DKYD-KABUM-04-NGA-013: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
Line 7: Line 7:
|author=Mdo mkhyen brtse
|author=Mdo mkhyen brtse
|authortib=མདོ་མཁྱེན་བརྩེ་
|authortib=མདོ་མཁྱེན་བརྩེ་
|citation=
|sourcerevealer=Mdo mkhyen brtse
|sourcerevealertib=མདོ་མཁྱེན་བརྩེ་
|terma=Yes
|language=Tibetan
|language=Tibetan
|volnumtib=༣
|volyigtib=ང
|pagestatus=Temporary stub only
|pagestatus=Temporary stub only
|volumenumber=04
|volumenumber=04

Revision as of 10:29, 24 June 2024

Wylie title
Location mdo mkhyen brtse bka' 'bum
Volume 4, Text 13, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre
[edit]
༄༅། །ཡང་གསང་མཁའ་འགྲོའི་ཐུགས་ཐིག་ལསཿ ཡི་དམ་གསང་བ་གཅིག་བརྒྱུད་བཞུགསཿ

༄༅། «།ཀུན་བཟང་རྡོ་རྗེ་འཆང་ལ་འདུད༔ ཡང་གསང་མཁའ་འགྲོའི་ཐུགས་ཐིག་འདིཿ ཡི་གེ་མེད་པའི་སྙན་རྒྱུད་སྐོརཿ ཡི་དམ་ཀུན་འདུས་སྒྲུབ་པ་སྟེཿ སྐྱབས་སེམས་ཡན་ལག་བདུན་པ་ནི༔» ན་མོཿ བླ་མ་ཡི་དམ་མཁའ་འགྲོ་སྤྱན་འདྲེན་གཤེགས༔ སྤྱི་གཙུག་ཉི་ཟླ་པདྨའི་གདན་ལ་བཞུགསཿ བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆི༔ འགྲོ་བའི་དོན་དུ་སྨོན་འཇུག་སེམས་མཆོག་བསྐྱེད༔ སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོཿ ཕྱི་ནང་གསང་བའི་མཆོད་པ་དཔག་མེད་འབུལ༔ ཉམ་ཆགས་སྡིག་སྒྲིབ་ཐམས་ཅད་མཐོལ་ལོ་བཤགས༔ གསང་སྔགས་མཛད་པ་སྒྲུབ་ལ་རྗེས་ཡི་རང༔ སྨིན་གྲོལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ འགྲོ་བའི་དོན་དུ་མྱ་ངན་མི་འདའ་བཞུགས༔ དགེ་ཚོགས་བླ་མེད་བྱང་ཆུབ་ཆེན་པོར་བསྔོ༔ ཧཱུྃཿརང་ཉིད་སྐད་ཅིག་དྲན་རྫོགས་སུ༔ མཁའ་ལ་འཇའ་ཚོན་ཤར་བ་བཞིན༔ ཕྱི་སྣོད་དུར་ཁྲོད་གཞལ་ཡས་ཁང༔ རྒྱན་དང་བཀོད་པ་ཕུན་ཚོགས་དབུས༔ གསང་བདག་རྡོ་རྗེ་གཏུམ་པོའི་སྐུ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ སྤྱན་གསུམ་དམར་ཟླུམ་ལྟེ་བར་འབར༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ སྨར་སྨིན་དབུ་སྐྲ་དམར་སེར་མདངས༔ ཕྱག་གཡས་གསེར་རྡོར་རྩེ་ལྔ་འཕྱར༔ གཡོན་པས་ཐུགས་ཀར་དམ་རྒྱ་མཛད༔ དབྱིངས་ཕྱུག་གསང་བའི་ཡུམ་དང་འཁྲིལཿ རྡོ་རྗེའི་གོ་ཁྲབ་ཞུ་བླུགས་གསོལ༔ རུས་རྒྱན་དུར་ཁྲོད་ཆས་ཀྱིས་སྤུད༔ ཡེ་ཤེས་བསྐལ་མེ་རབ་འབར་ཀློང༔ པདྨ་ཉི་ཟླའི་གདན་ལ་འགྱིངས༔ གནས་ལྔར་ཁྱུང་ཆེན་རིགས་ལྔས་བརྒྱན༔ ཁྲོ་བོ་བཅུ་ཡི་འཁོར་གྱིས་བསྐོར༔ སྤྲུལ་དང་ཡང་སྤྲུལ་བསམ་མི་ཁྱབ༔ མ་བཙལ་ལྷུན་རྫོགས་དོན་གྱི་ལྷ༔ བསྐྱེད་དུ་མེད་དེ་ཡེ་ནས་ཡིན༔ ཐུགས་ཀར་ཡེ་ཤེས་སེམས་དཔའ་ནི༔ རྒྱན་མེད་མཐིང་གསལ་མཉམ་བཞག་ཅན༔ ཐུགས་ཀར་གསེར་རྡོར་ཉི་དཀྱིལ་ཧཱུྃ༔ རྩ་བའི་སྔགས་ཀྱིས་བསྐོར་བར་བསྒོམ༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ «ལྷ་ལ་གསལ་སྣང་ཐོན་པ་དང༔ ཐུགས་སྲོག་ཧཱུྃ་ལ་སེམས་བཟུང་ནསཿ སྤྲོས་བྲལ་ཆོས་སྐུའི་ཀློང་དུ་བལྟ༔ སྐབས་སུ་འབྱུང་བ་ལྔ་ཡི་ཡུལ༔ རིག་པ་རྡོ་རྗེ་ལུ་གུ་རྒྱུདཿ སྒྲོན་མ་བཞི་ཡི་དོན་ལ་བལྟཿ དགའ་བཞི་ལྷན་སྐྱེས་ཡེ་ཤེས་ཀྱིཿ བདེ་སྟོང་ཉམས་ལེན་རྩལ་སྦྱང་ངོ་ཿ བོགས་འདོན་བརྟུལ་བཞུགས་སྤྱོད་པ་སྐྱོངསཿ གང་ལའང་ཐེ་ཚོམ་མེད་པར་སྤྱོད༔ འོད་ཟེར་སྤྲོ་བསྡུ་འབྱིན་འཇུག་དངཿ ཕྲིན་ལས་དམིགས་པའི་ལྡེ་ཁ་བསྒྱུརཿ ཤིན་ཏུ་ཡང་གསང་བླ་ན་མེད༔ ཟབ་པའི་མཐར་ཐུག་ཨེ་མ་ཧོ༔ རྗེས་ལ་བསྟོད་ཚིག་མཆོད་བསྟོད་བྱཿ ཐུགས་ཐིག་འོ་མའི་རྒྱ་མཚོའི་བཅུདཿ མཁའ་འགྲོ་འབུམ་གྱི་སྲོག་ཐིག་འདིཿ ཁྲག་འཐུང་བདེ་བའི་རྡོ་རྗེ་ཡིསཿ ཉམས་ལེན་གྲུབ་འབྲས་མངོན་དུ་གྱུརཿ སྙིང་དང་འདྲ་བའི་ཡིད་བཞིན་ནོར༔ མ་མགོན་གཟའ་བདུད་རཱ་ཧུ་ལཿ བསྙོ་ཁ་ནག་པོས་ཐུབ་པར་སྲུངསཿ ས་མ་ཡཱཿ ན་ར་ཀནཿ རྡོ་རྗེ་ཕག་མོའི་ཐུགས་ཀློང་སྦསཿ ལྔ་ཕྲག་ཐ་མའི་དུས་ཀྱི་ཚེཿ ལས་ཅན་གྲོགས་དང་འཕྲད་པར་ཤོགཿ ས་མ་ཡཱཿ གུ་ཧྱཿ ཁ་ཐམ་ཤིན་ཏུ་གསང་བའི་མན་ངག་ཡི་གེ་འདུ་བྱེད་རིག་པའི་ཡེ་ཤེས་ཀྱིས་བགྱིས་པའོ། །