SPCD-KABUM-02-KHA-027: Difference between revisions

From Khyentse Lineage - A Tsadra Foundation Project
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
 
{{Text
|classification=Tibetan Publications
|subclass=Tibetan Texts
|collectiontitle='phags mchog bka' 'bum
|collectiontitletib=འཕགས་མཆོག་བཀའ་འབུམ།
|totalvolumes=3
|author='phags mchog rdo rje
|authortib=འཕགས་མཆོག་རྡོ་རྗེ་
|citation=[['phags mchog rdo rje]]. ''''. In ''Mtshungs med grub sras 'phags mchog rdo rje mchog gi gsung 'bum rin po che '', Vol. : .  Kathmandu: Khenpo Shedup Tenzin & Lama Thinley Namgyal, 2004.
|language=Tibetan
|pagestatus=Temporary stub only
|volumenumber=02
|volumeLetter=KHA
|textnuminvol=027
|pdflink=File:SPCD-KABUM-02-KHA-027.pdf
|InitCategories=Khyentse Lineage Project; SPCD-KABUM-Volume-02-KHA
}}
<h1>Tibetan Text</h1>
<onlyinclude>
{{TibP|
༄༅། །ཟླ་བ་དཔོན་རྒན་འདས་པོའི་དགོངས་རྫོགས་དགེ་རྩ་ལ་གསུང་པ་བཞུགས།།
༄༅། །ཟླ་བ་དཔོན་རྒན་འདས་པོའི་དགོངས་རྫོགས་དགེ་རྩ་ལ་གསུང་པ་བཞུགས།།
རིགས་ཀུན་འདུས་པ་རྡོ་རྗེ་སེམས་དཔའི་ཆོ་ག་ཁྱད་པར་ཅན་གྱི་སྒོ་ནས་བསྟན་པའི་སྦྱིན་བདག་ཁྱེད་རྣམས་ཀྱིས་ཉིན་བདུན་རིང་ཡར་དཀོན་མཆོག་ལ་མཆོད་པ། བར་དགེ་འདུན་ལ་ཞལ་སྟོན། མར་ངན་སློང་ལ་སྦྱིན་གཏོང་སོགས་རྒྱ་ཆེ་དཔངས་མཐོ་གྱ་ནོམ་ནན་པའི་ཚོགས་འབུམ་བསགས་པའི་དགེ་བ་དེ་དག་ཕན་ཡོན་འགྱུར་བསྐྱེད་ལྷག་པར་ཆེ་བའི་རང་བཞིན་ཏེ། སྒྲུབ་གནས་ཁྱད་པར་འཕགས་པའི་གནས་གསང་སྔགས་བླ་མེད་ཀྱི་རྟེན་གསུམ་བཞུགས་པའི་སྤྱན་སྔར་གཏེར་ཆེན་མདོ་སྔགས་གླིང་པའི་གཏེར་ཆོས་ཀྱི་ཆོ་ག །མཆོད་གནས་ཀྱང་བླ་སྤྲུལ་རིག་པ་འཛིན་པ་བཅས་ཁྱད་པར་གྱི་ཆོས་ཕུན་སུམ་ཚོགས་པ་སྟེ། གང་མོས་ཞུས་མདོ་ལས། རི་དང་ནགས་ཚལ་ཉམས་དགའ་བ། །དེ་ན་འདུ་འཛི་མེད་པས་ན། །དགེ་ཆོས་རྐྱེན་གྱིས་ཉམས་མི་འགྱུར། །སྟོང་དབེན་ཉེར་ཞི་དབེན་པ་ལ། །སངས་རྒྱས་རྣམས་ཀྱིས་རབ་ཏུ་བསྔགས། །ཞེས་དང་། གྲོང་དང་གྲོང་ཁྱེར་དགོན་པ་ལ་སོགས་སུ་མར་ཁུ་མཐའི་རྒྱ་མཚོ་ཙམ་བསྐྱིལ། སྡོང་བུ་རི་རབ་ཙམ་འཛུག་སྟེ་འབུལ་བ་ལས། སྒྲུབ་གནས་རྣམས་སུ་རྩྭ་ཡི་སྒྲོན་མེས་སྒོ་ཐེམ་གསལ་ཙམ་འབུལ་བ་བསོད་ནམས་ཆེ་ཞེས་དང་། ཕལ་པོ་ཆེ་ལས། ལྔ་བརྒྱ་ཐ་མ་གྱུར་པའི་ཚེ། །ང་ནི་ཡི་གེའི་གཟུགས་སུ་བྱོན། །ང་ཡིན་སྙམ་པའི་ཡིད་བྱོས་ལ། །དེ་ཚེ་དེ་ལ་གུས་པར་གྱིས། །ཞེས་དང་། ད་ལྟ་ང་ལ་མཆོད་པ་དང་། །མ་འོངས་སྐུ་གཟུགས་མཆོད་པ་གཉིས། །བསོད་ནམས་མཉམ་ཞིང་རྣམ་སྨིན་མཉམ། །འདི་གཉིས་ཐ་དད་ཅུང་ཟད་མེད། །ཅེས་དང་། དགོངས་པ་ཚིག་གསུམ་གྱི་རྒྱུད་ལས། རྡོ་རྗེ་སེམས་དཔའ་འདྲ་བ་སྒོམས། །སྔགས་ཀྱང་རབ་ཏུ་བཟླ་བྱེད་ན། །དེ་ཡིས་སྡིག་སྒྲིབ་ཀུན་བྱང་ནས། །རྡོ་རྗེ་སེམས་དཔའ་དབྱེར་མེད་འགྱུར། །ཅེས་དང་། ཡེ་ཤེས་རྒྱ་མཚོའི་རྒྱུད་ལས། ཇི་ལྟར་དགེ་སློང་ཁྲིམས་ལྡན་པ། །འབུམ་ཕྲག་དྲུག་ཅུ་རྩ་གཉིས་ལ། །སྟོན་མོ་ལན་བདུན་བྱས་པ་བས། །བླ་མའི་ཞལ་དུ་འབྲས་ཆེན་འབྲུ། །རྡོག་མ་བདུན་གྲངས་བསོད་ནམས་ནི། །བརྒྱ་སྟོང་ཁྲི་འབུམ་ཆར་མི་ཉེ། །ཞེས་གསུངས་པ་ལྟར་ཕན་ཡོན་སྤྱིར་ཆེ་བ་དང་། སྒོས་འཇིག་རྟེན་ཀུན་ཏུ་བདེ་སྐྱིད་འབྱོར་ཚོགས། ཚེ་དང་དབང་ཐང་ཆེ་ཞིང་ཆེ་བ་ཕྲ་ཞིང་ཕྲ་བ་ཡོད་པ་ཐམས་ཅད་བསོད་ནམས་ཀྱི་ཚོགས་བསགས་པ་ཁོ་ན་ལས་འབྱུང་བ་ནི། རྒྱལ་བའི་བཀའ། བླ་མའི་ལུང་། རང་གི་རིགས་པ་ཚད་མས་མངོན་སུམ་མཐོང་ཐོས་མྱོང་གྱུར་གྲུབ་པ་ལྟར། གཤིན་གསོན་གང་གི་སྐུ་རིམ་དང་དགེ་རྩ་སྒྲུབ་པ་ལའང་རྣམ་དཀར་བསོད་ནམས་ཀྱི་ཚོགས་བསགས་པའི་དཔུང་མ་བསྐྱེད་ན་མི་ཡོང་བ་དེ་ལྟར་དང་། མ་ཟད་ཚེ་རབས་ཐོག་མེད་ནས་ད་ལྟའི་སྣང་བ་ལྟར་སྡིག་སྒྲིབ་ཉེས་ལྟུང་ཕ་མཐའ་ཡས་པ་བསགས་པ་རྣམས་ཡོངས་སུ་བྱང་བའམ་ཁ་བྲི་བ་ཙམ་མ་བྱུང་ཞིང་། བཏོན་པའི་གྲངས། སྒོམ་པའི་ཉམས་ཆེར་མེད་པའི་རྣམ་ཤེས་དག་པའི་ཞིང་དུ་རྡོ་འཕེན་འཕེན་བྱེད་རྒྱུ་ག་ལ་ཡོད་སྟེ། ཨོ་རྒྱན་རིན་པོ་ཆེས། མིང་བྱང་མགོ་ལ་དབང་བསྐུར་བྱེད་ཙ་འཕྱི། །རྣམ་ཤེས་བར་དོ་ཁྱི་གླན་བཞིན་དུ་འཁྱམས། །མཐོ་རིས་བསམ་སྟེ་དེ་ལ་དཀའ་ལས་གདའ། །ཞེས་གསུངས་པ་ལྟར་ལས་མི་ཡོང་བས་མདོར་ན་འབད་རྩོལ་རི་བོ་ཙམ་བྱེད་པ་ལས། བསོད་ནམས་མེ་སྟག་ཙམ་གསོག་པ་དགའ་བའི་རང་བཞིན་ཏེ། རྒྱུད་ལས། ཚོགས་མ་བསགས་པས་དངོས་གྲུབ་མེད། །བྱེ་མ་བཙིར་བས་མར་མི་འབྱུང་། །ཚོགས་བསགས་པས་ནི་དངོས་གྲུབ་འབྱུང་། །ཏིལ་ལམ་འོ་མའི་མར་བཞིན་ནོ། །ཞེས་དང་། མདོ་ལས། འཇིག་རྟེན་དག་ན་བདེ་ཞིང་སྐྱིད་པ་རྣམས། །དེ་ཀུན་དཀོན་མཆོག་མཆོད་ལས་བྱུང་བས་ན། །རྟག་ཏུ་དཀོན་མཆོག་མཆོད་ལ་བརྩོན་པར་བྱ། །ཞེས་གསུངས་པ་ལྟར་གང་དང་གང་ལ་དམིགས་ཀྱང་བསོད་ནམས་ཀྱི་ཚོགས་བསགས་པ་གལ་ཆེ། དེའང་རྒྱལ་བ་རྣམས་ཐབས་མཁས་ལ་ཐུགས་རྗེ་ཆེ་བས་སེམས་ཅན་གྱི་མོས་པ་དང་ཁམས་དང་། དབང་པོ་སོགས་ལ་བསྟུན་པའི་ཚོགས་བསགས་པའི་རིམ་པ་མཐའ་ཡས་པ་གསུངས་པ་དག་ལས། གསང་སྔགས་བླ་མེད་ཀྱི་ཚོགས་འཁོར་བསྐོར་བས་བསོད་ནམས་ལྷག་པར་ཆེ་སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པ་དང་། དམ་ཚིག་ཉམས་ཆགས་བསྐང་བ་དང་། དཔའ་བོ་མཁའ་འགྲོ་འདུ་བ་དང་། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་མཉེས་པ་དང་། དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་སྲུང་བ་དང་། ཚེ་འདི་ལའང་ཚེ་རིང་ཞིང་ནད་ཉུང་། སྙན་གྲགས་དང་སྟོབས་རྩལ་འཕེལ། འཁོར་དང་ལོངས་སྤྱོད་ཐམས་ཅད་དབྱར་ཆུ་ལྟར་རྡོལ། ཅི་བསམ་ཐམས་ཅད་ཡིད་བཞིན་དུ་འགྲུབ། ཕྱི་མར་བླ་ན་མེད་པའི་བྱང་ཆུབ་ཐོབ་པ་སོགས་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ངམ་ངམ་ཤུགས་ཀྱིས་འབྱུང་བ་ཡིན་ཏེ། རྡོ་རྗེ་དྲྭ་བ་ལས། བསོད་ནམས་ནང་ནས་ཚོགས་འཁོར་མཆོག །ཚེ་འདིར་བསམ་པ་ཀུན་འགྲུབ་ཅིང་། །བགེགས་དང་བར་ཆད་ཞི་བ་དང་། །ཕྱི་མ་རིག་འཛིན་རྒྱལ་བའི་ཞིང་། །ཀུན་ཏུ་བཟང་པོ་ཐོབ་པར་འགྱུར། །ཅེས་དང་། རྫོགས་པ་རང་བྱུང་ལས། ཚོགས་ཀྱི་འཁོར་ལོ་བསྐོར་བའི་ཡོན་ཏན་ནི། །ཚེ་རབས་སྔ་ཕྱི་དཔག་མེད་སྒྲིབ་པ་རྣམས། །ཞི་ཁྲོའི་སྤྱན་སྔར་སྐད་ཅིག་ཙམ་གྱིས་བྱང་། །ཚེ་རབས་ཕྱི་མར་གནས་རིས་གར་སྐྱེས་ཀྱང་། །ཡོ་བྱད་ཆུང་བ་དག་ཏུ་མི་འགྱུར་ཞིང་། །རབ་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར། །རིན་ཆེན་ནོར་དང་འབྲུ་ལ་ལོངས་སྤྱོད་ཅིང་། །རྫས་དང་ཡོ་བྱད་ལྡན་པའི་སྐྱེས་བུ་འགྱུར། །ཞེས་དང་། ཡེ་ཤེས་མཚོ་རྒྱལ་གྱིས། ཡར་མར་ཚེས་བཅུ་བརྒྱད་དང་བཅོ་ལྔའི་དུས། །ཚོགས་ཀྱི་འཁོར་ལོ་བསྐོར་ལ་མཆོད་པ་འབུལ། །ཚོགས་འཁོར་རབ་ཀྱིས་ངན་སོང་སྐྱེ་སྒོ་ཆོད། །ཕྱིར་མི་ལྡོག་པའི་ས་ལ་མི་སྐྱོལ་རེ། །ངེས་པའི་གཏན་ཚིག་ཡིན་ནོ་གོ་བ་ལོངས། །ཞེས་དང་། འཇིགས་གླིང་པས། ཆར་ཆུ་དུས་འབེབ་མི་ཕྱུགས་ནད་ཡམས་ཞི། །དམག་འཁྲུག་དབུལ་ཕོངས་སད་སེར་བཙའ་ཐན་སོགས། །འཇིག་རྟེན་དུས་ཀྱི་རྒུད་པ་ཇི་སྙེད་པ། །ཚེས་བཅུའི་དུས་མཆོད་བཟུང་ནས་གསོལ་འདེབས་ཀྱིས། །བྱིན་རླབས་ཁོ་ནའི་ཞི་བ་མངོན་སུམ་ཉིད། །ཅེས་སོགས་གསུངས་པ་ལྟར་མདོར་ན་ཞི་རྒྱས་དབང་དྲག་གི་ཕྲིན་ལས་འགྲུབ། དམ་ཚིག་ཉམས་ཆག་ཐམས་ཅད་སོར་ཆུད། ལྷ་དང་བླ་མ་དམ་ཅན་དགྱེས་པས་བསྐང་། མི་མཐུན་རྐྱེན་ངན་གྱི་བར་ཆད་སེལ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས། མཆོག་ཐུན་མོང་གི་དངོས་གྲུབ་གཅིག་ཆར་དུ་ཐོབ་པ་ལ་སོགས་ཕན་ཡོན་ཚད་མེད་པ་ཡིན་བཞིན་བསྟན་འགྲོའི་རྒུད་ཚོགས་ཞི་ཞིང་ས་བཅུད་ཡུལ་བཅུད་རྒྱས་ཕྱིར་དང་། འབྲེལ་ཐོབ་དེ་ཉིད་ཀྱི་གཙོས་མྱུར་དུ་རྫོགས་བྱང་ལ་འགོད་པ་སོགས་ཀྱི་ཕྱིར་ཚོགས་འཁོར་བསྐོར་བའི་དགེ་ཚོགས་དེ་དག་ལ་རྗེས་སུ་ཡི་རངས་ཆེས་ཆེར་སྐྱེས་ཏེ། ཇི་སྐད་དུ། སྟོང་གསུམ་རི་རབ་གསེར་གྱིས་བཀང་ཡང་ནི། །རྗེས་སུ་ཡི་རང་དེ་ནི་དེ་འདྲ་མིན། །ཞེས་དང་། རྗེ་མི་ལས་ཀྱང་། ཕུ་ལ་སྒྲུབ་པ་རྒྱབ་པའི་སྒོམ་ཆེན་དང་། །མདའ་ནས་འཚོ་བ་སྦྱོར་བའི་ཡོན་བདག་གཉིས། །སངས་མཉམ་དུ་རྒྱ་བའི་རྟེན་འབྲེལ་ཡོད། །ཅེས་པ་ལྟར་རྟེན་འབྲེལ་དང་ལེགས་ཚོགས་རྗེས་སུ་ཡི་རང་གི་མཚོན་བྱེད་ཁྱེད་བསྟན་པའི་སྦྱིན་བདག་རྣམས་ལ་མགུལ་དར་རེ་དང་། རིན་ཆེན་གཉིས་པའི་འཁོར་ལོ་རེ་བཅས། ཚོགས་འཁོར་བསྐོར་བའི་ཕན་ཡོན་དེ་ལྟར་ཐུགས་སུ་ངེས་པར་ཞུ་འཚལ། བསྟན་པ་སྤྱི་དང་སྒོས་ཀར་འབྲུག་ཕྱོགས་ཀྱི་ཆོས་དང་བླ་མ་རྣམས་ལ་མི་ཕྱེད་པའི་དད་འདུན་གཅིག་ཏུ་བརྟེན་པ་བདག་ཅག་གི་བླ་མའི་རྗེས་འཇུག་བླུན་པོ་བདག་ནི་མིའི་ཤེས་སྒོ་ཆོས་ཀྱི་སྤྱོད་པ་སོགས་གང་ཐད་ནས་ཐ་ཆད་ཀྱང་ལྷག་བསམ་དྲི་མ་མེད་པའི་ཀུན་ནས་བསླངས་ཏེ་ཞུ་གསོལ་འདེབས་འབྲས་ལ་དགོངས་ཁྲེལ་མི་བཞེས་པར་ཐུགས་བརྩེ་བ་ཆེན་པོའི་སྙན་གཡར་དུ་གསོལ་ལོ། །དེ་ལ་ཞུ་བའི་སྙིང་པོ་ནི་ཁམས་འཛི་གཉིས་པོའི་བར་དུ་སྔ་རབས་གང་ཞིག་ནས་དམ་སེལ་ཡོད་ཅེས་སྒྲོགས་ནས་དེང་སང་ཡང་རི་བོང་ཅལ་སྒྲོགས་ཀྱིས་རྗེས་འཇུག་བློ་མིག་མ་དག་པ་རྣམས་ཀྱིས་ང་རྒྱལ་ཕྲག་དོག་གི་རྟེན་གཞི་བྱེད་པ་ནི་ཤིན་ཏུ་ཐ་ཆད་དེ། བསྟན་འཛིན་སྐྱེས་བུའི་སྐུ་ཚེ་མཛད་ཕྲིན་དང་། འབྲེལ་ཐོབ་སེམས་ཅན་ཡོངས་ཀྱི་གནས་སྐབས་ཀྱི་ཤེས་རྒྱུད་དང་། མཐར་ཐུག་གི་དགེ་འབྲས་ཆེ་ཕྲར་མ་ལྟོས་པ་ཡོངས་སུ་སད་ཀྱིས་ཁྱེར་བའི་ཉེས་སྐྱོན་ཆེན་པོ་ཞིག་ཡིན་པ་ནི་བླུན་པོ་བདག་ལྟ་བུས་རྒྱས་སྤྲོས་མ་དགོས་བཞིན། དུས་གསུམ་རྒྱལ་བ་སྲས་བཅས་ཀྱིས་མཁྱེན་པས་མངའ་བ་དང་། ཐ་ནའང་གཞན་སྐྱེ་བོ་ཕལ་པ་རྣམས་ཀྱིས་ཀྱང་མཆོད་ཡོན་བར་དམ་སེལ་འགྲོ་དོགས་ཀྱིས་ཤིན་ཏུ་གཟབ་པ་དང་། གལ་སྲིད་དམ་སེལ་ཅུང་ཟད་སོང་ཚེ་དེ་ཚུག་ནས་བཤགས་པ་འབུལ་ཏེ་ཕྱིན་ཆོད་སྡོམ་སེམས་བཟུང་ནས་བག་ཡོད་ཚུལ་ལྡན་གྱིས་དག་སྣང་རབ་ཏུ་འབྱོངས་བཞིན་པའང་ཀུན་གྱི་སྤྱོད་ཡུལ་དུ་གྲུབ་འདུག་པས་ན། དེ་བཞིན་ཉོན་མོངས་ཀྱི་ཕུང་པོ་སྐྱེ་འགྲོ་ཕལ་པའི་བར་དུའང་དང་པོ་དགྲ་རུ་ལང་ཞིང་བར་དུ་ཡོངས་སུ་འདུམ་པར་བྱེད་པ་དང་། ད་དུང་ཞེ་འཁོན་མ་དག་པ་ཡོད་སྲིད་ན་ལོ་ཤས་མཚམས་ནས་ང་རྒྱལ་ཕྲག་དོག་མ་སངས་པ་འབྱུང་མི་སྲིད་པ་ལྟ་བུར་འདུག་ན། རང་རེ་རྣམས་ཀྱིས་དགེ་བ་གང་འགྲུབ་བླུག་བྱེད་ཀྱི་སྣོད་དམ། དད་པ་དག་སྣང་གི་གཞི་བཟུང་སྟེ་དམ་ཚིག་སྲུང་བ་ཁོ་ན་ལ་རག་ལས་པའི་མོད། སྔོན་བྱོན་ལས་ཅན་གྱི་སྐྱེས་བུ་སྐུ་ཤ་རློན་པ་ཤ་སྟག་བྱོན་པ་ཡིན་གཤིས་དམ་སེལ་མེད་ལས་ཆེ། གལ་སྲིད་ཡོད་ཀྱང་དེ་ཚུན་བཤགས་སྦྱང་གིས་ཡོངས་སུ་མ་དག་པ་ཡོང་མི་སྲིད་པ་དང་། ལར་ནི་བླ་མ་རྣམས་ཀྱི་བར་མ་རིག་འཁྲུལ་བའི་སྡང་སེམས་ནམ་ཡང་ཡོད་མཛད་པར་མི་འོས་ཏེ། ཆོས་ཟབ་པ་ལ་བདུད་ཟབ་ཟེར་བའི་དཔེ་ལྟར་བསྟན་པ་གང་དར་དེར་དངོས་བརྒྱུད་བར་གསུམ་ནས་བདུད་ཀྱི་སྤྲུལ་པ་འཇུག་སྟེ། བླ་སློབ་མཆེད་གྲོགས་བར་ནང་དབྱེན་བྱེད་པ་སོགས་རྐྱེན་ངན་འབྱུང་བའི་ལོ་རྒྱུས་དུ་མར་འདུག་བཞིན་བདུད་ཀྱི་ཆོ་འཕྲུལ་ལ་བདུད་དུ་བལྟ་བ་ལས་ལྷ་དང་བླ་མ་མཆེད་གྲོགས་བར་ནམ་ཡང་སྐྱོན་དུ་མི་བལྟ་བར་ནང་པ་སངས་རྒྱས་ཀྱི་ཁྱད་ཆོས་སྐྱབས་འགྲོའི་བསླབ་བྱ་བཟུང་སྟེ། རིང་བའི་མཆེད་སེམས་ཅན་ཐམས་ཅད། ཉེ་བའི་མཆེད་ཆོས་སྒོར་ཞུགས་ཚད། དེ་བས་ནང་གི་མཆེད་གྲུབ་མཐའ་གཅིག་པའི་དགོན་མ་ལག །གསང་བའི་མཆེད་བླ་མ་དཀྱིལ་འཁོར་གཅིག་ཏུ་བརྟེན་པ་སོགས་ཡིན་གཤིས། དེས་ན་དང་པོ་ཆོས་ཀྱི་ཆེ་བ༑ བླ་མའི་ཡོན་ཏན། དམ་ཚིག་བཀའ་གཉན་ལུགས་འཕྲལ་ཡུན་དགེ་ཚོགས་སོགས་ཀྱི་ལེགས་ཉེས་ཆེ་བ་དུ་མ་ལ་ཐུགས་བསམ་ཞིབ་པར་བསྐོར་ཏེ། སྐྱེ་བོ་ཅོལ་ཆུང་བློ་མིག་མ་དག་པའི་སྣང་ངོར་དག་སྣང་ཁྱད་པར་ཅན་གསལ་བཏབ་སྟེ། དེ་སྔོན་དམ་སེལ་ཡོད་ཅེས་གྲགས་ནས་ལོ་གྲངས་དེ་ཙམ་སོང་བས་ན། ལྷག་པར་དུ་ཕྱི་འགྱོད་དྲག་པོ་ལྡན་པའི་ངང་ནས། སྔར་འདས་པའི་དགོངས་རྫོགས། ད་ལྟར་བཞུགས་པའི་ཞབས་བརྟན། མ་འོངས་དུ་དམ་སེལ་གྱི་སྒྲའང་མི་གྲགས་པ་ཉི་མ་སྤྲིན་ལས་གྲོལ་བ་ལྟ་བུ་འབྱུང་བའི་ཕྱིར་དུ། ལས་ཅན་གྱི་སྐྱེས་བུ་ནི་མཁྱེན་པ་ལ་གསལ་འགྲིབ་མེད་པ། བརྩེ་བ་ལ་ཉེ་རིང་གཉིས་སུ་མེད་པ། ནུས་པས་གང་ལ་གང་འདུལ་གྱི་ཕྲིན་ལས་ཐབས་མཁས་ལ་ཐུགས་རྗེ་ཚད་མེད་པའི་ཡོན་ཏན་དུ་མ་ལྡན་དང་ལྡན་བཞིན་པའི་ངང་ནས། ལར་དམ་སེལ་ཡོད་མེད་ཉེས་པ་ཆེ་ཆུང་སོགས་ང་རྒྱལ་དང་ཁེངས་སེམས་ཀྱི་དྲི་མས་མ་བསླད་པར་ཞིབ་བརླིང་མཛད་ནས་དམ་ཚིག་སྒོ་ང་ཕྱེད་ཆོས་ཟེར་བའི་དཔེ་ལྟར་རྒྱལ་ཕམ་དང་ང་ཁྱོད་ཅེས་པ་འཇིག་རྟེན་པའི་དབྱེན་འདུམ་ལུགས་ལྟར་མི་བྱེད་པར་གལ་ཆེ་སྟེ། དེའང་ང་རྒྱལ་ཕྲག་དོག་སོགས་ཉོན་མོངས་པའི་ཁ་བྲི་བ་ཆོས་སྤྱན་ཡང་དག་པའི་མིག་དང་ལྡན་པ་ནི་དེང་སང་ཕལ་ཆེར་དཀོན་པའི་དབང་གིས་གྲྭ་མང་དང་བཀའ་གྲོས་ཡོངས་སུ་འགྲིགས་དཀའ་བས་ན། ལས་ཅན་གྱི་སྐྱེས་བུ་རྣམ་པ་ཙམ་ལྷན་རྒྱས་པའི་ཐོག་ནས་ཕན་ཚུན་གཉིས་ཀའི་རྐྱེན་ངན་གྲོགས་འཆར་དུ་དགོངས་ཏེ་བཤགས་སྦྱང་གིས་ཡོངས་སུ་སོར་ཆུད་པར་མཛད་པ་ནི་ཤིན་ཏུ་གལ་ཆེ་བའི་རང་བཞིན་ཏེ། སྡིག་པ་ལ་ཡོན་ཏན་མེད་དེ་བཤགས་པས་འདག་པ་སྡིག་པའི་ཡོན་ཏན་ཡིན་ཅེས་པ་ལྟར། ཆོས་ཀྱི་བདེན་སྟོབས་ཀྱིས་བྱང་བའི་རྟགས་མཚན་མངོན་ཏུ་གྱུར་ཏེ། རང་གཞན་གྲྭ་སློབ་སྦྱིན་བདག་མཆོག་ཕལ་ཀུན་གྱི་བློ་ལྷག་ལུས་མེད་པ་རྗེས་སུ་ཡི་རང་སྐྱེས་ཏེ། དད་པ་དག་སྣང་གི་གནས་སུ་ལྷག་པར་འགོད་པའི་རྒྱུ་རུ་མཛད་གྲུབ་པ་ད་ལན་ཅི་ནས་ཞུ་མཁྱེན་ལགས་སོ།། །།[[Category:Wyckibaat]]
རིགས་ཀུན་འདུས་པ་རྡོ་རྗེ་སེམས་དཔའི་ཆོ་ག་ཁྱད་པར་ཅན་གྱི་སྒོ་ནས་བསྟན་པའི་སྦྱིན་བདག་ཁྱེད་རྣམས་ཀྱིས་ཉིན་བདུན་རིང་ཡར་དཀོན་མཆོག་ལ་མཆོད་པ། བར་དགེ་འདུན་ལ་ཞལ་སྟོན། མར་ངན་སློང་ལ་སྦྱིན་གཏོང་སོགས་རྒྱ་ཆེ་དཔངས་མཐོ་གྱ་ནོམ་ནན་པའི་ཚོགས་འབུམ་བསགས་པའི་དགེ་བ་དེ་དག་ཕན་ཡོན་འགྱུར་བསྐྱེད་ལྷག་པར་ཆེ་བའི་རང་བཞིན་ཏེ། སྒྲུབ་གནས་ཁྱད་པར་འཕགས་པའི་གནས་གསང་སྔགས་བླ་མེད་ཀྱི་རྟེན་གསུམ་བཞུགས་པའི་སྤྱན་སྔར་གཏེར་ཆེན་མདོ་སྔགས་གླིང་པའི་གཏེར་ཆོས་ཀྱི་ཆོ་ག །མཆོད་གནས་ཀྱང་བླ་སྤྲུལ་རིག་པ་འཛིན་པ་བཅས་ཁྱད་པར་གྱི་ཆོས་ཕུན་སུམ་ཚོགས་པ་སྟེ། གང་མོས་ཞུས་མདོ་ལས། རི་དང་ནགས་ཚལ་ཉམས་དགའ་བ། །དེ་ན་འདུ་འཛི་མེད་པས་ན། །དགེ་ཆོས་རྐྱེན་གྱིས་ཉམས་མི་འགྱུར། །སྟོང་དབེན་ཉེར་ཞི་དབེན་པ་ལ། །སངས་རྒྱས་རྣམས་ཀྱིས་རབ་ཏུ་བསྔགས། །ཞེས་དང་། གྲོང་དང་གྲོང་ཁྱེར་དགོན་པ་ལ་སོགས་སུ་མར་ཁུ་མཐའི་རྒྱ་མཚོ་ཙམ་བསྐྱིལ། སྡོང་བུ་རི་རབ་ཙམ་འཛུག་སྟེ་འབུལ་བ་ལས། སྒྲུབ་གནས་རྣམས་སུ་རྩྭ་ཡི་སྒྲོན་མེས་སྒོ་ཐེམ་གསལ་ཙམ་འབུལ་བ་བསོད་ནམས་ཆེ་ཞེས་དང་། ཕལ་པོ་ཆེ་ལས། ལྔ་བརྒྱ་ཐ་མ་གྱུར་པའི་ཚེ། །ང་ནི་ཡི་གེའི་གཟུགས་སུ་བྱོན། །ང་ཡིན་སྙམ་པའི་ཡིད་བྱོས་ལ། །དེ་ཚེ་དེ་ལ་གུས་པར་གྱིས། །ཞེས་དང་། ད་ལྟ་ང་ལ་མཆོད་པ་དང་། །མ་འོངས་སྐུ་གཟུགས་མཆོད་པ་གཉིས། །བསོད་ནམས་མཉམ་ཞིང་རྣམ་སྨིན་མཉམ། །འདི་གཉིས་ཐ་དད་ཅུང་ཟད་མེད། །ཅེས་དང་། དགོངས་པ་ཚིག་གསུམ་གྱི་རྒྱུད་ལས། རྡོ་རྗེ་སེམས་དཔའ་འདྲ་བ་སྒོམས། །སྔགས་ཀྱང་རབ་ཏུ་བཟླ་བྱེད་ན། །དེ་ཡིས་སྡིག་སྒྲིབ་ཀུན་བྱང་ནས། །རྡོ་རྗེ་སེམས་དཔའ་དབྱེར་མེད་འགྱུར། །ཅེས་དང་། ཡེ་ཤེས་རྒྱ་མཚོའི་རྒྱུད་ལས། ཇི་ལྟར་དགེ་སློང་ཁྲིམས་ལྡན་པ། །འབུམ་ཕྲག་དྲུག་ཅུ་རྩ་གཉིས་ལ། །སྟོན་མོ་ལན་བདུན་བྱས་པ་བས། །བླ་མའི་ཞལ་དུ་འབྲས་ཆེན་འབྲུ། །རྡོག་མ་བདུན་གྲངས་བསོད་ནམས་ནི། །བརྒྱ་སྟོང་ཁྲི་འབུམ་ཆར་མི་ཉེ། །ཞེས་གསུངས་པ་ལྟར་ཕན་ཡོན་སྤྱིར་ཆེ་བ་དང་། སྒོས་འཇིག་རྟེན་ཀུན་ཏུ་བདེ་སྐྱིད་འབྱོར་ཚོགས། ཚེ་དང་དབང་ཐང་ཆེ་ཞིང་ཆེ་བ་ཕྲ་ཞིང་ཕྲ་བ་ཡོད་པ་ཐམས་ཅད་བསོད་ནམས་ཀྱི་ཚོགས་བསགས་པ་ཁོ་ན་ལས་འབྱུང་བ་ནི། རྒྱལ་བའི་བཀའ། བླ་མའི་ལུང་། རང་གི་རིགས་པ་ཚད་མས་མངོན་སུམ་མཐོང་ཐོས་མྱོང་གྱུར་གྲུབ་པ་ལྟར། གཤིན་གསོན་གང་གི་སྐུ་རིམ་དང་དགེ་རྩ་སྒྲུབ་པ་ལའང་རྣམ་དཀར་བསོད་ནམས་ཀྱི་ཚོགས་བསགས་པའི་དཔུང་མ་བསྐྱེད་ན་མི་ཡོང་བ་དེ་ལྟར་དང་། མ་ཟད་ཚེ་རབས་ཐོག་མེད་ནས་ད་ལྟའི་སྣང་བ་ལྟར་སྡིག་སྒྲིབ་ཉེས་ལྟུང་ཕ་མཐའ་ཡས་པ་བསགས་པ་རྣམས་ཡོངས་སུ་བྱང་བའམ་ཁ་བྲི་བ་ཙམ་མ་བྱུང་ཞིང་། བཏོན་པའི་གྲངས། སྒོམ་པའི་ཉམས་ཆེར་མེད་པའི་རྣམ་ཤེས་དག་པའི་ཞིང་དུ་རྡོ་འཕེན་འཕེན་བྱེད་རྒྱུ་ག་ལ་ཡོད་སྟེ། ཨོ་རྒྱན་རིན་པོ་ཆེས། མིང་བྱང་མགོ་ལ་དབང་བསྐུར་བྱེད་ཙ་འཕྱི། །རྣམ་ཤེས་བར་དོ་ཁྱི་གླན་བཞིན་དུ་འཁྱམས། །མཐོ་རིས་བསམ་སྟེ་དེ་ལ་དཀའ་ལས་གདའ། །ཞེས་གསུངས་པ་ལྟར་ལས་མི་ཡོང་བས་མདོར་ན་འབད་རྩོལ་རི་བོ་ཙམ་བྱེད་པ་ལས། བསོད་ནམས་མེ་སྟག་ཙམ་གསོག་པ་དགའ་བའི་རང་བཞིན་ཏེ། རྒྱུད་ལས། ཚོགས་མ་བསགས་པས་དངོས་གྲུབ་མེད། །བྱེ་མ་བཙིར་བས་མར་མི་འབྱུང་། །ཚོགས་བསགས་པས་ནི་དངོས་གྲུབ་འབྱུང་། །ཏིལ་ལམ་འོ་མའི་མར་བཞིན་ནོ། །ཞེས་དང་། མདོ་ལས། འཇིག་རྟེན་དག་ན་བདེ་ཞིང་སྐྱིད་པ་རྣམས། །དེ་ཀུན་དཀོན་མཆོག་མཆོད་ལས་བྱུང་བས་ན། །རྟག་ཏུ་དཀོན་མཆོག་མཆོད་ལ་བརྩོན་པར་བྱ། །ཞེས་གསུངས་པ་ལྟར་གང་དང་གང་ལ་དམིགས་ཀྱང་བསོད་ནམས་ཀྱི་ཚོགས་བསགས་པ་གལ་ཆེ། དེའང་རྒྱལ་བ་རྣམས་ཐབས་མཁས་ལ་ཐུགས་རྗེ་ཆེ་བས་སེམས་ཅན་གྱི་མོས་པ་དང་ཁམས་དང་། དབང་པོ་སོགས་ལ་བསྟུན་པའི་ཚོགས་བསགས་པའི་རིམ་པ་མཐའ་ཡས་པ་གསུངས་པ་དག་ལས། གསང་སྔགས་བླ་མེད་ཀྱི་ཚོགས་འཁོར་བསྐོར་བས་བསོད་ནམས་ལྷག་པར་ཆེ་སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པ་དང་། དམ་ཚིག་ཉམས་ཆགས་བསྐང་བ་དང་། དཔའ་བོ་མཁའ་འགྲོ་འདུ་བ་དང་། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་མཉེས་པ་དང་། དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་སྲུང་བ་དང་། ཚེ་འདི་ལའང་ཚེ་རིང་ཞིང་ནད་ཉུང་། སྙན་གྲགས་དང་སྟོབས་རྩལ་འཕེལ། འཁོར་དང་ལོངས་སྤྱོད་ཐམས་ཅད་དབྱར་ཆུ་ལྟར་རྡོལ། ཅི་བསམ་ཐམས་ཅད་ཡིད་བཞིན་དུ་འགྲུབ། ཕྱི་མར་བླ་ན་མེད་པའི་བྱང་ཆུབ་ཐོབ་པ་སོགས་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ངམ་ངམ་ཤུགས་ཀྱིས་འབྱུང་བ་ཡིན་ཏེ། རྡོ་རྗེ་དྲྭ་བ་ལས། བསོད་ནམས་ནང་ནས་ཚོགས་འཁོར་མཆོག །ཚེ་འདིར་བསམ་པ་ཀུན་འགྲུབ་ཅིང་། །བགེགས་དང་བར་ཆད་ཞི་བ་དང་། །ཕྱི་མ་རིག་འཛིན་རྒྱལ་བའི་ཞིང་། །ཀུན་ཏུ་བཟང་པོ་ཐོབ་པར་འགྱུར། །ཅེས་དང་། རྫོགས་པ་རང་བྱུང་ལས། ཚོགས་ཀྱི་འཁོར་ལོ་བསྐོར་བའི་ཡོན་ཏན་ནི། །ཚེ་རབས་སྔ་ཕྱི་དཔག་མེད་སྒྲིབ་པ་རྣམས། །ཞི་ཁྲོའི་སྤྱན་སྔར་སྐད་ཅིག་ཙམ་གྱིས་བྱང་། །ཚེ་རབས་ཕྱི་མར་གནས་རིས་གར་སྐྱེས་ཀྱང་། །ཡོ་བྱད་ཆུང་བ་དག་ཏུ་མི་འགྱུར་ཞིང་། །རབ་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར། །རིན་ཆེན་ནོར་དང་འབྲུ་ལ་ལོངས་སྤྱོད་ཅིང་། །རྫས་དང་ཡོ་བྱད་ལྡན་པའི་སྐྱེས་བུ་འགྱུར། །ཞེས་དང་། ཡེ་ཤེས་མཚོ་རྒྱལ་གྱིས། ཡར་མར་ཚེས་བཅུ་བརྒྱད་དང་བཅོ་ལྔའི་དུས། །ཚོགས་ཀྱི་འཁོར་ལོ་བསྐོར་ལ་མཆོད་པ་འབུལ། །ཚོགས་འཁོར་རབ་ཀྱིས་ངན་སོང་སྐྱེ་སྒོ་ཆོད། །ཕྱིར་མི་ལྡོག་པའི་ས་ལ་མི་སྐྱོལ་རེ། །ངེས་པའི་གཏན་ཚིག་ཡིན་ནོ་གོ་བ་ལོངས། །ཞེས་དང་། འཇིགས་གླིང་པས། ཆར་ཆུ་དུས་འབེབ་མི་ཕྱུགས་ནད་ཡམས་ཞི། །དམག་འཁྲུག་དབུལ་ཕོངས་སད་སེར་བཙའ་ཐན་སོགས། །འཇིག་རྟེན་དུས་ཀྱི་རྒུད་པ་ཇི་སྙེད་པ། །ཚེས་བཅུའི་དུས་མཆོད་བཟུང་ནས་གསོལ་འདེབས་ཀྱིས། །བྱིན་རླབས་ཁོ་ནའི་ཞི་བ་མངོན་སུམ་ཉིད། །ཅེས་སོགས་གསུངས་པ་ལྟར་མདོར་ན་ཞི་རྒྱས་དབང་དྲག་གི་ཕྲིན་ལས་འགྲུབ། དམ་ཚིག་ཉམས་ཆག་ཐམས་ཅད་སོར་ཆུད། ལྷ་དང་བླ་མ་དམ་ཅན་དགྱེས་པས་བསྐང་། མི་མཐུན་རྐྱེན་ངན་གྱི་བར་ཆད་སེལ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས། མཆོག་ཐུན་མོང་གི་དངོས་གྲུབ་གཅིག་ཆར་དུ་ཐོབ་པ་ལ་སོགས་ཕན་ཡོན་ཚད་མེད་པ་ཡིན་བཞིན་བསྟན་འགྲོའི་རྒུད་ཚོགས་ཞི་ཞིང་ས་བཅུད་ཡུལ་བཅུད་རྒྱས་ཕྱིར་དང་། འབྲེལ་ཐོབ་དེ་ཉིད་ཀྱི་གཙོས་མྱུར་དུ་རྫོགས་བྱང་ལ་འགོད་པ་སོགས་ཀྱི་ཕྱིར་ཚོགས་འཁོར་བསྐོར་བའི་དགེ་ཚོགས་དེ་དག་ལ་རྗེས་སུ་ཡི་རངས་ཆེས་ཆེར་སྐྱེས་ཏེ། ཇི་སྐད་དུ། སྟོང་གསུམ་རི་རབ་གསེར་གྱིས་བཀང་ཡང་ནི། །རྗེས་སུ་ཡི་རང་དེ་ནི་དེ་འདྲ་མིན། །ཞེས་དང་། རྗེ་མི་ལས་ཀྱང་། ཕུ་ལ་སྒྲུབ་པ་རྒྱབ་པའི་སྒོམ་ཆེན་དང་། །མདའ་ནས་འཚོ་བ་སྦྱོར་བའི་ཡོན་བདག་གཉིས། །སངས་མཉམ་དུ་རྒྱ་བའི་རྟེན་འབྲེལ་ཡོད། །ཅེས་པ་ལྟར་རྟེན་འབྲེལ་དང་ལེགས་ཚོགས་རྗེས་སུ་ཡི་རང་གི་མཚོན་བྱེད་ཁྱེད་བསྟན་པའི་སྦྱིན་བདག་རྣམས་ལ་མགུལ་དར་རེ་དང་། རིན་ཆེན་གཉིས་པའི་འཁོར་ལོ་རེ་བཅས། ཚོགས་འཁོར་བསྐོར་བའི་ཕན་ཡོན་དེ་ལྟར་ཐུགས་སུ་ངེས་པར་ཞུ་འཚལ། བསྟན་པ་སྤྱི་དང་སྒོས་ཀར་འབྲུག་ཕྱོགས་ཀྱི་ཆོས་དང་བླ་མ་རྣམས་ལ་མི་ཕྱེད་པའི་དད་འདུན་གཅིག་ཏུ་བརྟེན་པ་བདག་ཅག་གི་བླ་མའི་རྗེས་འཇུག་བླུན་པོ་བདག་ནི་མིའི་ཤེས་སྒོ་ཆོས་ཀྱི་སྤྱོད་པ་སོགས་གང་ཐད་ནས་ཐ་ཆད་ཀྱང་ལྷག་བསམ་དྲི་མ་མེད་པའི་ཀུན་ནས་བསླངས་ཏེ་ཞུ་གསོལ་འདེབས་འབྲས་ལ་དགོངས་ཁྲེལ་མི་བཞེས་པར་ཐུགས་བརྩེ་བ་ཆེན་པོའི་སྙན་གཡར་དུ་གསོལ་ལོ། །དེ་ལ་ཞུ་བའི་སྙིང་པོ་ནི་ཁམས་འཛི་གཉིས་པོའི་བར་དུ་སྔ་རབས་གང་ཞིག་ནས་དམ་སེལ་ཡོད་ཅེས་སྒྲོགས་ནས་དེང་སང་ཡང་རི་བོང་ཅལ་སྒྲོགས་ཀྱིས་རྗེས་འཇུག་བློ་མིག་མ་དག་པ་རྣམས་ཀྱིས་ང་རྒྱལ་ཕྲག་དོག་གི་རྟེན་གཞི་བྱེད་པ་ནི་ཤིན་ཏུ་ཐ་ཆད་དེ། བསྟན་འཛིན་སྐྱེས་བུའི་སྐུ་ཚེ་མཛད་ཕྲིན་དང་། འབྲེལ་ཐོབ་སེམས་ཅན་ཡོངས་ཀྱི་གནས་སྐབས་ཀྱི་ཤེས་རྒྱུད་དང་། མཐར་ཐུག་གི་དགེ་འབྲས་ཆེ་ཕྲར་མ་ལྟོས་པ་ཡོངས་སུ་སད་ཀྱིས་ཁྱེར་བའི་ཉེས་སྐྱོན་ཆེན་པོ་ཞིག་ཡིན་པ་ནི་བླུན་པོ་བདག་ལྟ་བུས་རྒྱས་སྤྲོས་མ་དགོས་བཞིན། དུས་གསུམ་རྒྱལ་བ་སྲས་བཅས་ཀྱིས་མཁྱེན་པས་མངའ་བ་དང་། ཐ་ནའང་གཞན་སྐྱེ་བོ་ཕལ་པ་རྣམས་ཀྱིས་ཀྱང་མཆོད་ཡོན་བར་དམ་སེལ་འགྲོ་དོགས་ཀྱིས་ཤིན་ཏུ་གཟབ་པ་དང་། གལ་སྲིད་དམ་སེལ་ཅུང་ཟད་སོང་ཚེ་དེ་ཚུག་ནས་བཤགས་པ་འབུལ་ཏེ་ཕྱིན་ཆོད་སྡོམ་སེམས་བཟུང་ནས་བག་ཡོད་ཚུལ་ལྡན་གྱིས་དག་སྣང་རབ་ཏུ་འབྱོངས་བཞིན་པའང་ཀུན་གྱི་སྤྱོད་ཡུལ་དུ་གྲུབ་འདུག་པས་ན། དེ་བཞིན་ཉོན་མོངས་ཀྱི་ཕུང་པོ་སྐྱེ་འགྲོ་ཕལ་པའི་བར་དུའང་དང་པོ་དགྲ་རུ་ལང་ཞིང་བར་དུ་ཡོངས་སུ་འདུམ་པར་བྱེད་པ་དང་། ད་དུང་ཞེ་འཁོན་མ་དག་པ་ཡོད་སྲིད་ན་ལོ་ཤས་མཚམས་ནས་ང་རྒྱལ་ཕྲག་དོག་མ་སངས་པ་འབྱུང་མི་སྲིད་པ་ལྟ་བུར་འདུག་ན། རང་རེ་རྣམས་ཀྱིས་དགེ་བ་གང་འགྲུབ་བླུག་བྱེད་ཀྱི་སྣོད་དམ། དད་པ་དག་སྣང་གི་གཞི་བཟུང་སྟེ་དམ་ཚིག་སྲུང་བ་ཁོ་ན་ལ་རག་ལས་པའི་མོད། སྔོན་བྱོན་ལས་ཅན་གྱི་སྐྱེས་བུ་སྐུ་ཤ་རློན་པ་ཤ་སྟག་བྱོན་པ་ཡིན་གཤིས་དམ་སེལ་མེད་ལས་ཆེ། གལ་སྲིད་ཡོད་ཀྱང་དེ་ཚུན་བཤགས་སྦྱང་གིས་ཡོངས་སུ་མ་དག་པ་ཡོང་མི་སྲིད་པ་དང་། ལར་ནི་བླ་མ་རྣམས་ཀྱི་བར་མ་རིག་འཁྲུལ་བའི་སྡང་སེམས་ནམ་ཡང་ཡོད་མཛད་པར་མི་འོས་ཏེ། ཆོས་ཟབ་པ་ལ་བདུད་ཟབ་ཟེར་བའི་དཔེ་ལྟར་བསྟན་པ་གང་དར་དེར་དངོས་བརྒྱུད་བར་གསུམ་ནས་བདུད་ཀྱི་སྤྲུལ་པ་འཇུག་སྟེ། བླ་སློབ་མཆེད་གྲོགས་བར་ནང་དབྱེན་བྱེད་པ་སོགས་རྐྱེན་ངན་འབྱུང་བའི་ལོ་རྒྱུས་དུ་མར་འདུག་བཞིན་བདུད་ཀྱི་ཆོ་འཕྲུལ་ལ་བདུད་དུ་བལྟ་བ་ལས་ལྷ་དང་བླ་མ་མཆེད་གྲོགས་བར་ནམ་ཡང་སྐྱོན་དུ་མི་བལྟ་བར་ནང་པ་སངས་རྒྱས་ཀྱི་ཁྱད་ཆོས་སྐྱབས་འགྲོའི་བསླབ་བྱ་བཟུང་སྟེ། རིང་བའི་མཆེད་སེམས་ཅན་ཐམས་ཅད། ཉེ་བའི་མཆེད་ཆོས་སྒོར་ཞུགས་ཚད། དེ་བས་ནང་གི་མཆེད་གྲུབ་མཐའ་གཅིག་པའི་དགོན་མ་ལག །གསང་བའི་མཆེད་བླ་མ་དཀྱིལ་འཁོར་གཅིག་ཏུ་བརྟེན་པ་སོགས་ཡིན་གཤིས། དེས་ན་དང་པོ་ཆོས་ཀྱི་ཆེ་བ༑ བླ་མའི་ཡོན་ཏན། དམ་ཚིག་བཀའ་གཉན་ལུགས་འཕྲལ་ཡུན་དགེ་ཚོགས་སོགས་ཀྱི་ལེགས་ཉེས་ཆེ་བ་དུ་མ་ལ་ཐུགས་བསམ་ཞིབ་པར་བསྐོར་ཏེ། སྐྱེ་བོ་ཅོལ་ཆུང་བློ་མིག་མ་དག་པའི་སྣང་ངོར་དག་སྣང་ཁྱད་པར་ཅན་གསལ་བཏབ་སྟེ། དེ་སྔོན་དམ་སེལ་ཡོད་ཅེས་གྲགས་ནས་ལོ་གྲངས་དེ་ཙམ་སོང་བས་ན། ལྷག་པར་དུ་ཕྱི་འགྱོད་དྲག་པོ་ལྡན་པའི་ངང་ནས། སྔར་འདས་པའི་དགོངས་རྫོགས། ད་ལྟར་བཞུགས་པའི་ཞབས་བརྟན། མ་འོངས་དུ་དམ་སེལ་གྱི་སྒྲའང་མི་གྲགས་པ་ཉི་མ་སྤྲིན་ལས་གྲོལ་བ་ལྟ་བུ་འབྱུང་བའི་ཕྱིར་དུ། ལས་ཅན་གྱི་སྐྱེས་བུ་ནི་མཁྱེན་པ་ལ་གསལ་འགྲིབ་མེད་པ། བརྩེ་བ་ལ་ཉེ་རིང་གཉིས་སུ་མེད་པ། ནུས་པས་གང་ལ་གང་འདུལ་གྱི་ཕྲིན་ལས་ཐབས་མཁས་ལ་ཐུགས་རྗེ་ཚད་མེད་པའི་ཡོན་ཏན་དུ་མ་ལྡན་དང་ལྡན་བཞིན་པའི་ངང་ནས། ལར་དམ་སེལ་ཡོད་མེད་ཉེས་པ་ཆེ་ཆུང་སོགས་ང་རྒྱལ་དང་ཁེངས་སེམས་ཀྱི་དྲི་མས་མ་བསླད་པར་ཞིབ་བརླིང་མཛད་ནས་དམ་ཚིག་སྒོ་ང་ཕྱེད་ཆོས་ཟེར་བའི་དཔེ་ལྟར་རྒྱལ་ཕམ་དང་ང་ཁྱོད་ཅེས་པ་འཇིག་རྟེན་པའི་དབྱེན་འདུམ་ལུགས་ལྟར་མི་བྱེད་པར་གལ་ཆེ་སྟེ། དེའང་ང་རྒྱལ་ཕྲག་དོག་སོགས་ཉོན་མོངས་པའི་ཁ་བྲི་བ་ཆོས་སྤྱན་ཡང་དག་པའི་མིག་དང་ལྡན་པ་ནི་དེང་སང་ཕལ་ཆེར་དཀོན་པའི་དབང་གིས་གྲྭ་མང་དང་བཀའ་གྲོས་ཡོངས་སུ་འགྲིགས་དཀའ་བས་ན། ལས་ཅན་གྱི་སྐྱེས་བུ་རྣམ་པ་ཙམ་ལྷན་རྒྱས་པའི་ཐོག་ནས་ཕན་ཚུན་གཉིས་ཀའི་རྐྱེན་ངན་གྲོགས་འཆར་དུ་དགོངས་ཏེ་བཤགས་སྦྱང་གིས་ཡོངས་སུ་སོར་ཆུད་པར་མཛད་པ་ནི་ཤིན་ཏུ་གལ་ཆེ་བའི་རང་བཞིན་ཏེ། སྡིག་པ་ལ་ཡོན་ཏན་མེད་དེ་བཤགས་པས་འདག་པ་སྡིག་པའི་ཡོན་ཏན་ཡིན་ཅེས་པ་ལྟར། ཆོས་ཀྱི་བདེན་སྟོབས་ཀྱིས་བྱང་བའི་རྟགས་མཚན་མངོན་ཏུ་གྱུར་ཏེ། རང་གཞན་གྲྭ་སློབ་སྦྱིན་བདག་མཆོག་ཕལ་ཀུན་གྱི་བློ་ལྷག་ལུས་མེད་པ་རྗེས་སུ་ཡི་རང་སྐྱེས་ཏེ། དད་པ་དག་སྣང་གི་གནས་སུ་ལྷག་པར་འགོད་པའི་རྒྱུ་རུ་མཛད་གྲུབ་པ་ད་ལན་ཅི་ནས་ཞུ་མཁྱེན་ལགས་སོ།། །།}}
</onlyinclude>
{{TsagliCall}}
<headertabs/>

Revision as of 15:26, 3 June 2024

Wylie title SPCD-KABUM-02-KHA-027.pdf
Location 'phags mchog bka' 'bum
Volume 2, Text 27, Pages (Folios to )
Author འཕགས་མཆོག་རྡོ་རྗེ་
Less details More details
Citation 'phags mchog rdo rje. '. In Mtshungs med grub sras 'phags mchog rdo rje mchog gi gsung 'bum rin po che , Vol. : . Kathmandu: Khenpo Shedup Tenzin & Lama Thinley Namgyal, 2004.
Genre
[edit]

༄༅། །ཟླ་བ་དཔོན་རྒན་འདས་པོའི་དགོངས་རྫོགས་དགེ་རྩ་ལ་གསུང་པ་བཞུགས།།

རིགས་ཀུན་འདུས་པ་རྡོ་རྗེ་སེམས་དཔའི་ཆོ་ག་ཁྱད་པར་ཅན་གྱི་སྒོ་ནས་བསྟན་པའི་སྦྱིན་བདག་ཁྱེད་རྣམས་ཀྱིས་ཉིན་བདུན་རིང་ཡར་དཀོན་མཆོག་ལ་མཆོད་པ། བར་དགེ་འདུན་ལ་ཞལ་སྟོན། མར་ངན་སློང་ལ་སྦྱིན་གཏོང་སོགས་རྒྱ་ཆེ་དཔངས་མཐོ་གྱ་ནོམ་ནན་པའི་ཚོགས་འབུམ་བསགས་པའི་དགེ་བ་དེ་དག་ཕན་ཡོན་འགྱུར་བསྐྱེད་ལྷག་པར་ཆེ་བའི་རང་བཞིན་ཏེ། སྒྲུབ་གནས་ཁྱད་པར་འཕགས་པའི་གནས་གསང་སྔགས་བླ་མེད་ཀྱི་རྟེན་གསུམ་བཞུགས་པའི་སྤྱན་སྔར་གཏེར་ཆེན་མདོ་སྔགས་གླིང་པའི་གཏེར་ཆོས་ཀྱི་ཆོ་ག །མཆོད་གནས་ཀྱང་བླ་སྤྲུལ་རིག་པ་འཛིན་པ་བཅས་ཁྱད་པར་གྱི་ཆོས་ཕུན་སུམ་ཚོགས་པ་སྟེ། གང་མོས་ཞུས་མདོ་ལས། རི་དང་ནགས་ཚལ་ཉམས་དགའ་བ། །དེ་ན་འདུ་འཛི་མེད་པས་ན། །དགེ་ཆོས་རྐྱེན་གྱིས་ཉམས་མི་འགྱུར། །སྟོང་དབེན་ཉེར་ཞི་དབེན་པ་ལ། །སངས་རྒྱས་རྣམས་ཀྱིས་རབ་ཏུ་བསྔགས། །ཞེས་དང་། གྲོང་དང་གྲོང་ཁྱེར་དགོན་པ་ལ་སོགས་སུ་མར་ཁུ་མཐའི་རྒྱ་མཚོ་ཙམ་བསྐྱིལ། སྡོང་བུ་རི་རབ་ཙམ་འཛུག་སྟེ་འབུལ་བ་ལས། སྒྲུབ་གནས་རྣམས་སུ་རྩྭ་ཡི་སྒྲོན་མེས་སྒོ་ཐེམ་གསལ་ཙམ་འབུལ་བ་བསོད་ནམས་ཆེ་ཞེས་དང་། ཕལ་པོ་ཆེ་ལས། ལྔ་བརྒྱ་ཐ་མ་གྱུར་པའི་ཚེ། །ང་ནི་ཡི་གེའི་གཟུགས་སུ་བྱོན། །ང་ཡིན་སྙམ་པའི་ཡིད་བྱོས་ལ། །དེ་ཚེ་དེ་ལ་གུས་པར་གྱིས། །ཞེས་དང་། ད་ལྟ་ང་ལ་མཆོད་པ་དང་། །མ་འོངས་སྐུ་གཟུགས་མཆོད་པ་གཉིས། །བསོད་ནམས་མཉམ་ཞིང་རྣམ་སྨིན་མཉམ། །འདི་གཉིས་ཐ་དད་ཅུང་ཟད་མེད། །ཅེས་དང་། དགོངས་པ་ཚིག་གསུམ་གྱི་རྒྱུད་ལས། རྡོ་རྗེ་སེམས་དཔའ་འདྲ་བ་སྒོམས། །སྔགས་ཀྱང་རབ་ཏུ་བཟླ་བྱེད་ན། །དེ་ཡིས་སྡིག་སྒྲིབ་ཀུན་བྱང་ནས། །རྡོ་རྗེ་སེམས་དཔའ་དབྱེར་མེད་འགྱུར། །ཅེས་དང་། ཡེ་ཤེས་རྒྱ་མཚོའི་རྒྱུད་ལས། ཇི་ལྟར་དགེ་སློང་ཁྲིམས་ལྡན་པ། །འབུམ་ཕྲག་དྲུག་ཅུ་རྩ་གཉིས་ལ། །སྟོན་མོ་ལན་བདུན་བྱས་པ་བས། །བླ་མའི་ཞལ་དུ་འབྲས་ཆེན་འབྲུ། །རྡོག་མ་བདུན་གྲངས་བསོད་ནམས་ནི། །བརྒྱ་སྟོང་ཁྲི་འབུམ་ཆར་མི་ཉེ། །ཞེས་གསུངས་པ་ལྟར་ཕན་ཡོན་སྤྱིར་ཆེ་བ་དང་། སྒོས་འཇིག་རྟེན་ཀུན་ཏུ་བདེ་སྐྱིད་འབྱོར་ཚོགས། ཚེ་དང་དབང་ཐང་ཆེ་ཞིང་ཆེ་བ་ཕྲ་ཞིང་ཕྲ་བ་ཡོད་པ་ཐམས་ཅད་བསོད་ནམས་ཀྱི་ཚོགས་བསགས་པ་ཁོ་ན་ལས་འབྱུང་བ་ནི། རྒྱལ་བའི་བཀའ། བླ་མའི་ལུང་། རང་གི་རིགས་པ་ཚད་མས་མངོན་སུམ་མཐོང་ཐོས་མྱོང་གྱུར་གྲུབ་པ་ལྟར། གཤིན་གསོན་གང་གི་སྐུ་རིམ་དང་དགེ་རྩ་སྒྲུབ་པ་ལའང་རྣམ་དཀར་བསོད་ནམས་ཀྱི་ཚོགས་བསགས་པའི་དཔུང་མ་བསྐྱེད་ན་མི་ཡོང་བ་དེ་ལྟར་དང་། མ་ཟད་ཚེ་རབས་ཐོག་མེད་ནས་ད་ལྟའི་སྣང་བ་ལྟར་སྡིག་སྒྲིབ་ཉེས་ལྟུང་ཕ་མཐའ་ཡས་པ་བསགས་པ་རྣམས་ཡོངས་སུ་བྱང་བའམ་ཁ་བྲི་བ་ཙམ་མ་བྱུང་ཞིང་། བཏོན་པའི་གྲངས། སྒོམ་པའི་ཉམས་ཆེར་མེད་པའི་རྣམ་ཤེས་དག་པའི་ཞིང་དུ་རྡོ་འཕེན་འཕེན་བྱེད་རྒྱུ་ག་ལ་ཡོད་སྟེ། ཨོ་རྒྱན་རིན་པོ་ཆེས། མིང་བྱང་མགོ་ལ་དབང་བསྐུར་བྱེད་ཙ་འཕྱི། །རྣམ་ཤེས་བར་དོ་ཁྱི་གླན་བཞིན་དུ་འཁྱམས། །མཐོ་རིས་བསམ་སྟེ་དེ་ལ་དཀའ་ལས་གདའ། །ཞེས་གསུངས་པ་ལྟར་ལས་མི་ཡོང་བས་མདོར་ན་འབད་རྩོལ་རི་བོ་ཙམ་བྱེད་པ་ལས། བསོད་ནམས་མེ་སྟག་ཙམ་གསོག་པ་དགའ་བའི་རང་བཞིན་ཏེ། རྒྱུད་ལས། ཚོགས་མ་བསགས་པས་དངོས་གྲུབ་མེད། །བྱེ་མ་བཙིར་བས་མར་མི་འབྱུང་། །ཚོགས་བསགས་པས་ནི་དངོས་གྲུབ་འབྱུང་། །ཏིལ་ལམ་འོ་མའི་མར་བཞིན་ནོ། །ཞེས་དང་། མདོ་ལས། འཇིག་རྟེན་དག་ན་བདེ་ཞིང་སྐྱིད་པ་རྣམས། །དེ་ཀུན་དཀོན་མཆོག་མཆོད་ལས་བྱུང་བས་ན། །རྟག་ཏུ་དཀོན་མཆོག་མཆོད་ལ་བརྩོན་པར་བྱ། །ཞེས་གསུངས་པ་ལྟར་གང་དང་གང་ལ་དམིགས་ཀྱང་བསོད་ནམས་ཀྱི་ཚོགས་བསགས་པ་གལ་ཆེ། དེའང་རྒྱལ་བ་རྣམས་ཐབས་མཁས་ལ་ཐུགས་རྗེ་ཆེ་བས་སེམས་ཅན་གྱི་མོས་པ་དང་ཁམས་དང་། དབང་པོ་སོགས་ལ་བསྟུན་པའི་ཚོགས་བསགས་པའི་རིམ་པ་མཐའ་ཡས་པ་གསུངས་པ་དག་ལས། གསང་སྔགས་བླ་མེད་ཀྱི་ཚོགས་འཁོར་བསྐོར་བས་བསོད་ནམས་ལྷག་པར་ཆེ་སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པ་དང་། དམ་ཚིག་ཉམས་ཆགས་བསྐང་བ་དང་། དཔའ་བོ་མཁའ་འགྲོ་འདུ་བ་དང་། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་མཉེས་པ་དང་། དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་སྲུང་བ་དང་། ཚེ་འདི་ལའང་ཚེ་རིང་ཞིང་ནད་ཉུང་། སྙན་གྲགས་དང་སྟོབས་རྩལ་འཕེལ། འཁོར་དང་ལོངས་སྤྱོད་ཐམས་ཅད་དབྱར་ཆུ་ལྟར་རྡོལ། ཅི་བསམ་ཐམས་ཅད་ཡིད་བཞིན་དུ་འགྲུབ། ཕྱི་མར་བླ་ན་མེད་པའི་བྱང་ཆུབ་ཐོབ་པ་སོགས་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ངམ་ངམ་ཤུགས་ཀྱིས་འབྱུང་བ་ཡིན་ཏེ། རྡོ་རྗེ་དྲྭ་བ་ལས། བསོད་ནམས་ནང་ནས་ཚོགས་འཁོར་མཆོག །ཚེ་འདིར་བསམ་པ་ཀུན་འགྲུབ་ཅིང་། །བགེགས་དང་བར་ཆད་ཞི་བ་དང་། །ཕྱི་མ་རིག་འཛིན་རྒྱལ་བའི་ཞིང་། །ཀུན་ཏུ་བཟང་པོ་ཐོབ་པར་འགྱུར། །ཅེས་དང་། རྫོགས་པ་རང་བྱུང་ལས། ཚོགས་ཀྱི་འཁོར་ལོ་བསྐོར་བའི་ཡོན་ཏན་ནི། །ཚེ་རབས་སྔ་ཕྱི་དཔག་མེད་སྒྲིབ་པ་རྣམས། །ཞི་ཁྲོའི་སྤྱན་སྔར་སྐད་ཅིག་ཙམ་གྱིས་བྱང་། །ཚེ་རབས་ཕྱི་མར་གནས་རིས་གར་སྐྱེས་ཀྱང་། །ཡོ་བྱད་ཆུང་བ་དག་ཏུ་མི་འགྱུར་ཞིང་། །རབ་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར། །རིན་ཆེན་ནོར་དང་འབྲུ་ལ་ལོངས་སྤྱོད་ཅིང་། །རྫས་དང་ཡོ་བྱད་ལྡན་པའི་སྐྱེས་བུ་འགྱུར། །ཞེས་དང་། ཡེ་ཤེས་མཚོ་རྒྱལ་གྱིས། ཡར་མར་ཚེས་བཅུ་བརྒྱད་དང་བཅོ་ལྔའི་དུས། །ཚོགས་ཀྱི་འཁོར་ལོ་བསྐོར་ལ་མཆོད་པ་འབུལ། །ཚོགས་འཁོར་རབ་ཀྱིས་ངན་སོང་སྐྱེ་སྒོ་ཆོད། །ཕྱིར་མི་ལྡོག་པའི་ས་ལ་མི་སྐྱོལ་རེ། །ངེས་པའི་གཏན་ཚིག་ཡིན་ནོ་གོ་བ་ལོངས། །ཞེས་དང་། འཇིགས་གླིང་པས། ཆར་ཆུ་དུས་འབེབ་མི་ཕྱུགས་ནད་ཡམས་ཞི། །དམག་འཁྲུག་དབུལ་ཕོངས་སད་སེར་བཙའ་ཐན་སོགས། །འཇིག་རྟེན་དུས་ཀྱི་རྒུད་པ་ཇི་སྙེད་པ། །ཚེས་བཅུའི་དུས་མཆོད་བཟུང་ནས་གསོལ་འདེབས་ཀྱིས། །བྱིན་རླབས་ཁོ་ནའི་ཞི་བ་མངོན་སུམ་ཉིད། །ཅེས་སོགས་གསུངས་པ་ལྟར་མདོར་ན་ཞི་རྒྱས་དབང་དྲག་གི་ཕྲིན་ལས་འགྲུབ། དམ་ཚིག་ཉམས་ཆག་ཐམས་ཅད་སོར་ཆུད། ལྷ་དང་བླ་མ་དམ་ཅན་དགྱེས་པས་བསྐང་། མི་མཐུན་རྐྱེན་ངན་གྱི་བར་ཆད་སེལ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས། མཆོག་ཐུན་མོང་གི་དངོས་གྲུབ་གཅིག་ཆར་དུ་ཐོབ་པ་ལ་སོགས་ཕན་ཡོན་ཚད་མེད་པ་ཡིན་བཞིན་བསྟན་འགྲོའི་རྒུད་ཚོགས་ཞི་ཞིང་ས་བཅུད་ཡུལ་བཅུད་རྒྱས་ཕྱིར་དང་། འབྲེལ་ཐོབ་དེ་ཉིད་ཀྱི་གཙོས་མྱུར་དུ་རྫོགས་བྱང་ལ་འགོད་པ་སོགས་ཀྱི་ཕྱིར་ཚོགས་འཁོར་བསྐོར་བའི་དགེ་ཚོགས་དེ་དག་ལ་རྗེས་སུ་ཡི་རངས་ཆེས་ཆེར་སྐྱེས་ཏེ། ཇི་སྐད་དུ། སྟོང་གསུམ་རི་རབ་གསེར་གྱིས་བཀང་ཡང་ནི། །རྗེས་སུ་ཡི་རང་དེ་ནི་དེ་འདྲ་མིན། །ཞེས་དང་། རྗེ་མི་ལས་ཀྱང་། ཕུ་ལ་སྒྲུབ་པ་རྒྱབ་པའི་སྒོམ་ཆེན་དང་། །མདའ་ནས་འཚོ་བ་སྦྱོར་བའི་ཡོན་བདག་གཉིས། །སངས་མཉམ་དུ་རྒྱ་བའི་རྟེན་འབྲེལ་ཡོད། །ཅེས་པ་ལྟར་རྟེན་འབྲེལ་དང་ལེགས་ཚོགས་རྗེས་སུ་ཡི་རང་གི་མཚོན་བྱེད་ཁྱེད་བསྟན་པའི་སྦྱིན་བདག་རྣམས་ལ་མགུལ་དར་རེ་དང་། རིན་ཆེན་གཉིས་པའི་འཁོར་ལོ་རེ་བཅས། ཚོགས་འཁོར་བསྐོར་བའི་ཕན་ཡོན་དེ་ལྟར་ཐུགས་སུ་ངེས་པར་ཞུ་འཚལ། བསྟན་པ་སྤྱི་དང་སྒོས་ཀར་འབྲུག་ཕྱོགས་ཀྱི་ཆོས་དང་བླ་མ་རྣམས་ལ་མི་ཕྱེད་པའི་དད་འདུན་གཅིག་ཏུ་བརྟེན་པ་བདག་ཅག་གི་བླ་མའི་རྗེས་འཇུག་བླུན་པོ་བདག་ནི་མིའི་ཤེས་སྒོ་ཆོས་ཀྱི་སྤྱོད་པ་སོགས་གང་ཐད་ནས་ཐ་ཆད་ཀྱང་ལྷག་བསམ་དྲི་མ་མེད་པའི་ཀུན་ནས་བསླངས་ཏེ་ཞུ་གསོལ་འདེབས་འབྲས་ལ་དགོངས་ཁྲེལ་མི་བཞེས་པར་ཐུགས་བརྩེ་བ་ཆེན་པོའི་སྙན་གཡར་དུ་གསོལ་ལོ། །དེ་ལ་ཞུ་བའི་སྙིང་པོ་ནི་ཁམས་འཛི་གཉིས་པོའི་བར་དུ་སྔ་རབས་གང་ཞིག་ནས་དམ་སེལ་ཡོད་ཅེས་སྒྲོགས་ནས་དེང་སང་ཡང་རི་བོང་ཅལ་སྒྲོགས་ཀྱིས་རྗེས་འཇུག་བློ་མིག་མ་དག་པ་རྣམས་ཀྱིས་ང་རྒྱལ་ཕྲག་དོག་གི་རྟེན་གཞི་བྱེད་པ་ནི་ཤིན་ཏུ་ཐ་ཆད་དེ། བསྟན་འཛིན་སྐྱེས་བུའི་སྐུ་ཚེ་མཛད་ཕྲིན་དང་། འབྲེལ་ཐོབ་སེམས་ཅན་ཡོངས་ཀྱི་གནས་སྐབས་ཀྱི་ཤེས་རྒྱུད་དང་། མཐར་ཐུག་གི་དགེ་འབྲས་ཆེ་ཕྲར་མ་ལྟོས་པ་ཡོངས་སུ་སད་ཀྱིས་ཁྱེར་བའི་ཉེས་སྐྱོན་ཆེན་པོ་ཞིག་ཡིན་པ་ནི་བླུན་པོ་བདག་ལྟ་བུས་རྒྱས་སྤྲོས་མ་དགོས་བཞིན། དུས་གསུམ་རྒྱལ་བ་སྲས་བཅས་ཀྱིས་མཁྱེན་པས་མངའ་བ་དང་། ཐ་ནའང་གཞན་སྐྱེ་བོ་ཕལ་པ་རྣམས་ཀྱིས་ཀྱང་མཆོད་ཡོན་བར་དམ་སེལ་འགྲོ་དོགས་ཀྱིས་ཤིན་ཏུ་གཟབ་པ་དང་། གལ་སྲིད་དམ་སེལ་ཅུང་ཟད་སོང་ཚེ་དེ་ཚུག་ནས་བཤགས་པ་འབུལ་ཏེ་ཕྱིན་ཆོད་སྡོམ་སེམས་བཟུང་ནས་བག་ཡོད་ཚུལ་ལྡན་གྱིས་དག་སྣང་རབ་ཏུ་འབྱོངས་བཞིན་པའང་ཀུན་གྱི་སྤྱོད་ཡུལ་དུ་གྲུབ་འདུག་པས་ན། དེ་བཞིན་ཉོན་མོངས་ཀྱི་ཕུང་པོ་སྐྱེ་འགྲོ་ཕལ་པའི་བར་དུའང་དང་པོ་དགྲ་རུ་ལང་ཞིང་བར་དུ་ཡོངས་སུ་འདུམ་པར་བྱེད་པ་དང་། ད་དུང་ཞེ་འཁོན་མ་དག་པ་ཡོད་སྲིད་ན་ལོ་ཤས་མཚམས་ནས་ང་རྒྱལ་ཕྲག་དོག་མ་སངས་པ་འབྱུང་མི་སྲིད་པ་ལྟ་བུར་འདུག་ན། རང་རེ་རྣམས་ཀྱིས་དགེ་བ་གང་འགྲུབ་བླུག་བྱེད་ཀྱི་སྣོད་དམ། དད་པ་དག་སྣང་གི་གཞི་བཟུང་སྟེ་དམ་ཚིག་སྲུང་བ་ཁོ་ན་ལ་རག་ལས་པའི་མོད། སྔོན་བྱོན་ལས་ཅན་གྱི་སྐྱེས་བུ་སྐུ་ཤ་རློན་པ་ཤ་སྟག་བྱོན་པ་ཡིན་གཤིས་དམ་སེལ་མེད་ལས་ཆེ། གལ་སྲིད་ཡོད་ཀྱང་དེ་ཚུན་བཤགས་སྦྱང་གིས་ཡོངས་སུ་མ་དག་པ་ཡོང་མི་སྲིད་པ་དང་། ལར་ནི་བླ་མ་རྣམས་ཀྱི་བར་མ་རིག་འཁྲུལ་བའི་སྡང་སེམས་ནམ་ཡང་ཡོད་མཛད་པར་མི་འོས་ཏེ། ཆོས་ཟབ་པ་ལ་བདུད་ཟབ་ཟེར་བའི་དཔེ་ལྟར་བསྟན་པ་གང་དར་དེར་དངོས་བརྒྱུད་བར་གསུམ་ནས་བདུད་ཀྱི་སྤྲུལ་པ་འཇུག་སྟེ། བླ་སློབ་མཆེད་གྲོགས་བར་ནང་དབྱེན་བྱེད་པ་སོགས་རྐྱེན་ངན་འབྱུང་བའི་ལོ་རྒྱུས་དུ་མར་འདུག་བཞིན་བདུད་ཀྱི་ཆོ་འཕྲུལ་ལ་བདུད་དུ་བལྟ་བ་ལས་ལྷ་དང་བླ་མ་མཆེད་གྲོགས་བར་ནམ་ཡང་སྐྱོན་དུ་མི་བལྟ་བར་ནང་པ་སངས་རྒྱས་ཀྱི་ཁྱད་ཆོས་སྐྱབས་འགྲོའི་བསླབ་བྱ་བཟུང་སྟེ། རིང་བའི་མཆེད་སེམས་ཅན་ཐམས་ཅད། ཉེ་བའི་མཆེད་ཆོས་སྒོར་ཞུགས་ཚད། དེ་བས་ནང་གི་མཆེད་གྲུབ་མཐའ་གཅིག་པའི་དགོན་མ་ལག །གསང་བའི་མཆེད་བླ་མ་དཀྱིལ་འཁོར་གཅིག་ཏུ་བརྟེན་པ་སོགས་ཡིན་གཤིས། དེས་ན་དང་པོ་ཆོས་ཀྱི་ཆེ་བ༑ བླ་མའི་ཡོན་ཏན། དམ་ཚིག་བཀའ་གཉན་ལུགས་འཕྲལ་ཡུན་དགེ་ཚོགས་སོགས་ཀྱི་ལེགས་ཉེས་ཆེ་བ་དུ་མ་ལ་ཐུགས་བསམ་ཞིབ་པར་བསྐོར་ཏེ། སྐྱེ་བོ་ཅོལ་ཆུང་བློ་མིག་མ་དག་པའི་སྣང་ངོར་དག་སྣང་ཁྱད་པར་ཅན་གསལ་བཏབ་སྟེ། དེ་སྔོན་དམ་སེལ་ཡོད་ཅེས་གྲགས་ནས་ལོ་གྲངས་དེ་ཙམ་སོང་བས་ན། ལྷག་པར་དུ་ཕྱི་འགྱོད་དྲག་པོ་ལྡན་པའི་ངང་ནས། སྔར་འདས་པའི་དགོངས་རྫོགས། ད་ལྟར་བཞུགས་པའི་ཞབས་བརྟན། མ་འོངས་དུ་དམ་སེལ་གྱི་སྒྲའང་མི་གྲགས་པ་ཉི་མ་སྤྲིན་ལས་གྲོལ་བ་ལྟ་བུ་འབྱུང་བའི་ཕྱིར་དུ། ལས་ཅན་གྱི་སྐྱེས་བུ་ནི་མཁྱེན་པ་ལ་གསལ་འགྲིབ་མེད་པ། བརྩེ་བ་ལ་ཉེ་རིང་གཉིས་སུ་མེད་པ། ནུས་པས་གང་ལ་གང་འདུལ་གྱི་ཕྲིན་ལས་ཐབས་མཁས་ལ་ཐུགས་རྗེ་ཚད་མེད་པའི་ཡོན་ཏན་དུ་མ་ལྡན་དང་ལྡན་བཞིན་པའི་ངང་ནས། ལར་དམ་སེལ་ཡོད་མེད་ཉེས་པ་ཆེ་ཆུང་སོགས་ང་རྒྱལ་དང་ཁེངས་སེམས་ཀྱི་དྲི་མས་མ་བསླད་པར་ཞིབ་བརླིང་མཛད་ནས་དམ་ཚིག་སྒོ་ང་ཕྱེད་ཆོས་ཟེར་བའི་དཔེ་ལྟར་རྒྱལ་ཕམ་དང་ང་ཁྱོད་ཅེས་པ་འཇིག་རྟེན་པའི་དབྱེན་འདུམ་ལུགས་ལྟར་མི་བྱེད་པར་གལ་ཆེ་སྟེ། དེའང་ང་རྒྱལ་ཕྲག་དོག་སོགས་ཉོན་མོངས་པའི་ཁ་བྲི་བ་ཆོས་སྤྱན་ཡང་དག་པའི་མིག་དང་ལྡན་པ་ནི་དེང་སང་ཕལ་ཆེར་དཀོན་པའི་དབང་གིས་གྲྭ་མང་དང་བཀའ་གྲོས་ཡོངས་སུ་འགྲིགས་དཀའ་བས་ན། ལས་ཅན་གྱི་སྐྱེས་བུ་རྣམ་པ་ཙམ་ལྷན་རྒྱས་པའི་ཐོག་ནས་ཕན་ཚུན་གཉིས་ཀའི་རྐྱེན་ངན་གྲོགས་འཆར་དུ་དགོངས་ཏེ་བཤགས་སྦྱང་གིས་ཡོངས་སུ་སོར་ཆུད་པར་མཛད་པ་ནི་ཤིན་ཏུ་གལ་ཆེ་བའི་རང་བཞིན་ཏེ། སྡིག་པ་ལ་ཡོན་ཏན་མེད་དེ་བཤགས་པས་འདག་པ་སྡིག་པའི་ཡོན་ཏན་ཡིན་ཅེས་པ་ལྟར། ཆོས་ཀྱི་བདེན་སྟོབས་ཀྱིས་བྱང་བའི་རྟགས་མཚན་མངོན་ཏུ་གྱུར་ཏེ། རང་གཞན་གྲྭ་སློབ་སྦྱིན་བདག་མཆོག་ཕལ་ཀུན་གྱི་བློ་ལྷག་ལུས་མེད་པ་རྗེས་སུ་ཡི་རང་སྐྱེས་ཏེ། དད་པ་དག་སྣང་གི་གནས་སུ་ལྷག་པར་འགོད་པའི་རྒྱུ་རུ་མཛད་གྲུབ་པ་ད་ལན་ཅི་ནས་ཞུ་མཁྱེན་ལགས་སོ།། །།