ་མ་ཧཱ་ཀ་རུ་ཎི་ཀ་ཨ་ཝེ་ཤ་ཡ་ཛཿ སྦྱོར་སྒྲོལ་གསང་བའི་དཀྱིལ་འཁོར་ཆེན་པོ་འདིརཿ དམ་ཡེ་དབྱེར་མེད་ཆུ་ལ་ཆུ་ཐིམ་ལྟརཿ ཡེ་ནས་འདུ་འབྲལ་མེད་ཕྱིར་རོ་གཅིག་འདྲེསཿ ཁམས་གསུམ་ལྷ་ཀླུ་གནོད་སྦྱིན་རིགས་དྲུག་འགྲོཿ སྐྱེ་གནས་བཞི་ཡིས་བསྡུས་པའི་སེམས་ཅན་གྱིཿ གཟུང་འཛིན་ཆགས་དང་བྲལ་བའི་བརྡ་ཕྱག་འཚལཿ ཛྙཱ་ན་ས་མ་ཡ་སྟྭོམཿ ན་མོ་ན་མ་ཧོཿ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ བདེ་བའི་བདག་ཉིད་རྡོ་རྗེ་རྣལ་འབྱོར་མའིཿ ཐུགས་ལས་མཆོད་པའི་ལྷ་མོ་དཔག་མེད་སྤྲོསཿ གཟུགས་ཀྱི་ལྷ་མོ་དཀར་མོའི་མེ་ཏོག་འཛིནཿ ཁྲག་འཐུང་ཁྲོ་རྒྱལ་ལྷ་ཚོགས་སྤྱན་ལ་འབུལཿ སྒྲ་ཡི་ལྷ་མོ་སེར་མོས་ཅིང་དྲིལ་འཁྲོལཿ བླ་མ་དྲག་པོའི་ལྷ་ཚོགས་སྙན་ལ་འབུལཿ དྲི་ཡི་ལྷ་མོ་དམར་མོས་སྤོས་ཕོར་ཐོགསཿ ཡི་དམ་རྒྱལ་བའི་ལྷ་ཚོགས་ཤངས་ལ་འབུལཿ རོ་ཡི་ལྷ་མོ་ལྗང་ཀུས་ཞལ་ཟས་ཐོགཿ ཌཱཀྐིའི་རྗེ་བོའི་ལྷ་ཚོགས་ལྗགས་ལ་འབུལཿ རེག་བྱའི་ལྷ་མོ་སྔོན་མོས་གཡང་གཞི་ཐོགསཿ ཆོས་སྐྱོང་སྲོག་བདག་ལྷ་ཚོགས་སྐུ་ལ་འབུལཿ མ་ཧཱ་སརྦ་པཱུ་ཙ་ཧོཿ ཁྲོ་མོ་དཀར་མོ་ཁམས་གསུམ་བཅུད་འདྲེན་མསཿ རྩ་བརྒྱད་ཡན་ལག་སྟོང་སྦྱར་བདུད་རྩི་འབུལཿ ཁྲོ་མོ་སྔོན་མོ་སྲིད་གསུམ་ཟ་བྱེད་མསཿ ཤ་རུས་འབྱུང་ལྔའི་དངས་བཅུད་གཏོར་མ་འབུལཿ ཁྲོ་མོ་དམར་མོ་སྐྱེ་འགྲོའི་སྲོག་འཕྲོག་མསཿ རྒྱུ་གཉིས་རྐྱེན་བཞི་སྦྱར་བའི་རཀྟ་འབུལཿ སརྦ་པཉྩ་ཨ་མྲྀ་ཏ་མ་ཧཱ་བཱ་ལིང་ཏ་རཀྟ་ཁ་རམ་ཁ་ཧིཿ བདེ་བའི་འབྱུང་གནས་ཆགས་པའི་ཟུར་མིག་གཡོཿ བཅུ་དྲུག་དགའ་བའི་འབྱུང་གནས་མཛའ་ན་མོསཿ བསྐུལ་བའི་འདོད་པ་གཡོ་ཞིང་སྦྱོར་བ་ཡིསཿ བདེ་བ་ཆེན་པོ་དཀར་དམར་ཁམས་ཀྱིས་མཆོདཿ ཞིང་བཅུ་ཉམས་པ་བདུན་སོགས་དགྲ་གདོན་བགེགསཿ ཐུགས་རྗེའི་ཤུགས་དྲག་མཚོན་ཆ་དབལ་རྣོན་པོསཿ སྲོག་དབུགས་ཕྲལ་ཞིང་རྣམ་ཤེས་དབྱིངས་སུ་སྤརཿ དུག་གསུམ་ཤ་ཁྲག་རུས་པས་བསྒྲལ་མཆོད་འབུལཿ ཏ་ན་ག་ཎ་པཱུ་ཙ་ཧོཿ བདེ་ཆེན་ཡུམ་དང་རྣམ་རོལ་བསཿ དགའ་བ་བཞི་ལ་ཡང་དག་གནསཿ སྟོང་ཆེན་སྨྲ་བསམ་བརྗོད་དུ་མེདཿ ཆོས་ཀྱི་ཕྱག་རྒྱ་ཆེན་པོས་མཆོདཿ མ་ཧཱ་མུ་ཏྲ་ཨ་ལ་ལ་ཨེ་མ་ཧོཿ ཀྱེཿ ལྷ་ཡི་ལྷ་མཆོག་རྩ་གསུམ་ཀུན་འདུས་དཔལཿ ཞིང་ཁམས་རབ་འབྱམས་སྐུ་ཡི་བཀོད་པར་རྫོགསཿ ངར་སྐད་སྲིད་གསུམ་གཡོ་བ་དྲག་པོའི་གསུངཿ སྙིང་རྗེ་ཁྲོས་པའི་ཐུགས་ནི་གཏུམ་རྔམས་འབརཿ རྣམ་འགྱུར་མ་ངེས་སྤྲུལ་པ་སྣ་ཚོགས་སྟོནཿ ཞི་ཆགས་ཁྲོ་བོའི་རྣམ་འགྱུར་ཕོ་ཉར་འགྱེདཿ ཕྲིན་ལས་རྣམ་བཞིའི་འགྲོ་བའི་དོན་མཛད་པའིཿ དཔལ་ཆེན་ཡི་དམ་ལྷ་ལ་བདག་བསྟོད་དོཿ བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་དུཿ མེ་ཏོག་བཀོད་པ་ཞེས་བྱའི་ཞིང་ཁམས་ནསཿ དྲི་མ་མེད་པའི་དྲུང་དུ་སྨོན་ལམ་འབྲེལཿ འོག་མིན་གསང་ཆེན་རོལ་པར་མངོན་སངས་རྒྱསཿ ཚེ་རབས་འཁོར་བ་གང་དང་གར་སྐྱེས་ཀྱངཿ བླ་མ་ཡི་དམ་ཁྱོད་ཀྱི་རྗེས་བཟུང་ཞིངཿ ལོག་པའི་ལམ་དུ་མི་གཏང་ཁྱོད་ཀྱི་དྲིནཿ བདག་ནི་མ་རིག་རྨོངས་པའི་དབང་གྱུར་ཏེཿ ཁྱེད་ལ་ལོག་ལྟ་སྒྲོ་བསྐུར་དམ་ཉམས་ཤོརཿ སྐུ་གསུང་ཐུགས་དང་འགལ་བར་བགྱིས་པ་ཀུནཿ གནོང་ངོ་འགྱོད་དོ་མཐོལ་བཤགས་བཟོད་པར་གསོལཿ ད་ནི་ཆོས་སྐུའི་རྒྱལ་ས་མ་ཟིན་པརཿ སློབ་དཔོན་ཡི་དམ་མཆོག་ཉིད་མི་གཏོང་ཞིངཿ དམ་ཚིག་སྲོག་ལ་ཐུགས་ཀྱང་མི་འདའ་བསཿ ཁྱེད་ཀྱི་ཐུགས་རྗེའི་རྟག་ཏུ་བདག་སྐྱོང་ཤིགཿ ཧཱུྃཿ ཆོས་དབྱིངས་དོན་གྱི་འོག་མིན་ཆེན་པོ་ནསཿ ཀུན་བཟང་ཡབ་ཡུམ་ཉིད་ལས་མི་ཞན་འཁོརཿ འོག་མིན་གསང་ཆེན་གཏུམ་དྲག་རོལ་པའི་ཞིང་ཿ སྟོན་པ་གཞོན་ནུ་སྟོབས་ལྡན་ཧེ་རུ་ཀཿ ཤེས་རབ་ཡུམ་མཆོག་གནམ་ཞལ་དབྱིངས་ཕྱུག་མཿ སྤྲུལ་པའི་འཁོར་ཚོགས་ཞི་ཆགས་ཁྲོ་བོའི་གརཿ ཡེ་ཤེས་ལྔ་ལྡན་ཐུགས་རྗེའི་ཤུགས་ཕྱུང་ལཿ དག་པ་རབ་འབྱམས་ཆེན་པོར་བྱིན་ཕོབ་ཅིགཿ སྐུ་མཆོག་བཻཌཱུར་ཞུན་མའི་ལྷུན་པོ་ལཿ ཉི་མ་འབུམ་གྱིས་མཚན་དཔེ་གཟི་འོད་འབརཿ འོད་ལུས་ཡེ་ཤེས་སྙིང་པོ་སྲ་བརྟན་དཔའཿ རྡོ་རྗེའི་ཆོས་བདུན་ངོ་བོར་བྱིན་ཕོབ་ཅིགཿ གསུང་མཆོག་མ་འགགས་སེང་གེའི་ང་རོ་སྐདཿ སྟོང་ཉིད་ཆོས་ཀྱི་སྒྲ་དབྱངས་ཕྱོགས་བཅུར་གཡོཿ སྲིད་གསུམ་བརྒྱལ་ཞིང་ཞིང་ཁམས་དབང་སྡུད་པསཿ རྡོ་རྗེ་བརྡ་སྐད་དྲག་པོར་བྱིན་ཕོབ་ཅིགཿ ཐུགས་མཆོག་མི་ཤིག་ཐིག་ལེའི་གཞལ་ཡས་སུཿ དྭངས་མ་ལྔ་ལྡན་ལོངས་སྤྱོད་རྫོགས་པའི་སྐུཿ ཁ་སྦྱོར་ཡན་ལག་བདུན་ལྡན་ངོ་བོ་ཉིདཿ དྲག་གཏུམ་ཁྲོ་བོ་འཆོལ་བར་བྱིན་ཕོབ་ཅིགཿ ཡོན་ཏན་སྤྲུལ་པའི་ཁྲོ་བོ་ཁྲོ་མོ་འགྱེདཿ དྲག་པོའི་རྒྱན་དང་ཆ་ལུགས་ཡོངས་སུ་རྫོགསཿ རྡོ་རྗེ་གུར་ཁང་མཚོན་ཆ་མེ་རླུང་འཁྲུགསཿ དམ་བཅའ་བཞི་ལྡན་ངོ་བོར་བྱིན་ཕོབ་ཅིགཿ ཕྲིན་ལས་ཁྲོ་ཚོགས་འཇའ་ཟེར་གཞལ་ཡས་ནསཿ འཇིག་རྟེན་མ་མོ་མཁའ་འགྲོའི་སྲོག་སྙིང་འགསཿ དམ་ཉམས་དགྲ་གདོན་འབྱུང་པོའི་དམྱལ་ཐག་གཅོདཿ སྒྲོལ་བ་སྙིང་རྗེ་ཆེན་པོར་བྱིན་ཕོབ་ཅིགཿ བྱིན་ཆེན་བྱིན་ཕོབ་རྒྱལ་བ་རྒྱ་མཚོའི་ཚོགསཿ དབང་ཆེན་དབང་བསྐུར་ཡི་དམ་ལྷག་པའི་ལྷཿ དངོས་གྲུབ་མཆོག་སྩོལ་རྩ་གསུམ་ལྷ་ཚོགས་རྣམསཿ ཁྲག་འཐུང་ཁྲོ་བོ་རོལ་པར་བྱིན་ཕོབ་ཅིགཿ ཨོཾ་གུ་རུ་དྷེ་ཝ་ཌཱཀྐི་ནི་དྷརྨ་སཾ་བྷོ་ཧེ་རུ་ཀ་ཛྙཱ་ན་སརྦ་ས་མ་ཡ་ཨ་ཝེ་ཤ་ཡ་ཕཻམཿཕཻམཿ «ནུས་མཐུ་སྔགས་ཀྱི་བཟླས་པའི་རྣལ་འབྱོར་ནིཿ དང་པོ་རྩ་བའི་བསྙེན་པ་བཟླ་བ་ལཿ »སྙིང་དབུས་ཉི་མ་ཟླ་བའི་སྟེངཿ ཡེ་ཤེས་སེམས་དཔའ་ཀུན་ཏུ་བཟངཿ མཐིང་གསལ་སྐྱིལ་ཀྲུང་མཉམ་བཞག་ཅནཿ རང་འོད་ཡུམ་འཁྲིལ་ཐུགས་ཀ་རུཿ གསེར་རྡོར་རྩེ་ལྔའི་ལྟེ་བ་ལཿ འོད་ལྔའི་ཁོང་སེང་ཐུགས་སྲོག་ཧཱུྃཿ བཀྲག་མདངས་གཟི་འོད་འབར་བར་གསལཿ ཞལ་ནས་དྲག་པོའི་སྔགས་ཀྱི་སྒྲཿ འབྲུག་སྟོང་དུས་གཅིག་ལྡིར་བཞིན་སྒྲོགསཿ སྐུ་ལས་འཕྲོས་པའི་འོད་ཟེར་གྱིསཿ ཁམས་གསུམ་རྣམ་དག་ཞིང་དུ་སྦྱངཿ ཨོཾ་བཛྲ་ཀྲོ་ཏ་སང་ཧ་གཎྜེ་དྷརྨཱ་དྷ་རྟུ་ཨཱཿཧཱུྃཿ «བསྐྱེད་རིམ་ལྷ་ལ་གསལ་སྣང་ཐོནཿ སྙིང་པོ་སྔགས་འདི་འབུམ་ལྔ་བཟླཿ ཐུགས་སྲོག་ཧཱུྃ་ལ་སེམས་བཟུང་བཞགཿ ཞལ་མཐོང་ལུང་སྟོན་དངོས་གྲུབ་སྟེརཿ མཐུ་སྟོབས་ནུས་མཐུ་རྫུ་འཕྲུལ་ཐོབཿ སྣང་བ་སྒྱུ་མ་རྟོགས་པར་ངེསཿ གཉིས་པ་བསྒྲུབ་པའི་དངོས་གཞི་ནིཿ» ཀུན་བཟང་ཐུགས་ཀར་གསེར་རྡོར་དངཿ ལྟེ་བར་འོད་ལྔ་ཟླུམ་འཁྱིལ་དབུསཿ སྲོག་གི་སྙིང་པོ་འོད་ཟེར་གྱིསཿ ལྷར་སྣང་སྤྲུལ་པར་བཅས་པ་ཡིཿ གསལ་བརྟན་བཀྲག་མདངས་གཟི་བརྗིད་འབརཿ ཡེ་ནས་དག་པ་སྐུ་གསུམ་དངོསཿ འཁོར་འདས་སྤྱི་དཔལ་ཆེན་པོར་བལྟཿ ཡང་དག་ཉིད་དུ་མངོན་སངས་རྒྱཿ ཧཱུྃཿ «སྙིང་ཀར་སེམས་བཟུང་མ་བཅོས་ངངཿ གསང་སྔགས་རྒྱུན་གྱི་སྙིང་པོ་མཆོགཿ ཐུགས་ཀྱི་བསྒྲུབ་པ་འདི་ལ་འབདཿ ཡང་སྙིང་འབྲུ་གཅིག་འབུམ་གཅིག་བཟླཿ ཡེ་ནས་རང་གྲོལ་གཉུག་མའི་གཤིསཿ སྤྲོས་བྲལ་མ་བཅོས་ངང་དུ་བཞགཿ རྟོག་ཚོགས་བདག་མེད་བདེ་བ་ཆེཿ ཀུན་བཟང་ཡུམ་གྱི་མཁའ་ཀློང་འདྲེསཿ འདི་ཡི་ཡོན་ཏན་བརྗོད་མི་ལོངསཿ ཉམས་སུ་བླང་ན་གསལ་བར་ངེསཿ གསུམ་པ་རྫོགས་རིམ་ཟབ་མོ་ནིཿ བར་རླུང་བུམ་ཅན་དང་སྒྲག་ཏེཿ ལྟེ་འོག་ཧཱུྃ་དམར་མེའི་རང་བཞིནཿ ཉི་མ་བྱེ་བའི་དྲོད་ལྡན་པསཿ འོད་ཀྱིས་སྨད་ཁྱབ་ཐུགས་སྲོག་བསྐུལཿ རང་འོད་ལུས་ཀྱི་སྟོད་ཁྱབ་ཅིངཿ དུང་ཁང་ཧཱུྃ་ཡིག་ཟླ་བའི་མདོགཿ བསྐུལ་ཞིང་དངུལ་ཞུན་བདུད་རྩི་བབཿ ལུས་ནང་རྩ་གནས་ཀུན་ཏུ་ཁྱབཿ ལྷ་ཚོགས་ཀུན་མཆོད་མཉེས་ཤིང་ཚིམཿ ཧཱུྃ་དམར་ལ་ཕོག་བདེ་དྲོད་འབརཿ དགའ་བཞིའི་ཡེ་ཤེས་ངང་དུ་བཞགཿ སླར་ཡང་དཀར་དམར་འདྲེས་པས་བཅུདཿ བདེ་དྲོད་འབར་བའི་ཤུགས་ཀྱིས་རྒྱསཿ གྱེན་དུ་འཕྱུར་ཞིང་རྩ་གནས་ཁྱབཿ སྤྱི་བོར་སླེབས་ཤིང་ཧཱུྃ་དཀར་ལཿ ཐིམ་པའི་རྡོ་རྗེའི་དབའ་རླབས་ཀྱིསཿ ལྷན་སྐྱེས་ཡེ་ཤེས་ཆེན་པོར་མཐོངཿ བསམ་གྱིས་མི་ཁྱབ་འདུས་མ་བྱསཿ་ཅི་ཡང་མ་གྲུབ་སྟོང་པ་ཆེཿ གསལ་གདངས་འགགས་མེད་བདེ་བའི་དབྱིངསཿ བརྗོད་མེད་འཁྲུལ་བའི་རྣམ་རྟོག་འགགསཿ བློ་འདས་ཀ་དག་ཆེན་པོའི་ངངཿ ཀུན་བཟང་དགོངས་པ་དེ་ཁོ་ནཿ དེ་ནས་ཐུགས་སྲོག་ཧཱུྃ་མཐིང་ལཿ སེམས་བཟུང་ཡིད་ཀྱི་བཟླས་པ་བྱཿ བར་རླུང་བུམ་པ་ཅན་དང་བསྒྲགཿ འོད་ལྔའི་ཐིག་ལེ་ཟེར་བྱུང་བའིཿ ལུས་ཀྱི་ནང་ཁོངས་ཀུན་ཁྱབ་ཅིངཿ ཕྱི་སྣོད་སྟོང་གསུམ་འཇིག་རྟེན་ཀུནཿ འོད་ལྔའི་རྣམ་པར་མེར་མེར་ཞུཿ ཁྲོ་རྒྱལ་ཆེན་པོའི་ཞལ་ནས་དྲངསཿ ནང་འོད་དང་འདྲེས་བཀྲག་མདངས་འབརཿ ལྷག་མ་མེད་པར་ཟོས་པའི་མཐརཿ དངས་མའི་ཐིག་ལེར་རོ་གཅིག་འདྲེསཿ དེ་ཡང་ཐུགས་སྲོག་ལ་ཐིམ་ཞིངཿ ཧད་ཀྱི་བརྒྱལ་ལྟའི་སྣང་བ་ལཿ བཅིང་གྲོལ་མེད་པའི་ཟང་ཁ་མཿ གཟུང་འཛིན་འཆིང་བ་ཀུན་ཟད་ཅིངཿ བློ་བྲལ་ཆོས་ཟད་ཆེན་པོར་འཆརཿ ལུས་སེམས་ཁོངས་ལྷོད་ཅི་བདེར་བཞགཿ བདེ་ཆེན་མཆོག་ཐོབ་སྡུག་བསྔལ་བྲལཿ སྔར་བའི་རྗེས་འཛིན་ཀུན་ཡིད་བདེཿ འདུ་བ་སྙོམས་དག་འོད་ལུས་འཆརཿ སྤྱན་དང་མངོན་ཤེས་རྫུ་འཕྲུལ་ཐོབཿ ཟག་པ་བག་ཆགས་ཡོངས་ཟད་ཅིངཿ དག་པའི་སྣང་བ་རྒྱུན་ཆད་མེདཿ ཚད་རྟགས་ཡོན་ཏན་ཀུན་ཐོབ་བོཿ མན་ངག་བླ་མའི་ཞལ་ལ་ལྟོསཿ སྙན་རྒྱུད་ཡི་གེ་མེད་པའི་སྐོརཿ ཟབ་པའི་མཐར་ཐུག་རྫོགས་རིམ་གནདཿ དགའ་རབ་དཔའ་བོའི་ཐུགས་ཀྱི་བཅུདཿ རང་གིས་ཉམས་བླང་རིག་འཛིན་འགྲུབཿ མན་དྷ་ར་བ་ཉིད་ལ་གནངཿ མ་འོངས་སྤྲུལ་པ་ཉིད་ལ་གཏོདཿ དེའི་ཀྱང་གཅིག་ལས་སྤེལ་བས་ནསཿ ང་ཡིས་བཀའ་ཆད་འབྱུང་ཏ་རེཿ སྙིང་ལས་ཕངས་སོ་ས་མ་ཡཱཿ རྒྱཿ» «དམ་ཚིག་ལུས་གསོ་བརྙེས་པ་སྤངསཿ ཤུ་ཏྲ་བསྙེན་བཀུར་ཐེ་ཚོམ་སྤངསཿ ཉིན་གཉིད་མཚན་རྒྱུག་དྲི་ངན་ཟསཿ རླུང་འགགས་ལས་ཀུན་སྤང་བར་བྱཿ བརྡ་དོན་རྟགས་ཀྱི་དབང་ཐོབ་ནསཿ བླ་མའི་ཐུགས་དགོངས་ཡོས་བ་རྫོགས་ཤིང་ཿ བསྐྱེད་རྫོགས་རྣམ་གཉིས་ཉམས་སུ་ལོངསཿ ངོ་སྤྲད་གཟེར་གྱིས་ཐེབས་པ་ནཿ ཟླ་དྲུག་བསྒོམ་པས་འབྲས་བུ་ཐོབཿ སྲོག་ལས་འཕང་བའི་གདམས་པའོཿ ཨཐིཿ གསུམ་པ་ལས་ལ་སྦྱོར་བ་ནིཿ »ཁྲག་འཐུང་སེང་གེའི་ང་རོ་ཡིཿ རྫུ་འཕྲུལ་ཐུགས་རྗེའི་རྩལ་ཤུགས་ཀྱིསཿ མཁའ་འགྲོ་མ་ཚོགས་ཀུན་བཀུག་ནསཿ སྲོག་སྙིང་ཕུལ་ཞིང་དམ་བཅས་ནསཿ བཀའ་ཉན་གསུང་སྡོད་ཕྲིན་ལས་སྒྲུབཿ འཇིག་རྟེན་མ་མོ་མཁའ་འགྲོ་ཀུནཿ འོག་ཕྱོགས་ལྕགས་ཁང་འབར་བའི་ནངཿ རྒྱ་ཁྲམ་ཉི་ཟླའི་འོག་ཏུ་མནནཿ དྲན་པ་ཉམས་ཞིང་སྲོག་སྙིང་འགསཿ ཉོན་མོངས་ལས་སྒྲིབ་ཀུན་བྱང་ནསཿ སྐུ་ལས་འཕྲོས་པའི་ཁྲོ་ཚོགས་ཀྱིསཿ བྱད་མ་དགྲ་གདོན་འབྱུང་པོའི་ཚོགསཿ འགུགས་འཆིང་སྡོམ་མྱོས་རང་གཤེད་ཕོབཿ སྲོག་དབུགས་ཕྲལ་ཞིང་དྲག་པོས་བསྒྲལཿ ཚེ་བསོད་བཀྲག་མདངས་གཟི་བརྗིད་བསྡུསཿ སྡིག་སྒྲིབ་ལས་ཉོན་བག་ཆགས་སྦྱངསཿ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤརཿ ཤ་ཁྲག་རུས་པ་ནང་རོལ་བཅསཿ ཁྲོ་རྒྱལ་འཁོར་བཅས་དགྱེས་པར་རོལཿ བདེ་བ་ཆེན་པོར་ཨ་ལ་ལཿ ཨོཾ་བཛྲ་ཀྲོ་ཏ་སེང་ཧ་གཎྜེ་ཨརྩིག་ནིརྩིག་ག་ཧ་ལ་ཧ་ལ་ཧི་ལི་ཧི་ལི་ཧུ་ལུ་ཧུ་ལུ་ཨེ་ཨེ་ཧྲིཥྟི་ཝཥྟི་གྷྲྀ་ཝནྣ་རོ་ཥ་རོ་ཥི་མ་མ་ཀི་ལི་ཀི་ལ་སརྦ་དུཥྟཾ་ཊ་ཀ་ཊ་ཀི་བྱད་མ་དགྲ་གདོན་འབྱུང་པོ་ཛ་ཧཱུྃ་བཾ་ཧོ་པྲ་ཝེ་ཤ་ཡ་ཨ་ཝེ་ཤ་ཡ་སྲོག་ལ་ཧུར་ཐུམ་ཤ་ཏྲུཾ་མ་ར་ཡ་རྦད་རྣྲྀ་ཛ་ཁཱ་ཧི་ཁཱ་ཧི་ཧཱུྃ་ཨཱཿཕཊཿ «ཏིང་འཛིན་དམིགས་གནད་ལྡན་པ་ཡིསཿ དྲག་སྔགས་སྤུ་གྲི་རེག་གཅོད་འདིཿ བརྒྱ་ཕྲག་བཟླས་པས་མངོན་སྤྱོད་འགྲུབཿ གང་ལ་དམིགས་པ་ཕུང་བར་ངེསཿ གསང་སྔགས་ནུས་པའི་སྟོབས་རྩལ་ཀུནཿ ཐེ་ཚོམ་མེད་པར་ཡིད་ཆེས་གནདཿ» ཁྲོས་རྒྱལ་འབར་བའི་རྫུ་འཕྲུལ་གྱིསཿ བྱད་མ་དགྲ་གདོན་མིང་ཡང་མེདཿ ཡེ་ནས་དག་པ་སྐུ་གསུམ་དངཿ སྤྲོས་བྲལ་ཆོས་དབྱིངས་ཀློང་དུ་ཨཱཿ «གསུམ་པ་རྗེས་ཀྱི་རིམ་པ་ལཿ» ཧཱུྃཿ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་འདིརཿ རྡོ་རྗེ་སློབ་དཔོན་སྐུ་གསུམ་འདུས་པའི་དཔལཿ ཤེས་རབ་ཡུམ་མཆོག་བདེ་ཆེན་རྣལ་འབྱོར་མཿ ཡི་དམ་ལྷག་པའི་ལྷ་མཆོག་སེང་གེ་སྒྲཿ ཞི་ཆགས་ཁྲོ་བོ་ཁྲོ་མོ་སྤྲུལ་པའི་གརཿ ཡེ་ཤེས་ཌཱཀྐི་ལས་ཀྱི་དབང་མོ་ཆེཿ ཧེ་རུ་ཀ་དཔལ་ཁྲག་འཐུང་ལྷ་ཚོགས་ཀྱིསཿ སྐུ་གསུང་ཐུགས་ཡོན་ཕྲིན་ལས་མཆོག་ཐུནམོངཿ དབང་དང་དངོས་གྲུབ་བྱིན་རླབས་མ་ལུས་པཿ ད་ལྟ་ཉིད་དུ་བདག་ལ་སྩལ་དུ་གསོལཿ རབ་འབྱམས་ཕྲིན་ལས་གྲུབ་པའི་བརྒྱད་གྲུབ་ཅིངཿ བླ་མ་ཡི་དམ་མཆོག་དང་དབྱེར་མེད་ཤོགཿ ཨོཾ་ཨཱཿཧཱུྃ་དྷརྨཱ་ཀ་ཡ་སཾ་བྷོ་ཀ་ཡ་ནིརྨ་ཀ་ཡ་མ་ཧཱ་གུ་རུ་བཛྲ་ཀྲོ་ཏ་ཛྙཱ་ན་ཌཱཀྐི་ནི་ཀ་ཡ་ཝཀྐ་ཙིཏྟ་ཤིནྟཾ་པུཥྟཾ་ཝ་ཤཾ་མ་ར་ཡ་དྷརྨཱ་དྷརྟུ་སརྦ་སིདྡྷི་ཕ་ལ་ཧོཿ «རྟེན་འབྲེལ་སྙིང་པོ་ལན་གསུམ་གྱིས་བརྟན་པར་བྱཿ» ཧཱུྃཿ ཡི་དམ་ཁྲོ་རྒྱལ་ལྷ་ཚོགས་འཁོར་བཅས་ལཿ འདོད་ཡོན་ལོངས་སྤྱོད་ཕྱི་ཡི་མཆོད་པ་དངཿ སྨན་གཏོར་རཀྟ་ནང་གི་མཆོད་པའི་རྫསཿ སྦྱོར་སྒྲོལ་རྣམ་དག་གསང་བའི་མཆོད་པ་དངཿ རྨད་བྱུང་དེ་བཞིན་ཉིད་ཀྱི་མཆོད་པ་འབུལཿ མ་ཧཱ་སརྦ་པཱུ་ཙ་ཁཱ་ཧིཿ དངོས་གྲུབ་ཀུན་འབྱུང་ཡི་དམ་རྒྱལ་བའི་ལྷཿ གདུལ་དཀའི་གཤེད་དུ་ཁྲོས་པ་དྲག་པོ་རྒྱལཿ ཚར་གཅོད་རྗེས་འཛིན་གཟུང་འཛིན་ཉོན་མོངས་བཅོམཿ ཁྱེད་ཀྱི་གསང་བ་གསུམ་ལ་བདག་བསྟོད་དོཿ ཡེ་ནས་ཡི་དམ་ལྷ་དང་དབྱེར་མེད་པསཿ ཉམས་དང་བཤགས་པར་བྱ་བ་མི་དམིགས་ཀྱངཿ ཐེ་ཚོམ་གཉིས་འཛིན་རྣམ་རྟོག་དབང་གྱུར་པཿ ཀུན་བཟང་ཡངས་པ་ཆེན་པོའི་ཀློང་དུ་བཤགསཿ «ཡི་གེ་བརྒྱ་པ་ལན་གསུམ་བརྗོདཿ དར་ཅིག་འཛིན་མེད་ངང་ལ་བཞགཿ རྡོ་རྗེ་བཞི་ཡི་ཆིང་གིས་བཅིངསཿ ཉམས་པའི་རྟོག་སྒྲིབ་གནས་མི་བྱཿ» བསྐྱེད་རིམ་ལྷར་སྣང་དབྱིངས་སུ་ཡལཿ སླར་ཡང་རྡོ་རྗེའི་འཇའ་གུར་དབུསཿ གནམ་ལྕགས་རྡོ་རྗེ་རྩེ་ལྔ་བཿ ལྟེ་བར་ཐུགས་སྲོག་ལམ་གྱི་གསལཿ དེ་ཉིད་རྗེས་ཐོབ་གཉུག་མའི་སྐུཿ ཁྲོ་རྒྱལ་དཔལ་ཆེན་ལམ་གྱིས་གསལཿ «སྙིང་པོ་འབྲུ་གཅིག་བཟླ་བ་དང་ཿ བསྐྱེད་རིམ་འཁྲུལ་འཁོར་གང་བདེར་བསྒྱུརཿ སྤྱོད་ལམ་རྣམ་བཞི་གང་ལ་ཡངཿ ལྟ་བའི་རྒྱལ་པོ་ནམ་མཁའ་ཆེཿ སྒོམ་པའི་རྒྱལ་པོ་བྲལ་ཐོབ་ཞིགཿ སྤྱོད་པའི་རྒྱལ་པོ་རང་རྩལ་རྫོགསཿ འཁོར་བ་མ་སྤངས་གནས་སུ་དགཿ ཉོན་མོངས་ཡེ་ཤེས་ལྔ་རུ་གྲོལཿ དག་དང་མ་དག་འཛིན་པ་བྲལཿ ཁྱབ་བདག་ཆེན་པོའི་ལམ་ཁྱེར་སྐྱོངསཿ དད་དང་མོས་གུས་དམ་ཚིག་ཅནཿ ང་དང་དགོངས་པ་མཉམ་པར་ངེསཿ གནད་ཀྱི་གདམསཔ་ཟབ་མོ་ནིཿ སེམས་དཔའི་སྐྱིལ་ཀྲུང་མཉམ་བཞག་བཅསཿ ཀུན་བཟང་བཞུགས་སྟངས་ལུས་སེམས་ལྷོདཿ རླུང་དང་སྤྱོད་ལམ་དག་ལ་སློབཿ ཙཀྱུའི་ཟུམ་བུའི་མཁའ་ལ་གཏདཿ མཁའ་དབྱིངས་ལམ་དུ་འོད་ལྔ་འཆརཿ རིག་གདངས་གཏད་མེད་འགྲོ་འོང་ཅནཿ ངོ་ཟིན་ཚེ་ན་རང་བབ་ལྷོདཿ རེ་དོགས་མེད་པར་མཁའ་དབྱིངས་བཞགཿ དེ་ཚེ་ཐིག་ལེ་འོད་འཁྱིལ་དབུསཿ སྤྲུལ་ལོངས་ཆོས་ཀྱི་སྐུ་མཐོང་བཿ མངོན་གསུམ་གོང་འཕེལ་ཚད་ཕེབ་རྟགསཿ རྨི་ལམ་གསལ་དང་སྤྲུལ་བསྒྱུར་ནུསཿ དབྱིངས་སུ་དག་པ་རྣམ་གསུམ་ཚད༔ ཡོན་ཏན་སྒོ་གསུམ་དག་ལ་འཆརཿ མན་ངག་ཐུགས་ཀྱི་ཐིག་ལེར་གབཿ ཟད་པར་འཁྱོལ་བའི་རྣལ་འབྱོར་ལཿ སྣུབས་འཇུག་རྣམ་གསུམ་ཞལ་ལས་ཤེསཿ ནམ་ཞིག་འདའ་ཀ་མ་ཡི་ཚེཿ ཕྱི་རྟགས་དབང་པོ་ཡུལ་ལྔ་སྡུདཿ ནང་རྟགས་འབྱུང་ལྔའི་སྟོབས་ཉམས་ཤིང་ཿ གསང་རྟགས་འོད་ལྔའི་གཟི་མདངས་ཤརཿ དེ་ཚེ་བསྡུ་རིམ་ཆེན་མོ་ནིཿ མཁའ་ཁྱབ་སྙིང་རྗེ་ཆེན་པོའི་ངངཿ »སྣོད་ཀྱི་འཇིག་རྟེན་རྡོ་རྗེའི་གུར་ལ་ཐིམཿ དེ་ཉིད་འོད་ལྔ་འོད་ཁྱིམ་ལྷ་ལ་བསྡུཿ བཅུད་ཀྱི་སེམས་ཅན་འོད་ཞུ་རང་ཉིད་ལཿ རང་ཉིད་ཁྲོ་རྒྱལ་སྐུར་གསལ་ཡེ་ཤེས་སེམསཿ གསེར་རྡོར་ལ་ཐིམ་ཐུགས་སྲོག་ཡི་གེར་འདྲེསཿ ཧཱུྃ་མཐིང་འཕར་འདར་ལིང་ངེར་བཀྲག་མདངས་ལྡནཿ རླུང་རིག་དབྱེར་མེད་ནམ་མཁའི་དབྱིངས་ཤར་བཿ སྐར་མདའ་ཆད་བཞིན་བླ་མའི་ཐུགས་ཀློང་འདྲེསཿ ཧཱུྃ་ཧཱུྃ་ཧཱུྃ་ཕཊཿ «ཐེ་ཚོམ་མེད་པར་ཆོས་སྐུའི་ཞིང་དུ་འཕོཿ བླ་མ་ཀུན་བཟང་ཐུགས་ཀློང་འཚང་རྒྱ་བཿ ཡར་གྱི་ཟང་ཐལ་ཨེ་མ་ཧོཿ སྙིང་རྗེའི་རྗེས་འཛིན་འགྲོ་བ་གང་ཡང་རུངཿ རྣམ་ཤེས་ཡེ་གེའི་རྟར་བསྐྱོན་འཕངས་པའི་འདྲོངསཿ ཨེ་མ་ཧོཿ བདག་འདྲ་ཨ་ཙར་པདྨ་ཀ་ར་ཡིཿ འཕགས་ཡུལ་བོད་དང་ལི་བལ་མོན་གྱི་ཡུལཿ ཟབ་དགུའི་གདམས་པ་བརྗོད་ལས་འདས་པ་སྤེལཿ སྐུ་གསུམ་ཞིང་ནས་གནད་ཀྱི་མན་ངག་རྟོགསཿ བླ་མའི་དྲིན་གྱིས་རྫོགས་ཆེན་དོན་དང་མཇལཿ འོད་ལུས་ཡེ་ཤེས་སྙིང་པོའི་གྲུབ་རྟགས་ཐོབཿ ངོ་མཚར་རྫུ་འཕྲུལ་ཡ་མ་ཟུང་དུ་བསྟནཿ སྐལ་ལྡན་བརྒྱ་ཕྲག་མང་པོའི་འགྲོ་དོན་མཛདཿ སྦྱོར་སྒྲོལ་གསང་སྔགས་སྤེལ་བའི་འདི་ཡི་དྲིནཿ རིགས་ཀྱི་བདག་པོ་དགའ་རབ་དཔའ་བོའི་དྲུངཿ ཉི་མ་སྣང་བྱེད་རི་ལ་བདེན་པ་མཐོངཿ ཨུ་རྒྱན་གནས་ཡུལ་དབང་བཞི་རྫོགས་པར་ཐོབཿ རྡོ་རྗེ་གདན་དུ་ཞལ་གཟིགས་ལུང་བསྟན་གནངཿ རང་རིག་ཡི་དམ་ལྷ་དང་དབྱེར་མེད་བསྲེཿ མཁའ་འགྲོ་བདུད་འདུལ་མ་ཡི་བྱིན་གྱིས་བརླབསཿ མུ་སྟེགས་ཁུ་ལང་ནག་པོའི་ཡུལ་ཆེན་པོཿ རྨད་དུ་བྱུང་བའི་སྦྱོར་སྒྲོལ་སྤྱོད་པས་བཏུལཿ ལྷ་ཆེན་དབང་ཕྱུག་ཡབ་ཡུམ་འཁོར་དང་བཅསཿ དབང་བསྡུས་སྲོག་སྙིང་བླངས་ཤིང་དམ་ལ་བཞགཿ འཕོ་ཆེན་རྡོ་རྗེའི་སྐུ་བརྙེས་འདི་ཡི་དྲིནཿ བསྟན་པར་འཕངས་ཀྱང་ལྷ་ལྕམ་ཡུམ་ལ་གཏདཿ ཉམས་སུ་ལོངས་ལ་གྲུབ་འབྲས་ཐོབ་པའི་ཚེཿ སུ་ཥ་སིདྡྷི་གྲུབ་འབྲས་མངོན་གྱུར་ནསཿ དག་ཞིང་དགའ་རབ་དཔའ་བོའི་དྲུང་ཉིད་དུཿ རྡོ་རྗེ་རྣལ་འབྱོར་མ་དང་དབྱེར་མེད་གཤེགསཿ ང་ཉིད་མཐའ་འཁོབ་བོད་ཀྱི་དོན་ལ་འགྲོཿ མ་འོངས་ལྔ་ཕྲག་ཐ་མའི་དུས་ཀྱི་ཚེཿ ཁ་བའི་ཡུལ་ལྗོངས་བདུད་ཀྱི་གྲོང་ཁྱེར་དུཿ དགའ་རབ་དཔའ་བོས་འགྲོ་དོན་མཛད་པའི་ཚེཿ ཁྱོད་དང་ང་ཉིད་གྲོགས་དང་སློབ་དཔོན་ཚུལཿ དེ་ཚེ་ཁྱོད་དང་གདམས་པ་འདི་འཕྲད་ནསཿ གྲུབ་འབྲས་མངོན་གྱུར་ནུས་མཐུ་རྫུ་འཕྲུལ་ཐོབཿ བདུད་སྡེའི་དཔུང་འཇོམས་འགྲོ་དོན་དཔག་མེད་སྤྱོདཿ དཔའ་བོའི་ཐུགས་ཀློང་ཡོངས་སུ་རྫོགས་གྱུར་ནསཿ མཐར་ཐུག་འོག་མིན་གཏུམ་དྲག་རོལ་པའི་ཞིངཿ ཚོམ་བུ་གཅིག་ཏུ་མངོན་འཚང་རྒྱ་བར་ཤོགཿ བཀའ་འདི་གསང་བའི་བཀའ་སྲུང་ལྷ་ཀླུ་གཉནཿ གཟའ་རྒོད་དྲག་པོ་ཐོག་རྒྱུག་གཏུམ་པོ་རྩལཿ འབར་བ་ཤ་ཟ་མཆེད་ལྔས་ཐུབ་པར་སྲུངསཿ ཉིན་མཚན་དུས་དྲུག་ནམ་ཡང་མ་གཡེལ་ཅིགཿ རླུང་ཕྱོགས་ཙམ་ཡང་གཞན་ལ་ཤོར་བས་ནཿ སྲོག་སྙིང་འགས་ཤིང་ན་རག་ཆེན་པོར་ལྟུངཿ དམ་ཚིག་སྲོག་གི་བཀའ་རྒྱ་ཨེ་མ་ཧོཿ བཛྲ་ས་མ་ཡཱཿ སྐུ་ཡི་རྒྱཿ གསུང་གི་རྒྱཿ ཐུགས་ཀྱི་རྒྱཿ སྲོག་གི་རྒྱཿ དམ་ཚིག་གི་རྒྱཿ ཁ་ཐཾཿ གུ་ཧྱཿ ཟབ་དགུའི་གདམས་པའི་མཐར་ཐུག་འདིཿ བདག་འདྲ་དགའ་རབ་དཔའ་བོ་ཡིསཿ འོད་སྣང་སྤྲུལ་པའི་བརྡ་རིས་ལསཿ ཕབ་པའི་ཡི་གེ་འདུ་བྱེད་མཁནཿ སྔགས་འཆང་རིག་པའི་ཡེ་ཤེས་སྟེཿ བྱིན་རླབས་དངོས་གྲུབ་ཆར་འབེབས་ཤོགཿ ལས་མཁན་ཆེན་མོའི་རྟག་ཏུ་སྲུངསཿ དགེའོཿ

}}
}}

Latest revision as of 16:59, 24 June 2024

Wylie title yang gsang zab pa'i mthar thug pad+ma 'byung gnas thugs kyi thig le
Location mdo mkhyen brtse bka' 'bum
Volume 5, Text 1, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Sadhanas - Evocation Ritual - sgrub thabs
Cycle ཟབ་གསང་པདྨ་ཐུགས་ཐིག་ (zab gsang pad+ma thugs thig)
Colophon

ཟབ་དགུའི་གདམས་པའི་མཐར་ཐུག་འདིཿ བདག་འདྲ་དགའ་རབ་དཔའ་བོ་ཡིསཿ འོད་སྣང་སྤྲུལ་པའི་བརྡ་རིས་ལསཿ ཕབ་པའི་ཡི་གེ་འདུ་བྱེད་མཁནཿ སྔགས་འཆང་རིག་པའི་ཡེ་ཤེས་སྟེཿ བྱིན་རླབས་དངོས་གྲུབ་ཆར་འབེབས་ཤོགཿ ལས་མཁན་ཆེན་མོའི་རྟག་ཏུ་སྲུངསཿ དགེའོཿ

zab dgu'i gdams pa'i mthar thug 'di: bdag 'dra dga' rab dpa' bo yis: 'od snang sprul pa'i brda ris las: phab pa'i yi ge 'du byed mkhan: sngags 'chang rig pa'i ye shes te: byin rlabs dngos grub char 'bebs shog: las mkhan chen mo'i rtag tu srungs: dge'o:

[edit]
ཡང་གསང་ཟབ་པའི་མཐར་ཐུག་པདྨ་འབྱུང་གནས་ཐུགས་ཀྱི་ཐིག་ལེ་བཞུགསཿ