SPCD-KABUM-02-KHA-007: Difference between revisions

From Khyentse Lineage - A Tsadra Foundation Project
(Imported new text files with Wyckibaat for processing)
 
No edit summary
 
Line 1: Line 1:
 
{{Text
ཕུར་པའི་ཚོགས་བསྡུས་ཡེ་ཤེས་རོལ་མོ་ཞེས་བྱ་བ་བཞུགས་སོ།།  དང་པོ་ཚོགས་བྱིན་རླབས་ནི། ཨཱཿ སྣང་སྲིད་སྣོད་བཅུད་ཚོགས་ཀྱི་རོལ་པ་ཤར། །བྱང་ཆུབ་སེམས་ཀྱི་རིག་རྩལ་འཕྲོ་བ་ལས། རྃ་ཡྃ་ཁྃ་གིས་དངོས་འཛིན་བསྲེགས་གཏོར་བཀྲུས། ཨོཾ་ཨཱཿཧཱུྃ་གིས་ཟག་མེད་བདུད་རྩིར་བསྒྱུར། གཉིས་པ་སྤྱན་འདྲེན་པ་ནི། ཧྲཱིཿ མཆོག་དམན་ཐ་དད་འཛིན་ཞེན་སྦྱང་བའི་ཕྱིར། །ཡེ་ཤེས་ཁྲོ་བོའི་ལྷ་ཚོགས་སྤྱན་འདྲེན་ནོ། །མ་རིག་གཟུང་འཛིན་ཞིག་པའི་རང་མལ་ནས། །སྣང་སྲིད་ལྷ་ཡི་དཀྱིལ་འཁོར་སྤྱན་འདྲེན་ནོ། །གཞི་གནས་རིག་པ་དྭངས་ཆ་འབྱིན་པ་ལས། །ཕྱི་གསལ་ཞི་ཁྲོའི་ལྷ་ཚོགས་སྤྱན་འདྲེན་ནོ། །ལོངས་སྐུའི་ཞིང་སྣང་དབྱིངས་སུ་ཐིམ་པ་ལས། །ཆོས་ཟད་གདོད་མའི་མགོན་པོ་སྤྱན་འདྲེན་ནོ། །ཨོཾ་བཛྲ་དྷརྨ་དྷཱརྟུ་ཀཱི་ལི་ཀཱི་ལ་ཡ། ཛཿཧཱུྃ་བཾ་ཧོཿ གསུམ་པ་མཆོད་པ་ནི། ཧཱུྃ། ཀུན་གཞི་ཚོགས་གཞོང་ཡངས་པའི་སྣོད་ནང་དུ། །སྣང་སྲིད་སྣོད་བཅུད་བག་ཆགས་ཚོགས་འཁོར་བཤམས། །ཡེ་ཤེས་ཁྲོ་བོའི་ལྷ་ཚོགས་མཉེས་ཕྱིར་འབུལ། །བདག་གཞན་གནས་སྐབས་འཇིགས་པ་བརྒྱད་སོགས་ཞི། །འབྱོར་བ་དྲུག་རྒྱས་ཚོགས་གཉིས་རབ་རྫོགས་ཏེ། །མཐར་ཐུག་གདོད་མའི་གནས་ལུགས་མངོན་གྱུར་ཤོག །ཨོཾ་གུ་རུ་དྷེ་ཝ་ཌཱཀྐི་ནཱི་བཛྲ་ཡཀྴ་ཀྲོ་དྷ་ག་ཎ་ཙ་ཀྲ་པཱུ་ཛ་ཁཱ་ཧི། བཞི་པ་བཤགས་པ་ནི། ཡེ་ནས་ལྷ་ཡི་དཀྱིལ་འཁོར་ལྷུན་གྲུབ་ཀྱང་། །བདག་མེད་བདག་ཏུ་བཟུང་བའི་འཁྲུལ་རྟོག་དང་། །བཟང་ངན་ཡུལ་ལ་ཕྱེས་པའི་བླང་དོར་རྣམས། །སྒོམ་བྱུང་ཤེས་རབ་གཉིས་མེད་ངང་འདིར་བཤགས། །ཡིག་བརྒྱ་བརྗོད་ཅིང་།  ལྔ་པ་བསྒྲལ་བསྐང་ནི། ཀུན་གཞི་འཁྲུལ་རྟོག་ལས་བྱུང་དགྲ་བགེགས་བཅས། །རང་བྱུང་རིག་པ་མཚོན་ཆས་རྡུལ་དུ་བརླག །ཡེ་ཤེས་ལྷ་ཚོགས་མཉེས་ཕྱིར་ཞལ་དུ་སྦྱོར། །བདེ་སྟོང་ཟུང་འཇུག་ཡེ་ཤེས་དབྱིངས་སུ་བསྐང་། །སྣང་སྟོང་གཉིས་མེད་རང་བཞིན་རྣམ་དག་བསྐང་། །གསལ་སྟོང་རང་རིག་འཕོ་མེད་ཀློང་དུ་བསྐང་། །འཁོར་འདས་དབྱེར་མེད་མཉམ་ཉིད་མངོན་གྱུར་ཏེ། །དོན་གཉིས་ལྷུན་གྲུབ་མཆོག་གི་དངོས་གྲུབ་སྩོལ། །དྲུག་པ་ལྷག་མ་བསྔོ་ཞིང་བཟློག་པ་ནི། བྷྱོཿ དཔལ་ཆེན་ཕོ་ཉ་དབང་ཕྱུག་གིང་ལངྐ། །ཕྲ་མེན་ཤུགས་འགྲོ་གནོད་སྦྱིན་ཚོགས་བཅས་ཀྱིས། །བྱང་ཆུབ་སེམས་ཀྱི་ལྷག་གཏོར་འདི་བཞེས་ལ། །ཕྲིན་ལས་རྣམ་བཞི་འབད་མེད་ལྷུན་གྲུབ་མཛོད། །ཆོས་བརྒྱད་འཁྲི་བ་ངེས་འབྱུང་དྲག་པོས་བཟློག །ལྷག་པའི་བསམ་སྦྱོར་བྱང་ཆུབ་མཆོག་ཏུ་བཟློག །ལྷ་དང་དགྲ་བགེགས་རང་སེམས་རྩ་བར་བཟློག །བདག་གཞན་ཆོས་རྣམས་མཉམ་ཉིད་ངང་དུ་བཟློག །བྱ་སྤྱོད་ཐམས་ཅད་ཤར་གྲོལ་རིས་མེད་བཟློག །འཁོར་འདས་དབྱེར་མེད་ཉག་གཅིག་ཀློང་དུ་བཟློག །ཨོཾ་ཨུ་ཙྪིཥྚ་བ་ལིངྟ་ཁཱ་ཧི། །ལྷག་མ་བསྔོས་ལ་སྨོན་ལམ་གདབ་བོ། །ཞེས་པ་འདིའང་དོན་བསྟན་སྣང་བྱེད་མཚུངས་མེད་ཆོས་སྤྲུལ་རིན་པོ་ཆེས་དཔལ་རྡོ་རྗེ་ཕུར་པའི་བསྙེན་སྒྲུབ་ལས་གསུམ་རྟགས་མཚན་ལྡན་པར་འགྲུབ་ཅིང་གཏང་རག་ཚོགས་མཆོད་རབ་འབྱམས་རྒྱ་མཚོའི་སྤྲིན་ཕུང་སྤྲོ་བའི་སྐབས། འདི་ལྟར་བྲིས་ཤིག་ཅེས་གསུང་གིས་བསྐུལ་བཞིན་ཆོས་དང་འཇིག་རྟེན་གཉིས་ཀས་དབུལ་བའི་ཉམ་ཐག་གྲུབ་སྲས་མིང་ཙམ་འཛིན་པའི་གྱི་ན་བ་དེས་བྲིས་ཁུལ་བྱས་པ་ཡིན་པས། ཉེས་འགལ་ཅི་མཆིས་མཁས་གྲུབ་རྣམས་ཀྱི་སྤྱན་སྔར་བཤགས་པ་འཚལ་ཞིང་། དགེ་བས་བྱང་ཆུབ་སྒྲུབ་པའི་བར་ཆད་རྨེག་མེད་དུ་ཞི་བའི་རྒྱུ་གྱུར་ཅིག། །།[[Category:Wyckibaat]]
|classification=Tibetan Publications
|subclass=Tibetan Texts
|collectiontitle='phags mchog bka' 'bum
|collectiontitletib=འཕགས་མཆོག་བཀའ་འབུམ།
|totalvolumes=3
|author='phags mchog rdo rje
|authortib=འཕགས་མཆོག་རྡོ་རྗེ་
|citation=[['phags mchog rdo rje]]. ''''. In ''Mtshungs med grub sras 'phags mchog rdo rje mchog gi gsung 'bum rin po che '', Vol. : .  Kathmandu: Khenpo Shedup Tenzin & Lama Thinley Namgyal, 2004.
|language=Tibetan
|pagestatus=Temporary stub only
|volumenumber=02
|volumeLetter=KHA
|textnuminvol=007
|pdflink=File:SPCD-KABUM-02-KHA-007.pdf
|InitCategories=Khyentse Lineage Project; SPCD-KABUM-Volume-02-KHA
}}
<h1>Tibetan Text</h1>
<onlyinclude>
{{TibP|
ཕུར་པའི་ཚོགས་བསྡུས་ཡེ་ཤེས་རོལ་མོ་ཞེས་བྱ་བ་བཞུགས་སོ།།  དང་པོ་ཚོགས་བྱིན་རླབས་ནི། ཨཱཿ སྣང་སྲིད་སྣོད་བཅུད་ཚོགས་ཀྱི་རོལ་པ་ཤར། །བྱང་ཆུབ་སེམས་ཀྱི་རིག་རྩལ་འཕྲོ་བ་ལས། རྃ་ཡྃ་ཁྃ་གིས་དངོས་འཛིན་བསྲེགས་གཏོར་བཀྲུས། ཨོཾ་ཨཱཿཧཱུྃ་གིས་ཟག་མེད་བདུད་རྩིར་བསྒྱུར། གཉིས་པ་སྤྱན་འདྲེན་པ་ནི། ཧྲཱིཿ མཆོག་དམན་ཐ་དད་འཛིན་ཞེན་སྦྱང་བའི་ཕྱིར། །ཡེ་ཤེས་ཁྲོ་བོའི་ལྷ་ཚོགས་སྤྱན་འདྲེན་ནོ། །མ་རིག་གཟུང་འཛིན་ཞིག་པའི་རང་མལ་ནས། །སྣང་སྲིད་ལྷ་ཡི་དཀྱིལ་འཁོར་སྤྱན་འདྲེན་ནོ། །གཞི་གནས་རིག་པ་དྭངས་ཆ་འབྱིན་པ་ལས། །ཕྱི་གསལ་ཞི་ཁྲོའི་ལྷ་ཚོགས་སྤྱན་འདྲེན་ནོ། །ལོངས་སྐུའི་ཞིང་སྣང་དབྱིངས་སུ་ཐིམ་པ་ལས། །ཆོས་ཟད་གདོད་མའི་མགོན་པོ་སྤྱན་འདྲེན་ནོ། །ཨོཾ་བཛྲ་དྷརྨ་དྷཱརྟུ་ཀཱི་ལི་ཀཱི་ལ་ཡ། ཛཿཧཱུྃ་བཾ་ཧོཿ གསུམ་པ་མཆོད་པ་ནི། ཧཱུྃ། ཀུན་གཞི་ཚོགས་གཞོང་ཡངས་པའི་སྣོད་ནང་དུ། །སྣང་སྲིད་སྣོད་བཅུད་བག་ཆགས་ཚོགས་འཁོར་བཤམས། །ཡེ་ཤེས་ཁྲོ་བོའི་ལྷ་ཚོགས་མཉེས་ཕྱིར་འབུལ། །བདག་གཞན་གནས་སྐབས་འཇིགས་པ་བརྒྱད་སོགས་ཞི། །འབྱོར་བ་དྲུག་རྒྱས་ཚོགས་གཉིས་རབ་རྫོགས་ཏེ། །མཐར་ཐུག་གདོད་མའི་གནས་ལུགས་མངོན་གྱུར་ཤོག །ཨོཾ་གུ་རུ་དྷེ་ཝ་ཌཱཀྐི་ནཱི་བཛྲ་ཡཀྴ་ཀྲོ་དྷ་ག་ཎ་ཙ་ཀྲ་པཱུ་ཛ་ཁཱ་ཧི། བཞི་པ་བཤགས་པ་ནི། ཡེ་ནས་ལྷ་ཡི་དཀྱིལ་འཁོར་ལྷུན་གྲུབ་ཀྱང་། །བདག་མེད་བདག་ཏུ་བཟུང་བའི་འཁྲུལ་རྟོག་དང་། །བཟང་ངན་ཡུལ་ལ་ཕྱེས་པའི་བླང་དོར་རྣམས། །སྒོམ་བྱུང་ཤེས་རབ་གཉིས་མེད་ངང་འདིར་བཤགས། །ཡིག་བརྒྱ་བརྗོད་ཅིང་།  ལྔ་པ་བསྒྲལ་བསྐང་ནི། ཀུན་གཞི་འཁྲུལ་རྟོག་ལས་བྱུང་དགྲ་བགེགས་བཅས། །རང་བྱུང་རིག་པ་མཚོན་ཆས་རྡུལ་དུ་བརླག །ཡེ་ཤེས་ལྷ་ཚོགས་མཉེས་ཕྱིར་ཞལ་དུ་སྦྱོར། །བདེ་སྟོང་ཟུང་འཇུག་ཡེ་ཤེས་དབྱིངས་སུ་བསྐང་། །སྣང་སྟོང་གཉིས་མེད་རང་བཞིན་རྣམ་དག་བསྐང་། །གསལ་སྟོང་རང་རིག་འཕོ་མེད་ཀློང་དུ་བསྐང་། །འཁོར་འདས་དབྱེར་མེད་མཉམ་ཉིད་མངོན་གྱུར་ཏེ། །དོན་གཉིས་ལྷུན་གྲུབ་མཆོག་གི་དངོས་གྲུབ་སྩོལ། །དྲུག་པ་ལྷག་མ་བསྔོ་ཞིང་བཟློག་པ་ནི། བྷྱོཿ དཔལ་ཆེན་ཕོ་ཉ་དབང་ཕྱུག་གིང་ལངྐ། །ཕྲ་མེན་ཤུགས་འགྲོ་གནོད་སྦྱིན་ཚོགས་བཅས་ཀྱིས། །བྱང་ཆུབ་སེམས་ཀྱི་ལྷག་གཏོར་འདི་བཞེས་ལ། །ཕྲིན་ལས་རྣམ་བཞི་འབད་མེད་ལྷུན་གྲུབ་མཛོད། །ཆོས་བརྒྱད་འཁྲི་བ་ངེས་འབྱུང་དྲག་པོས་བཟློག །ལྷག་པའི་བསམ་སྦྱོར་བྱང་ཆུབ་མཆོག་ཏུ་བཟློག །ལྷ་དང་དགྲ་བགེགས་རང་སེམས་རྩ་བར་བཟློག །བདག་གཞན་ཆོས་རྣམས་མཉམ་ཉིད་ངང་དུ་བཟློག །བྱ་སྤྱོད་ཐམས་ཅད་ཤར་གྲོལ་རིས་མེད་བཟློག །འཁོར་འདས་དབྱེར་མེད་ཉག་གཅིག་ཀློང་དུ་བཟློག །ཨོཾ་ཨུ་ཙྪིཥྚ་བ་ལིངྟ་ཁཱ་ཧི། །ལྷག་མ་བསྔོས་ལ་སྨོན་ལམ་གདབ་བོ། །ཞེས་པ་འདིའང་དོན་བསྟན་སྣང་བྱེད་མཚུངས་མེད་ཆོས་སྤྲུལ་རིན་པོ་ཆེས་དཔལ་རྡོ་རྗེ་ཕུར་པའི་བསྙེན་སྒྲུབ་ལས་གསུམ་རྟགས་མཚན་ལྡན་པར་འགྲུབ་ཅིང་གཏང་རག་ཚོགས་མཆོད་རབ་འབྱམས་རྒྱ་མཚོའི་སྤྲིན་ཕུང་སྤྲོ་བའི་སྐབས། འདི་ལྟར་བྲིས་ཤིག་ཅེས་གསུང་གིས་བསྐུལ་བཞིན་ཆོས་དང་འཇིག་རྟེན་གཉིས་ཀས་དབུལ་བའི་ཉམ་ཐག་གྲུབ་སྲས་མིང་ཙམ་འཛིན་པའི་གྱི་ན་བ་དེས་བྲིས་ཁུལ་བྱས་པ་ཡིན་པས། ཉེས་འགལ་ཅི་མཆིས་མཁས་གྲུབ་རྣམས་ཀྱི་སྤྱན་སྔར་བཤགས་པ་འཚལ་ཞིང་། དགེ་བས་བྱང་ཆུབ་སྒྲུབ་པའི་བར་ཆད་རྨེག་མེད་དུ་ཞི་བའི་རྒྱུ་གྱུར་ཅིག། །།}}
</onlyinclude>
{{TsagliCall}}
<headertabs/>

Latest revision as of 16:26, 3 June 2024

Wylie title
Location 'phags mchog bka' 'bum
Volume 2, Text 7, Pages (Folios to )
Author འཕགས་མཆོག་རྡོ་རྗེ་
Less details More details
Citation 'phags mchog rdo rje. '. In Mtshungs med grub sras 'phags mchog rdo rje mchog gi gsung 'bum rin po che , Vol. : . Kathmandu: Khenpo Shedup Tenzin & Lama Thinley Namgyal, 2004.
Genre
[edit]
ཕུར་པའི་ཚོགས་བསྡུས་ཡེ་ཤེས་རོལ་མོ་ཞེས་བྱ་བ་བཞུགས་སོ།། དང་པོ་ཚོགས་བྱིན་རླབས་ནི། ཨཱཿ སྣང་སྲིད་སྣོད་བཅུད་ཚོགས་ཀྱི་རོལ་པ་ཤར། །བྱང་ཆུབ་སེམས་ཀྱི་རིག་རྩལ་འཕྲོ་བ་ལས། རྃ་ཡྃ་ཁྃ་གིས་དངོས་འཛིན་བསྲེགས་གཏོར་བཀྲུས། ཨོཾ་ཨཱཿཧཱུྃ་གིས་ཟག་མེད་བདུད་རྩིར་བསྒྱུར། གཉིས་པ་སྤྱན་འདྲེན་པ་ནི། ཧྲཱིཿ མཆོག་དམན་ཐ་དད་འཛིན་ཞེན་སྦྱང་བའི་ཕྱིར། །ཡེ་ཤེས་ཁྲོ་བོའི་ལྷ་ཚོགས་སྤྱན་འདྲེན་ནོ། །མ་རིག་གཟུང་འཛིན་ཞིག་པའི་རང་མལ་ནས། །སྣང་སྲིད་ལྷ་ཡི་དཀྱིལ་འཁོར་སྤྱན་འདྲེན་ནོ། །གཞི་གནས་རིག་པ་དྭངས་ཆ་འབྱིན་པ་ལས། །ཕྱི་གསལ་ཞི་ཁྲོའི་ལྷ་ཚོགས་སྤྱན་འདྲེན་ནོ། །ལོངས་སྐུའི་ཞིང་སྣང་དབྱིངས་སུ་ཐིམ་པ་ལས། །ཆོས་ཟད་གདོད་མའི་མགོན་པོ་སྤྱན་འདྲེན་ནོ། །ཨོཾ་བཛྲ་དྷརྨ་དྷཱརྟུ་ཀཱི་ལི་ཀཱི་ལ་ཡ། ཛཿཧཱུྃ་བཾ་ཧོཿ གསུམ་པ་མཆོད་པ་ནི། ཧཱུྃ། ཀུན་གཞི་ཚོགས་གཞོང་ཡངས་པའི་སྣོད་ནང་དུ། །སྣང་སྲིད་སྣོད་བཅུད་བག་ཆགས་ཚོགས་འཁོར་བཤམས། །ཡེ་ཤེས་ཁྲོ་བོའི་ལྷ་ཚོགས་མཉེས་ཕྱིར་འབུལ། །བདག་གཞན་གནས་སྐབས་འཇིགས་པ་བརྒྱད་སོགས་ཞི། །འབྱོར་བ་དྲུག་རྒྱས་ཚོགས་གཉིས་རབ་རྫོགས་ཏེ། །མཐར་ཐུག་གདོད་མའི་གནས་ལུགས་མངོན་གྱུར་ཤོག །ཨོཾ་གུ་རུ་དྷེ་ཝ་ཌཱཀྐི་ནཱི་བཛྲ་ཡཀྴ་ཀྲོ་དྷ་ག་ཎ་ཙ་ཀྲ་པཱུ་ཛ་ཁཱ་ཧི། བཞི་པ་བཤགས་པ་ནི། ཡེ་ནས་ལྷ་ཡི་དཀྱིལ་འཁོར་ལྷུན་གྲུབ་ཀྱང་། །བདག་མེད་བདག་ཏུ་བཟུང་བའི་འཁྲུལ་རྟོག་དང་། །བཟང་ངན་ཡུལ་ལ་ཕྱེས་པའི་བླང་དོར་རྣམས། །སྒོམ་བྱུང་ཤེས་རབ་གཉིས་མེད་ངང་འདིར་བཤགས། །ཡིག་བརྒྱ་བརྗོད་ཅིང་། ལྔ་པ་བསྒྲལ་བསྐང་ནི། ཀུན་གཞི་འཁྲུལ་རྟོག་ལས་བྱུང་དགྲ་བགེགས་བཅས། །རང་བྱུང་རིག་པ་མཚོན་ཆས་རྡུལ་དུ་བརླག །ཡེ་ཤེས་ལྷ་ཚོགས་མཉེས་ཕྱིར་ཞལ་དུ་སྦྱོར། །བདེ་སྟོང་ཟུང་འཇུག་ཡེ་ཤེས་དབྱིངས་སུ་བསྐང་། །སྣང་སྟོང་གཉིས་མེད་རང་བཞིན་རྣམ་དག་བསྐང་། །གསལ་སྟོང་རང་རིག་འཕོ་མེད་ཀློང་དུ་བསྐང་། །འཁོར་འདས་དབྱེར་མེད་མཉམ་ཉིད་མངོན་གྱུར་ཏེ། །དོན་གཉིས་ལྷུན་གྲུབ་མཆོག་གི་དངོས་གྲུབ་སྩོལ། །དྲུག་པ་ལྷག་མ་བསྔོ་ཞིང་བཟློག་པ་ནི། བྷྱོཿ དཔལ་ཆེན་ཕོ་ཉ་དབང་ཕྱུག་གིང་ལངྐ། །ཕྲ་མེན་ཤུགས་འགྲོ་གནོད་སྦྱིན་ཚོགས་བཅས་ཀྱིས། །བྱང་ཆུབ་སེམས་ཀྱི་ལྷག་གཏོར་འདི་བཞེས་ལ། །ཕྲིན་ལས་རྣམ་བཞི་འབད་མེད་ལྷུན་གྲུབ་མཛོད། །ཆོས་བརྒྱད་འཁྲི་བ་ངེས་འབྱུང་དྲག་པོས་བཟློག །ལྷག་པའི་བསམ་སྦྱོར་བྱང་ཆུབ་མཆོག་ཏུ་བཟློག །ལྷ་དང་དགྲ་བགེགས་རང་སེམས་རྩ་བར་བཟློག །བདག་གཞན་ཆོས་རྣམས་མཉམ་ཉིད་ངང་དུ་བཟློག །བྱ་སྤྱོད་ཐམས་ཅད་ཤར་གྲོལ་རིས་མེད་བཟློག །འཁོར་འདས་དབྱེར་མེད་ཉག་གཅིག་ཀློང་དུ་བཟློག །ཨོཾ་ཨུ་ཙྪིཥྚ་བ་ལིངྟ་ཁཱ་ཧི། །ལྷག་མ་བསྔོས་ལ་སྨོན་ལམ་གདབ་བོ། །ཞེས་པ་འདིའང་དོན་བསྟན་སྣང་བྱེད་མཚུངས་མེད་ཆོས་སྤྲུལ་རིན་པོ་ཆེས་དཔལ་རྡོ་རྗེ་ཕུར་པའི་བསྙེན་སྒྲུབ་ལས་གསུམ་རྟགས་མཚན་ལྡན་པར་འགྲུབ་ཅིང་གཏང་རག་ཚོགས་མཆོད་རབ་འབྱམས་རྒྱ་མཚོའི་སྤྲིན་ཕུང་སྤྲོ་བའི་སྐབས། འདི་ལྟར་བྲིས་ཤིག་ཅེས་གསུང་གིས་བསྐུལ་བཞིན་ཆོས་དང་འཇིག་རྟེན་གཉིས་ཀས་དབུལ་བའི་ཉམ་ཐག་གྲུབ་སྲས་མིང་ཙམ་འཛིན་པའི་གྱི་ན་བ་དེས་བྲིས་ཁུལ་བྱས་པ་ཡིན་པས། ཉེས་འགལ་ཅི་མཆིས་མཁས་གྲུབ་རྣམས་ཀྱི་སྤྱན་སྔར་བཤགས་པ་འཚལ་ཞིང་། དགེ་བས་བྱང་ཆུབ་སྒྲུབ་པའི་བར་ཆད་རྨེག་མེད་དུ་ཞི་བའི་རྒྱུ་གྱུར་ཅིག། །།