DKYD-KABUM-03-GA-056: Difference between revisions

From Khyentse Lineage - A Tsadra Foundation Project
DKYD-KABUM-03-GA-056
No edit summary
 
Line 20: Line 20:
|volyigtib=ག
|volyigtib=ག
|totalvolumes=8
|totalvolumes=8
|textnuminvol=055
|textnuminvol=056
|multivolumework=No
|multivolumework=No
|colophontib=ཁྲག་འཐུང་ཨ་ཙར་དམར་པོ་ཡིསཿ བརྡའ་རིས་ངོས་ནས་དག་པར་ཕབཿ ས་མ་ཡཿ རྒྱ་རྒྱ་རྒྱཿ
|colophontib=ཁྲག་འཐུང་ཨ་ཙར་དམར་པོ་ཡིསཿ བརྡའ་རིས་ངོས་ནས་དག་པར་ཕབཿ ས་མ་ཡཿ རྒྱ་རྒྱ་རྒྱཿ
|colophonwylie=khrag 'thung a tsar dmar po yis: brda ris ngos nas dag par phab: sa ma yA: rgya rgya rgya:
|colophonwylie=khrag 'thung a tsar dmar po yis: brda ris ngos nas dag par phab: sa ma yA: rgya rgya rgya:
|pdflink=File:DKYD-KABUM-03-GA-055.pdf
|pdflink=File:DKYD-KABUM-03-GA-056.pdf
|volumeLetter=GA
|volumeLetter=GA
|InitCategories=Khyentse Lineage Project; DKYD-KABUM-Volume-03-GA
|InitCategories=Khyentse Lineage Project; DKYD-KABUM-Volume-03-GA

Latest revision as of 14:50, 21 June 2024

Wylie title bla med rig 'dzin thugs thig las rgyun khyer yang zab mthar thug
Location mdo mkhyen brtse bka' 'bum
Volume 3, Text 56, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Daily Practice - rgyun khyer
Cycle ཡང་གསང་བླ་མེད་རིག་འཛིན་ཐུགས་ཐིག་ (yang gsang bla med rig 'dzin thugs thig)
Colophon

ཁྲག་འཐུང་ཨ་ཙར་དམར་པོ་ཡིསཿ བརྡའ་རིས་ངོས་ནས་དག་པར་ཕབཿ ས་མ་ཡཿ རྒྱ་རྒྱ་རྒྱཿ

khrag 'thung a tsar dmar po yis: brda ris ngos nas dag par phab: sa ma yA: rgya rgya rgya:

[edit]
བླ་མེད་རིག་འཛིན་ཐུགས་ཐིག་ལསཿ རྒྱུན་ཁྱེར་ཡང་ཟབ་མཐར་ཐུག་བཞུགས༔

྅྅྅ «ན་མོ་གུ་རུ་ཧེ་རུ་ཀཿ དཔལ་ཆེན་འབར་བ་གཏུམ་ཆེན་རྒྱལཿ སྒྲུབ་ཐབས་སྙིང་པོའི་བཅུད་བསྡུས་པཿ ལྷ་ལྕམ་ཐུགས་ཀྱི་སྙིང་ཁུ་ནིཿ དམ་ཚིག་ལྡན་པའི་རྣལ་འབྱོར་པསཿ ཐོག་མར་རླུང་རོ་ལན་གསུམ་བསལཿ ནད་གདོན་ཉམས་གྲིབ་དག་པར་བསམཿ བླ་མར་མོས་གུས་རྩེ་གཅིག་གིཿ »ན་མོཿ རང་རིག་དོན་གྱི་བླ་མ་ལཿ འདུ་འབྲལ་མེད་པར་སྐྱབས་སུ་མཆིཿ འཁྲུལ་སྣང་འཁོར་བར་འཁྱམས་པ་ཡིསཿ འགྲོ་ཀུན་གྲོལ་བར་སེམས་བསྐྱེད་དོཿ ཕྱག་འཚལ་མཆོད་འབུལ་སྡིག་པ་བཤགསཿ སྦྱོར་སྒྲོལ་ཡི་རངས་ཐུགས་དམ་བསྐུལཿ འབྲལ་མེད་བཞུགས་གསོལ་ཟག་མེད་དགེཿ འགྲོ་ཀུན་ཟུང་འཇུག་ཐོབ་ཕྱིར་བསྔོཿ ཧཱུྃ་ཧྲཱིཿ ང་ནི་གཏུམ་ཆེན་གྲོ་བོ་ལོདཿ ཐུགས་ལས་འཕྲོས་པའི་འོད་ཟེར་གྱིསཿ གཟུང་འཛིན་དགྲ་གདོན་དབྱིངས་སུ་ཡལཿ དག་པ་རབ་འབྱམས་ཆེན་པོའི་ངངཿ ཧཱུྃ་ཧཱུྃ་ཧཱུྃཿ རཀྵ་རཀྵ་ཙཀྲ་ཛྭ་ལ་རཾཿ ཧཱུྃ་ཧྲཱིཿ ཆོས་དབྱིངས་མ་བཅོས་སྤྲོས་བྲལ་ངངཿ སྟོང་ཉིད་སྙིང་རྗེ་དབྱེར་མེད་རྩལཿ རང་རིག་རྡོ་རྗེ་ཧཱུྃ་གིས་མཚན༔ འོད་ཀྱིས་ཕྱི་སྣོད་ཞིང་ཀུན་སྦྱངསཿ དྲག་པོའི་གཞལ་ཡས་རྒྱན་བཀོད་རྫོགསཿ ནང་དབྱིངས་ཁྲག་ཞག་རྒྱ་མཚོའི་གློངཿ ས་བོན་ཡོངས་སུ་གྱུར་པ་ལསཿ ཁྲག་འཐུང་རྒྱལ་པོ་ཧེ་རུ་ཀཿ ཁྲོ་བོ་འཆོལ་བ་གྲོ་བོ་ལོདཿ སྐུ་མདོག་དམར་ནག་ཁྲོ་གཏུམ་འཇིགསཿ ཞལ་གཅིག་ཁྲོ་གཉེར་ཨམ་གཙིགས་བསྡམསཿ སྤྱན་གསུམ་དམར་ཟླུམ་སྡང་མིག་གཡོཿ དབུ་སྐྲ་ཨང་མིག་གཡས་སུ་འཁྱིལཿ སྨ་ར་ཨག་ཚོམས་མེ་སྟག་འཕྲོཿ སྙན་ཆ་རུས་པའི་ཨང་མིག་མཛེསཿ ཕྱག་གཡས་གནམ་ལྕགས་རྡོ་རྗེ་ཕྱརཿ བསྡིག་མཛུབ་རྩེ་ནས་ཁྱུང་ཚོགས་འཕྲོཿ གཡོན་པས་གནམ་ལྕགས་ཕུར་བ་གཟིརཿ བསྡིག་མཛུབ་རྩེ་ནས་ཐོག་སེར་འབེབསཿ བེར་མཐིང་དུར་ཁྲོད་ཆས་བརྒྱད་དངཿ ཆོས་གོས་གསེར་གྱི་ཧ་རིས་གཡེངཿ ཡུམ་ཆེན་རྡོ་རྗེ་རྣལ་འབྱོར་མཿ རབ་ཁྲོས་སྟག་མོ་གྲུས་མ་ནིཿ གཏུམ་རྔམས་དམ་སྲི་བདུད་བཞི་བརྫིསཿ བན་བོན་བྱད་མ་ཟས་ཟ་བའིཿ སྟེང་དུ་རོལ་པའི་སྟབས་སུ་འགྱིངཿ སངས་རྒྱས་བྱང་སེམས་རྩ་བ་གསུམཿ མ་མོ་མཁའ་འགྲོའི་འཁོར་གྱིས་བསྐོརཿ དཔྲལ་མགྲིན་སྙིག་ཀ་ལྟོ་གསང་གནསཿ གཤིན་རྗེ་རྟ་མགྲིན་གཏུམ་པོའི་རྒྱལཿ མཁའ་འགྲོ་སེང་གདོང་མེ་དབལ་ནགཿ ཁྲོ་བོ་ཁྲོ་མོ་ག་རུ་ཊཿ ལས་ལ་འགྱོད་ཅིང་གདུག་པ་འདུལཿ དཔལ་ཆེན་ཁྲག་འཐུང་དཀྱིལ་འཁོར་ལྷཿ ཡེ་ནས་རང་དང་འདུ་འབྲལ་མེདཿ མ་འདྲེས་ཡོངས་རྫོགས་ཆེན་པོར་གསལཿ རིགས་ལྔའི་སངས་རྒྱས་སྤྱན་དྲངས་སྦྱོར༔ བྱང་སེམས་བདུད་རྩིའི་དབང་བསྐུར་ཞིང༔ དག་རྫོགས་སྨིན་ཅིང་ཆུ་ལྷག་ཡརཿ ལུད་པ་ཚེ་ལྷ་ཡབ་ཡུམ་གྱིསཿ དབུ་རྒྱན་བྱིན་རློབས་འབྲས་བུ་ཐོབཿ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ག་ཏེ་ས་མ་ཡ་ཤྲྀ་ཧཱུྃཿ ཧཱུྃཿ སྣང་བ་རྣམ་དག་སྐུ་གསུམ་ཞིངཿ རྩ་གསུམ་རྒྱལ་བ་རབ་འབྱམས་གཤེགསཿ བྱིན་ཆེན་ཕོབ་ལ་དངོས་གྲུབ་སྩོལཿ དམ་ཚིག་ཡེ་ཤེས་གཉིས་མེད་བཞུགསཿ ཁམས་གསུམ་དབང་སྡུད་ཕྱག་བགྱིའོཿ ཨོཾ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ་ཛཿ ཏིཥྛ་ལྷནཿ ན་མོ་ནཱ་མ་ཧོཿ ཨོཾ་ཨཱཿཧཱུྃཿ ཡུལ་དྲུག་འདོད་ཡོན་རྣམ་དག་པའིཿ ཕྱི་ནང་གསང་བའི་མཆོད་པ་དངཿ བདེ་ཆེན་དགའ་བཞི་བདེ་བའི་རོཿ མ་རིག་གཟུང་འཛིན་བསྒྲལ་མཆོད་འབུལཿ རུ་པ་ཤབྡ་གྷན་དྷེ་རཱ་ས་སྤརྴེ་ཏཱ་ནཱ་ག་ནཱ་པཱུ་ཙ་ཧོཿ འཁོར་འདས་སྲིད་གསུམ་དབང་བསྒྱུར་རྗེཿ དྲག་གཏུམ་ཁྲོ་རྒྱལ་ཧེ་རུ་ཀཿ བྱིན་རླབས་དངོས་གྲུབ་འབྱུང་བའི་གཏེརཿ བཛྲ་གྲོ་བོ་ལོད་ལ་བསྟོདཿ རྩ་བ་ཡན་ལག་དམ་འགལ་བཤགསཿ མཆོག་དང་ཐུན་མོངས་དངོས་གྲུབ་སྩོལཿ བདག་ཉིད་རྩ་བའི་ཐུགས་ཀ་རུཿ རྡོ་རྗེ་ཕག་མོ་གཅེར་མོའི་སྐུཿ གྲི་ཐོད་འཛིན་པའི་ཐུགས་ཀ་རུཿ པདྨ་ཉི་ཟླའི་གདན་སྟེང་དུཿ ཧཱུྃ་ཡིག་མཐའ་མར་སྔགས་ཀྱིས་བསྐོརཿ འོད་ཀྱིས་ཞིང་མཆོད་བྱིན་ནུས་བསྡུསཿ མཁའ་ཁྱབ་སེམས་ཅན་ལས་ཉོན་སྦྱངསཿ གདུག་པ་ཚར་བཅད་དྲེགས་ཚོགས་ཀྱིཿ སྲོག་སྙིང་འཕྲོག་ཅིང་ཁམས་གསུམ་གྱིཿ ཚེ་བསོད་བཀྲག་མདངས་གཟི་བརྗིད་བསྡུསཿ བདག་ཉིད་མཐུ་སྟོབས་རྩལ་འབར་ཞིངཿ སྤྲོས་བྲལ་ཆོས་དབྱིངས་ཁྱབ་བདལ་ངངཿ ཨོཾ་མ་ཧཱ་གུ་རུ་བཛྲ་གྲོ་བོ་ལོད་སརྦ་སིདྡྷི་ཝ་ཤཾ་ཀུ་རུ་ཨཱཿཧཱུྃཿ «བསྙེན་སྒྲུབ་ཆིག་དྲིན་ཡང་སྙིང་འདིཿ ཆུ་བོའི་རྒྱུན་བཞིན་བཟླ་བར་བྱཿ བསྒྲུབ་ཆེན་ཐུགས་སྲོག་བཟླས་པ་ནིཿ »རང་ཉིད་ཁྲག་འཐུང་ཧེ་རུ་ཀའིཿ སྐུ་ལས་ཁྲོ་ཁྱུང་སྤྲུལ་པ་འཕྲོསཿ སྟོང་གསུམ་འཇིག་རྟེན་ཀུན་སྦྱངས་ཤིངཿ རྣམ་དག་ཁྲོ་བོའི་ཞིང་དུ་གྱུརཿ «ཐུགས་སྲོག་ཧཱུྃ་ཡིག་གཙོ་བོར་བཟླཿ ཆོས་ཉིད་ལྟ་བའི་ངང་གདངས་བསྐྱངསཿ ལས་སྦྱོར་གོ་ཆའི་ལྷ་སྒྲུབ་པཿ »ཨོཾ་ཧཱྀཥྟི་ཝིཏྟི་ཏཱ་ན་ནཱ་ཧཱུྃ་ཕཊཿ ཨོཾ་པདྨ་ཀྲོ་ཏོ་ཧྱཱ་གྷྲཱྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊཿ ཨོཾ་བཛྲ་ཙནྚ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊཿ ཨཿཀཿསཿམཿརཿཙཿཤཿདྷཿརཿ སཿམཿརཿཡཿཕཊཿ ཨོཾ་བཛྲ་ཡཀྴ་རཀྴ་ཛྭ་ལ་པཱ་ཡ་ཧཱུྃ་ཕཊཿ ཧཱུྃ་ཧཱུྃ་གུ་རུ་ཊ་དུཥྟཾ་མ་ར་ཡ་ཧཱུྃ་ཕཊཿ ཨོཾ་ཙནྚ་ཤྭ་རི་མ་ཧཱ་དྷ་དྷི་སརྦ་དུཥྟཾན་མ་ར་ཡ་ཕཊཿ« སྐབས་དང་སྦྱར་དེ་བཟླ་བར་བྱཿ ཐུན་མཐར་རིགས་བདག་ལ་དམིགས་ཏེཿ ཧྲཱིཿ ཡིག་བརྒྱ་རྩ་བརྒྱད་བགྲངས་ཤིངཿ འཁོར་འདས་ཀུན་གྱི་ཚེ་བཅུད་བསྡུསཿ སྦྱོར་མཚམས་བདུད་རྩིའི་བདག་ལུས་གངཿ འཆི་མེད་རིག་འཛིན་འགྲུབ་པར་དམིགསཿ ཐུན་མཐར་འཛབ་འཇུག་བསྡུ་བ་ནིཿ རྩ་སྔགས་ཤམ་བུརཿ» ཤནྟཾ་པུཥྟཾ་ཝ་ཤཾ་མ་ར་ཡ་ཕཊཿ རྩ་གསུམ་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་འགྲུབ་པར་གྱུར་ཅིགཿ ཨ་ཨཱཿ ཨི་ཨཱིཿ ཨུ་ཨཱུཿ རི་རཱིཿ ལྀ་ལཱྀཿ ཨེ་ཨཻཿ ཨོ་ཨཽཿ ཨཾ་ཨཱཿ ག་ཁ་ག་གྷ་ངཿ ཙ་ཚ་ཛ་ཛྙཱ་ཉ༔ ཊ་ཋ་ཌ་དྷ་ཎཿ ཏ་ཐ་ད་དྷ་ནཿ པ་ཕ་བ་བྷ་མཿ ཡ་ར་ལ་ཝཿ ཤ་ཥ་ས་ཧ་ཀྵཿ ཧོཿ ཡི་དམ་རྩ་བ་གསུམ་གྱི་ལྷ་ཚོགས་ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེསཿ བརྩེ་བའི་ཐུགས་རྗེཿ སྐྱོབས་པའི་ནུས་མཐུཿ རྣམ་བཞིའི་ཕྲིན་ལསཿ བསམ་གྱི་མི་ཁྱབ་པའི་མངའ་བདག་སྟེཿ བདག་ཅག་སྒྲུབ་པ་པོ་ལ་རྗེས་སུ་དགོངས་ལ་སྒོ་གསུམ་སྒྲིབ་གཉིས་བག་ཆགས་དང་བཅས་པ་བྱང་ཞིང་དག་ནསཿ མཆོག་གི་དངོས་གྲུབ་རྩ་གསུམ་རྒྱལ་བ་ཞི་ཁྲོའི་གསང་བ་གསུམ་དང་དབྱེར་མེད་དུ་འདྲེས་ཤིང་ལོངས་སྐུ་ཆེན་པོར་འཚང་རྒྱ་བ་དངཿ ཐུན་མོང་གི་དངོས་གྲུབ་ཞི་རྒྱས་དབང་དྲག་གྲུབ་པ་བརྒྱདཿ ལས་ཆེན་བཅུ་གཉིས་སོགས་མྱུར་བ་ཉིད་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལཿ ཨོཾ་ཡེ་དྷརྨཱ་ཧེ་དུན་པྲ་བྷ་ཝཿ ཧེ་དུན་ཏེ་ཥཱནྟ་ཐཱ་ག་ཏོ་ཧྱཿ ཝ་དཏ་ཏེ་ཥཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དི་མཱ་ཧཱ་ཤྲ་མ་ཎཿ སྭཱ་ཧཱཿ ཡི་དམ་རྩ་གསུམ་ལྷ་ཚོགས་འཁོར་བཅས་ལཿ མཆོད་ཡོན་ཞབ་བསིལ་མོ་ཏོག་བདུག་སྤོས་དྲིཿ མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་དངཿ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགསཿ བདུད་རྩི་སྨན་དང་རཀྟ་བཱ་ལིང་ཏཿ སྦྱོར་སྒྲོལ་བདེ་བ་ཆེན་པོའི་མཆོད་པ་འབུལཿ བཛྲ་ཨརྒྷམ་པ་ཏྱཾ་པུཥྟི་དྷུདྦྷེ་ཨ་ལོ་གི་གྷནྡྷེ་ནཻ་ཝི་ཏྱ་ཤབྟ་རུ་པ་ཤབྟ་གྷནྡྷེ་ར་ས་སྤརྴེ་སརྦ་པཉྩ་རཀྟ་བཱ་ལིང་ཏ་དྷརྨ་དྷརྟུ་ཏ་ན་གཱ་ན་པཱུ་ཙ་ཁྷཱིཿ ཧཱུྃཿ སྐྱེ་འཆི་གཉིས་སྤང་འཆི་མེད་རིག་འཛིན་བརྙེསཿ སྐུ་གསུམ་སྟོན་པ་འཇའ་ལུས་རྡོ་རྗེའི་སྐུཿ ཡི་དམ་དབྱེར་མེད་ཁྲག་འཐུང་རྔམས་བརྗིད་རྒྱལཿ འཁོར་འདས་སྤྱི་དཔལ་ཧེ་རུ་ག་ལ་འདུདཿ ཉི་མ་ལས་ནི་འོད་ཟེར་མཆེད་པ་བཞིནཿ སྤྲུལ་པའི་ཁྲོ་བོ་ཁྲོ་མོ་གིང་ཀ་རཿ རྩ་གསུམ་དཔའ་བོ་མཁའ་འགྲོ་ཆོས་སྲུང་བཅསཿ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོདཿ ཚེ་རབ་སྔོན་ནས་བསྒྲུབ་པའི་ལྷག་པའི་ལྷཿ བླ་མ་ཡི་དམ་དབྱེར་མེད་ཐུགས་རྗེའི་རྩལཿ སྙིགས་དུས་འགྲོ་བ་མགོན་མེད་སྐྱོབ་པ་དངཿ བདག་ཅག་སྨོན་ལམ་འབྲེལ་པའི་སྒྲུབ་པ་པོཿ མཆོག་ཐུན་དངོས་གྲུབ་སྩོལ་ཞིང་སྣང་སེམས་འདྲེསཿ རྫུ་འཕྲུལ་ཐོག་མེད་འབྱུང་བཞི་རང་དབང་བསྒྱུརཿ ཁྱོད་དང་མཁྱེན་བརྩེ་ནུས་པའི་སྟོབས་མཉམ་པརཿ ཞལ་བཞེས་དུས་ལ་བབ་པོ་ས་མ་ཡཿ སྙིག་དུས་དཀར་ཕྱོགས་ཕམ་ཞིང་ནག་ཕྱོགས་དརཿ རྒྱལ་བསེན་དམ་སྲི་མ་རུང་སྡེ་བརྒྱད་དཔུངཿ གསར་སྐྱེས་འབྱུང་བོ་གདུག་པའི་ཁ་དར་ཚེཿ ཐུགས་དམ་གནད་ནས་བསྐུལ་ལོ་ཞི་རྒྱས་དབངཿ མངོན་སྤྱོད་དྲག་པོ་རོལ་པའི་དངོས་གྲུབ་སྩོལཿ ཡེ་ཤེས་ལྔ་ལྡན་འབྲས་བུ་ཐོབ་པར་ཤོགཿ ཚེ་རབ་སྔོན་ནས་ད་ལ་ཐུག་གི་བརཿ ཡི་དམ་ལྷ་ལ་སྤོང་ལན་ཤོར་བ་དངཿ རྡོ་རྗེ་སློབ་དཔོན་སྐུ་གསུང་ཐུགས་དང་འགལཿ གསང་སྔགས་དམ་ཚིག་ཉམས་འགལ་རལ་བ་བཤགསཿ «ཡི་གེ་བརྒྱ་བ་ལན་གསུམ་མཐརཿ» འ་ཨ་ཧ་ཤ་ས་མཿ «རྟག་མཐའ་བསལ་ཕྱིར་སྤྲོས་བྲལ་ངངཿ ཆད་མཐའ་བསལ་ཕྱིར་སྤྱོད་ལམ་རྒྱུནཿ ཧེ་རུ་ཀ་ཡི་ང་རྒྱལ་ངངཿ ཐུགས་སྲོག་ཧཱུྃ་ཡིག་བརྒྱ་རྩ་བཟླཿ དྲག་སྒྲུབ་འོ་མའི་རྒྱ་མཚོ་ལསཿ བཅུད་ལས་བཅུད་དུ་བསྡུས་པ་སྟེཿ ཀླུ་རྒྱལ་གཙུག་གི་ནོར་བུ་འདྲཿ བྱིན་རླབས་རྟགས་མཚན་བརྗོད་མི་ལངཿ རྩ་གསུམ་བྱིན་རླབས་མཁའ་འགྲོ་འདུཿ དམ་ཅན་སྲུང་མ་དྲེགས་ཚོགས་ཀུནཿ དབང་དུ་འདུ་ཞིང་སྲོག་སྙིང་ལོནཿ མན་དཱ་ར་བའི་ཐུགས་ཀྱི་བཅུདཿ ཌཱཀྐིའི་བརྡ་རིས་ཆེན་མོར་བཏབཿ རྡོ་རྗེ་ཕག་མོའི་མཁའ་ཀློང་སྦསཿ མ་འོངས་དུས་ཀྱི་སྙིགས་མ་ལཿ ལྷ་ལྕམ་སྤྲུལ་པའི་ཌཱཀྐི་མརཿ འཕྲད་ནས་རྡོ་རྗེའི་སྲོག་འགྲུབ་ཤོགཿ ས་མ་ཡཿ སྐུ་རྒྱཿ གསུང་རྒྱཿ ཐུགས་རྒྱཿ ཁ་ཐཾཿ གུ་ཧྱཿ བཀའ་འདི་ཁྲོ་མོ་རལ་གཅིག་མསཿ ཐུབ་པར་སྲུངས་ཤིག་དམ་ཚིག་རྒྱཿ བདག་འདྲ་དུས་མཐའི་གཏེར་སྨྱོན་ཁྲག་འཐང་རྡོ་རྗེའི་རིན་ཆེན་སྙིང་གཟུགས་ཀྱི་བརྡ་རིས་ལས་དག་པར་ཕབ་པའི་ཡི་གེར་འདུ་བྱེད་དམ་ལྡན་གྱི་སློབ་བུ་རིས་སྨིའི་མིང་འཛིན་གྱིས་བགྱིས་པ་ཤིན་ཏུ་ཟབ་པའི་གདམས་པའི་མཐར་ཐུག་གོཿ བླ་མ་ཡི་དམ་མཁའ་འགྲོ་ལཿ འདོད་ཡོན་ཚོགས་མཆོད་འབུལ་བ་ནིཿ »རཾ་ཡཾ་ཁཾཿ དངོས་འཛིན་དྲི་མ་བསྲེགས་གཏོར་བཀྲུསཿ ཟག་མེད་ཡེ་ཤེས་བདུད་རྩིར་བསྒྱུརཿ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཧྲཱིཿ རྗེ་བཙུན་པདྨ་ཐོད་ཕྲེང་རྩལཿ ཁྲོ་བོ་འཆོལ་བ་གྲོ་བོ་ལོདཿ རྩ་གསུམ་དཔའ་བོ་མཁའ་འགྲོའི་ཚོགསཿ རྔ་ཡབ་གླིང་ནས་སྤྱན་འདྲེན་གཤེགསཿ དམ་རྫས་ཚོགས་ལ་བྱིན་ཆེན་ཕོབཿ མོས་པའི་བུ་ལ་དབང་མཆོག་བསྐུརཿ ཨོཾ་བཛྲ་གུ་རུ་དེ་ཝཱ་ཌཱཀྐི་ནི་སརྦ་ས་མ་ཡ་ཛ་ཛཿ མ་ཧཱ་པཉྩ་ཨ་མྲྀ་ཏ་སིདྡྷི་ཕ་ལ་ཧཱུྃཿ བཅུ་དྲུག་ཕོ་ཉ་གར་མཁན་མསཿ རོ་བརྒྱ་ནུས་པ་སྟོང་ལྡན་ཚོགསཿ འཆི་མེད་ཡེ་ཤེས་བདུད་རྩིའི་བཅུདཿ ཀུན་འདུས་དཀྱིལ་འཁོར་ལྷ་ཚོགས་མཆོདཿ མེ་ཏོག་བདུག་སྤོས་མར་མེ་ཆབཿ ལྷ་བཤོས་གཟུགས་སྒྲ་དྲི་རོ་རེགཿ དགའ་བཞི་ཡེ་ཤེས་བདེ་བའི་རོཿ ཆོས་ཀྱི་ཕྱག་རྒྱའི་ཐུགས་དམ་བསྐངཿ རྩ་བ་ཡན་ལག་དམ་ཉམས་བཤགསཿ གཟུང་འཛིན་ཆོས་དབྱིངས་ཀློང་དུ་སྒྲོལཿ ལྷན་སྐྱེས་བདེ་བ་ཆེན་པོར་སྦྱོརཿ ག་ཎ་ཙཀྲ་པཱུ་ཙ་ཧོཿ ས་མ་ཡ་ཤུདྡྷེ་ཨཱཿ ཏ་ན་ག་ཎ་པཱུ་ཙ་ཨ་ལ་ལ་ཧོཿ «ལྷག་མའི་གཏོར་མ་འབུལ་བ་ནིཿ» ཧཱུྃཿ མཁའ་འགྲོ་མ་དང་ཤུགས་འགྲོ་མཿ དམ་ཚིག་ལས་དང་ཤ་ཟའི་ཚོགསཿ གིང་དང་ལང་ཀ་དབང་ཕྱུག་མཿ འབར་མ་བཀའ་ཡི་སྲུང་མར་བཅསཿ ཧེ་རུ་ཀ་ཡི་ཕམ་བབ་ལོངསཿ བཀའ་དང་དམ་ལས་མ་འདའ་བརཿ སྦྱོར་སྒྲོལ་བླ་མེད་གསང་སྔགས་སྐྱོངསཿ བཀའ་འདས་བརླག་པའི་ཕྲིན་ལས་མཛོདཿ «ཁྲག་འཐུང་ཨ་ཙར་དམར་པོ་ཡིསཿ བརྡའ་རིས་ངོས་ནས་དག་པར་ཕབཿ ས་མ་ཡཿ རྒྱ་རྒྱ་རྒྱཿ