DKYD-KABUM-03-GA-047: Difference between revisions

From Khyentse Lineage - A Tsadra Foundation Project
DKYD-KABUM-03-GA-047
No edit summary
No edit summary
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|sectionheading=No
|fulltitletib=ཐུགས་སྒྲུབ་ཡང་སྙིང་འདུས་པ་ལསཿ ལས་བྱང་དངོས་གྲུབ་ཆར་འབེབསཿ
|fulltitle=thugs sgrub yang snying 'dus pa las las byang dngos grub char 'bebs
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ།
|collectiontitle=mdo mkhyen brtse bka' 'bum
|collectiontitle=mdo mkhyen brtse bka' 'bum
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ།
|totalvolumes=8
|author=Mdo mkhyen brtse
|author=Mdo mkhyen brtse
|authortib=མདོ་མཁྱེན་བརྩེ་
|authortib=མདོ་མཁྱེན་བརྩེ་
|sourcerevealer=Mdo mkhyen brtse
|sourcerevealer=Mdo mkhyen brtse
|sourcerevealertib=མདོ་མཁྱེན་བརྩེ་
|sourcerevealertib=མདོ་མཁྱེན་བརྩེ་
|tibgenre=Activity Manual - las byang
|terma=Yes
|terma=Yes
|cycle=bla ma'i thugs sgrub yang snying 'dus pa
|cycletib=བླ་མའི་ཐུགས་སྒྲུབ་ཡང་སྙིང་འདུས་པ་
|language=Tibetan
|language=Tibetan
|volumenumber=03
|volnumtib=༣
|volnumtib=༣
|volyigtib=ག
|volyigtib=ག
|pagestatus=Temporary stub only
|totalvolumes=8
|volumenumber=03
|volumeLetter=GA
|textnuminvol=046
|textnuminvol=046
|multivolumework=No
|colophontib=ཅེས་པ་འདི་ཡང་རིག་འཛིན་མཐུ་སྟོབས་བདུད་འདུལ་རྩམ་གྱི་རང་ལོ་སོ་གསུམ་པ་འབྲུག་གི་ལོ་རྒྱལ་གྱི་ཟླ་བ་ལ་སེམས་ཅན་ཡོངས་ལ་དམིགས་པའི་སྒྲུབ་མཆོད་ཟབ་མོ་བགྱིས་ཚད་མ་དང་མཁའ་འགྲོ་འདུས་ཤིང་རྟེན་འབྲེལ་ཟབ་མོས་མཚམ་སྦྱར་ཏེ་ལེགས་པར་ཕབ་པའོཿ
|colophonwylie=ces pa 'di yang rig 'dzin mthu stobs bdud 'dul rtsam gyi rang lo so gsum pa 'brug gi lo rgyal gyi zla ba la sems can yongs la dmigs pa'i sgrub mchod zab mo bgyis tshad ma dang mkha' 'gro 'dus shing rten 'brel zab mos mtsham sbyar te legs par phab pa'o:
|pdflink=File:DKYD-KABUM-03-GA-046.pdf
|pdflink=File:DKYD-KABUM-03-GA-046.pdf
|volumeLetter=GA
|InitCategories=Khyentse Lineage Project; DKYD-KABUM-Volume-03-GA
|InitCategories=Khyentse Lineage Project; DKYD-KABUM-Volume-03-GA
}}
}}

Revision as of 13:53, 21 June 2024

Wylie title thugs sgrub yang snying 'dus pa las las byang dngos grub char 'bebs
Location mdo mkhyen brtse bka' 'bum
Volume 3, Text 46, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Activity Manual - las byang
Cycle བླ་མའི་ཐུགས་སྒྲུབ་ཡང་སྙིང་འདུས་པ་ (bla ma'i thugs sgrub yang snying 'dus pa)
Colophon

ཅེས་པ་འདི་ཡང་རིག་འཛིན་མཐུ་སྟོབས་བདུད་འདུལ་རྩམ་གྱི་རང་ལོ་སོ་གསུམ་པ་འབྲུག་གི་ལོ་རྒྱལ་གྱི་ཟླ་བ་ལ་སེམས་ཅན་ཡོངས་ལ་དམིགས་པའི་སྒྲུབ་མཆོད་ཟབ་མོ་བགྱིས་ཚད་མ་དང་མཁའ་འགྲོ་འདུས་ཤིང་རྟེན་འབྲེལ་ཟབ་མོས་མཚམ་སྦྱར་ཏེ་ལེགས་པར་ཕབ་པའོཿ

ces pa 'di yang rig 'dzin mthu stobs bdud 'dul rtsam gyi rang lo so gsum pa 'brug gi lo rgyal gyi zla ba la sems can yongs la dmigs pa'i sgrub mchod zab mo bgyis tshad ma dang mkha' 'gro 'dus shing rten 'brel zab mos mtsham sbyar te legs par phab pa'o:

[edit]
ཐུགས་སྒྲུབ་ཡང་སྙིང་འདུས་པ་ལསཿ ལས་བྱང་དངོས་གྲུབ་ཆར་འབེབས་བཞུགསཿ «སྙིགས་དུས་བསྐལ་བའི་ཐ་མ་ལཿ སེམས་ཅན་ཚེ་ཐུང་བསོད་ནམས་དམནཿ ཆོས་བཞིན་སྒྲུབ་ལ་དགལ་རྐྱེན་གྱིསཿ བར་ཆད་མང་ཞིང་སྙིང་རླུང་ལྡངཿ སྒྲུབ་པའི་ལོང་མེད་སྙིང་རུས་ཆུངཿ དེ་ཚེ་གཉེན་པོ་སྟོབས་ཀྱི་ལྷཿ པདྨ་ཐོད་ཕྲེང་སྒྲུབ་པ་འདིཿ ཉམས་སུ་ལེན་པའི་སྐྱེས་བུ་ཀུནཿ སྐྱེ་འདིར་བར་ཆད་བདུད་ལས་རྒྱལཿ ཚེ་འཕོས་རིག་འཛིན་གྲལ་དུ་འཁོདཿ དེ་ཕྱིར་སྙིང་ལས་གཅེས་པར་ཟུངཿ ས་མ་ཡཿ དམ་ཚིག་ལྡན་པའི་རྣལ་འབྱོར་པསཿ དཀྱིལ་འཁོར་མཆོད་པའི་ཡོ་བྱད་ཀུནཿ འདུ་བྱས་ཚོགས་ཞིང་གསལ་གདབ་ནིཿ» ཧཱུྃ་ཧྲཱིཿ མདུན་མཁར་འོག་མིན་ཆོས་དབྱིངས་དག་པའི་ཞིངཿ རྒྱན་བཀོད་ཕུན་ཚོགས་བཀྲ་ཤིས་བྱིན་ཆགས་དབུསཿ ཕྱོགས་དུས་རྩ་གསུམ་སངས་རྒྱས་བྱང་སེམས་ཀུནཿ པདྨ་ཐོད་ཕྲེང་སྒྱུ་འཕྲུལ་ཞི་ཁྲོའི་ལྷཿ རིག་འཛིན་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་བཅསཿ ཡོངས་རྫོགས་སྤྲིན་དཔུང་གཏིབས་པ་ཇི་བཞིན་གསལཿ «དང་པོ་སྐྱབས་འགྲོ་བ་ནི།» ཧཱུྃ་ཧྲཱིཿ རྩ་གསུམ་སྐུ་གསུམ་མཆོག་གསུམ་ཀུན་འདུས་དངོསཿ པདྨ་ཐོད་ཕྲེང་བླ་མེད་ཧེ་རུ་ཀཿ ཤེས་རབ་ཡུམ་མཆོག་བདེ་ཆེན་རྣལ་འབྱོར་མཿ ཞི་ཁྲོ་རབ་བྱམས་དཀྱིལ་འཁོར་ཡོངས་རྫོགས་ལྷརཿ འདི་བཟུང་བྱང་ཆུབ་སྙིང་པོར་མཆིས་ཀྱི་བརཿ བདག་དང་འགྲོ་ཀུན་གུས་པས་སྐྱབས་སུ་མཆིཿ «སེམས་བསྐྱེད་པ་ནིཿ»སེམས་ཉིད་བདག་མེད་སྣང་བ་གཞན་མེད་ལཿ བདག་དང་གཞན་དུ་བཟུང་བའི་འཁྲུལ་སྣང་གིསཿ མ་རིག་དབང་གྱུར་འཁོར་བར་འཁྱམས་པ་ཡིཿ ཕ་མ་རིགས་དྲུག་སེམས་ཅན་མ་ལུས་ཀུནཿ བླ་མེད་ཐོབ་ཕྱིར་བྱང་ཆུབ་སེམས་མཆོག་བསྐྱེདཿ «ཡན་ལག་བདུན་པ་འབུལ་ཞིང་ཚོགས་བསགས་པ་ནིཿ» ཧཱུྃ་ཧྲིཿ པདྨ་ཁྲག་འཐུང་ལྷ་ཚོགས་འཁོར་བཅས་ལཿ བདག་དང་འགྲོ་དྲུག་སེམས་ཅན་མ་ལུས་པའིཿ སྒོ་གསུམ་གུས་པའི་ཕྱག་འཚལ་སྡིག་པ་བཤགསཿ ཕྱི་ནང་གསང་བའི་མཆོད་པ་དཔག་མེད་འབུལཿ འགྲོ་ཀུན་དགེ་ཚོགས་ཀུན་ལ་རྗེས་ཡི་རངསཿ དོན་དམ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལཿ འགྲོ་བའི་དོན་དུ་བཞུགས་པར་གསོལ་བ་འདེབསཿ དགེ་ཚོགས་བླ་མེད་བྱང་ཆུབ་ཐོབ་ཕྱིར་བསྔོཿ «ཅེས་དང༌།» ཛཿཧཱུྃ་བཾ་ཧོཿ ཚོགས་ཞིང་འོད་དུ་ཞུ་བདག་དང་དབྱེར་མེད་ཐིམཿ སྤྲོས་བྲལ་འདུ་མ་བྱས་པའི་ཀློང་དུ་ཨཱཿ «གཉུག་གནས་ལ་གཏོར་མ་སྦྱིན་པ་ནི་བྱིན་གྱིས་བརླབས་ལཿ» ཧཱུྃ༔ གཙང་རིས་དཔལ་མགོན་བདུན་ཅུ་རྩ་ལྔ་དངཿ ས་ཡི་ལྷ་མོ་དཀར་སྐྱོང་ཟོ་དོར་གཉནཿ ཡུལ་ཕྱོགས་འདི་དག་ཀུན་ལ་གནས་པ་ཡིཿ ལྷ་ཀླུ་གནོད་སྦྱིན་སྡེ་བརྒྱད་འབྱུང་པོའི་ཚོགས། ལྟོ་འཕྱེ་ཕྱོགས་སྐྱོང་དྲི་ཟ་མིའམ་ཅིཿ མཁའ་འགྲོ་མ་མོ་འཁོར་དང་བཅས་པ་རྣམསཿ འདིར་གཤེགས་དཀར་དམར་མཆོད་གཏོར་འདི་བཞེས་ལཿ ཀོ་ལོང་རུ་ང་ཕྲག་དོགས་མ་མཛད་པརཿ བདག་གི་ཁ་འཛིན་སྡོང་གྲོགས་མེལ་ཚེ་གྱིསཿ སྒྲུབ་པའི་བར་ཆད་སོལ་ལ་མཐུན་སྐྱེན་སྒྲུབསཿ མ་ལུས་བཀའ་དང་དམ་ལ་མ་འདའ་ཞིགཿ བཅོལ་པའི་ལས་ཀུན་ཐོགས་མེད་མྱུར་འགྲུབ་མཛོདཿ སརྦ་ཨེ་དམ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧིཿ «ཕྲལ་རྒྱུའི་འབྱུང་པོ་ལ་གཏོར་མར་སྦྱིན་པ་ནིཿ བྱིན་གྱིས་བརླབས་ལཿ» ཧཱུྃ༔ མ་རིག་བདག་འཛིན་རྒྱུ་ལས་སྐྱེས་པ་ཡིཿ གློ་བུར་བག་ཆགས་བདག་འཛིན་བུད་ཀྱི་རིགསཿ ཁྱད་པར་སྒྲུབ་ལ་དབར་ཆོད་ཐུགས་རྒྱུད་དཀྲུགསཿ སྨོན་ལམ་ལོག་པའི་དམ་སྲིད་མི་མིན་རིགསཿ གསང་བའི་དཀྱིལ་འཁོར་གྲལ་དུ་མི་དབང་བའིཿ གླག་ལྟའི་བགེག་ཚོགས་གནས་འདིར་མ་འདུག་པརཿ གཏོར་མ་ལོངས་ལ་རྒྱ་མཚོའི་ཕར་མཐར་དོངསཿ གང་དག་མི་འགྲོ་བཀའ་ལས་འདའ་བྱེད་ནཿ བདག་ཉིད་པདྨ་ཐོད་ཕྲེང་ཧེ་རུ་ཀའིཿ ཐུགས་ལས་སྤྲུལ་བའི་ཁྲོ་མཚོན་མེ་དཔུང་གིསཿ བགེགས་ཚོགས་མགོ་བོ་ཚལ་པ་བརྒྱར་བཀས་ཤིངཿ ལུས་སེམས་རྡུལ་ཕྲན་བཞིན་དུ་བརླག་ཏ་རེཿ བཛྲ་ཡཀྐ་ཀ་ལ་རུ་པ་ཛྭ་ལ་རམ་ཧཱུྃ་ཕཊཿ «ཐུན་གྱི་གཟིར་བར་བྱའོ། མཚམས་བཅད་པ་ནི།» ཧཱུྃ་ཧྲཱིཿ ཕྱི་མཚམས་སྣང་བ་རྣམ་དག་ཆོས་ཀྱི་དབྱིངསཿ ནང་མཚམས་ལྔ་ལྡན་སྤྲུལ་པའི་གཞལ་ཡས་ཁངཿ བར་མཚམས་རྡོ་རྗེ་རིན་ཆེན་པདྨ་དངཿ རྒྱ་གྲམ་རལ་གྲིའི་གུར་གྱིས་ཕྱོགས་གཏམསཿ ཕྱི་རོལ་ཡེ་ཤེས་བསྐལ་བའི་མེ་རླུང་འཁྲུགསཿ ལོག་ལྟ་བདུད་ཀྱིས་གླག་མི་རྙེད་པར་གྱུརཿ ཨོཾ་བཛྲ་རཀྵ་རཏྣ་རཀྵ་པདྨ་རཀྵ་ཀརྨ་རཀྵ་ཙཀྲ་ཛྭ་ལ་རམ་ཧཱུྃ་ཕཊཿ «བཤགས་པ་བྱ་བ་ནིཿ» ཧཱུྃ་ཧྲཱིཿ པདྨ་ཐོད་ཕྲེང་ལྷ་ཚོགས་འཁོར་བཅས་རྣམསཿ ཚེ་རབས་སྔོན་ནས་བསྒྲུབ་པའི་ལྷག་པའི་ལྷཿ ཁྱེད་ཀྱི་སྐུ་གསུང་ཐུགས་དང་འགལ་བའི་ལསཿ མ་རིག་འཐུབ་པོའི་དབང་གིས་གང་བགྱིས་པཿ རབ་ཏུ་གནོང་ཞིང་འགྱོད་པས་མཐོལ་བཤགསཿ ཕྱིན་ཆད་སྡོམ་ཞིང་བཤགས་ནས་ཚངས་པར་སྩོལཿ བཛྲ་སཱ་ཏཱ་ས་མ་ཡ་ཤུདྡྷཻ་ཧཾཿ «བྱིན་དབབ་པ་ནིཿ» ཧཱུྃ་ཧཱིཿ ཆོས་དབྱིངས་མ་བཅོས་བདེ་བ་ཆེན་པོའི་དབྱིངསཿ གཏུམ་དྲག་མེ་ལྟར་འབར་བའི་གཞལ་ཡས་ནསཿ བདེ་ཆེན་པདྨ་ཐོད་ཕྲེང་ཡབ་ཡུམ་དངཿ ཀུན་བཟང་ཞི་ཁྲོ་རབ་བྱམས་ལྷ་ཚོགས་བཅསཿ ཆོས་ཀྱི་སྐུ་ལ་གཟུགས་ཀྱི་སྐུར་བཞེངས་ནསཿ ཕྱོགས་བཅུའི་རྩ་གསུམ་རྒྱལ་བ་རབ་བྱམས་བཅསཿ སྒྲུབ་པའི་གནས་མཆོག་འདི་རུ་བྱིན་ཕོབ་ལཿ བདག་ཅག་མོས་པའི་བུ་ལ་བྱིན་གྱིས་རློབསཿ དཀྱིལ་འཁོར་གཞལ་ཡས་འདི་ལ་བཀྲག་མདངས་བསྐྱེདཿ མཆོད་རྫས་ཡོ་བྱད་འདི་ལ་བཅུ་ཅིག་སྩོལཿ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱིཿ དབང་དང་བྱིན་རླབས་མ་ལུས་དེང་འདིར་ཕོབཿ གུ་རུ་དྷེ་ཝ་ཌཀྐཱི་ནི་ས་མ་ཡ་ཨ་བེ་ཤ་ཡ་ཕེམ་ཕེམཿ «མཆོད་རྫས་བྱིན་གྱི་རླབས་པ་ནིཿ» ཨོཾ་ཨཱཿཧཱུྃ༔ ཕྱི་ནང་མཆོད་ཚོགས་ཟག་མེད་ཡེ་ཤེས་བཅུདཿ ངོ་བོ་བདུད་རྩིའི་རྣམ་པ་འདོད་ཡོན་གྱིཿ ལོངས་སྤྱོད་ཟག་མེད་ཀུན་བཟང་མཆོད་པའི་སྤྲིནཿ སྨན་རཀ་གཏོར་ཚོགས་ནང་དང་གསང་བའི་རྫསཿ དཀྱིལ་འཁོར་ལྷ་ཚོགས་དགྱིས་སྐོང་ཆེན་པོར་གྱུརཿ སརྦ་པཱུ་ཛ་ས་མ་ཡ་པཉྩ་རཀྟ་བ་ལིང་ཏ་པཱུ་ཛ་ཨ་ཧཱུྃཿ «དངོས་གཞི་ལྷ་སྐྱེད་རིམ་པ་ནིཿ »ཧྲཱིཿ བརྗོད་མེད་རིག་པ་དེ་བཞིན་ཉིད་ཀྱི་དབྱིངསཿ མ་སྐྱེས་མི་འགགས་ཆོས་དབྱིངས་སྤྲོས་དང་བྲལཿ གདོད་ནས་རྣམ་དག་ཀུན་བཟང་ཡབ་ཡུམ་གྱི་ཀློངཿ དྷརྨ་དྷརྡཱུ་ཨཱཿ དེ་ལས་ཀུན་ཏུ་སྣང་བའི་སྙིང་རྗེའི་གདངསཿ མ་རྟོགས་འཁོར་བར་འཁྱམས་པའི་རྒྱུད་ལྔའི་འགྲོཿ རང་བཞིན་མ་རྟོགས་སྡུག་བསྔལ་དྲག་པོས་གཟེརཿ དམིགས་པ་མེད་པའི་སྙིང་རྗེ་ཆེན་པོའི་གདངསཿ རང་རིག་མ་བཅོས་རྒྱུ་ཡི་ས་བོན་ཧཱུྃཿ དེ་ལས་ཨེ་འཕྲོས་ནམ་མཁའི་དཀྱིལ་འཁོར་དབུསཿ ཡཾ་འཕྲོས་རླུང་གི་དཀྱིལ་འཁོར་སྟོང་གསུམ་ཁྱབཿ ཁཾ་འཕྲོས་རཀྟ་སུམ་འཕྲོས་ཞིང་ཆེན་སཿ ཀཾ་འཕྲུས་རུས་པའི་རི་རབ་ཆེན་པོའི་སྟེངཿ རཾ་འཕྲོས་ཡེ་ཤེས་བསྐལ་མེ་རབ་འབར་ཀློངཿ གནམ་ལྕགས་རྡོ་རྗེའི་བྲག་ཆེན་རབ་འཇིགས་ཁརཿ བྷྲུྃ་ཡིག་ཡོངས་གྱུར་སྤྲུལ་པའི་ཕོ་བྲང་ཆེཿ ཕྱི་ནི་ཡེ་ཤེས་ལྔ་ཡི་རྩིགས་པ་ལཿ ནང་ནི་དུར་ཁྲོད་རོལ་པའི་གཞལ་མེད་ཁངཿ སྒོ་བཞིར་རྟ་བབས་འདོད་རྣམ་ཕ་གུ་དངཿ དྲྭ་ཕྱེད་མདའ་ཡབ་ཆོས་འཁོར་རི་དྭགས་བཅསཿ ཕོ་བྲང་བུམ་པ་ཆོས་འཁོར་གདུགས་ཏོག་མཛེསཿ ཕྱི་རོལ་དུར་ཁྲོད་ཆེན་པོ་རྣམ་བརྒྱད་དངཿ མཚོན་ཆེའི་གུར་དང་མེད་དཔུང་སྤུ་གྲིས་གཏམསཿ རབ་འཇིགས་འོག་མིན་དུར་ཁྲོད་རོལ་བའི་དབུསཿ གསེར་འཁོར་རྩིབ་བརྒྱད་དབུས་སུ་བདུད་བཞི་དངཿ སྡེ་བརྒྱད་ཕོ་མོ་རུ་ཏྲ་བསྣོལ་བའི་སྟེངཿ སྐྱོན་བྲལ་པདྨ་ཐབས་ཤེས་ཉི་ཟླའི་གདནཿ རྒྱུ་ཡི་ཧཱུྃ་བབ་འོད་འཕྲོས་ཕྱོགས་བཅུ་ཡིཿ རྒྱལ་བ་སྲས་བཅས་མཆོད་ཅིང་བྱིན་རླབས་བསྡུསཿ སླར་འཕྲོས་འགྲོ་ཀུན་ལས་ཉོན་སྡིག་སྒྲིབ་སྦྱངསཿ ཚུར་འདུས་ཧཱུྃ་ཡིག་འོད་ཞུ་གནས་འགྱུར་བསཿ རྩ་གསུམ་ཀུན་འདུས་པདྨ་ཐོད་ཕྲེང་འཚལཿ སྐུ་མདོག་དམར་གསལ་བྱུ་རུར་སྣུམ་བྱུག་མདོགཿ ཞལ་གདངས་ལྗགས་འདྲིལ་མཆེ་བ་རབ་ཏུ་གཙིགསཿ སྤྱན་གསུམ་སྡང་མིག་སྨ་ར་སྨིན་མ་འབརཿ ཕྱག་གཡས་རྡོ་རྗེ་རྩེ་དགུ་ནམ་མཁར་ཕྱརཿ གཡོན་པས་གནམ་ལྕགས་ཕུར་བུས་བགེགས་དཔུང་གཟིརཿ ཞབས་གཉིས་དོར་ཐབས་སྟག་ཤམ་རུས་རྒྱན་དངཿ དབུ་སྐྲ་ཐོར་ཅོག་ལྷག་མས་སྐུ་རྒྱབ་ཁེབསཿ སྦྱོར་བའི་ཡུམ་ཆེན་རྡོ་རྗེ་རྣལ་འབྱོར་མཿ ཞལ་གཅིག་ཕྱག་གཉིས་གྲི་ཐོད་ཡབ་མགུལ་འཁྱུདཿ མཐིང་གསལ་ཐོར་ཚུགས་རུས་རྒྱན་དྲིལ་གཡེར་འཁྲོལཿ བདེ་ཆེན་རབ་འབར་ཞི་མ་ཁྲོའི་ཉམས་ཅནཿ ཞབས་གཉིས་བརྐྱང་བསྐུམ་འཁྲིལ་སྦྱོར་གཟི་འོད་འབརཿ ཡབ་ཡུམ་གར་དགུའི་རྣམ་རོལ་ཅིར་ཡང་སྟོནཿ སྙིང་ཁ་ཆོས་ཀྱི་འཁོར་ལོའི་གཞལ་ཡས་སུཿ དངས་མ་ལྔ་ལྡན་འོད་ཀྱི་དཀྱིལ་འཁོར་ཀློངཿ ཀུན་གཞི་ཡིད་ཆོས་ཕུང་ཁམས་སྐྱེ་མཆེད་དངཿ དབང་ཡུལ་ཚོགས་བརྒྱད་རྟོགས་ཚོགས་གནས་དག་པའིཿ ཞི་བའི་ལྷ་ཚོགས་བཞི་བཅུ་རྩ་གཉིས་ནིཿ ཀུན་བཟང་ཡབ་ཡུམ་མཐིང་གསལ་མཉམ་བཞག་ཅནཿ རྒྱན་སྤངས་ཐབས་ཤེས་གཉིས་མེད་ཆོས་སྐུའི་གདངཿ རྣམ་པར་སྣང་མཛད་འཁོར་ལོ་དྲིལ་འཛིན་མཐིངཿ དབྱིངས་ཕྱུག་ཡུམ་དང་འཁྲིལ་སྦྱོར་རོལ་བ་ལསཿ ཡེ་ཤེས་དྲུག་རྫོགས་ཕྱོགས་བཞིར་ས་ལེར་གཟིགསཿ རྡོར་སེམས་སྤྱན་མ་རིན་འབྱུང་མཱ་ཀི་དངཿ སྣང་མཐའ་གོས་དཀར་དོན་གྲུབ་དམ་ཚིག་སྒྲོལཿ ཕྱོགས་བཞིར་རང་རང་རིགས་ཀྱི་ཕྱག་མཚན་བཅསཿ ཐབས་ཤེས་མཉམ་བྱོར་ཟག་མེད་བདེ་ཆེན་ངངཿ རིགས་བཞི་སེམས་དཔའ་སེམས་མ་བཅུ་དྲུག་བཅསཿ ལོངས་སྐུའི་ཆས་རྫོགས་སྐྱིལ་མོ་ཀྲུང་གིས་བཞུགསཿ སྟེང་འོག་ཕྱོགས་བཞིར་སྤྲུལ་སྐུ་ཐུབ་དྲུག་དངཿ སྒོ་བཞིར་ཁྲོ་རྒྱལ་སྒོ་བ་ཡབ་ཡུམ་བརྒྱདཿ དཀར་སེར་དམར་ལྗང་དྲག་ཤུལ་གཏུམ་པའི་ཉམསཿ ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་ཀུནཿ སྣང་སྟོང་མེ་ལོང་གཟུགས་བརྙན་ཇི་བཞིན་གསལཿ ཀླད་པ་དུང་ཁང་ཁྲོ་བོའི་གཞལ་ཡས་ནཿ ཡེ་ཤེས་ལྔ་ལྡན་མེད་དཔུང་འབར་བའི་ཀློངཿ ཁྲག་འཐུང་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀཿ སྨུག་ནག་ཞལ་གསུམ་ཕྱག་དྲུག་དཀར་དམར་ཞལཿ ཕྱག་དྲུག་རྡོ་རྗེ་ཁ་ཊཾ་རྔེའུ་ཆུང་གཡསཿ དྲིལ་བུ་བྷན་དམར་རྒྱུ་ཞགས་གཡོན་ན་བསྣམསཿ དུར་ཁྲོད་ཆས་བརྒྱད་དཔལ་གྱི་ཆས་བཅུ་རྫོགསཿ ཡུམ་ཆེན་དབང་ཕྱུག་ཀྲོ་དྷི་ཤྭ་རི་མཿ མཐིང་ནག་གྲི་གུག་ཐོད་འཛིན་ཡབ་ལ་འཁྱུདཿ ཁྲོ་མོའི་ཆས་རྫོགས་དགའ་བཞིའི་ཡེ་ཤེས་ངངཿ དཔལ་ཆེན་ཡབ་ཡུམ་ཁྲག་འཐུང་དཀྱིལ་འཁོར་རྫོགསཿ དབུས་དང་ཕྱོགས་བཞི་བཛྲ་བྷུདྡྷ་དང༔ རཏྣ་པདྨ་ཀརྨ་ཧེ་རུ་ཀཿ ཀྲོ་ཏི་ཤྭ་རི་ཡུམ་མཆོག་ལྔ་དང་སྦྱོརཿ སྐུ་མདོག་ཕྱག་འཛིན་རྒྱན་ཆ་ཡོངས་སུ་རྫོགསཿ གཞན་ཡང་གནས་ཀྱི་མཁའ་འགྲོ་ཀཽ་རི་བརྒྱདཿ ཡུལ་ཀྱི་ཕྲ་མིན་སེང་ཧ་མ་མོ་བརྒྱདཿ བཀའ་ཡི་ལས་མཛད་སྒོ་མ་རྣམ་བཞི་དངཿ དབང་ཕྱུག་འབར་མ་ཉི་ཤུ་རྩ་བརྒྱད་ཚོགསཿ མ་འདྲེས་ཡོངས་རྫོགས་རྩི་བཞིན་གསལ་བར་བསྒོམཿ མགྲིན་པ་ལོངས་སྤྱོད་འཁོར་ལོའི་གཞལ་གཡས་ནཿ རིག་འཛིན་དཔའ་བོ་མཁའ་འགྲོ་ཡབ་ཡུམ་བཅུཿ གྲི་གུག་ཐོད་འཛིན་དཀར་སེར་དམར་ལྗངས་མཐིངཿ གསལ་སྟོང་ཐུགས་རྗེ་མ་འགགས་ལྷན་ནེར་གསལཿ རང་ཉིད་པདྨ་བཛྲ་སྤྱི་བོ་རུཿ རིགས་ཀྱི་བདག་པོ་སངས་རྒྱས་སྣང་མཐའ་ཡསཿ ལོངས་སྐུ་ཚེ་དཔག་མེད་མགོན་རྣམ་རོལ་ཅནཿ སྐྱིལ་ཀྲུང་ཕྱག་གཉིས་མཉམ་བཞག་ཚེ་བུམ་འཛིནཿ ཐོར་གཙུག་རིན་ཆེན་རྒྱན་ཆ་དུ་མས་སྤུདཿ དམར་གསལ་པདྨ་ར་གའི་ལྷུན་པོ་ལཿ ཉི་མ་འབུམ་གྱིས་འཁྱུད་ལྟའི་གཟི་འོད་འབརཿ ཕྱོགས་བཞི་མཚམས་བརྒྱད་སྤྲུལ་པའི་རིག་འཛིན་བརྒྱདཿ ཧཱུྃ་ཀར་བཤེས་གཉེན་ཀླུ་སྒྲུབ་པྲ་བྷ་ཧཿ དྷ་ན་བི་མ་རོམ་བུ་ཤནྚཾ་གྷརཿ ཧེ་རུ་ཀ་ཡི་ཆ་བྱད་ཞི་མ་ཁྲོཿ གར་སྟབས་དཀར་སེར་དམར་ལྗང་མཚམས་བཞི་མཐིངཿ ཐོར་གཙུག་རུས་རྒྱན་ཅང་ཏིལ་དྲིལ་བུ་འཁྲོལཿ སྟག་ཤམ་དར་དཔྱང་རྒྱན་ལྡན་བསྐྱང་བསྐུམ་གརཿ མཉམ་སྦྱོར་བདེ་ཆེན་དགའ་བཞི་རོལ་བའི་ངངཿ སོ་སོའི་ཡུམ་རྣམས་དཔའ་མོའི་ཆ་བྱད་ཅནཿ གྲི་གུག་ཐོད་ཁྲག་འཛིན་ཅིང་ཡབ་དང་འཁྲིལཿ སྒྲུབ་སྡེ་བརྒྱད་ཀྱི་ངོ་བོར་ལྷུན་རྫོགས་བཞུགསཿ བར་མཚམས་སྤྲུལ་པའི་རྗེ་འབངས་ཉེར་ལྔ་དངཿ རྒྱ་བོད་རིག་འཛིན་གྲུབ་ཐོབ་ཚོགས་རྣམས་ཀུནཿ མ་ལུས་ལྷམ་མེར་ཁྲོམ་ཚོགས་ཇི་བཞིན་གསལཿ དེ་ཡི་ཕྱི་རོལ་པད་འདབ་སོ་གཉིས་ལཿ ཡེ་ཤེས་ལས་མཛད་མཁའ་འགྲོ་གསུམ་ཅུ་གཉིསཿ དཀར་སེར་དམར་ལྗང་མཐིང་མདོག་ཁྲོ་མོའི་ཆསཿ གྲི་གུག་ཐོད་ཁྲག་ཁ་ཊཱཾ་རྩེ་གསུམ་འཆངཿ གཅེར་མོ་རུས་རྒྱན་གར་སྟབས་ལིང་ངེར་བཞུགསཿ དེའི་ཕྱིར་གནམ་ལྕགས་འཁོར་ལོ་རྩིབས་བཅུ་ལཿ ཧཱུྃ་དཀར་ལ་སོགས་ཁྲོ་རྒྱལ་ཡབ་ཡུམ་བཅུཿ ཕྲ་ཕྱག་དང་བཅས་གར་དགུའི་རོལ་བའི་ཉམསཿ བར་ཆད་བགེགས་རྣམས་འདུལ་བའི་ལས་མཛད་གསལཿ སྒོ་བཞིར་ཁྲོ་རྒྱལ་སྤྲུལ་པའི་གིང་ཆེན་བཞིཿ དཀར་སེར་མར་ལྗང་ཁྲོ་མོའི་ཆ་བྱད་ཅནཿ གཡས་པ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལཿ གཡོན་པས་བྷནྡྷ་རཀྟ་ཞལ་དུ་གསོལཿ དཀྱིལ་འཁོར་སྒོ་བཞི་སྲུང་ཞིང་ལས་རྣམས་སྒྲུབཿ གསེར་ཁྱམས་ཡེ་ཤེས་ལས་མཛད་ཁྲོ་མོའི་ཚོགསཿ ཁྲག་འཁྱམས་དམ་ཚིག་ཤ་ཟ་མཁའ་འགྲོ་བཅསཿ མ་ལུས་ཁྲོམ་ཚོགས་ཇི་བཞིན་གསལ་བར་གྱུརཿ གཙོ་འཁོར་རྟེན་དང་བརྟེན་པར་བཅས་པ་ཀུནཿ སྣང་སྟོང་མེ་ལོང་གཟུགས་བརྙན་ཅི་བཞིན་གསལཿ «དབང་བསྐུར་བ་ནིཿ» རང་གི་ཐུགས་ཀའི་འོད་ཀྱིས་ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་དབང་ལྷ་རིགས་ལྔའི་རྣམ་པར་གཡན་དྲངསཿ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་ར་ག་ཛྙཱ་ན་བཛྲ་སྭཱ་བྷ་ཝ་ཨརྨ་ཀོ྅་ཧཾཿ ཕྱོགས་བཅུའི་བདེ་བར་ཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ལས་གསང་བ་གསུམ་གྱི་བྱིན་རླབས་འབྲུ་གསུམ་གྱི་རྣམ་པར་རང་གི་གནས་གསུམ་དུ་ཐིམ་པར་མོས་ལཿ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷ་ཝ་ཨརྨ་ཀོ྅་ཧཾཿ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝཀྐ་སོགསཿ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་སོགསཿ དབང་ལྷ་ཡབ་ཡུམ་རྗེས་ཆགས་ཞི་བའི་ཡེ་ཤེས་བདུད་རྩེའི་ཆུས་དབང་བསྐུརཿ སྐུ་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་རིགས་བདག་ཆགས་པ་དམར་པོས་བུ་བརྒྱན་པར་གྱུརཿ ཨོཾ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨརྨ་ཀོ྅་ཧཾཿ «དེ་བཞིན་དུཿ» ཨོཾ་མ་ཧཱ་ཨ་དརྴ༴ ཨོཾ་མ་ཧཱ་ས་མ་ཏ༴ ཨོཾ་མ་ཧཱ་པྲ་ཏྱ་བེ་ཀྵ་ཎ༴ ཨོཾ་མ་ཧཱའ་ཀྲྀ་ཏྱ་ནུཥྛ་ན༴ «སྤྱན་འདྲེན་བ་ནིཿ» རང་གི་ཐུགས་ཀའི་འོད་ཀྱིས་བསྐུར་བས་ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་བདུད་འདུལ་པདྨ་ཐོད་ཕྲེང་རྩལ་གྱི་རྣམ་པར་བཛྲ་ས་མ་ཡ་ཛཿ ཧཱུྃ་ཧྲཱིཿ འོག་མིན་ཆོས་དབྱིངས་སྤྲོས་བའི་མཐའ་འདས་ཤིངཿ མ་འགགས་ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགསཿ ཐུགས་རྗེ་སྤྲུལ་སྐུའི་གནས་མཆོག་གསང་ཆེན་རོལཿ གཏུམ་དྲག་མེ་འབར་རྔ་ཡབ་པདྨ་འོདཿ རང་བཞིན་གར་བཞུགས་སྤྲུལ་པའི་གནས་མཆོག་ནསཿ རྒྱལ་ཀུན་ཐུགས་རྗེ་ཕྲིན་ལས་གཅིག་བསྡུས་དཔལཿ ལྷག་པའི་ལྷ་མཆོག་པདྨ་ཐོད་ཕྲེང་རྩལཿ ཡུམ་མཆོག་ཌཱཀྐི་རྡོ་རྗེ་རྣལ་འབྱོར་མཿ ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་དངཿ ཁྲག་འཐུང་ཁྲོ་བོ་ཡབ་ཡུམ་སྤྲུལ་འཁོར་བཅསཿ གྲུབ་བརྙེས་རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགསཿ སྤྲུལ་པའི་ལས་མཛད་ཁྲོ་རྒྱལ་ཡབ་ཡུམ་བཅུཿ གིང་དང་དབང་ཕྱུག་འབར་མ་ལང་ཀའི་ཚོགསཿ ཆོས་དབྱིངས་ཀུན་ཁྱབ་སྤྲོས་པའི་མཐའ་འདས་ཀྱངཿ གདུལ་བྱའི་དོན་དུ་ལྷ་ཚོགས་གཟུགས་སྐུར་སྟོནཿ ཐུགས་རྗེ་ཆེན་པོའི་བརྩེ་བར་འདིར་དགོངས་ལཿ མ་ལུས་འཁོར་བཅས་གནས་འདིར་གཤེགས་སུ་གསོལཿ དམ་མེད་ལོག་རྟོག་རུ་ཏྲ་འདུལ་བ་དངཿ ཁམས་གསུམ་འཁོར་བ་དབྱིངས་སུ་སྒྲོལ་མཛད་ཅིངཿ མ་རིག་གནས་འགྱུར་སྐུ་གསུམ་སར་བཀོད་ཕྱིརཿ པདྨ་ཐོད་ཕྲེང་ལྷ་ཚོགས་འཁོར་དང་བཅསཿ གནས་འདིར་གཤེགས་ལ་བདག་རྒྱུད་བྱིན་གྱི་རློབསཿ སྐུུ་གསུང་ཐུགས་ཀྱི་དབང་དང་དངོས་གྲུབ་སྩོལཿ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་སརྦ་ས་མ་ཡ་ཛ་ཛཿ ཨེ་ཧྱ་ཧི་མ་ཧཱ་ཀཱ་རུ་ནི་ཀ་ཏྲི་ཤ་ཡ་ཨ་བེ་ཤ་ཡ་ཨ་ཨཿ «བཞུགས་སུ་གསོལ་བ་ནིཿ» ཧཱུྃ་ཧྲཱིཿ པདྨ་དབང་ཆེན་བདུད་འདུལ་ཧེ་རུ་ཀཿ ཐོད་ཕྲེང་ཡབ་ཡུམ་ཞི་ཆགས་ཁྲོ་བོའི་ཚོགསཿ མི་གཡོ་གཉིས་མེད་དགྱེས་པ་ཆེན་པོ་རུཿ དམ་ཚིག་ཡེ་ཤེས་རྟེན་དང་གཉིས་མེད་དུཿ བཞུགས་ལ་མཆོག་ཐུན་དངོས་གྲུབ་ཆར་དུ་ཕོབཿ ཛ་ཧཱུྃ་བམ་ཧོཿ ས་མ་ཡ་ཏིཥྛ་ལྷནཿ «ཕྱག་འཚལ་བ་ནིཿ» ཧཱུྃ་ཧྲཱིཿ རང་རིག་མ་བཅོས་ཐིག་ལེ་ཉག་གཅིག་ལཿ ལྷ་དང་རང་དུ་འཛིན་པའི་རྣམ་རྟོག་སེམསཿ སོ་སོ་མ་ཡིན་ཐ་མི་དད་པའི་ཕྱིརཿ རང་ལས་སྤྲུལ་པའི་དཀྱིལ་འཁོར་ལྷ་ཚོགས་ལཿ སྤྲུལ་པའི་ལྷ་མོས་རང་གྲོལ་བརྡ་ཕྱག་འཚལཿ ཨ་ཏི་པཱུ་ཧོཿ པྲ་ཏིཙྪ་ཧོཿ «ཕྱི་མཆོད་འབུལ་བ་ནིཿ» ཧཱུྃ་ཧྲཱིཿ འདོད་ཡོན་ལྔ་ལྡན་མཆོད་པའི་ལྷ་མོ་ནིཿ ཟག་མེད་དགྱེས་པ་སྐོང་མཛད་མཆོད་སྤྲིན་སྤྲོཿ དགྱེས་མཆོད་གར་དང་མཛེས་པའི་རྡོ་རྗེའི་གླུཿ བཀྲ་ཤིས་རྟགས་བརྒྱད་རྒྱལ་སྲིད་སྣ་བདུན་དངཿ ཉེར་སྤྱོད་བདུན་དང་གཟུགས་སྒྲ་དྲི་རོ་རེགཿ ལྷ་མིའི་ཕུན་ཚོགས་དཔལ་འབྱོར་ལོངས་སྤྱོད་གཏེརཿ དངོས་སུ་འབྱོར་དང་ཡིད་སྤྲུལ་ཀུན་བཟང་སྤྲིནཿ དཀྱིལ་འཁོར་ལྷ་ཚོགས་དགྱེས་པ་བསྐྱེད་ཕྱིར་འབུལཿ ཐུགས་རྗེ་འགྲོ་བའི་དོན་དུ་བཞེས་སུ་གསོལཿ ཨརྒྷཾ་པ་དྱཾ་«སོགསཿ» རུ་པ་ཤཔྟ་གྷནྡྷེ་ར་ས་སྤར་ཤེ་པཱུ་ཛ་ཧོཿ «ནང་མཆོད་འབུལ་བ་ནིཿ» ཧྲཱིཿ པདྨ་ཞི་ཁྲོ་གཉིས་མེད་དོན་གྱི་ལྷརཿ རྩ་བ་བརྒྱད་ལ་ཡན་ལག་སྟོང་སྦྱར་སྨནཿ ཟག་པ་མེད་པའི་སྨན་མཆོད་ཡེ་ཤེས་རྩིཿ རྒྱུ་གཉིས་རྐྱེན་གྱི་སྦྱར་བའི་ཨམྲྀ་ཏཿ རྒྱུ་དྲུག་དམར་ཆེན་པདྨར་ཆགས་པའི་བཅུདཿ ཞིང་བཅུ་བསྒྲལ་སོགས་རཀྟ་རྦ་ཀློང་འཁྲུགསཿ ལྷ་མོ་དམར་མོའི་མཁའ་ལས་འབབ་པའི་བཅུདཿ ཤ་སྣ་སྟོང་དང་འབྲུ་སྣ་སྟོང་སྦྱར་བའིཿ དཔལ་གྱི་གཏོར་མ་རྒྱན་ལྡན་བཀོད་ལེགས་མཛེསཿ བམ་ཆེན་འབྲུ་སྣ་ནང་གི་རྫས་མཆོག་སོགསཿ ཚོགས་ཀྱི་ཡོ་བྱད་མ་ཚང་མེད་པར་འབུལཿ མ་ཧཱ་པཉྪ་རཀྟ་བཱ་ལིང་ཏ་ག་ན་ཙཀྲ་པཱུ་ཛ་ཧོཿ «གཉིས་མེད་གསང་བའི་མ»ཆོ«ད་པ་འབུལ་བ་ནིཿ» ཧྲཱིཿ ཞིང་བཅུ་ཉམས་པ་བདུན་ལྡན་དགྲ་དང་བགེགསཿ ཐུགས་རྗེའི་མཐུས་བསྒྲལ་བདེ་སྟེར་མཛའ་ན་མོརཿ གཉིས་མེད་སྦྱོར་བའི་མཆོད་པ་བླ་མེད་དངཿ དུག་ལྔ་དབྱིངས་སུ་བསྒྲལ་བའི་ཏཀྟ་བཅསཿ དཀྱིལ་འཁོར་ལྷ་ཚོགས་དགྱེས་པ་ཆེན་པོ་རུཿ རོལ་བའི་སྒྲས་བསྐུལ་ཆོས་ཀྱི་ཕྱག་རྒྱ་ཆེཿ ཨེ་ཝཾ་ཟུང་འཇུག་དོན་གྱི་མཆོད་པ་འབུལཿ ཏ་ན་ག་ན་སརྦ་པཱུ་ཛ་དྷརྨ་དྷརྟུ་ཨཱཿ «བསྟོད་པ་བྱ་བ་ནིཿ» ཧཱུྃ་ཧྲཱིཿ གདོད་ནས་རྣམ་དག་སྐྱེ་བ་མེད་པའི་གདངསཿ ཆོས་དབྱིངས་རིག་རྩལ་འགགས་མེད་ཧེ་རུ་ཀཿ པདྨ་ཐོད་ཕྲེང་མ་བཅོས་དོན་གྱི་ལྷཿ གཉིས་མེད་རོལ་པ་ཆེན་པོར་ཕྱག་འཚལ་བསྟོདཿ སྐུ་མཆོག་འགྱུར་མེད་རྩ་གསུམ་ཀུན་འདུས་དཔལཿ གསུང་མཆོག་རྡོ་རྗེའི་རང་གདངས་འགགས་མེད་སྒྲོགསཿ ཐུགས་མཆོག་སྤྲོས་བྲལ་འདུས་མ་བྱས་པའི་ཀློངཿ སྐུ་གསུམ་ཀུན་འདུས་ཐོད་ཕྲེང་རྩལ་ལ་བསྟོདཿ ཤེས་རབ་ཡེ་ཤེས་གསང་བའི་མཛའ་ན་མོཿ དགའ་བཞི་བདེ་ཆེན་རོལ་བ་ཆེན་པོ་ཡིསཿ ཐབས་མཆོག་ཡབ་ཀྱི་དགྱེས་བསྐོང་རིགས་དྲུག་འགྲོཿ སྐུ་གསུམ་དབྱིངས་སྦྱོར་བདེ་ཆེན་ཡུམ་ལ་བསྟོདཿ རིག་གདངས་མ་འགགས་ཞི་བ་དབྱིངས་ཀྱི་ལྷཿ རོལ་རྩལ་ཐུགས་རྗེས་རྣམ་རོལ་ཁྲོ་བོའི་ཚོགསཿ སྒྱུ་འཕྲུལ་མ་འགགས་ཞི་ཁྲོའི་རིགས་བརྒྱའི་ལྷཿ གཉིས་སུ་མེད་པའི་ཚུལ་གྱིས་ཕྱག་འཚལ་བསྟོདཿ དབང་གི་ལྷ་མཆོག་རིགས་བདག་ཚེ་ཡི་ལྷཿ སྒྲུབ་པ་བཀའ་བརྒྱད་རྣམ་རོལ་རིག་འཛིན་བརྒྱདཿ རྟོག་ཚོགས་གནས་དག་མཁའ་འགྲོ་སུམ་ཅུ་གཉིསཿ མི་དགེ་བཅུ་སྤངས་ཁྲོ་རྒྱལ་ཡབ་ཡུམ་བཅུཿ ཕྲ་ཕྱག་དཔའ་བོ་མཁའ་འགྲོའི་ཚོགས་རྣམས་དང་ཿ སྒོ་སྐྱོང་ཡེ་ཤེས་དམ་ཚིག་ཤ་ཟའི་ཚོགསཿ ལས་མཛད་ཕོ་ཉ་ཡང་སྤྲུལ་ཚོགས་དང་བཅསཿ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བསྟོདཿ «དམ་བཅའ་བ་ནིཿ» བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནསཿ ཚེ་འདིས་ལུས་བཟུང་ད་ལྟ་ཡན་ཆད་དུཿ ཡི་དམ་ཁྱེད་དང་སྨོན་ལམ་མཐུ་བཙན་པསཿ ད་ལྟ་དུས་ལ་བབ་པ་མ་གཟིགས་སམཿ རེ་ཞིང་ལྟོས་སོ་ཡེ་ཤེས་ལྷ་ཡི་ཚོགསཿ སྲོག་གི་ཕྱིར་ཡང་མི་སྤང་བསྒྲུབ་བགྱིད་ཅིངཿ མནར་མེད་ངན་སོང་གནས་སུ་གཏན་ཁྱམས་ཀྱངཿ ཡི་དམ་ལྷ་མཆོག་ཁྱོད་ནི་མི་གཏོང་ནཿ བརྩེ་ཆེན་ཐུགས་རྗེ་བདག་ལ་བརྩེར་དགོངས་ནསཿ མ་རིག་དབང་གྱུར་ཐུགས་དང་འགལ་བའི་ལསཿ ལྷ་མཆོག་ཁྱེད་ཀྱི་ཚངས་པར་བཞེས་ནས་ཀྱངཿ མཆོག་དང་ཐུན་མོང་དངོས་གྲུབ་རྩལ་དུ་གསོལཿ བཛྲ་ས་མ་ཡ་ཨཱཿ «འཛབ་བཟླས་བྱིན་དབབ་ནིཿ »ཨོཾ་ཨཱཿཧཱུྃཿ དུར་ཁྲོད་གསང་ཆེན་རོལ་བའི་དཀྱིལ་འཁོར་ནསཿ ཐབས་ཤེས་ཉི་ཟླ་ཏི་ར་བཾ་ཆེན་སྟེངཿ ཆེ་མཆོག་ལ་སོགས་ཁྲག་འཐུང་ཁྲོ་བོའི་ཚོགསཿ སེང་ཁྲི་ལ་སོགས་པདྨ་ཉི་ཟླའི་གདནཿ ཀུན་བཟང་རིགས་ལྔ་ཡབ་ཡུམ་སེམས་དཔའ་བརྒྱདཿ སེམས་མ་ཐུབ་དྲུག་སྒོ་བ་སྒོ་མ་བཅསཿ ཐོད་ཕྲེང་ཡབ་ཡུམ་རིག་འཛིན་རྣལ་འབྱོར་མཿ ཌཱཀྐི་ཁྲོ་བཅུ་ཕྲ་ཕྱག་སྒོ་སྐྱོངས་བཅསཿ ཐུགས་དམ་རྒྱུད་བསྐུལ་བདེ་ཆེན་དགའ་བདེའི་ཉམསཿ ཅང་ཏེའུ་དྲིལ་བུ་འཛབ་ཀྱི་སྔགས་སྒྲ་སྒྲོགསཿ ཆོས་ཉིད་རོལ་བའི་རྡོ་རྗེའི་གླུ་གར་གྱིསཿ གཟི་བརྗིད་འོད་ཟེར་འབར་ཞིང་བདེ་སྟོང་ལྡནཿ འཛབ་ཀྱིས་རྒྱུད་བསྐུལ་མཆོག་ཐུན་དངོས་གྲུབ་ཀྱིསཿ བྱིན་ཆེན་ཕོབ་ལ་དབང་བཞི་བསྐུར་དུ་གསོལཿ གུ་རུ་དྷེ་ཝ་ཌཱཀྐི་ནི་ཀ་ཡ་ཝཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃཿ «བཟླས་དམིགས་ནིཿ »རྣམ་སྣང་ཐུགས་ཀར་ཀུན་བཟང་ཡབ་ཡུམ་གྱིཿ སྙིང་དབུས་གསེར་གྱི་རྡོ་རྗེ་རྩེ་ལྔ་པའིཿ ཁོང་སེང་ཉི་ཟླའི་གའུ་ཁ་སྦྱོར་དབུསཿ ཧཱུྃ་ཡིག་མཐིང་ཀའི་ཐ་མར་སྔགས་ཀྱི་ཕྲེངཿ གཡས་སུ་བཀོད་པ་གཡོན་དུ་དྲག་ཏུ་འཁོརཿ རྟེན་དང་བརྟེན་པར་བཅས་པ་རབ་གསལ་ཞིངཿ འོད་ཀྱིས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དངཿ རྩ་གསུམ་ལྷ་ཚོགས་དགྱེས་བསྐྱེད་ཐུགས་རྒྱུད་བསྐུལཿ སྐུ་གསུང་ཐུགས་ཀྱི་བྱིན་རླབས་མེར་མེར་བསྡུསཿ དབང་བཞི་ཐོབ་ཅིང་སྒྲིབ་བཞི་མ་ལུས་དགཿ འགྲོ་ཀུན་ལས་ཉོན་སྡིག་སྒྲིབ་ཀུན་སྦྱངས་ཤིངཿ ཕྱི་སྣོད་འཇིག་རྟེན་གསང་ཆེན་རོལ་པའི་ཞིངཿ ནང་བཅུད་སྐྱེ་དགུ་པདྨ་ཐོད་ཕྲེང་སྐུཿ སྒྲ་གྲགས་སྔགས་ལ་དྲན་རྟོག་ཐུགས་རྡོ་རྗེཿ མ་བཅོས་རང་གྲོལ་འདུས་མ་བྱས་པའི་ངངཿ ལྷ་དང་རང་སེམས་གཉིས་མེད་ཆེན་པོ་རུཿ གདོད་ནས་རྣམ་དག་ཆོས་ཉིད་དོན་གྱི་དབྱིངསཿ མ་བཅོས་རང་རིག་ཁྱབ་བརྡལ་ཆེན་པོར་བལྟཿ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལཿ བྷ་ར་ཧི་བྷོ་དྷི་ཙཏྟི་མ་ཧཱ་སུ་ཁ་རུ་ལུ་རུ་ལུ་ཨ་ཡུརྫྙཱ་ན་བྷྲུཾ་བིདྱཱ་དྷ་ར་ཛྙཱ་ན་ཌཱཀྐི་ནི་ཧཱུྃ་བྷྱོ་ཧཱུྃ་བཛྲ་ས་མ་ཡ་ཡ་ཛཿ སརྦ་སིདྡྷི་ཕ་ལ་ཧཱུྃཿ «ཐུགས་སྒྲུབས་ཡང་སྙིང་མན་ངག་བཅུད་བསྡུས་མཆོགཿ ཟོབ་པའི་མཐར་ཐུག་ཡང་གསང་མན་ངག་གནདཿ རྒྱལ་ཀུན་ཐུགས་ཀྱིས་སྒྲུབ་པ་མཐར་ཐུག་ཆོསཿ རྩ་གསུམ་ཀུན་འདུས་ཐོད་ཕྲེང་བསྙེན་སྒྲུབ་འདིཿ འབུམ་ཕྲག་གསུམ་བཟླས་མཆོག་ཐུན་དངོས་གྲུབ་ཐོབཿ འབུམ་བཞི་བཟླས་པས་རིག་འཛིན་གྲལ་དུ་འཁོདཿ འབུམ་ལྔ་བཟླས་པས་ལྷ་དང་དགོངས་པ་མཉམཿ འབུམ་དྲུག་རིགས་དྲུག་སེམས་ཅན་ཐུགས་རྗེ་འདྲེནཿ འབུམ་བདུན་ཐུགས་རྗེ་འགྲོ་དོན་ང་དང་མཉམཿ ང་ཡི་ཐུགས་བཅུད་མཁའ་འགྲོའི་སྙིང་གི་ཁྲགཿ མཐོང་ཐོས་རྔ་ཡབ་དཔལ་རིར་གྲོལ་བར་ངེསཿ བསྙེན་སྒྲུབ་ལས་གསུམ་དམར་བྱང་དག་ལས་ཤེསཿ ཟབ་པའི་མན་ངག་འགྲོ་དོན་ཉི་འོག་ཁྱབཿ ལས་ཅན་རྗེས་འཇུག་བུ་དང་འཕྲད་པར་ཤོགཿ སྦྱོར་སྒྲོལ་ཚོགས་ཀྱི་འཁོར་ལོ་ནིཿ ཞལ་ཟས་ཐབས་ཤེས་རྫས་མཆོག་དངཿ ཟས་སྣ་བཏུང་པའི་བྱེ་བྲག་སོངཿ དམ་ཉམས་སྐྱོན་གྱིས་མ་གོས་ཤིངཿ གཙང་མར་སྦྱར་བའི་ཡོ་བྱད་བཤམསཿ དམ་གཙང་རྣལ་འབྱོར་ཕོ་མོ་ཡིཿ བག་གྲོ་ཉམས་དགའི་ངང་ཉིད་ནསཿ དང་པོ་བྱིན་གྱིས་བརླབས་པ་ནི།» རང་གི་ཐུགས་ལས་རཾ་ཡཾ་ཁཾཿ འཕྲོས་པས་ཚོགས་ཀྱིས་མ་དག་སྐྱོནཿ བསྲེག་གཏོར་བཀྲུས་ཤིང་སྟོང་པར་སྦྱངསཿ སླར་ཡང་བྷན་དྷའི་སྣོད་མཆོག་ཏུཿ ངོ་བོ་ཡེ་ཤེས་བདུད་རྩི་ལཿ རྣམ་པ་ཚོགས་ཀྱིས་ལོངས་སྤྱོད་རྫསཿ རོ་བརྒྱ་ནུས་པ་ཕུན་སུམ་ཚོགསཿ མི་ཟད་འདོད་དོན་གཏེར་དུ་གྱུརཿ རཾ་ཡཾ་ཁཾཿ «ལན་གསུམཿ »ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ «གཉིས་པ་ཚོགས་མགྲོན་སྤྱན་འདྲེན་པཿ» ཧཱུྃ་ཧྲཱིཿ ཆོས་དབྱིངས་མཐའ་བྲལ་ཞིང་ཁམས་ནསཿ ཆོས་སྐུ་ཀུན་བཟང་ཡབ་ཡུམ་འཁོརཿ སྟུག་པོ་བཀོད་སོགས་ལྔ་ལྡན་ཞིངཿ རིགས་ལྔ་ལོངས་སྤྱོད་རྫོགས་པའི་འཁོརཿ མེ་རི་འབར་དང་གཏུམ་དྲག་རོལཿ པདྨ་འོད་དང་དུར་ཁྲོད་བརྒྱདཿ ཉི་ཤུ་རྩ་བཞིའི་གནས་ཡུལ་ནསཿ རྩ་གསུམ་རྒྱལ་བ་ཞི་ཆགས་ཁྲོཿ ཀུན་འདུས་བླ་མ་དཔལ་ཆེན་པོཿ ཧེ་རུ་ཀ་དཔལ་ཀྲོ་བོ་ལོདཿ དཔའ་བོ་མཁའ་འགྲོའི་ཚོགས་དང་བཅསཿ དབུ་སྐྲ་ཐོར་གཙུག་ལྡེམ་སེ་ལྡེམཿ རིན་ཆེན་རུས་རྒྱན་ཁྲ་ལ་ལཿ དར་གོས་རྩོད་པན་པུ་རུ་རུཿ རྡོ་རྗེའི་གར་སྟབས་ཤིགས་སེ་ཤིགཿ ཐོད་རྔ་ཅིང་ཏིལ་ཁྲོ་ལོ་ལོཿ རྐང་གླིང་བཤུགས་གླུ་ཀྱུ་རུ་རུཿ མཁའ་འགྲོའི་བརྡ་སྐད་སངས་སེ་སངཿ གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུགཿ ཚོགས་ཀྱི་འདུ་བར་གཤེགས་སུ་གསོལཿ དམ་གཙང་རྣལ་འབྱོར་ཕོ་མོ་དངཿ ཚོགས་ཁང་འདི་ལ་བྱིན་ཕོབ་ཅིགཿ ཚོགས་རྫས་རྣམས་ལ་བཅུད་ཆེན་ཕོབཿ དགྱེས་པ་ཆེན་པོའི་དངོས་གྲུབ་སྩོལཿ གུ་རུ་དྷེ་ཝ་ཌཱཀྐི་ནི་བཛྲ་ས་མ་ཡ་ཛ་ཛཿ «གསུམ་པ་ཚོགས་ཕུད་འབུལ་བ་ནིཿ» ཧཱུྃཿ དཔལ་ཆེན་རྡོ་རྗེ་ཀྲོ་བོ་ལོདཿ རྩ་གསུམ་དཔའ་བོ་མཁའ་འགྲོ་ལཿ ཟག་པ་མེད་པའི་བདུད་རྩིའི་བཅུདཿ འདོད་དོན་ལོངས་སྤྱོད་ཚོགས་ཀྱིས་མཆོདཿ ལྷ་ཚོགས་དགྱེས་པ་ཡོངས་བསྐོང་ཞིངཿ མཆོག་དང་ཐུན་མོང་དངོས་གྲུབ་སྩོལཿ གྷ་ཎ་ཙཀྲ་པཱུ་ཙ་ཁཱ་ཧིཿ «བཞི་པ་བསྐང་ཞིང་བཤགས་མཆོད་ནིཿ »ཧོཿ རབ་བྱམས་རྒྱལ་བ་རྒྱ་མཚོ་དངཿ བླ་མ་ཡི་དམ་མཁའ་འགྲོའི་ཚོགསཿ ཕྱི་ནང་གསང་བའི་མཆོད་པ་དངཿ སྤྱན་གཟིགས་ལྷ་མིའི་ལོངས་སྤྱོད་རྫསཿ འདོད་ཡོན་ཚོགས་ཀྱི་འཁོར་ལོ་ཡིསཿ ཐུགས་དམ་བསྐང་ལ་བྱིན་གྱིས་རློབསཿ རྣལ་འབྱོར་ཕོ་མོར་མཉམ་སྦྱོར་བའིཿ ལྷན་སྐྱེས་བདེ་བ་ཆེན་པོས་རོལཿ རྩ་ཁམས་ལྷ་ཚོགས་ཐུགས་དམ་བསྐངཿ ཚེ་རབས་ཐོག་མ་མེད་པ་ནསཿ ཐ་མ་ད་ལ་ཐུག་གི་བརཿ མ་རིག་འཐིབ་པའི་དབང་གྱུར་པའིཿ སྡིག་པ་མི་དགེའི་ལས་བགྱིས་པཿ སོ་ཐར་སྡོམ་དང་བྱང་སེམས་བསླབཿ གསང་སྔགས་ཟབ་མོའི་དམ་ཚིག་ཉམསཿ བླ་མ་ཡི་དམ་མཁའ་འགྲོ་ཡིཿ ཐུགས་དང་འགལ་བ་གང་བགྱིས་པཿ བཤགས་པོ་ཚངས་པའི་དངོས་གྲུབ་སྩོལཿ «ཧེ་རུ་ཀ་ཡི་ཡིག་བརྒྱ་བཟླཿ ལྔ་པ་བསྒྲལ་ཞིང་བསྟབ་པ་ནིཿ ཆང་ཟན་རུས་པ་ཤ་ཁྲག་བཤམསཿ »ཨེ་ལས་དྲག་པོའི་ཧོམ་ཁུང་དུཿ རུས་པ་རྣྲྀ་ཏྲི་ལས་གྲུབ་པའིཿ དགྲ་གདོན་མངོན་སུམ་ཇི་བཞིན་གྱུརཿ ན་མོཿ སངས་རྒྱས་ཆོས་དང་དགེ་འདུན་སྡེཿ བླ་མ་ཡི་དམ་མཁའ་འགྲོ་མཿ དཔལ་ཆེན་རྡོ་རྗེ་གྲོ་བོ་ལོདཿ དཀྱིལ་འཁོར་ལྷ་ཚོགས་བདེན་པའི་མཐུཿ སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིནཿ ཆོས་ཉིད་འགྱུར་བ་མེད་པ་དངཿ ཆོས་ཅན་བསླུ་བ་མེད་པའི་སྟོབསཿ གིང་ལང་དབང་ཕྱུག་རྩལ་ཤུགས་ཀྱིསཿ སྡང་བའི་དགྲ་དང་གནོད་པའི་བགེགསཿ བྱད་མ་དགྲ་གདོན་འབྱུང་པོའི་ཚོགསཿ དམ་ཉམས་དམིགས་པའི་ཡུལ་གྱུར་ཀུནཿ ཚོགས་ཀྱི་ཐ་མ་རུས་པ་འདིརཿ ཁུག་ཅིག་ཨཾ་ཀུ་ཤ་ཡ་ཛཿ« ལན་གསུམ་བརྗོད་ཅིང་ཕྱག་རྒྱ་བཞིསཿ »ཛ་ཧཱུྃ་བཾ་ཧོཿ «དབྱེར་མེད་བསྟིམས་ཞིང་ཕུར་བུ་བསྒྲིལཿ» ཧཱུྃཿ དཔལ་ཆེན་ཁྲག་འཐུང་འབར་བ་ཡིསཿ ཕྱག་མཚན་བཛྲ་ཀཱི་ལ་ཡཿ དགྲ་གདོན་བགེགས་ཀྱི་སྙིང་ཁར་གཟིགསཿ སྲོག་དབུགས་རཀྟའི་དྭངས་མ་བསྡུསཿ ཚེ་བསོད་བཀྲག་མདངས་གཟི་བརྗིད་ཕྲོགཿ རྣམ་ཤེས་སྐྱེ་མེད་དབྱིངས་སུ་ཕཊཿ ཨོཾ་བཛྲ་མ་ཧཱ་ཀྲོ་ཏ་ཀི་ལི་ཀཱི་ལ་ཡ་རྣྲི་ཏྲི་ཤ་ཏྲུན་མ་ར་ཡ་ཕཊཿ ཧཱུྃཿ དཔལ་ཆེན་ཕོ་ཉ་སྒྲོལ་བྱེད་གིངཿ རྣོ་དབལ་གདུག་པའི་མཚོན་ཆ་ཡིསཿ དགྲ་གདོན་མ་རིག་རུ་ཏྲའི་སྡེཿ ལྔ་ཕུང་ཤ་རུས་དུམ་བུར་གཏུབསཿ རྣྲྀ་ཏྲི་ཤ་ཏྲུཾ་མ་ར་ཡ་ཕཊཿ ཧཱུྃཿ རུ་ཏྲ་བསྒྲལ་བའི་ཤ་ཁྲག་རུསཿ ནང་རོལ་ཕུང་ཁམས་སྐྱེ་མཆེད་ཀུནཿ ཁྲག་འཐུང་ལྷ་ཚོགས་ཞལ་དུ་སྟོབསཿ ཨ་ལ་ལ་ཧོ་དགྱེས་པར་རོལ། མཾ་ས་རཀྟ་ཙིཏྟ་ཀོ་རོ་ཙ་ན་བཱ་སུ་ཊ་ཀིཾ་ནི་རི་ཏི་ཧ་ལ་ཁ་རཾ་ཁཱ་ཧིཿ དམ་རྫས་རྨད་དུ་བྱུང་བ་ཡིཿ ཡེ་ཤེས་བདུད་བརྩིའི་ཨ་མྲི་ཏཿ ཁྲག་འཐུང་ལྷ་ཚོགས་ཞལ་སྐྱེམས་འབུལཿ དགྱེས་པར་སྐོང་ལ་དངོས་གྲུབ་སྩོལཿ ཨོཾ་ཨཱཿཧཱུྃ་སརྦ་པཱཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧིཿ «དྲུག་པ་དགའ་སྟོན་རོལ་པ་ནིཿ» ཧོཿ གསང་བ་སྔགས་ཀྱི་དམ་རྫས་ནིཿ བླ་མེད་ཚོགས་ཀྱི་འཁོར་ལོ་ཆེཿ རྣལ་འབྱོར་དངོས་གྲུབ་བསྒྲུབས་པའི་བཅུདཿ མྱོང་བ་ཙམ་གྱིས་དངོས་གྲུབ་ཐོབཿ ཆོས་ཉིད་རིག་པའི་རྩལ་འབར་ཞིངཿ བདེ་ཆེན་ཟག་མེད་རྟོགས་པ་སྐྱེསཿ ཐེ་ཚོམ་མེད་པར་ཨ་ལ་ལ་ཧོཿ« རྣལ་འབྱོར་ཕོ་མོ་ཚོགས་ལ་རོལཿ རྡོ་རྗེའི་གླུ་དང་གར་གྱིས་མཆོདཿ ཤག་དང་རྩོད་པ་ཀུ་ཅོ་དངཿ ལོག་ལྟ་ཐེ་ཚོམ་སྒྲོ་སྐུར་སྤངཿ རྡོ་རྗེ་སློབ་དཔོན་ཕུད་ལྷག་དངཿ དཀྱིལ་འཁོར་ལྷ་ཚོགས་ལྷག་མར་བསྡུཿ བདུད་བརྩིའི་བྲན་ཞིང་རྐང་གླིང་སྒྲོགསཿ ཤུགས་གླུ་ལེན་ཞིང་བྱིན་གྱིས་བརླབསཿ བདུན་པ་ལྷག་གཏོར་བསྔོ་བ་ནིཿ» པཉྩ་ཨ་མྲྀ་ཏ་ཨཱཿཧཱུྃཿ ཨ་ཀ་རོ་«སོགསཿ» ཕེམཿ ཚོགས་ཀྱི་ལྷག་ལ་དབང་བ་ཡིཿ དམ་ཚིག་ཤ་ཟ་མཁའ་འགྲོ་དངཿ གང་ཆེན་སྡེ་བཞི་ལང་ཀ་འབུམཿ དབང་ཕྱུག་ཉེར་བརྒྱད་ཕོ་ཉའི་ཚོགསཿ ཕ་འབབ་ཚོགས་ཀྱི་ལྷག་གཏོར་བཅུདཿ མི་ཟད་པ་ཡི་གཏེར་དུ་གྱུརཿ ཧེ་རུ་ཀ་ཡི་བཀའ་བཞིན་དུཿ ཕྲིན་ལས་རྣམ་བཞི་ཐོགས་མེད་སྒྲུབསཿ དམ་ལས་མ་འདའ་ས་མ་ཡཿ དྲ་ཀ་དྲ་ཀི་གིང་ཀ་ར་ཨུ་ཙི་ཊ་བ་ལི་ཏ་ཁཱ་ཧིཿ «གཙང་མའི་ཕྱོགས་དོར་བཤལ་ཆུསཿ བརྒྱད་པ་ཐུགས་དམ་བསྐུལ་བ་ནིཿ ཤ་ཁྲག་བརྒྱན་པའི་གཏོར་མ་བཤམསཿ འགུགས་གཞུག་དྲག་པོ་ལན་གསུམ་བྱཿ» རྣྲྀ་ཏྲི་ཤ་ཏྲུན་མ་ར་ཡ་ཕཊཿ གཏོར་མ་དགྲ་བགེགས་བསྒྲལ་བའི་དུག་གསུམ་ཤ་ཁྲག་རུས་པའི་རྣམ་པ་ལ་ངོ་བོ་བདུད་རྩིའི་རང་བཞིན་དུ་གྱུརཿ ཨོཾ་ཨཱཿཧཱུྃཿ སྣང་བ་རྣམ་དག་སྐུ་གསུམ་ཞིང་ཁམས་ནསཿ རིག་གདངས་རྩ་གསུམ་ཞི་དང་ཁྲོ་བོའི་གརཿ ཕྲིན་ལས་དྲག་གཏུམ་འཆོལ་བའི་སྐུར་བཞེངས་པཿ དབང་དྲག་པདྨ་གཏུམ་པོའི་ལྷ་ཚོགས་རྣམསཿ མ་གཡེལ་མ་གཡེལ་ཐུགས་དམ་གནད་ནས་བསྐུལཿ དེང་སྐབས་ལྔ་ཕྲག་ཐ་མའི་དུས་འདི་རུཿ འགྲོ་ཀུན་མ་རིག་ལོག་རྟོག་གློ་བུར་རྐྱེནཿ གཟུང་འཛིན་ཨ་འཐས་དགྲ་གདོན་བགེགས་དཔུང་དརཿ ནད་མཚོན་བྱད་ཕུར་ཡེ་འདྲོགས་དུག་ལྟར་ཕྱུརཿ འགྲོ་ཀུན་འཁྲུལ་སྣང་སྡུག་བསྔལ་ལས་ལ་སྤྱོདཿ འདི་ལ་སྐྱོབས་པའི་ལྷ་གཞན་མ་མཆིས་པའིཿ སངས་རྒྱས་ཀུན་འདུས་པདྨ་ཐོད་ཕྲེང་རྩལཿ ཆོས་དབྱིངས་ཁྱབ་གདལ་ངང་ལས་མ་གཡོས་ཀྱངཿ གདུག་པ་འདུལ་ཕྱིར་ཁྲོ་བོ་འཆོལ་བའི་སྐུརཿ ཡོངས་བཞིངས་དབང་དྲག་གཏུམ་ཆེན་ཧེ་རུ་ཀཿ བདག་ཅག་དམ་གཙང་རྣལ་འབྱོར་སྒྲུབ་པ་པོའིཿ ཐུགས་དམ་གནད་ནས་བསྐུལ་ལོ་མ་གཡེལ་ཅིགཿ གཏུམ་དྲག་མེ་ལྟར་འབར་བའི་ཀློང་ནས་བཞེངསཿ སྙིང་རྗེ་ཁྲོས་པའི་ཐུགས་ནི་གར་དགུའི་ཉམསཿ གློག་ལྟར་མྱུར་བའི་རྩལ་དྲག་སྟོབས་བསྐྱེད་ལཿ གཟུང་འཛིན་དགྲ་གདོན་བྱད་མ་ཐལ་བར་རློགསཿ གློ་བུར་གསར་སྐྱེས་འདྲེ་གདོན་ཕྱེ་མར་ཐོངསཿ དྲེགས་པ་སྡེ་བརྒྱད་སྟོབས་ལྡན་སྲོག་སྙིང་ལོངསཿ བསྟན་སྲུང་དམ་ཅན་རྒྱ་མཚོ་ལས་ལ་བསྐུལཿ སྣང་སྲིད་མ་མོ་མཁའ་འགྲོ་ར་མདར་སྒྲོནཿ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལཿ བཟློག་སྒྱུར་དྲག་པོའི་ཕྲིན་ལས་དུས་ལ་བབཿ སྒྲུབ་པའི་རྣལ་འབྱོར་བདག་ཅག་འཁོར་བཅས་དངཿ བསྲུང་བྱ་དད་ལྡན་དམིགས་པའི་ཡུལ་གྱུར་གྱིསཿ ཆགས་ཆེ་ཉམས་ང་ལོ་ཟླ་ཞག་དུས་སྐེགསཿ རྨིས་ལྟས་མཚན་ངན་ཡས་བདུད་མས་སྲི་ལངཿ ཐན་དང་ཡེ་འདྲོགས་བགེགས་ཀྱི་གནོད་པ་དངཿ གེགས་སྲི་དགྲ་གདོན་བྱད་ཕུར་རྦོད་གཏོང་སོགསཿ དབང་དྲག་ལྷ་ཚོགས་ནུས་པའི་སྟོབས་ཀྱིས་བཟློགཿ སྡང་བར་བྱེད་པའི་དགྲ་བོའི་སྟེང་དུ་བཟློགཿ གནོད་པར་བྱེད་པའི་བགེགས་གདོན་སྟེང་དུ་བཟློགཿ བྱད་ཕུར་རྦོད་གཏོང་བྱད་མའི་སྟེང་དུ་བཟློགཿ ཡི་དམ་ལྷ་ཚོགས་རྫུ་འཕྲུལ་སྟོབས་མ་ཞནཿ མངོན་སྤྱོད་དྲག་པོའི་ཕྲིན་ལས་དུས་ལ་བབཿ ཨོཾ་མ་ཧཱ་གུ་རུ་བཛྲ་གྲོ་བོ་ལོད་ཀྲོ་ཏ་ར་ཛ་ཀྲོ་ཏི་ཤྭ་རི་ཌ་ཀ་ཌ་ཀི་ནི་རྦད་རྦདཿ སརྦ་མ་ར་ཨ་བྷྱོ་བྷྱོ་བཟློག་བཟློགཿ «གཏོར་མ་དགྲ་གདོན་ཕྱོགས་སུ་འཕངསཿ དགུ་པ་ཆད་ཐོའི་བརྔན་སྦྱིན་པཿ བྱིན་གྱིས་བརླབས་ལ་འདི་སྐད་དོཿ» ཧཱུྃཿ སྔོན་ཚེ་འོག་མིན་གཏུམ་དྲག་རོལ་བའི་ཞིངཿ བཅོམ་ལྡན་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀའིཿ རྔམས་བརྗིད་ཁྲོ་བོའི་དཀྱིལ་འཁོར་ཞལ་ཕྱེས་ཚེཿ སྔགས་སྲུང་རལ་གཅིག་འདོད་ཁམས་དབང་ཕྱུག་མའིཿ ཅི་ལྟར་ཞལ་བཞེས་ཐུགས་དམ་དྲན་པར་མཛོདཿ བར་དུ་ཟངས་གླིང་དབུ་མའི་གསང་ཕུག་ཏུཿ རིག་འཛིན་སློབ་དཔོན་པདྨ་ཐོད་ཕྲེང་དངཿ ཤེས་རབ་གསང་ཡུམ་མན་དཱ་ར་བ་ཡིསཿ སྲོག་སྙིང་འཕྲོག་ཞིང་དབང་དང་དམ་ནོད་ཚེཿ ཡང་གསང་པདྨ་ཐུགས་ཐིག་མེལ་ཚེ་དངཿ ཕྲིན་ལས་གློག་ལྟར་མྱུར་བའི་དམ་བཅའ་དགོངསཿ དེ་རྗེས་རྒྱ་བལ་གཉིས་ཀྱི་ས་མཚམས་སུཿ ཁྲོ་བོ་འཆོལ་བ་རྡོ་རྗེ་གྲོ་ལོད་ཀྱིསཿ ལྷ་ལྕམ་ཡུམ་ལ་གདམས་པའི་ཕ་ཕོག་བཙལཿ བལ་བོད་ལྷ་སྲིན་དམ་ལ་བཏགས་པའི་ཚེཿ ཀླུ་ཡི་དགེ་བསྙེན་བསྙོ་ཁ་ཏྲི་པ་ཙཱཿ སྲོག་སྙིང་ཕུལ་ཞིང་ཁས་བླང་བྲོ་བོར་ཚེཿ ཇི་ལྟར་བཀའ་བསྒོས་ཐ་ཚིག་དྲན་པར་མཛོདཿ ད་ལྟ་ལྔ་ཕྲག་ཐ་མའི་དུས་ཀྱི་ཚེཿ པདྨའི་ཐུགས་སྤྲུལ་འཇའ་ལུས་རྡོ་རྗེ་ཡིཿ རྫུ་འཕྲུལ་ཆོས་ཉིད་ཉམས་ཀྱི་སྣང་བ་ལཿ བདེ་ཆེན་དབང་དྲག་རོལ་པའི་དུར་ཁྲོད་ནསཿ རྔམས་བརྗིད་རྒྱལ་པོ་ཁྲག་འཐུང་ཡབ་ཡུམ་ཀྱིསཿ དབང་བཞི་ཡོངས་རྫོགས་སྨོན་ལམ་གཏད་རྒྱའི་བཏབཿ དགོངས་གཏེར་ནམ་མཁའ་མཛོད་ལ་དབང་བསྒྱུར་ཚེཿ མ་མོ་གཟའ་དང་རྡོ་རྗེ་ལེགས་པ་ཡིཿ ཁས་བླང་དམ་བཅའ་གཉེར་གཏད་ཅི་བཞིན་དུཿ ཤ་ཁྲག་བརྒྱན་པའི་གཏོར་མ་འདི་བཞེས་ལཿ ཨ་ཏིའི་རང་ལུགས་ཐིག་ལེ་སྐོར་གསུམ་སྲུངསཿ པདྨའི་རིགས་ལུས་མ་ནོར་སྐྱོངས་བ་དངཿ དམ་ཚིག་ལྡན་པའི་རྣལ་འབྱོར་མེལ་ཚེ་གྱིསཿ གཡེལ་བར་མ་མཛད་ཕྲིན་ལས་ཐོགས་མེད་སྒྲུབསཿ སྡང་དགྲ་མྱུར་དུ་སྒྲོལ་བའི་ཕྲིན་ལས་མཛོད་«བཅུ་པ་བརྟན་མ་སྡེ་བརྒྱད་ལཿ ཕ་འབབ་བཤལ་ཆུའི་གཏོར་མར་བརླབསཿ »བྷྱོཿ བལ་བོད་གཉིས་ཀྱི་ས་མཚམས་ནསཿ པདྨ་བཛྲ་སྤྱན་སྔ་རུཿ བསྟན་པ་སྐྱོང་བར་ཁས་བླང་བའིཿ བོད་ཁམས་བསྟན་པ་བཅུ་གཉིས་དངཿ གསང་བའི་དཀྱིལ་འཁོར་ཞལ་མཐོང་ཞིངཿ དབང་ནོད་ཁས་བླང་དམ་བཅས་པའིཿ སྟོབས་ལྡན་དྲེགས་པ་སྡེ་བརྒྱད་ཚོགསཿ བཤལ་ཆུའི་གཏོར་མ་འདི་བཞེས་ལཿ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོདཿ མ་མ་ཧྲིང་ཧྲཱིང་ཨ་ཡ་མ་དུ་རུ་ཙ་ཤ་ན་བཱ་ལིཾཏ་ཨ་མྲྀ་ཏ་ཁཱ་ཧཱིཿ «བཅུ་གཅིག་ལས་མཇུག་དམ་མྲི་མནནཿ ཏིང་འཛིན་དམིགས་གནད་ལྡན་པ་ཡིཿ གཏོར་གཞོང་འོག་ཏུ་འགུགས་གཞུགས་བྱཿ» ཧཱུྃཿ གསང་སྔགས་དམ་ཚིག་ཉམས་པ་དངཿ སྒྲུབ་ལ་བར་ཆོད་ཐུགས་རྒྱུད་དཀྲུགསཿ སྨོན་ལམ་ལོག་པའི་དམ་སྲིའི་དཔུངཿ རིམ་པ་དགུ་ཡི་ས་འོག་ཏུཿ ལས་གཤིན་ཆུ་སྲིན་ཁ་རུ་བརྫངསཿ གཏད་པ་ཡིན་ནོ་མ་ཤོར་ཅིགཿ དབང་ཕྱུག་སེམས་མཆོག་མ་སྐྱེས་པརཿ རྣམ་ཡང་མ་བཏང་ས་མ་ཡཿ སྟྭམ་བྷ་ཡ་ནནཿ« གཏང་རག་མཆོད་བསྟོད་གོང་ལྟར་བྱཿ གཞུང་མཆོད་བསྟོད་ནིཿ» ཧཱུྃ་ཧྲཱིཿ འདོད་ཡོན་ལྔ་ལྡན་མཆོད་པའི་ལྷ་མོ་ནིཿ ཟག་མེད་དགྱེས་པ་སྐོང་མཛད་མཆོད་སྤྲིན་སྤྲོཿ དགྱེས་མཆོད་གར་དང་མཛེས་པའི་རྡོ་རྗེ་གླུཿ བཀྲིས་རྟགས་བརྒྱད་རྒྱལ་སྲིད་སྣ་བདུན་དངཿ ཉེར་སྤྱོད་བདུན་དང་གཟུགས་སྒྲ་དྲི་རོ་རེགཿ ལྷ་མིའི་ཕུན་ཚོགས་དཔལ་འབྱོར་ལོངས་སྤྱོད་གཏེརཿ དངོས་སུ་འབྱོར་དང་ཡིད་སྤྲུལ་ཀུན་བཟང་སྤྲིནཿ དཀྱིལ་འཁོར་ལྷ་ཚོགས་དགྱེས་བ་བསྐྱེད་ཕྱིར་འབུལཿ ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལཿ ཨརྒྷཾ་བ་ཏྱཾ«་ནས»་རུ་པ་ཤཔྟ་གྷནྡྷེ་ར་ས་སྤར་ཤེ་པཱུ་ཛཿཧོཿ «བསྟོད་པ་ནིཿ» ཧཱུྃ་ཧྲཱིཿ གདོད་ནས་རྣམ་དག་སྐྱེ་བ་མེད་པའི་གདངསཿ ཆོས་དབྱིངས་རིག་རྩལ་འགགས་མེད་ཧེ་རུ་ཀཿ པདྨ་ཐོད་ཕྲེང་མ་བཅོས་དོན་གྱི་ལྷཿ གཉིས་མེད་རོལ་བ་ཆེན་པོར་ཕྱག་འཚལ་བསྟོདཿ དབང་གི་ལྷ་མཆོག་རིག་བདག་ཚེ་ཡི་ལྷཿ བསྒྲུབ་པ་བཀའ་བརྒྱད་རྣམ་རོལ་རིག་འཛིན་བརྒྱདཿ རྟོག་ཚོགས་གནས་དག་མཁའ་འགྲོ་སུམ་ཅུ་གཉིསཿ མི་དགེ་བཅུ་སྤངས་ཁྲོ་རྒྱལ་ཡབ་ཡུམ་བཅུཿ ཕྲ་ཕྱག་དཔའ་བོ་མཁའ་འགྲོའི་ཚོགས་རྣམས་དངཿ སྒོ་སྐྱོངས་ཡེ་ཤེས་དམ་ཚིག་ཤ་ཟའི་ཚོགསཿ ལས་མཛད་ཕོ་ཉ་ཡང་སྤྲུལ་ཚོགས་དང་བཅསཿ དཀྱིལ་འཁར་ལྷ་ཚོགས་རྣམ་ལ་ཕྱག་འཚལ་བསྟོདཿ ཧཱུྃ་རྩ་གསུམ་སོགསཿ «བཅུ་གཉིས་བཤགས་པ་བྱ་བ་ནིཿ »ཧཱུྃཿ རྩ་གསུམ་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་དུཿ ཏིང་འཛིན་མ་གསལ་བསྙེན་སྒྲུབ་རྫས་མ་ཚངཿ རྫས་དང་ཡོ་བྱད་སེར་སྣའི་དབང་གྱུར་ཞིངཿ ཐེ་ཚོམ་ལོག་ལ་གཉིས་འཛིན་འཁྲུལ་དབང་ཤོརཿ རྡོ་རྗེ་སློབ་དཔོན་ཐུགས་དང་འགལ་བགྱིས་པཿ བཤགས་སོ་ཚངས་པ་དོན་གྱི་དངོས་གྲུབ་སྩོལཿ «རང་ཡི་གེ་བརྒྱ་པ་ལན་གསུམ་མཐརཿ ཆོས་ཉིད་དོན་གྱི་བཤགས་པ་བྱཿ བཅུ་གསུམ་དངོས་གྲུབ་ལེན་པ་ནིཿ »ཧོཿ དགོངས་ཤིག་རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལཿ སྟོན་པ་རྔམས་བརྗིད་རྒྱལ་པོ་ཡབ་ཡུམ་དངཿ རྩ་གསུམ་རྒྱལ་བ་རབ་བྱམས་དཀྱིལ་འཁོར་ལྷཿ སྒྲུབ་པའི་རྟགས་རྫོགས་དུས་ཀྱི་ཞག་གྲངས་ཐེམསཿ ཁྱོད་ཀྱི་ཞལ་མཐོང་བརྩེ་བས་རྗེས་སུ་བཟུངཿ དངོས་གྲུབ་སྩོལ་བའི་དུས་ལ་བབ་ལགས་ནཿ སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྣམ་པ་ལྔཿ མཆོག་གི་དངོས་གྲུབ་ཁྱེད་དང་དབྱེར་མེད་འདྲེསཿ རིག་འཛིན་རྣམ་བཞིའི་གོ་འཕང་མྱུར་ཐོབ་ཅིངཿ ཐུན་མོང་གྲུབ་པ་བརྒྱད་དང་རབ་བྱམས་ལསཿ ཐོག་པ་མེད་པར་མྱུར་དུ་འགྲུབ་པ་ཡིསཿ དངོས་གྲུབ་ད་ལྟ་ཉིད་དུ་སྩལ་དུ་གསོལཿ «རྩ་སྔགས་ཤམ་བུརཿ »ཀཱ་ཡ་ཝཱཀྐ་ཙིཏྟ་གུ་ཎ་ཀརྨ་སརྦ་སིདྡྷི་ཕ་ལ་ཧཱུྃཿ «སྒྲུབ་རྫས་ཡོད་ན་གནས་གསུམ་གཏུགསཿ སྤྲོས་མེད་དམིགས་པ་མཆོག་ཏུ་འོཿ» «ཐུན་མཐར་བསྡུ་རིམ་བྱ་བ་ནིཿ »ཨོཾཿཧྲཱིཿ བསྐྱེད་རིམ་ལྷར་སྣང་རྟེན་དང་བརྟེན་པར་བཅསཿ རྟེན་ཉིད་བརྟེན་པ་ལ་ཐིམ་རོལ་རྩལ་འཁོརཿ གཙོ་བོ་ལ་ཐིམ་ཐུགས་སྲོག་ཧཱུྃ་ལ་བསྡུཿ དེ་ཉིད་དམིགས་མེད་ཁྱབ་བརྡལ་ཀློང་དུ་ཨཱཿ «ལྷར་ལྡང་བ་ནིཿ» རྗེས་ཐོབ་རང་ལུས་རྡོ་རྗེ་རྩེ་གསུམ་པཿ ཡེ་ཤེས་མེ་དཔུང་རབ་འབར་ལྟེ་བ་རུཿ ཧཱུྃ་ཡིག་མཐིང་ཀ་སྔགས་ཀྱི་རང་སྒྲ་སྒྲོགསཿ རྡོ་རྗེ་གསུམ་གྱི་རང་གདངས་མ་འགགས་ངངཿ ཧཱུྃ་ཧཱུྃ་ཧཱུྃཿ «དགེ་བ་བསྔོ་བ་ནིཿ» དགེ་འདེའི་མཐའ་ཡས་མཁའ་མཉམ་འགྲོ་བ་ཀུནཿ རིགས་དྲུག་འཁོར་བའི་སྡུག་བསྔལ་སྲིད་མཚོ་ལསཿ གྲོལ་ཞིང་སྐུ་གསུམ་རྒྱལ་བའི་ཞིང་ཁམས་ལཿ འགོད་ཕྱིར་བྱང་ཆུབ་ཆེན་པོའི་རྒྱུ་རུ་བསྔོཿ «སྨོན་ལམ་ནིཿ» བདག་ཅག་སྒྲུབ་པའི་རྣལ་འབྱོར་ཕོ་མོ་ཀུནཿ འཁྲུལ་སྣང་སྒྱུ་མའི་གཟུང་འཛིན་རབ་ཞིག་ཅིངཿ བདུད་སྡེའི་དཔུང་བཅོམ་ལྷ་སྔགས་ཏིང་འཛིན་འབྱོངསཿ རྡོ་རྗེ་གསུམ་གྱི་ལམ་ཁྱེར་མཐར་ཕྱིན་ནསཿ རང་རིག་པདྨ་ཐོད་ཕྲེང་མངོན་གྱུར་ཤོགཿ «བཀྲ་ཤིས་ནིཿ» སྐྱེ་མེད་རྣམ་དག་སྤྲོས་པའི་མཐའ་དང་བྲལཿ འགགས་མེད་གསལ་དག་ཐིག་ལེ་ཆེན་པོའི་གདངསཿ འགགས་མེད་སྣ་ཚོགས་ཐུགས་རྗེ་འགྲོ་ཁམས་སྒྲོལཿ སྐུ་གསུམ་ལྷུན་གྲུབ་རྒྱལ་བའི་བཀྲ་ཤིས་ཤོགཿ མཆོག་གསུམ་ཀུན་འདུས་རྗེ་བཙུན་བླ་མ་རྗེཿ དངོས་གྲུབ་སྩོལ་མཛད་ཡི་དམ་ཞི་ཁྲོའི་ལྷཿ བར་ཆད་སེལ་མཛད་མ་སྲིང་མཁའ་འགྲོར་བཅསཿ སྐྱབས་གནས་རྩ་གསུམ་ལྷ་ཚོགས་བཀྲིས༴ ཟག་བཅས་སྒྱུ་མའི་གྲོང་ཁྱེར་འཇིགས་རུང་བརཿ སྡུག་བསྔལ་བདེན་པར་གོལ་བའི་ཉམས་ཐག་འགྲོཿ མ་རིག་གཉིད་སད་ཡེ་ཤེས་སྣང་བ་རྒྱསཿ འཁོར་བ་དང་ནས་སྤྲུག་པའི་བཀྲིས་ཤོགཿ «ཨེ་མ༔ ཐུགས་སྒྲུབ་ཡང་སྙིང་ཐོད་ཕྲེང་སྒྲུབ་པ་འདིཿ བླ་རྫོགས་ཐུགསས་གསུམ་བཅུད་བསྡུས་མན་ངག་མཆོགཿ འབྲེལ་ཚད་དོན་ལྡན་སྐལ་ལྡན་སྨིན་གྲོལ་ལ་ལམཿ འགོད་ཅིང་མཐོང་ཐོས་གྲོལ་པའི་ཡིད་བཞིན་ནོརཿ སྐལ་ལྡན་ལས་ཅན་བུ་དང་འཕྲད་བར་ཤོགཿ བཀའ་ཡི་སྲུང་མ་དུས་ཀུན་གཡེལ་མེད་སྲུངསཿ དམ་ཉམས་བཀའ་རྐུན་ལག་ཏུ་ཤོར་ར་རེཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ འགྲོ་དོན་ཉི་འོག་ས་སྟེང་ཡོངས་ཁྱབ་ནསཿ མཐོང་ཐོས་པདྨ་འོད་དུ་གྲོལ་བར་ཤོགཿ ཅེས་པ་འདི་ཡང་རིག་འཛིན་མཐུ་སྟོབས་བདུད་འདུལ་རྩམ་གྱི་རང་ལོ་སོ་གསུམ་པ་འབྲུག་གི་ལོ་རྒྱལ་གྱི་ཟླ་བ་ལ་སེམས་ཅན་ཡོངས་ལ་དམིགས་པའི་སྒྲུབ་མཆོད་ཟབ་མོ་བགྱིས་ཚད་མ་དང་མཁའ་འགྲོ་འདུས་ཤིང་རྟེན་འབྲེལ་ཟབ་མོས་མཚམ་སྦྱར་ཏེ་ལེགས་པར་ཕབ་པའོཿ