ཚོགས་བྱིན་རླབས་སྤྱན་འདྲེན་མཆོད་པ།

From Khyentse Lineage - A Tsadra Foundation Project
SPCD-KABUM-02-KHA-008
Wylie title tshogs byin rlabs spyan 'dren mchod pa SPCD-KABUM-02-KHA-008.pdf
Location 'phags mchog bka' 'bum
Volume 2, Text 8, Pages 327 (Folios 1a1 to 1a4)
Author འཕགས་མཆོག་རྡོ་རྗེ་
Less details More details
Citation 'phags mchog rdo rje. Tshogs byin rlabs spyan 'dren mchod pa. In Mtshungs med grub sras 'phags mchog rdo rje mchog gi gsung 'bum rin po che , Vol. 2: 327. Kathmandu: Khenpo Shedup Tenzin & Lama Thinley Namgyal, 2004.
Genre Descent of Blessings - byin 'bebs  ·  Feast Offering - tshogs mchod - tshogs kyi 'khor lo
Deity rdo rje phur pa
Colophon

།ཅེས་ཆོས་སྤྲུལ་རིན་པོ་ཆེས་ཕུར་པའི་ཚོགས་འབུམ་གསོག་སྐབས་གསུང་བསྐུལ་བཞིན། སྲས་མིང་པས་གང་དྲན་སྨྲས་པའོ། །དགེའོ།།

/ces chos sprul rin po ches phur pa'i tshogs 'bum gsog skabs gsung bskul bzhin/_sras ming pas gang dran smras pa'o/_/dge'o//

[edit]
༄༅། །ཚོགས་བྱིན་རླབས་སྤྱན་འདྲེན་མཆོད་པ་ནི། རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ། ཧྲཱིཿ སྣང་སྲིད་ཕུར་པའི་དཀྱིལ་འཁོར་འདིར། །ཡེ་ཤེས་ཁྲོ་བོ་སྤྱན་འདྲེན་ནོ། །སྣང་སྟོང་དབྱེར་མེད་ཚོགས་མཆོད་འབུལ། །བདེ་སྟོང་མཆོག་གི་དངོས་གྲུབ་སྩོལ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿ ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། དེ་ནས་བསྒྲལ་བཤགས་ནི། དགྲར་སྣང་ཐམས་ཅད་རང་བཞིན་སྟོང་པས་བསྒྲལ། །དབྱིངས་རིག་དབྱེར་མེད་ཟང་ཐལ་ཆེན་པོར་སྦྱོར། །གཟུང་འཛིན་རང་གར་ཤོར་བའི་འཁྲུལ་རྟོག་རྣམས། །རྒྱུ་འབྲས་འདས་པ་རིག་པའི་ངང་དུ་བཤགས། །ཡིག་བརྒྱ་བརྗོད་ཅིང་ཚར་གྲངས་དལ་ཆགས་པས་འདི་ལྟར་གསོག །ཅེས་ཆོས་སྤྲུལ་རིན་པོ་ཆེས་ཕུར་པའི་ཚོགས་འབུམ་གསོག་སྐབས་གསུང་བསྐུལ་བཞིན། སྲས་མིང་པས་གང་དྲན་སྨྲས་པའོ། །དགེའོ།། །།