SPCD-KABUM-02-KHA-019: Difference between revisions

From Khyentse Lineage - A Tsadra Foundation Project
(Imported new text files with Wyckibaat for processing)
 
No edit summary
 
Line 1: Line 1:
 
{{Text
|classification=Tibetan Publications
|subclass=Tibetan Texts
|collectiontitle='phags mchog bka' 'bum
|collectiontitletib=འཕགས་མཆོག་བཀའ་འབུམ།
|totalvolumes=3
|author='phags mchog rdo rje
|authortib=འཕགས་མཆོག་རྡོ་རྗེ་
|citation=[['phags mchog rdo rje]]. ''''. In ''Mtshungs med grub sras 'phags mchog rdo rje mchog gi gsung 'bum rin po che '', Vol. : .  Kathmandu: Khenpo Shedup Tenzin & Lama Thinley Namgyal, 2004.
|language=Tibetan
|pagestatus=Temporary stub only
|volumenumber=02
|volumeLetter=KHA
|textnuminvol=019
|pdflink=File:SPCD-KABUM-02-KHA-019.pdf
|InitCategories=Khyentse Lineage Project; SPCD-KABUM-Volume-02-KHA
}}
<h1>Tibetan Text</h1>
<onlyinclude>
{{TibP|
༄༅། །ཉམས་མགུར་ཟང་ཐལ་དྲི་མེད་བཞུགས།།
༄༅། །ཉམས་མགུར་ཟང་ཐལ་དྲི་མེད་བཞུགས།།
སྐྱབས་བླ་མ་འདུ་འབྲལ་གཉིས་མེད་དེ། །དོན་མྱོང་བའི་ཐོག་ནས་ཐག་གཅིག་ཆོད། །ཉམས་གང་ཤར་གླུ་རུ་བླང་བར་བྱ། །གཞན་འགྲོ་དོན་འབྱུང་བར་བྱིན་གྱིས་རློབས། །རྟེན་མི་ལུས་ཁྱད་པར་འཕགས་པ་རྣམས། །དོན་སྙིང་པོ་ཆོས་ལ་འཇུག་པར་གྱིས། །སྐྱེས་ཚར་ནས་འཆི་ལ་ཇེ་ཉེར་འགྲོ། །ལར་བརྩོན་འགྲུས་ཐང་ལྷོད་མེད་པར་སྒྲུབས། །རྒྱུ་དགེ་སྡིག་རྣམ་སྨིན་བསླུ་མི་སྲིད། །ལས་སྤང་བླང་རིམ་པ་ཚུལ་བཞིན་སྤྱོད། །གནས་རིགས་དྲུག་ཁམས་ལ་བདེ་དུས་མེད། །དུས་གཏན་གྱི་ཐར་པ་ཐོབ་གལ་ཆེ། །སྐྱབས་མཆོག་གསུམ་མཁྱེན་བརྩེ་ནུས་པའི་དཔལ། །དུས་འབྲལ་མེད་དད་པས་གཙུག་ཏུ་ཁུར། །ཐབས་ཐེག་ཆེན་ཁྱད་པར་འཕགས་པའི་དོན། །མ་སེམས་ཅན་ཡོངས་ལ་སྙིང་རྗེ་བསྐྱེད། །རྒྱུད་སྡིག་སྒྲིབ་སྦྱངས་པའི་ཐབས་མཆོག་གྱུར། །དཔལ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་བྱ། །རྒྱུ་བསོད་ནམས་ཚོགས་ཆེན་རབ་རྫོགས་ཕྱིར། །ཞིང་རབ་འབྱམས་རྒྱ་མཚོའི་མཎྜལ་འབུལ། །དོན་ལྷན་སྐྱེས་གནས་ལུགས་མངོན་གྱུར་ཕྱིར། །ཟབ་བརྒྱུད་ལྡན་བླ་མའི་བྱིན་རླབས་ཞུ། །བློ་བྱ་བྱེད་རྣམ་པ་མི་མང་བར། །ལམ་སྙིང་པོ་གཅིག་ཏུ་དྲིལ་ན་ལེགས། །མི་ང་ལ་ཡོན་ཏན་མི་ཆེ་སྟེ། །སྐྱབས་བླ་མའི་ཐུགས་རྗེས་འཚོས་པའི་དྲིན། །ཆོས་ཕྱག་རྒྱ་ཆེན་པོའི་གདམས་ཁྲིད་ཐོབ། །ཆུང་ལོ་བརྒྱད་ལོན་ནས་མཉམ་པར་བཞག །རྩེ་གཅིག་ཏུ་མཚམས་སྒྲུབ་མ་ནུས་ཀྱང་། །ཟོལ་ཆོས་བརྒྱད་དབང་དུ་མ་འཆོར་ཙམ། །ལོ་རེ་བཞིན་བརྩོན་འགྲུས་ཆེ་རུ་སོང་། །རྟེན་ཡོད་མེད་སྒོམ་པའི་ཐབས་དང་འབྲེལ། །སེམས་གནས་འགྱུ་རིག་གསུམ་སོ་སོར་འབྱེད། །སྒོམ་ཤིན་ཏུ་གྲིམ་ལྷོད་རན་པར་བྱས། །རྒྱུན་ཞི་བར་གནས་པའི་ངང་ཉིད་བསྐྱངས། །སྐབས་ཤིག་ནས་ལྷག་མཐོང་རང་ངོ་འཕྲོད། །གནད་བཞག་ཐབས་རྣམ་བཞིས་སྲང་ལ་གཅུར། །ཉམས་བདེ་གསལ་མི་རྟོག་འཁོར་ཡུག་ཉེར། །ལུས་གནད་དང་དམིགས་པ་སྣ་ཚོགས་གཅུན། །ཉམས་རྨི་ལམ་རྟོགས་པའི་འོད་གསལ་ཟིན། །ཁྱད་པར་དུ་རྫོགས་ཆེན་སྒོམ་པའི་གནད། །སྒོ་གསུམ་གྱི་གཙོ་དེད་ཕྲུགས་གཅིག་བྱས། །སེམས་བྱུང་གནས་འགྲོ་སོགས་བདར་ཤ་བཅད། །ལར་ཀུན་གཞིའི་འཁོར་འདས་གྲུབ་ཚུལ་སོགས། །ཆུ་དྭངས་རྙོགས་ཁྱད་པར་བཞིན་དུ་གསུངས། །ཉམས་སྣ་ཚོགས་ནམ་མཁའི་སྤྲིན་བཞིན་མཐོང་། །གཤིས་ལྟ་བ་འདྲ་འདྲ་མང་པོ་ཡང་། །སླར་ཉམས་མྱོང་ཡིན་པ་སྟོང་ནས་ཐལ། །ལམ་དུས་སུ་སེམས་རིག་དབྱེ་ཚུལ་སོགས། །དཔེ་རླུང་དང་ནམ་མཁའ་ཇི་བཞིན་ནོ། །སྒོམ་རྩོལ་མེད་བཞག་ཐབས་རྣམ་བཞིའི་ངང་། །གཞི་སྐུ་གསུམ་ངོ་བོ་རིག་ཐོག་འཕྲོད། །ཕྱི་ཚོགས་དྲུག་སྣང་བ་རང་སར་གྲོལ། །ནང་ཉོན་མོངས་དུག་ལྔ་ཡེ་ཤེས་འཆར། །གསང་འགྱུ་འཕྲོའི་རྟོག་ཚོགས་རིས་སུ་མེད། །དོན་ཆོས་ཉིད་ཀློང་གཅིག་གྱུར་ལ་ཉེ། །མཐར་རྣམ་ཤེས་ཡེ་ཤེས་ཁྱད་པར་སོགས། །ཆུ་འཁྱགས་རོམ་བཞིན་དུ་ངོ་སྤྲོད་དང་། །ལམ་མཐར་ཐུག་ཐོད་རྒལ་ཟབ་མོ་ཡིས། །རླུང་རིག་དང་ལུས་ཀྱི་གནད་རྣམས་གཅུན། །རྟེན་བཅས་དང་རྟེན་མེད་ཐབས་ཚུལ་མང་། །སྒྲོན་དྲུག་གམ་སྒྲོན་མ་བཞི་ལྡན་པའི། །ཞལ་རྒྱུན་དང་ཕྱག་བཞེས་ངོ་སྤྲོད་སོགས། །ཐུན་མོང་དང་ཐུན་མིན་མང་དུ་ཐོབ། །གཞི་ཁྲེགས་ཆོད་གནས་ལུགས་མངོན་གྱུར་ནས། །ལམ་ལྷུན་གྲུབ་སྣང་བ་ཤུགས་ཀྱིས་འཆར། །དག་མ་དག་སྣང་བ་སྣ་ཚོགས་འཕེལ། །གསལ་དྭངས་ཤིང་བརྟན་ཆ་ཆེ་རུ་སོང་། །ཕྱི་མཐོང་ཡུལ་སྣང་བས་ཕལ་ཆེར་འགེངས། །ནང་རིག་གདངས་བརྟན་ཆ་ལྷག་པར་ཆེ། །ཉམས་གོང་འཕེལ་ཞེས་པའི་དོན་དེ་གོ། །ལར་རྩ་བའི་བླ་མ་མ་བསྒོམས་ཀྱང་། །སངས་རྒྱས་ལས་ལྷག་པའི་བཀའ་དྲིན་དྲན། །བཅོས་མིན་གྱི་མོས་གུས་ཤུགས་ཀྱིས་ལྡང་། །ལུས་བ་སྤུ་གཡོ་ཞིང་མཆིལ་མ་འཁྲུགས། །སེམས་དེ་ཡི་ངང་ལ་ཡུད་ཙམ་བརྒྱལ། །ཉམས་མྱོང་གིས་འཚོ་སྐྱོང་མ་ དགོས་པ། །སེམས་གཞི་མེད་རྩ་བྲལ་ཁོང་ནས་འཆར། །དོན་གནས་ལུགས་བརྟན་པའི་རང་ཚོ་ཟིན། །བརྒྱ་ཕྲག་གི་ཡོན་ཏན་ཟིལ་གྱིས་གནོན། །ཡིན་མིན་གྱི་རེ་དོགས་རྨང་ནས་ཞིག །སྔོན་ངོས་བཟུང་མེད་པའི་ཡེངས་བ་དེ། །ད་སྟོང་ཉིད་དབྱིངས་ལས་འདའ་ས་མེད། །ཡེ་ཤེས་ལ་གཉེན་པོས་ངོས་བཟུང་དབེན། །སེམས་དྲན་རྫི་གལ་ཆུང་རང་ཡལ་ཐལ། །འཁོར་འདས་ཀྱི་ཆོས་ཚོགས་བཟང་ངན་ཀུན། །སེམས་རྫུན་ཕུག་རྡིབ་པའི་རང་མལ་ནས། །དོན་རིག་པ་ཉག་གཅིག་འཕོ་འགྱུར་མེད། །དྲན་བསམ་གྱི་འཕྲོ་འདུས་མ་བསྐྲུན་པར། །ལས་བྱ་སྤྱོད་སྨྲ་སོགས་ཐོགས་པ་མེད། །དེ་ཡེ་ཤེས་ཀྱི་རང་རྩལ་གོའམ་ལགས། །གཟུང་འཛིན་གྱི་སེམས་ཐག་ཤག་གིས་འབྱེད། །བཟང་ངན་ཀུན་ཀུན་རྟོག་རང་གིས་བསྒྲུབ། །ཆགས་སྡང་གི་རང་མཚང་ཤུགས་ཀྱི་རྡིབ། །ཀུན་རྟོག་ཀྱང་སྟོང་པའི་རང་གཟུགས་ལ། །ངོ་བོ་དང་ངོས་བཟུང་དབྱེར་མེད་ངང་། །རང་སྣང་ཡུལ་དྲི་མའི་རྡུལ་དང་བྲལ། །ཕྱི་ཚོགས་དྲུག་སྣང་བའི་ཡུལ་རྣམས་ལ། །ནང་འཛིན་པའི་ཞེན་པ་སྐྱེས་པ་མེད། །ཅུང་ཟད་ཙམ་སྐྱེས་ཀྱང་སྒྱུ་མར་རེག །དཔེ་མི་མེད་ལུང་པའི་གཟུགས་སྒྲ་སོགས། །དོན་རང་གསལ་ལྷུན་གྱིས་གྲུབ་པ་ལྟར། །བདག་སྣང་བ་ཞེས་པའི་རིས་སུ་མེད། །དེ་རོ་གཅིག་རྣལ་འབྱོར་འདོད་དམ་ལགས། །གཞི་ལྟ་བ་ངོས་བཟུང་བྲལ་བའི་ངང་། །ལམ་སྒོམ་པ་ཡེངས་མེད་ཆུ་བོའི་རྒྱུན། །རྩལ་སྤྱོད་པ་རང་ཤར་རང་གྲོལ་མཉམ། །དོན་འབྲས་བུ་བྲལ་ཐོབ་མེད་པའི་གདེང་། །ད་དེ་སོགས་ངན་བུའི་ཉམས་ལེན་ལགས། །ལར་བླ་མའི་བཀའ་དྲིན་ཕ་མཐའ་ཡས། །ཆོས་གདམས་ཟབ་ཉམས་སུ་ལོན་ཕྱིར་དུ། །ལུས་དཀའ་སྤྱད་སྙིང་རུས་འབེན་དུ་འཛུག །དུས་ལན་བརྒྱར་འཆི་ཡང་འགྱོད་མེད་བྱའོ།།  ༈  །།བླ་མར་སངས་རྒྱས་མཐོང་བས། །མོས་གུས་རྒྱུན་ཆད་མེད་ཅིང་། །འགྲོ་ཀུན་ཕ་མར་ཤེས་པས། །སྙིང་རྗེའི་ཚན་ཁ་རྡོལ་སོང་། །གདུལ་བྱ་སྣ་ཚོགས་འདུལ་ཕྱིར། །གྲུབ་མཐའ་རིས་མེད་གོ་བྱུང་། །ཐམས་ཅད་བདེ་གཤེགས་སྙིང་པོ། །དག་སྣང་ཤུགས་ཀྱིས་འཆར་གྱིན། །ཀུན་རྟོག་བློ་ཡི་དཔྱད་པས། །བདེན་གཉིས་ཟུང་འཇུག་ཤེས་པ། །དབུ་མ་ཆེན་པོའི་སྒོམ་པ། །མྱང་བའི་དྲན་རྒྱུན་བསྐྱངས་བས། །རྣམ་རྟོག་ཆོས་སྐུར་འདོད་པ། །ཕྱག་རྒྱ་ཆེན་པོའི་སྒོམ་པ༑ །ཤེས་པ་གཏད་མེད་བཏང་བས། །རིག་པའི་རང་ཚོ་ཟིན་པ། །རྫོགས་པ་ཆེན་པོའི་སྒོམ་པ། །བློ་ཡིས་བཅོས་དང་མི་འཆོས། །མྱོང་བས་དེར་འཛིན་ཡོད་མེད། །རིམ་བཞིན་ཁྱད་པར་འཕགས་པ། །མདོ་རྒྱུད་བསྟན་བཅོས་མན་ངག །སོ་སོའི་ལུགས་སུ་གསལ་བཞིན། །མྱོང་བས་གནད་ཐོག་ཕྱིན་པས། །སྒྲོ་འདོགས་ལྷག་པར་ཆོད་བྱུང་། །ཚིག་ལ་བཟང་ངན་མེད་པ། །བྲག་སྟོང་བྲག་ཆ་ལྟ་བུར། །གཟུགས་ལ་བཟང་ངན་མེད་དེ། །མེ་ལོང་བེམ་སྟོང་ལྟ་བུར། །མེད་བཞིན་ཅི་ཡང་སྣང་བ། །སྒྱུ་མའི་སྤྲུལ་པ་ཇི་བཞིན། །སྣང་བཞིན་ངོས་བཟུང་མེད་པ། །ཆུ་ནང་ཟླ་བ་འཆར་ཙམ། །སྨིག་རྒྱུས་གདུང་བ་ལྟ་བུ། །དོན་ལ་གྲུབ་པ་ཅི་ཡོད། །ཐམས་ཅད་སེམས་ཀྱི་འཁྲུལ་སྣང་། །རྨི་ལམ་བཞིན་དུ་སད་སོང་། །དབྱིངས་ལས་སྤྲུལ་པ་མི་འདའ། །འགྲོ་དོན་ལྷུན་གྱིས་གྲུབ་འདུག །སྣང་སྲིད་གྲྭ་མ་ཉམས་པར། །རང་ངོའི་འཛིན་པ་སྟོང་ཐལ། །གནས་དབེན་སེམས་དབེན་འཕྲད་དུས། །སྒོམ་པ་གུ་ཡངས་འཆར་བྱུང་། །མདུན་རི་སྤང་དཀར་ཡུག་གཅིག །སེམས་ཉིད་འཁྲུལ་བ་བྲལ་སོང་། །རྒྱབ་རི་བྲག་དམར་རྫོང་ཆེན། །རིག་པ་ཟང་ཐལ་འཆར་གྱི། །ལྷུང་ལྷུང་ཆུ་བོ་འབབ་པས། །སྒོམ་པ་རྒྱུན་ཆད་མེད་གྲགས། །སེམས་ཉིད་གཞི་རྩ་བྲལ་བས། །གདོས་བཅས་འགྱེལ་ལ་ཉེ་ནས། །རིག་པ་ཟང་ཐལ་ཆེན་པོ། །མཐའ་དབུས་མེད་པར་འཁྱིལ་བྱུང་། །འདི་ཞེས་ངོས་བཟུང་བྲལ་ཡང་། །རིག་ཐོག་འགྱུར་བ་མི་འདུག །ཀུན་གཞི་ཆོས་ཉིད་ཀློང་ནས། །འཛིན་ཞེན་དྲི་མ་ཡལ་ནས། །མ་རིག་འཁྲུལ་རྟོག་ཡད་ཡུད། །རིག་མ་ཐག་ཏུ་སངས་སོང་། །དྲན་པས་འཚོ་སྐྱོང་མ་དགོས། །རང་རིག་རྗེན་པ་མཇལ་བྱུང་། །དབྱིངས་རིག་དབྱེར་མེད་རྟོགས་པས། །སྒྱུ་ལུས་རྡུལ་ཕྲན་ཆ་མེད། །ཕྱི་ནང་བར་མེད་ཕྱམ་བརྡལ། །ངར་འཛིན་གཏན་ནས་མེད་པས། །ལུང་སྟོང་གནས་དང་མཚུངས་བྱུང་། །ཉོན་རླུང་དབུ་མར་ཚུད་པས། །རྒྱུ་བ་ཕལ་ཆེར་ཡལ་ནས། །སེམས་ཀྱི་དྲན་རྒྱུན་ཆད་ཀྱང་། སྤྱོད་པ་སྣ་ཚོགས་སྤྱད་ཆོག །ཤེས་པ་གཏད་མེད་སོང་བས། །ཟ་ཉལ་ཤེས་པ་ངོ་མཚར། །བསྒོམ་དང་མ་བསྒོམས་དབྱེ་བ། །གཉེན་པོའི་སྤྱོད་ཡུལ་མེད་སོང་། །གཉིད་དང་མ་གཉིད་ས་མཚམས། །མཉམ་པ་ཉིད་དུ་བརྡལ་སོང་། །བཟང་ངན་དགག་སྒྲུབ་ཀུན་ཀྱང་། །སྤྲོས་པ་ཉེ་བར་ཞི་ནས། །བསྐྱེད་བཟླས་རྫོགས་པའི་རིམ་པ། །མཁའ་ལ་སྤྲིན་བཞིན་དེང་གི། །ཚོགས་དྲུག་འཛིན་པའི་སྣང་བ། །ཡེ་ཤེས་དབྱིངས་སུ་རོ་གཅིག །ལྷ་འདྲེ་གཉིས་འཛིན་རེ་དོགས། །རྟོག་པ་སྔ་ཕྱི་མཉམ་ནས། །ཆོས་ཉིད་གཏན་ལ་ཕེབས་པས། །འཆི་བའི་འཇིགས་པ་ཡོལ་སོང་། །དམྱལ་ཁམས་བཅོ་བརྒྱད་འཁྲུགས་ཀྱང་། །འཇིགས་སྐྲག་མྱོང་མཁན་མི་འདུག །རྒྱལ་ཀུན་ཡོན་ཏན་ངོམ་ཡང་། །བཟང་ངན་གཤིས་ལ་མ་གྲུབ། །བྲལ་ཐོབ་ཀུན་ལས་འདས་པ། །ཆོས་ཉིད་གཤིས་ཀྱི་བཞུགས་ཚུལ། །འཁོར་འདས་མཉམ་ཉིད་ཡིན་པ། །གདན་ཐོག་གཅིག་ཏུ་ཤེས་བྱུང་། །སྐད་ཅིག་རང་ཤར་རང་གྲོལ། །བག་ཆགས་འཁོར་བའི་གནས་མེད། །འདིར་སྣང་སྲིད་པའི་བདེ་སྡུག །མིང་ཙམ་ཉིད་དུ་ཟད་སོང་། །རང་གཞན་གཉིས་མེད་རྟོགས་པས། །འགྲོ་དོན་ལྷུན་གྱིས་གྲུབ་འདུག །སྣང་དང་མི་སྣང་འཛིན་པ། །ཐམས་ཅད་བློ་ལས་འདས་སོང་། །གཟུང་འཛིན་གཉིས་མེད་གྱུར་པས། །ཆོས་ཀུན་ཐིག་ལེ་ཉག་གཅིག །དག་པའི་སྣང་བ་སྣ་ཚོགས། །འབད་མེད་ངང་ནས་འཆར་བྱུང་། །འདིར་སྣང་སྲིད་པའི་བཀྲག་མདངས། །ས་རྡོ་ཕལ་བཞིན་ལྷག་སོང་། །འཇའ་ལུས་འགྲུབ་པའི་སྔ་ལྟས། །ཟེར་གྱིས་ཟང་ཐལ་འབིག་བྱུང་། །སྐུ་དང་ཞིང་ཁམས་སྣང་བ། །རིག་ཐོག་རོ་གཅིག་འདྲེས་ཏེ། །དབྱིངས་དང་རིག་པ་འུབས་ཆུབ། །དག་པའི་སྣང་བ་མུ་མེད། །དམིགས་བསམ་སྤྲོས་པ་ལས་འདས། །འབད་མེད་ལྷུན་གྱིས་གྲུབ་ཐལ། །སངས་རྒྱས་གཞན་ན་མེད་པར། །བློ་ཐག་ཡོངས་སུ་ཆོད་དེ། །གདོས་བཅས་ལུས་པོ་མ་སྤངས། །སངས་རྒྱས་ས་ལ་ཕྱིན་ཚར། །ཐོས་པའི་ཡོན་ཏན་དབུལ་ཀྱང་། །མྱོང་བས་ཚིག་ཚོགས་འདུས་སོང་། །བསམ་པའི་ཤེས་རབ་ཡོལ་ཀྱང་། །སྒོམ་བྱུང་ཀློང་དུ་རྡོལ་བྱུང་། །གོམས་པ་མཐར་ཕྱིན་མིན་ཀྱང་། །མོས་གུས་ཤུགས་ཀྱིས་རྟོགས་སོང་། །སྡུག་བསྲན་སྒོམ་ལ་བྱས་བཞིན། །མྱོང་བའི་ལག་རྗེས་བཀྲག་བྱུང་། །དྲིན་ཆེན་བླ་མ་དྲན་ནས། །སྒྲུབ་པའི་མཎྜལ་འབུལ་ལོ། །གསང་སྔགས་ཆོས་ཀྱི་ཁྱད་འཕགས། །མྱོང་བས་མཆོག་ཏུ་གྱུར་ནས། །རང་བྱུང་དོན་གྱི་རྡོ་རྗེས། །ཐོལ་བྱུང་གླུ་རུ་བླངས་སོ། །ཨ་ལ་ལ་ཧོ། ཨེ་མ་ཧོ། ཨོཾ་སྭ་སྟི། རྟོགས་པའི་ཡེ་ཤེས་འབར་བ་ལས། །རྡོ་རྗེའི་ཐོལ་གླུའི་གཏེར་མཛོད་བརྡོལ། །མགྲིན་པ་ཆོས་ཀྱི་འཁོར་ལོའི་སྤྲིན། །ཡོངས་སུ་སྨིན་པའི་མཐུ་འདི་རྨད། །འཕགས་པའི་ཟབ་དོན་དབང་འབྱོར་ཞིང་། །འོད་གསལ་བསྒོམ་པ་ཀུན་གྱི་མཆོག །ངེས་གསང་རྡོ་རྗེའི་རོལ་མོ་འདི། །སྐལ་བཟང་རྣམས་ཀྱིས་ཉམས་ལོངས་ཤིག །ཅེས་པའང་མཁྱེན་བརྩེའི་སྤྲུལ་མིང་འཛིན་པ་ཆོས་ཀྱི་བློ་གྲོས་པས་སོ།། །། [[Category:Wyckibaat]]
སྐྱབས་བླ་མ་འདུ་འབྲལ་གཉིས་མེད་དེ། །དོན་མྱོང་བའི་ཐོག་ནས་ཐག་གཅིག་ཆོད། །ཉམས་གང་ཤར་གླུ་རུ་བླང་བར་བྱ། །གཞན་འགྲོ་དོན་འབྱུང་བར་བྱིན་གྱིས་རློབས། །རྟེན་མི་ལུས་ཁྱད་པར་འཕགས་པ་རྣམས། །དོན་སྙིང་པོ་ཆོས་ལ་འཇུག་པར་གྱིས། །སྐྱེས་ཚར་ནས་འཆི་ལ་ཇེ་ཉེར་འགྲོ། །ལར་བརྩོན་འགྲུས་ཐང་ལྷོད་མེད་པར་སྒྲུབས། །རྒྱུ་དགེ་སྡིག་རྣམ་སྨིན་བསླུ་མི་སྲིད། །ལས་སྤང་བླང་རིམ་པ་ཚུལ་བཞིན་སྤྱོད། །གནས་རིགས་དྲུག་ཁམས་ལ་བདེ་དུས་མེད། །དུས་གཏན་གྱི་ཐར་པ་ཐོབ་གལ་ཆེ། །སྐྱབས་མཆོག་གསུམ་མཁྱེན་བརྩེ་ནུས་པའི་དཔལ། །དུས་འབྲལ་མེད་དད་པས་གཙུག་ཏུ་ཁུར། །ཐབས་ཐེག་ཆེན་ཁྱད་པར་འཕགས་པའི་དོན། །མ་སེམས་ཅན་ཡོངས་ལ་སྙིང་རྗེ་བསྐྱེད། །རྒྱུད་སྡིག་སྒྲིབ་སྦྱངས་པའི་ཐབས་མཆོག་གྱུར། །དཔལ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་བྱ། །རྒྱུ་བསོད་ནམས་ཚོགས་ཆེན་རབ་རྫོགས་ཕྱིར། །ཞིང་རབ་འབྱམས་རྒྱ་མཚོའི་མཎྜལ་འབུལ། །དོན་ལྷན་སྐྱེས་གནས་ལུགས་མངོན་གྱུར་ཕྱིར། །ཟབ་བརྒྱུད་ལྡན་བླ་མའི་བྱིན་རླབས་ཞུ། །བློ་བྱ་བྱེད་རྣམ་པ་མི་མང་བར། །ལམ་སྙིང་པོ་གཅིག་ཏུ་དྲིལ་ན་ལེགས། །མི་ང་ལ་ཡོན་ཏན་མི་ཆེ་སྟེ། །སྐྱབས་བླ་མའི་ཐུགས་རྗེས་འཚོས་པའི་དྲིན། །ཆོས་ཕྱག་རྒྱ་ཆེན་པོའི་གདམས་ཁྲིད་ཐོབ། །ཆུང་ལོ་བརྒྱད་ལོན་ནས་མཉམ་པར་བཞག །རྩེ་གཅིག་ཏུ་མཚམས་སྒྲུབ་མ་ནུས་ཀྱང་། །ཟོལ་ཆོས་བརྒྱད་དབང་དུ་མ་འཆོར་ཙམ། །ལོ་རེ་བཞིན་བརྩོན་འགྲུས་ཆེ་རུ་སོང་། །རྟེན་ཡོད་མེད་སྒོམ་པའི་ཐབས་དང་འབྲེལ། །སེམས་གནས་འགྱུ་རིག་གསུམ་སོ་སོར་འབྱེད། །སྒོམ་ཤིན་ཏུ་གྲིམ་ལྷོད་རན་པར་བྱས། །རྒྱུན་ཞི་བར་གནས་པའི་ངང་ཉིད་བསྐྱངས། །སྐབས་ཤིག་ནས་ལྷག་མཐོང་རང་ངོ་འཕྲོད། །གནད་བཞག་ཐབས་རྣམ་བཞིས་སྲང་ལ་གཅུར། །ཉམས་བདེ་གསལ་མི་རྟོག་འཁོར་ཡུག་ཉེར། །ལུས་གནད་དང་དམིགས་པ་སྣ་ཚོགས་གཅུན། །ཉམས་རྨི་ལམ་རྟོགས་པའི་འོད་གསལ་ཟིན། །ཁྱད་པར་དུ་རྫོགས་ཆེན་སྒོམ་པའི་གནད། །སྒོ་གསུམ་གྱི་གཙོ་དེད་ཕྲུགས་གཅིག་བྱས། །སེམས་བྱུང་གནས་འགྲོ་སོགས་བདར་ཤ་བཅད། །ལར་ཀུན་གཞིའི་འཁོར་འདས་གྲུབ་ཚུལ་སོགས། །ཆུ་དྭངས་རྙོགས་ཁྱད་པར་བཞིན་དུ་གསུངས། །ཉམས་སྣ་ཚོགས་ནམ་མཁའི་སྤྲིན་བཞིན་མཐོང་། །གཤིས་ལྟ་བ་འདྲ་འདྲ་མང་པོ་ཡང་། །སླར་ཉམས་མྱོང་ཡིན་པ་སྟོང་ནས་ཐལ། །ལམ་དུས་སུ་སེམས་རིག་དབྱེ་ཚུལ་སོགས། །དཔེ་རླུང་དང་ནམ་མཁའ་ཇི་བཞིན་ནོ། །སྒོམ་རྩོལ་མེད་བཞག་ཐབས་རྣམ་བཞིའི་ངང་། །གཞི་སྐུ་གསུམ་ངོ་བོ་རིག་ཐོག་འཕྲོད། །ཕྱི་ཚོགས་དྲུག་སྣང་བ་རང་སར་གྲོལ། །ནང་ཉོན་མོངས་དུག་ལྔ་ཡེ་ཤེས་འཆར། །གསང་འགྱུ་འཕྲོའི་རྟོག་ཚོགས་རིས་སུ་མེད། །དོན་ཆོས་ཉིད་ཀློང་གཅིག་གྱུར་ལ་ཉེ། །མཐར་རྣམ་ཤེས་ཡེ་ཤེས་ཁྱད་པར་སོགས། །ཆུ་འཁྱགས་རོམ་བཞིན་དུ་ངོ་སྤྲོད་དང་། །ལམ་མཐར་ཐུག་ཐོད་རྒལ་ཟབ་མོ་ཡིས། །རླུང་རིག་དང་ལུས་ཀྱི་གནད་རྣམས་གཅུན། །རྟེན་བཅས་དང་རྟེན་མེད་ཐབས་ཚུལ་མང་། །སྒྲོན་དྲུག་གམ་སྒྲོན་མ་བཞི་ལྡན་པའི། །ཞལ་རྒྱུན་དང་ཕྱག་བཞེས་ངོ་སྤྲོད་སོགས། །ཐུན་མོང་དང་ཐུན་མིན་མང་དུ་ཐོབ། །གཞི་ཁྲེགས་ཆོད་གནས་ལུགས་མངོན་གྱུར་ནས། །ལམ་ལྷུན་གྲུབ་སྣང་བ་ཤུགས་ཀྱིས་འཆར། །དག་མ་དག་སྣང་བ་སྣ་ཚོགས་འཕེལ། །གསལ་དྭངས་ཤིང་བརྟན་ཆ་ཆེ་རུ་སོང་། །ཕྱི་མཐོང་ཡུལ་སྣང་བས་ཕལ་ཆེར་འགེངས། །ནང་རིག་གདངས་བརྟན་ཆ་ལྷག་པར་ཆེ། །ཉམས་གོང་འཕེལ་ཞེས་པའི་དོན་དེ་གོ། །ལར་རྩ་བའི་བླ་མ་མ་བསྒོམས་ཀྱང་། །སངས་རྒྱས་ལས་ལྷག་པའི་བཀའ་དྲིན་དྲན། །བཅོས་མིན་གྱི་མོས་གུས་ཤུགས་ཀྱིས་ལྡང་། །ལུས་བ་སྤུ་གཡོ་ཞིང་མཆིལ་མ་འཁྲུགས། །སེམས་དེ་ཡི་ངང་ལ་ཡུད་ཙམ་བརྒྱལ། །ཉམས་མྱོང་གིས་འཚོ་སྐྱོང་མ་ དགོས་པ། །སེམས་གཞི་མེད་རྩ་བྲལ་ཁོང་ནས་འཆར། །དོན་གནས་ལུགས་བརྟན་པའི་རང་ཚོ་ཟིན། །བརྒྱ་ཕྲག་གི་ཡོན་ཏན་ཟིལ་གྱིས་གནོན། །ཡིན་མིན་གྱི་རེ་དོགས་རྨང་ནས་ཞིག །སྔོན་ངོས་བཟུང་མེད་པའི་ཡེངས་བ་དེ། །ད་སྟོང་ཉིད་དབྱིངས་ལས་འདའ་ས་མེད། །ཡེ་ཤེས་ལ་གཉེན་པོས་ངོས་བཟུང་དབེན། །སེམས་དྲན་རྫི་གལ་ཆུང་རང་ཡལ་ཐལ། །འཁོར་འདས་ཀྱི་ཆོས་ཚོགས་བཟང་ངན་ཀུན། །སེམས་རྫུན་ཕུག་རྡིབ་པའི་རང་མལ་ནས། །དོན་རིག་པ་ཉག་གཅིག་འཕོ་འགྱུར་མེད། །དྲན་བསམ་གྱི་འཕྲོ་འདུས་མ་བསྐྲུན་པར། །ལས་བྱ་སྤྱོད་སྨྲ་སོགས་ཐོགས་པ་མེད། །དེ་ཡེ་ཤེས་ཀྱི་རང་རྩལ་གོའམ་ལགས། །གཟུང་འཛིན་གྱི་སེམས་ཐག་ཤག་གིས་འབྱེད། །བཟང་ངན་ཀུན་ཀུན་རྟོག་རང་གིས་བསྒྲུབ། །ཆགས་སྡང་གི་རང་མཚང་ཤུགས་ཀྱི་རྡིབ། །ཀུན་རྟོག་ཀྱང་སྟོང་པའི་རང་གཟུགས་ལ། །ངོ་བོ་དང་ངོས་བཟུང་དབྱེར་མེད་ངང་། །རང་སྣང་ཡུལ་དྲི་མའི་རྡུལ་དང་བྲལ། །ཕྱི་ཚོགས་དྲུག་སྣང་བའི་ཡུལ་རྣམས་ལ། །ནང་འཛིན་པའི་ཞེན་པ་སྐྱེས་པ་མེད། །ཅུང་ཟད་ཙམ་སྐྱེས་ཀྱང་སྒྱུ་མར་རེག །དཔེ་མི་མེད་ལུང་པའི་གཟུགས་སྒྲ་སོགས། །དོན་རང་གསལ་ལྷུན་གྱིས་གྲུབ་པ་ལྟར། །བདག་སྣང་བ་ཞེས་པའི་རིས་སུ་མེད། །དེ་རོ་གཅིག་རྣལ་འབྱོར་འདོད་དམ་ལགས། །གཞི་ལྟ་བ་ངོས་བཟུང་བྲལ་བའི་ངང་། །ལམ་སྒོམ་པ་ཡེངས་མེད་ཆུ་བོའི་རྒྱུན། །རྩལ་སྤྱོད་པ་རང་ཤར་རང་གྲོལ་མཉམ། །དོན་འབྲས་བུ་བྲལ་ཐོབ་མེད་པའི་གདེང་། །ད་དེ་སོགས་ངན་བུའི་ཉམས་ལེན་ལགས། །ལར་བླ་མའི་བཀའ་དྲིན་ཕ་མཐའ་ཡས། །ཆོས་གདམས་ཟབ་ཉམས་སུ་ལོན་ཕྱིར་དུ། །ལུས་དཀའ་སྤྱད་སྙིང་རུས་འབེན་དུ་འཛུག །དུས་ལན་བརྒྱར་འཆི་ཡང་འགྱོད་མེད་བྱའོ།།  ༈  །།བླ་མར་སངས་རྒྱས་མཐོང་བས། །མོས་གུས་རྒྱུན་ཆད་མེད་ཅིང་། །འགྲོ་ཀུན་ཕ་མར་ཤེས་པས། །སྙིང་རྗེའི་ཚན་ཁ་རྡོལ་སོང་། །གདུལ་བྱ་སྣ་ཚོགས་འདུལ་ཕྱིར། །གྲུབ་མཐའ་རིས་མེད་གོ་བྱུང་། །ཐམས་ཅད་བདེ་གཤེགས་སྙིང་པོ། །དག་སྣང་ཤུགས་ཀྱིས་འཆར་གྱིན། །ཀུན་རྟོག་བློ་ཡི་དཔྱད་པས། །བདེན་གཉིས་ཟུང་འཇུག་ཤེས་པ། །དབུ་མ་ཆེན་པོའི་སྒོམ་པ། །མྱང་བའི་དྲན་རྒྱུན་བསྐྱངས་བས། །རྣམ་རྟོག་ཆོས་སྐུར་འདོད་པ། །ཕྱག་རྒྱ་ཆེན་པོའི་སྒོམ་པ༑ །ཤེས་པ་གཏད་མེད་བཏང་བས། །རིག་པའི་རང་ཚོ་ཟིན་པ། །རྫོགས་པ་ཆེན་པོའི་སྒོམ་པ། །བློ་ཡིས་བཅོས་དང་མི་འཆོས། །མྱོང་བས་དེར་འཛིན་ཡོད་མེད། །རིམ་བཞིན་ཁྱད་པར་འཕགས་པ། །མདོ་རྒྱུད་བསྟན་བཅོས་མན་ངག །སོ་སོའི་ལུགས་སུ་གསལ་བཞིན། །མྱོང་བས་གནད་ཐོག་ཕྱིན་པས། །སྒྲོ་འདོགས་ལྷག་པར་ཆོད་བྱུང་། །ཚིག་ལ་བཟང་ངན་མེད་པ། །བྲག་སྟོང་བྲག་ཆ་ལྟ་བུར། །གཟུགས་ལ་བཟང་ངན་མེད་དེ། །མེ་ལོང་བེམ་སྟོང་ལྟ་བུར། །མེད་བཞིན་ཅི་ཡང་སྣང་བ། །སྒྱུ་མའི་སྤྲུལ་པ་ཇི་བཞིན། །སྣང་བཞིན་ངོས་བཟུང་མེད་པ། །ཆུ་ནང་ཟླ་བ་འཆར་ཙམ། །སྨིག་རྒྱུས་གདུང་བ་ལྟ་བུ། །དོན་ལ་གྲུབ་པ་ཅི་ཡོད། །ཐམས་ཅད་སེམས་ཀྱི་འཁྲུལ་སྣང་། །རྨི་ལམ་བཞིན་དུ་སད་སོང་། །དབྱིངས་ལས་སྤྲུལ་པ་མི་འདའ། །འགྲོ་དོན་ལྷུན་གྱིས་གྲུབ་འདུག །སྣང་སྲིད་གྲྭ་མ་ཉམས་པར། །རང་ངོའི་འཛིན་པ་སྟོང་ཐལ། །གནས་དབེན་སེམས་དབེན་འཕྲད་དུས། །སྒོམ་པ་གུ་ཡངས་འཆར་བྱུང་། །མདུན་རི་སྤང་དཀར་ཡུག་གཅིག །སེམས་ཉིད་འཁྲུལ་བ་བྲལ་སོང་། །རྒྱབ་རི་བྲག་དམར་རྫོང་ཆེན། །རིག་པ་ཟང་ཐལ་འཆར་གྱི། །ལྷུང་ལྷུང་ཆུ་བོ་འབབ་པས། །སྒོམ་པ་རྒྱུན་ཆད་མེད་གྲགས། །སེམས་ཉིད་གཞི་རྩ་བྲལ་བས། །གདོས་བཅས་འགྱེལ་ལ་ཉེ་ནས། །རིག་པ་ཟང་ཐལ་ཆེན་པོ། །མཐའ་དབུས་མེད་པར་འཁྱིལ་བྱུང་། །འདི་ཞེས་ངོས་བཟུང་བྲལ་ཡང་། །རིག་ཐོག་འགྱུར་བ་མི་འདུག །ཀུན་གཞི་ཆོས་ཉིད་ཀློང་ནས། །འཛིན་ཞེན་དྲི་མ་ཡལ་ནས། །མ་རིག་འཁྲུལ་རྟོག་ཡད་ཡུད། །རིག་མ་ཐག་ཏུ་སངས་སོང་། །དྲན་པས་འཚོ་སྐྱོང་མ་དགོས། །རང་རིག་རྗེན་པ་མཇལ་བྱུང་། །དབྱིངས་རིག་དབྱེར་མེད་རྟོགས་པས། །སྒྱུ་ལུས་རྡུལ་ཕྲན་ཆ་མེད། །ཕྱི་ནང་བར་མེད་ཕྱམ་བརྡལ། །ངར་འཛིན་གཏན་ནས་མེད་པས། །ལུང་སྟོང་གནས་དང་མཚུངས་བྱུང་། །ཉོན་རླུང་དབུ་མར་ཚུད་པས། །རྒྱུ་བ་ཕལ་ཆེར་ཡལ་ནས། །སེམས་ཀྱི་དྲན་རྒྱུན་ཆད་ཀྱང་། སྤྱོད་པ་སྣ་ཚོགས་སྤྱད་ཆོག །ཤེས་པ་གཏད་མེད་སོང་བས། །ཟ་ཉལ་ཤེས་པ་ངོ་མཚར། །བསྒོམ་དང་མ་བསྒོམས་དབྱེ་བ། །གཉེན་པོའི་སྤྱོད་ཡུལ་མེད་སོང་། །གཉིད་དང་མ་གཉིད་ས་མཚམས། །མཉམ་པ་ཉིད་དུ་བརྡལ་སོང་། །བཟང་ངན་དགག་སྒྲུབ་ཀུན་ཀྱང་། །སྤྲོས་པ་ཉེ་བར་ཞི་ནས། །བསྐྱེད་བཟླས་རྫོགས་པའི་རིམ་པ། །མཁའ་ལ་སྤྲིན་བཞིན་དེང་གི། །ཚོགས་དྲུག་འཛིན་པའི་སྣང་བ། །ཡེ་ཤེས་དབྱིངས་སུ་རོ་གཅིག །ལྷ་འདྲེ་གཉིས་འཛིན་རེ་དོགས། །རྟོག་པ་སྔ་ཕྱི་མཉམ་ནས། །ཆོས་ཉིད་གཏན་ལ་ཕེབས་པས། །འཆི་བའི་འཇིགས་པ་ཡོལ་སོང་། །དམྱལ་ཁམས་བཅོ་བརྒྱད་འཁྲུགས་ཀྱང་། །འཇིགས་སྐྲག་མྱོང་མཁན་མི་འདུག །རྒྱལ་ཀུན་ཡོན་ཏན་ངོམ་ཡང་། །བཟང་ངན་གཤིས་ལ་མ་གྲུབ། །བྲལ་ཐོབ་ཀུན་ལས་འདས་པ། །ཆོས་ཉིད་གཤིས་ཀྱི་བཞུགས་ཚུལ། །འཁོར་འདས་མཉམ་ཉིད་ཡིན་པ། །གདན་ཐོག་གཅིག་ཏུ་ཤེས་བྱུང་། །སྐད་ཅིག་རང་ཤར་རང་གྲོལ། །བག་ཆགས་འཁོར་བའི་གནས་མེད། །འདིར་སྣང་སྲིད་པའི་བདེ་སྡུག །མིང་ཙམ་ཉིད་དུ་ཟད་སོང་། །རང་གཞན་གཉིས་མེད་རྟོགས་པས། །འགྲོ་དོན་ལྷུན་གྱིས་གྲུབ་འདུག །སྣང་དང་མི་སྣང་འཛིན་པ། །ཐམས་ཅད་བློ་ལས་འདས་སོང་། །གཟུང་འཛིན་གཉིས་མེད་གྱུར་པས། །ཆོས་ཀུན་ཐིག་ལེ་ཉག་གཅིག །དག་པའི་སྣང་བ་སྣ་ཚོགས། །འབད་མེད་ངང་ནས་འཆར་བྱུང་། །འདིར་སྣང་སྲིད་པའི་བཀྲག་མདངས། །ས་རྡོ་ཕལ་བཞིན་ལྷག་སོང་། །འཇའ་ལུས་འགྲུབ་པའི་སྔ་ལྟས། །ཟེར་གྱིས་ཟང་ཐལ་འབིག་བྱུང་། །སྐུ་དང་ཞིང་ཁམས་སྣང་བ། །རིག་ཐོག་རོ་གཅིག་འདྲེས་ཏེ། །དབྱིངས་དང་རིག་པ་འུབས་ཆུབ། །དག་པའི་སྣང་བ་མུ་མེད། །དམིགས་བསམ་སྤྲོས་པ་ལས་འདས། །འབད་མེད་ལྷུན་གྱིས་གྲུབ་ཐལ། །སངས་རྒྱས་གཞན་ན་མེད་པར། །བློ་ཐག་ཡོངས་སུ་ཆོད་དེ། །གདོས་བཅས་ལུས་པོ་མ་སྤངས། །སངས་རྒྱས་ས་ལ་ཕྱིན་ཚར། །ཐོས་པའི་ཡོན་ཏན་དབུལ་ཀྱང་། །མྱོང་བས་ཚིག་ཚོགས་འདུས་སོང་། །བསམ་པའི་ཤེས་རབ་ཡོལ་ཀྱང་། །སྒོམ་བྱུང་ཀློང་དུ་རྡོལ་བྱུང་། །གོམས་པ་མཐར་ཕྱིན་མིན་ཀྱང་། །མོས་གུས་ཤུགས་ཀྱིས་རྟོགས་སོང་། །སྡུག་བསྲན་སྒོམ་ལ་བྱས་བཞིན། །མྱོང་བའི་ལག་རྗེས་བཀྲག་བྱུང་། །དྲིན་ཆེན་བླ་མ་དྲན་ནས། །སྒྲུབ་པའི་མཎྜལ་འབུལ་ལོ། །གསང་སྔགས་ཆོས་ཀྱི་ཁྱད་འཕགས། །མྱོང་བས་མཆོག་ཏུ་གྱུར་ནས། །རང་བྱུང་དོན་གྱི་རྡོ་རྗེས། །ཐོལ་བྱུང་གླུ་རུ་བླངས་སོ། །ཨ་ལ་ལ་ཧོ། ཨེ་མ་ཧོ། ཨོཾ་སྭ་སྟི། རྟོགས་པའི་ཡེ་ཤེས་འབར་བ་ལས། །རྡོ་རྗེའི་ཐོལ་གླུའི་གཏེར་མཛོད་བརྡོལ། །མགྲིན་པ་ཆོས་ཀྱི་འཁོར་ལོའི་སྤྲིན། །ཡོངས་སུ་སྨིན་པའི་མཐུ་འདི་རྨད། །འཕགས་པའི་ཟབ་དོན་དབང་འབྱོར་ཞིང་། །འོད་གསལ་བསྒོམ་པ་ཀུན་གྱི་མཆོག །ངེས་གསང་རྡོ་རྗེའི་རོལ་མོ་འདི། །སྐལ་བཟང་རྣམས་ཀྱིས་ཉམས་ལོངས་ཤིག །ཅེས་པའང་མཁྱེན་བརྩེའི་སྤྲུལ་མིང་འཛིན་པ་ཆོས་ཀྱི་བློ་གྲོས་པས་སོ།། །། }}
</onlyinclude>
{{TsagliCall}}
<headertabs/>

Latest revision as of 16:26, 3 June 2024

Wylie title
Location 'phags mchog bka' 'bum
Volume 2, Text 19, Pages (Folios to )
Author འཕགས་མཆོག་རྡོ་རྗེ་
Less details More details
Citation 'phags mchog rdo rje. '. In Mtshungs med grub sras 'phags mchog rdo rje mchog gi gsung 'bum rin po che , Vol. : . Kathmandu: Khenpo Shedup Tenzin & Lama Thinley Namgyal, 2004.
Genre
[edit]

༄༅། །ཉམས་མགུར་ཟང་ཐལ་དྲི་མེད་བཞུགས།།

སྐྱབས་བླ་མ་འདུ་འབྲལ་གཉིས་མེད་དེ། །དོན་མྱོང་བའི་ཐོག་ནས་ཐག་གཅིག་ཆོད། །ཉམས་གང་ཤར་གླུ་རུ་བླང་བར་བྱ། །གཞན་འགྲོ་དོན་འབྱུང་བར་བྱིན་གྱིས་རློབས། །རྟེན་མི་ལུས་ཁྱད་པར་འཕགས་པ་རྣམས། །དོན་སྙིང་པོ་ཆོས་ལ་འཇུག་པར་གྱིས། །སྐྱེས་ཚར་ནས་འཆི་ལ་ཇེ་ཉེར་འགྲོ། །ལར་བརྩོན་འགྲུས་ཐང་ལྷོད་མེད་པར་སྒྲུབས། །རྒྱུ་དགེ་སྡིག་རྣམ་སྨིན་བསླུ་མི་སྲིད། །ལས་སྤང་བླང་རིམ་པ་ཚུལ་བཞིན་སྤྱོད། །གནས་རིགས་དྲུག་ཁམས་ལ་བདེ་དུས་མེད། །དུས་གཏན་གྱི་ཐར་པ་ཐོབ་གལ་ཆེ། །སྐྱབས་མཆོག་གསུམ་མཁྱེན་བརྩེ་ནུས་པའི་དཔལ། །དུས་འབྲལ་མེད་དད་པས་གཙུག་ཏུ་ཁུར། །ཐབས་ཐེག་ཆེན་ཁྱད་པར་འཕགས་པའི་དོན། །མ་སེམས་ཅན་ཡོངས་ལ་སྙིང་རྗེ་བསྐྱེད། །རྒྱུད་སྡིག་སྒྲིབ་སྦྱངས་པའི་ཐབས་མཆོག་གྱུར། །དཔལ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་བྱ། །རྒྱུ་བསོད་ནམས་ཚོགས་ཆེན་རབ་རྫོགས་ཕྱིར། །ཞིང་རབ་འབྱམས་རྒྱ་མཚོའི་མཎྜལ་འབུལ། །དོན་ལྷན་སྐྱེས་གནས་ལུགས་མངོན་གྱུར་ཕྱིར། །ཟབ་བརྒྱུད་ལྡན་བླ་མའི་བྱིན་རླབས་ཞུ། །བློ་བྱ་བྱེད་རྣམ་པ་མི་མང་བར། །ལམ་སྙིང་པོ་གཅིག་ཏུ་དྲིལ་ན་ལེགས། །མི་ང་ལ་ཡོན་ཏན་མི་ཆེ་སྟེ། །སྐྱབས་བླ་མའི་ཐུགས་རྗེས་འཚོས་པའི་དྲིན། །ཆོས་ཕྱག་རྒྱ་ཆེན་པོའི་གདམས་ཁྲིད་ཐོབ། །ཆུང་ལོ་བརྒྱད་ལོན་ནས་མཉམ་པར་བཞག །རྩེ་གཅིག་ཏུ་མཚམས་སྒྲུབ་མ་ནུས་ཀྱང་། །ཟོལ་ཆོས་བརྒྱད་དབང་དུ་མ་འཆོར་ཙམ། །ལོ་རེ་བཞིན་བརྩོན་འགྲུས་ཆེ་རུ་སོང་། །རྟེན་ཡོད་མེད་སྒོམ་པའི་ཐབས་དང་འབྲེལ། །སེམས་གནས་འགྱུ་རིག་གསུམ་སོ་སོར་འབྱེད། །སྒོམ་ཤིན་ཏུ་གྲིམ་ལྷོད་རན་པར་བྱས། །རྒྱུན་ཞི་བར་གནས་པའི་ངང་ཉིད་བསྐྱངས། །སྐབས་ཤིག་ནས་ལྷག་མཐོང་རང་ངོ་འཕྲོད། །གནད་བཞག་ཐབས་རྣམ་བཞིས་སྲང་ལ་གཅུར། །ཉམས་བདེ་གསལ་མི་རྟོག་འཁོར་ཡུག་ཉེར། །ལུས་གནད་དང་དམིགས་པ་སྣ་ཚོགས་གཅུན། །ཉམས་རྨི་ལམ་རྟོགས་པའི་འོད་གསལ་ཟིན། །ཁྱད་པར་དུ་རྫོགས་ཆེན་སྒོམ་པའི་གནད། །སྒོ་གསུམ་གྱི་གཙོ་དེད་ཕྲུགས་གཅིག་བྱས། །སེམས་བྱུང་གནས་འགྲོ་སོགས་བདར་ཤ་བཅད། །ལར་ཀུན་གཞིའི་འཁོར་འདས་གྲུབ་ཚུལ་སོགས། །ཆུ་དྭངས་རྙོགས་ཁྱད་པར་བཞིན་དུ་གསུངས། །ཉམས་སྣ་ཚོགས་ནམ་མཁའི་སྤྲིན་བཞིན་མཐོང་། །གཤིས་ལྟ་བ་འདྲ་འདྲ་མང་པོ་ཡང་། །སླར་ཉམས་མྱོང་ཡིན་པ་སྟོང་ནས་ཐལ། །ལམ་དུས་སུ་སེམས་རིག་དབྱེ་ཚུལ་སོགས། །དཔེ་རླུང་དང་ནམ་མཁའ་ཇི་བཞིན་ནོ། །སྒོམ་རྩོལ་མེད་བཞག་ཐབས་རྣམ་བཞིའི་ངང་། །གཞི་སྐུ་གསུམ་ངོ་བོ་རིག་ཐོག་འཕྲོད། །ཕྱི་ཚོགས་དྲུག་སྣང་བ་རང་སར་གྲོལ། །ནང་ཉོན་མོངས་དུག་ལྔ་ཡེ་ཤེས་འཆར། །གསང་འགྱུ་འཕྲོའི་རྟོག་ཚོགས་རིས་སུ་མེད། །དོན་ཆོས་ཉིད་ཀློང་གཅིག་གྱུར་ལ་ཉེ། །མཐར་རྣམ་ཤེས་ཡེ་ཤེས་ཁྱད་པར་སོགས། །ཆུ་འཁྱགས་རོམ་བཞིན་དུ་ངོ་སྤྲོད་དང་། །ལམ་མཐར་ཐུག་ཐོད་རྒལ་ཟབ་མོ་ཡིས། །རླུང་རིག་དང་ལུས་ཀྱི་གནད་རྣམས་གཅུན། །རྟེན་བཅས་དང་རྟེན་མེད་ཐབས་ཚུལ་མང་། །སྒྲོན་དྲུག་གམ་སྒྲོན་མ་བཞི་ལྡན་པའི། །ཞལ་རྒྱུན་དང་ཕྱག་བཞེས་ངོ་སྤྲོད་སོགས། །ཐུན་མོང་དང་ཐུན་མིན་མང་དུ་ཐོབ། །གཞི་ཁྲེགས་ཆོད་གནས་ལུགས་མངོན་གྱུར་ནས། །ལམ་ལྷུན་གྲུབ་སྣང་བ་ཤུགས་ཀྱིས་འཆར། །དག་མ་དག་སྣང་བ་སྣ་ཚོགས་འཕེལ། །གསལ་དྭངས་ཤིང་བརྟན་ཆ་ཆེ་རུ་སོང་། །ཕྱི་མཐོང་ཡུལ་སྣང་བས་ཕལ་ཆེར་འགེངས། །ནང་རིག་གདངས་བརྟན་ཆ་ལྷག་པར་ཆེ། །ཉམས་གོང་འཕེལ་ཞེས་པའི་དོན་དེ་གོ། །ལར་རྩ་བའི་བླ་མ་མ་བསྒོམས་ཀྱང་། །སངས་རྒྱས་ལས་ལྷག་པའི་བཀའ་དྲིན་དྲན། །བཅོས་མིན་གྱི་མོས་གུས་ཤུགས་ཀྱིས་ལྡང་། །ལུས་བ་སྤུ་གཡོ་ཞིང་མཆིལ་མ་འཁྲུགས། །སེམས་དེ་ཡི་ངང་ལ་ཡུད་ཙམ་བརྒྱལ། །ཉམས་མྱོང་གིས་འཚོ་སྐྱོང་མ་ དགོས་པ། །སེམས་གཞི་མེད་རྩ་བྲལ་ཁོང་ནས་འཆར། །དོན་གནས་ལུགས་བརྟན་པའི་རང་ཚོ་ཟིན། །བརྒྱ་ཕྲག་གི་ཡོན་ཏན་ཟིལ་གྱིས་གནོན། །ཡིན་མིན་གྱི་རེ་དོགས་རྨང་ནས་ཞིག །སྔོན་ངོས་བཟུང་མེད་པའི་ཡེངས་བ་དེ། །ད་སྟོང་ཉིད་དབྱིངས་ལས་འདའ་ས་མེད། །ཡེ་ཤེས་ལ་གཉེན་པོས་ངོས་བཟུང་དབེན། །སེམས་དྲན་རྫི་གལ་ཆུང་རང་ཡལ་ཐལ། །འཁོར་འདས་ཀྱི་ཆོས་ཚོགས་བཟང་ངན་ཀུན། །སེམས་རྫུན་ཕུག་རྡིབ་པའི་རང་མལ་ནས། །དོན་རིག་པ་ཉག་གཅིག་འཕོ་འགྱུར་མེད། །དྲན་བསམ་གྱི་འཕྲོ་འདུས་མ་བསྐྲུན་པར། །ལས་བྱ་སྤྱོད་སྨྲ་སོགས་ཐོགས་པ་མེད། །དེ་ཡེ་ཤེས་ཀྱི་རང་རྩལ་གོའམ་ལགས། །གཟུང་འཛིན་གྱི་སེམས་ཐག་ཤག་གིས་འབྱེད། །བཟང་ངན་ཀུན་ཀུན་རྟོག་རང་གིས་བསྒྲུབ། །ཆགས་སྡང་གི་རང་མཚང་ཤུགས་ཀྱི་རྡིབ། །ཀུན་རྟོག་ཀྱང་སྟོང་པའི་རང་གཟུགས་ལ། །ངོ་བོ་དང་ངོས་བཟུང་དབྱེར་མེད་ངང་། །རང་སྣང་ཡུལ་དྲི་མའི་རྡུལ་དང་བྲལ། །ཕྱི་ཚོགས་དྲུག་སྣང་བའི་ཡུལ་རྣམས་ལ། །ནང་འཛིན་པའི་ཞེན་པ་སྐྱེས་པ་མེད། །ཅུང་ཟད་ཙམ་སྐྱེས་ཀྱང་སྒྱུ་མར་རེག །དཔེ་མི་མེད་ལུང་པའི་གཟུགས་སྒྲ་སོགས། །དོན་རང་གསལ་ལྷུན་གྱིས་གྲུབ་པ་ལྟར། །བདག་སྣང་བ་ཞེས་པའི་རིས་སུ་མེད། །དེ་རོ་གཅིག་རྣལ་འབྱོར་འདོད་དམ་ལགས། །གཞི་ལྟ་བ་ངོས་བཟུང་བྲལ་བའི་ངང་། །ལམ་སྒོམ་པ་ཡེངས་མེད་ཆུ་བོའི་རྒྱུན། །རྩལ་སྤྱོད་པ་རང་ཤར་རང་གྲོལ་མཉམ། །དོན་འབྲས་བུ་བྲལ་ཐོབ་མེད་པའི་གདེང་། །ད་དེ་སོགས་ངན་བུའི་ཉམས་ལེན་ལགས། །ལར་བླ་མའི་བཀའ་དྲིན་ཕ་མཐའ་ཡས། །ཆོས་གདམས་ཟབ་ཉམས་སུ་ལོན་ཕྱིར་དུ། །ལུས་དཀའ་སྤྱད་སྙིང་རུས་འབེན་དུ་འཛུག །དུས་ལན་བརྒྱར་འཆི་ཡང་འགྱོད་མེད་བྱའོ།། ༈ །།བླ་མར་སངས་རྒྱས་མཐོང་བས། །མོས་གུས་རྒྱུན་ཆད་མེད་ཅིང་། །འགྲོ་ཀུན་ཕ་མར་ཤེས་པས། །སྙིང་རྗེའི་ཚན་ཁ་རྡོལ་སོང་། །གདུལ་བྱ་སྣ་ཚོགས་འདུལ་ཕྱིར། །གྲུབ་མཐའ་རིས་མེད་གོ་བྱུང་། །ཐམས་ཅད་བདེ་གཤེགས་སྙིང་པོ། །དག་སྣང་ཤུགས་ཀྱིས་འཆར་གྱིན། །ཀུན་རྟོག་བློ་ཡི་དཔྱད་པས། །བདེན་གཉིས་ཟུང་འཇུག་ཤེས་པ། །དབུ་མ་ཆེན་པོའི་སྒོམ་པ། །མྱང་བའི་དྲན་རྒྱུན་བསྐྱངས་བས། །རྣམ་རྟོག་ཆོས་སྐུར་འདོད་པ། །ཕྱག་རྒྱ་ཆེན་པོའི་སྒོམ་པ༑ །ཤེས་པ་གཏད་མེད་བཏང་བས། །རིག་པའི་རང་ཚོ་ཟིན་པ། །རྫོགས་པ་ཆེན་པོའི་སྒོམ་པ། །བློ་ཡིས་བཅོས་དང་མི་འཆོས། །མྱོང་བས་དེར་འཛིན་ཡོད་མེད། །རིམ་བཞིན་ཁྱད་པར་འཕགས་པ། །མདོ་རྒྱུད་བསྟན་བཅོས་མན་ངག །སོ་སོའི་ལུགས་སུ་གསལ་བཞིན། །མྱོང་བས་གནད་ཐོག་ཕྱིན་པས། །སྒྲོ་འདོགས་ལྷག་པར་ཆོད་བྱུང་། །ཚིག་ལ་བཟང་ངན་མེད་པ། །བྲག་སྟོང་བྲག་ཆ་ལྟ་བུར། །གཟུགས་ལ་བཟང་ངན་མེད་དེ། །མེ་ལོང་བེམ་སྟོང་ལྟ་བུར། །མེད་བཞིན་ཅི་ཡང་སྣང་བ། །སྒྱུ་མའི་སྤྲུལ་པ་ཇི་བཞིན། །སྣང་བཞིན་ངོས་བཟུང་མེད་པ། །ཆུ་ནང་ཟླ་བ་འཆར་ཙམ། །སྨིག་རྒྱུས་གདུང་བ་ལྟ་བུ། །དོན་ལ་གྲུབ་པ་ཅི་ཡོད། །ཐམས་ཅད་སེམས་ཀྱི་འཁྲུལ་སྣང་། །རྨི་ལམ་བཞིན་དུ་སད་སོང་། །དབྱིངས་ལས་སྤྲུལ་པ་མི་འདའ། །འགྲོ་དོན་ལྷུན་གྱིས་གྲུབ་འདུག །སྣང་སྲིད་གྲྭ་མ་ཉམས་པར། །རང་ངོའི་འཛིན་པ་སྟོང་ཐལ། །གནས་དབེན་སེམས་དབེན་འཕྲད་དུས། །སྒོམ་པ་གུ་ཡངས་འཆར་བྱུང་། །མདུན་རི་སྤང་དཀར་ཡུག་གཅིག །སེམས་ཉིད་འཁྲུལ་བ་བྲལ་སོང་། །རྒྱབ་རི་བྲག་དམར་རྫོང་ཆེན། །རིག་པ་ཟང་ཐལ་འཆར་གྱི། །ལྷུང་ལྷུང་ཆུ་བོ་འབབ་པས། །སྒོམ་པ་རྒྱུན་ཆད་མེད་གྲགས། །སེམས་ཉིད་གཞི་རྩ་བྲལ་བས། །གདོས་བཅས་འགྱེལ་ལ་ཉེ་ནས། །རིག་པ་ཟང་ཐལ་ཆེན་པོ། །མཐའ་དབུས་མེད་པར་འཁྱིལ་བྱུང་། །འདི་ཞེས་ངོས་བཟུང་བྲལ་ཡང་། །རིག་ཐོག་འགྱུར་བ་མི་འདུག །ཀུན་གཞི་ཆོས་ཉིད་ཀློང་ནས། །འཛིན་ཞེན་དྲི་མ་ཡལ་ནས། །མ་རིག་འཁྲུལ་རྟོག་ཡད་ཡུད། །རིག་མ་ཐག་ཏུ་སངས་སོང་། །དྲན་པས་འཚོ་སྐྱོང་མ་དགོས། །རང་རིག་རྗེན་པ་མཇལ་བྱུང་། །དབྱིངས་རིག་དབྱེར་མེད་རྟོགས་པས། །སྒྱུ་ལུས་རྡུལ་ཕྲན་ཆ་མེད། །ཕྱི་ནང་བར་མེད་ཕྱམ་བརྡལ། །ངར་འཛིན་གཏན་ནས་མེད་པས། །ལུང་སྟོང་གནས་དང་མཚུངས་བྱུང་། །ཉོན་རླུང་དབུ་མར་ཚུད་པས། །རྒྱུ་བ་ཕལ་ཆེར་ཡལ་ནས། །སེམས་ཀྱི་དྲན་རྒྱུན་ཆད་ཀྱང་། སྤྱོད་པ་སྣ་ཚོགས་སྤྱད་ཆོག །ཤེས་པ་གཏད་མེད་སོང་བས། །ཟ་ཉལ་ཤེས་པ་ངོ་མཚར། །བསྒོམ་དང་མ་བསྒོམས་དབྱེ་བ། །གཉེན་པོའི་སྤྱོད་ཡུལ་མེད་སོང་། །གཉིད་དང་མ་གཉིད་ས་མཚམས། །མཉམ་པ་ཉིད་དུ་བརྡལ་སོང་། །བཟང་ངན་དགག་སྒྲུབ་ཀུན་ཀྱང་། །སྤྲོས་པ་ཉེ་བར་ཞི་ནས། །བསྐྱེད་བཟླས་རྫོགས་པའི་རིམ་པ། །མཁའ་ལ་སྤྲིན་བཞིན་དེང་གི། །ཚོགས་དྲུག་འཛིན་པའི་སྣང་བ། །ཡེ་ཤེས་དབྱིངས་སུ་རོ་གཅིག །ལྷ་འདྲེ་གཉིས་འཛིན་རེ་དོགས། །རྟོག་པ་སྔ་ཕྱི་མཉམ་ནས། །ཆོས་ཉིད་གཏན་ལ་ཕེབས་པས། །འཆི་བའི་འཇིགས་པ་ཡོལ་སོང་། །དམྱལ་ཁམས་བཅོ་བརྒྱད་འཁྲུགས་ཀྱང་། །འཇིགས་སྐྲག་མྱོང་མཁན་མི་འདུག །རྒྱལ་ཀུན་ཡོན་ཏན་ངོམ་ཡང་། །བཟང་ངན་གཤིས་ལ་མ་གྲུབ། །བྲལ་ཐོབ་ཀུན་ལས་འདས་པ། །ཆོས་ཉིད་གཤིས་ཀྱི་བཞུགས་ཚུལ། །འཁོར་འདས་མཉམ་ཉིད་ཡིན་པ། །གདན་ཐོག་གཅིག་ཏུ་ཤེས་བྱུང་། །སྐད་ཅིག་རང་ཤར་རང་གྲོལ། །བག་ཆགས་འཁོར་བའི་གནས་མེད། །འདིར་སྣང་སྲིད་པའི་བདེ་སྡུག །མིང་ཙམ་ཉིད་དུ་ཟད་སོང་། །རང་གཞན་གཉིས་མེད་རྟོགས་པས། །འགྲོ་དོན་ལྷུན་གྱིས་གྲུབ་འདུག །སྣང་དང་མི་སྣང་འཛིན་པ། །ཐམས་ཅད་བློ་ལས་འདས་སོང་། །གཟུང་འཛིན་གཉིས་མེད་གྱུར་པས། །ཆོས་ཀུན་ཐིག་ལེ་ཉག་གཅིག །དག་པའི་སྣང་བ་སྣ་ཚོགས། །འབད་མེད་ངང་ནས་འཆར་བྱུང་། །འདིར་སྣང་སྲིད་པའི་བཀྲག་མདངས། །ས་རྡོ་ཕལ་བཞིན་ལྷག་སོང་། །འཇའ་ལུས་འགྲུབ་པའི་སྔ་ལྟས། །ཟེར་གྱིས་ཟང་ཐལ་འབིག་བྱུང་། །སྐུ་དང་ཞིང་ཁམས་སྣང་བ། །རིག་ཐོག་རོ་གཅིག་འདྲེས་ཏེ། །དབྱིངས་དང་རིག་པ་འུབས་ཆུབ། །དག་པའི་སྣང་བ་མུ་མེད། །དམིགས་བསམ་སྤྲོས་པ་ལས་འདས། །འབད་མེད་ལྷུན་གྱིས་གྲུབ་ཐལ། །སངས་རྒྱས་གཞན་ན་མེད་པར། །བློ་ཐག་ཡོངས་སུ་ཆོད་དེ། །གདོས་བཅས་ལུས་པོ་མ་སྤངས། །སངས་རྒྱས་ས་ལ་ཕྱིན་ཚར། །ཐོས་པའི་ཡོན་ཏན་དབུལ་ཀྱང་། །མྱོང་བས་ཚིག་ཚོགས་འདུས་སོང་། །བསམ་པའི་ཤེས་རབ་ཡོལ་ཀྱང་། །སྒོམ་བྱུང་ཀློང་དུ་རྡོལ་བྱུང་། །གོམས་པ་མཐར་ཕྱིན་མིན་ཀྱང་། །མོས་གུས་ཤུགས་ཀྱིས་རྟོགས་སོང་། །སྡུག་བསྲན་སྒོམ་ལ་བྱས་བཞིན། །མྱོང་བའི་ལག་རྗེས་བཀྲག་བྱུང་། །དྲིན་ཆེན་བླ་མ་དྲན་ནས། །སྒྲུབ་པའི་མཎྜལ་འབུལ་ལོ། །གསང་སྔགས་ཆོས་ཀྱི་ཁྱད་འཕགས། །མྱོང་བས་མཆོག་ཏུ་གྱུར་ནས། །རང་བྱུང་དོན་གྱི་རྡོ་རྗེས། །ཐོལ་བྱུང་གླུ་རུ་བླངས་སོ། །ཨ་ལ་ལ་ཧོ། ཨེ་མ་ཧོ། ཨོཾ་སྭ་སྟི། རྟོགས་པའི་ཡེ་ཤེས་འབར་བ་ལས། །རྡོ་རྗེའི་ཐོལ་གླུའི་གཏེར་མཛོད་བརྡོལ། །མགྲིན་པ་ཆོས་ཀྱི་འཁོར་ལོའི་སྤྲིན། །ཡོངས་སུ་སྨིན་པའི་མཐུ་འདི་རྨད། །འཕགས་པའི་ཟབ་དོན་དབང་འབྱོར་ཞིང་། །འོད་གསལ་བསྒོམ་པ་ཀུན་གྱི་མཆོག །ངེས་གསང་རྡོ་རྗེའི་རོལ་མོ་འདི། །སྐལ་བཟང་རྣམས་ཀྱིས་ཉམས་ལོངས་ཤིག །ཅེས་པའང་མཁྱེན་བརྩེའི་སྤྲུལ་མིང་འཛིན་པ་ཆོས་ཀྱི་བློ་གྲོས་པས་སོ།། །།