DKYD-KABUM-08-NYA-013: Difference between revisions

From Khyentse Lineage - A Tsadra Foundation Project
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
༄༅། །རིག་འཛིན་ཐུགས་ཀྱི་ཐིག་ལེ་ལསཿ མན་ངག་གསང་བའི་ཡིག་ཆུང་བཞུགསཿ ཿ༄༅། །྅྅྅ འདུ་མ་བྱས་པ་ཆོས་ཀྱི་སྐུཿ ཀུན་བཟང་ཡབ་ཡུམ་ཐོག་མའི་མགོནཿ དབྱེར་མེད་སྟོན་པ་དྲི་མ་མེདཿ གུས་པས་འདོད་དོ་བྱིན་གྱིས་རློབསཿ གང་ཟག་དབང་པོ་དང་འཚམས་པའིཿ མན་ངག་རྣམ་གྲངས་མཐའ་ཡས་ཀྱངཿ རྩ་བ་རྡོ་རྗེའི་ཚིག་རྐང་གིཿ དགོངས་དོན་མ་ནོར་སྟོན་པ་ལཿ ཡེ་ཤེས་ཌཱཀྐིས་གནང་བ་སྩོལཿ གཏུམ་མོ་སྒྱུ་ལུས་རྨི་ལམ་དངཿ འོད་གསལ་ཐོད་རྒལ་ཆེན་པོ་ཡིཿ གདམས་པ་གཅིག་ཆར་ཉམས་ལེན་ཐབསཿ གནད་ཀྱི་ཟིན་བྲིས་འདི་ཀའོཿ དམ་ཚིག་ལ་གཅེས་སྤྲས་བྱེད་ཅིང་བླ་མ་སངས་རྒྱས་སུ་མཐོང་བའི་མོས་གུས་ཕྱིར་མི་ལྡོག་པའི་དད་པའི་གཞི་ཚུགས་ཐེ་ཚོམ་དང་བྲལ་ཞིང་གདམས་ངག་ལ་ཡིད་ཆེས་གདེང་ཚུགས་པའི་གང་ཟག་སྐལ་པ་དང་ལྡན་པ་དག་གིས་ཐོག་མར་དྲི་ཆུས་ལུས་བཀྲུསཿ ཛ་ཊི་དང་རྩི་མར་འབྲུ་མར་གང་རུང་གིས་བསྐུ་མཉེ་བྱཿ ལུས་སེམས་དལ་བའི་གནད་ལ་བསླབ་ཅིང་གདན་འབོལ་བའི་ཁརཿ རྣམ་སྣང་ཆོས་བདུན་དང་ལྡན་པའི་བླ་མའི་རྣལ་འབྱོར་གནད་དུ་བསྣུནཿ སླར་ཡང་རྩེ་གཅིག་གུས་པས་གསོལ་བ་འདི་ལྟར་བཏབ་པོཿ ཨེ་མ་ཧོཿ རང་སྣང་རྣམ་དག་བདེ་ཆེན་འཁོར་ལོ་ནཿ ཀུན་བཟང་ཐོག་མའི་མགོན་པོ་དྲི་མ་མེདཿ དགའ་རབ་དཔའ་བོ་ཤྲཱི་སེང་པདྨ་འབྱུངཿ དབྱེར་མེད་དྲིན་ཆེན་བླ་མར་གསོལ་བ་འདེབསཿ དག་པ་རབ་འབྱམས་རྡོ་རྗེའི་ཕུང་པོའི་གྲོངཿ ཕུང་ལྔ་དག་པ་རྒྱལ་བ་རིགས་མཆོག་ལྔཿ འབྱུང་ལྔ་རྣམ་དག་ཤེས་རབ་ཡུམ་ཆེན་ལྔཿ སྐྱེ་མཆེད་དཀར་དམར་ཐིག་ལེ་བྱང་ཆུབ་སེམསཿ བྷུདྡྷ་བཛྲ་རཏྣ་པདྨ་དངཿ ཀརྨཱའི་ལྷ་ཚོགས་རྣམས་ལ་གསོལ་བ་འདེབསཿ དགའ་དང་མཆོག་དགའ་དགའ་བྲལ་ལྷན་ཅིག་སྐྱེསཿ ཞུ་བདེའི་འགྲོས་ཀྱིས་དྲངས་པའི་རྩལ་རྫོགས་ཚེཿ ཟག་པ་བག་ཆགས་བཅས་པ་ཡོངས་ཟད་ནསཿ རགས་ལུས་དྭངས་མའི་དབྱིངས་སུ་གྲོལ་བར་ཤོགཿ གནས་སྐབས་རྩ་འབྱོངས་རླུང་ཆུན་ཐིག་ལེ་འཕེལཿ དྭངས་མའི་ཀློང་དུ་འཕོ་མེད་བཙན་ས་ཟིནཿ སྐུ་དང་ཐིག་ལེ་དབྱེར་མེད་རོ་གཅིག་འདྲེསཿ འོད་ལུས་ཡེ་ཤེས་སྙིང་པོར་གྲོལ་བར་ཤོགཿ ཅེས་གསོལ་བ་བཏབ་པས་སྤྱི་བོར་བླ་མ་ཡབ་ཡུམ་མོས་པ་དང་འཚམས་པའི་གསལ་བཏབ་ཅིངཿ སྐུ་ལས་བྱུང་བའི་འོད་ཟེར་ཚངས་བུག་ནས་ཞུགས་ཤིང་ལུས་དང་རྩ་ཁམས་ལ་གནས་པའི་མ་རིག་ཉོན་མོངས་གཟུང་འཛིན་སྒྲིབ་གཉིས་བག་ཆགས་དམ་ཚིག་ཉམས་ཆགས་ཀུན་འོད་ནག་པོའི་རྣམ་པར་སྣ་བུག་གཉིས་དང་ཁ་ནས་ཕྱིར་ཐོན་ཅིང་ས་གཞིར་ཐིམ་པར་མོས་ལཿ སྣ་བུག་གཡས་གཡོན་རེས་མོས་ལན་གསུམ་རེ་དང་ཆ་མཉམ་གྱིས་གསུམཿ ཁ་ནས་ཧ་སྒྲ་གསུམ་དང་བཅས་འོག་རླུང་དྲག་ཏུ་འཐེན་ཞིང་ལག་གཉིས་འཕེན་སྡུད་དྲག་པོ་བྱས་ལཿ ལུས་ཀྱི་ནང་ཁོང་ཤེལ་གྱི་བུམ་པ་གཡའ་དག་པ་ལྟར་སོང་ཞིང་དངས་གསལ་སྒྲིབ་གཡོགས་དང་བྲལ་བར་བསམཿ དེ་ནས་སེམས་དཔའི་སྐྱིལ་ཀྲུང་གི་རྡོ་རྗེ་ཁུ་ཚུར་པུས་སྟེང་བཞག་དཔུང་བ་གཟེང་བསྟོད་རྒལ་ཚིག་མདའ་ལྟར་བསྲངཿ མགྲིན་པའི་ཨོལ་མདུད་ནོན་ཙམ་བྱསཿ མིག་མི་འགུལ་བར་ཐད་ཀར་བཞགཿ སོ་དང་མཆུ་གཉིས་མ་རེག་ཙམ་བྱ་ཞིངཿ གསོལ་བ་གོང་ལྟར་བཏབ་ཅིང་ཡིད་ཀྱིས་མོས་གུས་དྲག་པོ་བྱས་པའི་རྐྱེན་གྱིས་བླ་མའི་ཞལ་ནས་ཨཱཿདཀར་དམར་མཐིང་གསུམ་མུ་ཏིག་གི་ཕྲེང་བ་ལྟར་བྱུངཿ རང་གི་སྣ་བུག་གཡོན་ནས་ཞུགས་རོ་མའི་ལམ་བརྒྱུད་དེ་དབུ་མའི་མར་སྣ་ནས་ཞུགས་སྤྱི་བོའི་ཡར་སྣ་བར་སོང་བར་བསམ་ལཿ རླུང་དལ་བུས་ནང་དུ་རྔུབ་ཅིང་འོག་རླུང་འཐེན་ཙམ་བྱས་ལ་སྨད་དུ་བསྐྱིལཿ དེའི་ཚེ་དམིགས་པ་འདི་བཞིན་བྱ་སྟེཿ རང་ལུས་གདོས་བཅས་འཇའ་ལྟར་ཡལཿ སྐད་ཅིག་དྲན་རྫོགས་འོད་ཀྱི་ལུསཿ རིག་འཛིན་དཔའ་བོ་བཛྲ་ནིཿ དཀར་གསལ་སྐྱིལ་མོ་ཀྲུང་དང་བཅསཿ དབུ་སྐྲ་ཐོར་ཚུགས་ལྷག་མ་གཟརཿ ཕྱག་གཉིས་རྡོར་དྲིལ་བསྣོལ་བའི་པངཿ རྣལ་འབྱོར་དམར་མོ་གྲི་ཐོད་འཛིནཿ གཞོན་ཚུལ་མཛེས་འཛུམ་ལྡན་པས་འཁྱུདཿ ཡབ་ཡུམ་རྒྱན་མེད་འོད་ཟེར་འབརཿ པདྨ་ཟླ་བ་ཉི་མའི་གདནཿ ཚ་ཟེར་བདེ་དྲོད་འབར་བར་བཞུགསཿ དབུ་མ་མཐིང་ཀ་འཁྲུད་གང་ཟླུམཿ མར་སྣར་རོ་རྐྱང་དཀར་དམར་གྱེསཿ སྣང་བ་སྒྱུ་མ་སྨིག་རྒྱུར་བལྟཿ དམིགས་པ་དེའི་ངང་ནས་འཇམ་རླུང་དལ་བུས་བཟུང་སྟེ་ཕྱིར་ཕྱུང་ཚེ་ཨཱཿཡིག་གི་ཕྲེང་བ་དབུ་མའི་མར་སྣ་ནས་རོ་མའི་ལམ་བརྒྱུད་དེ་སྣ་བུག་གཡས་ནས་ཐོནཿ མདུན་གྱི་ནམ་མཁར་གྱི་ལེར་གནས་པ་ལ་རིག་པ་གཏད་ཅིང་རླུང་ཕྱིར་འཛིན་ལ་བསླབཿ ཡང་སྔར་ལྟར་གཡས་ནས་འཇུག་ཅིང་གཡོན་ནས་ཕྱུངས་པ་དང་གཡོན་ནས་འཇུག་ཅིང་གཡས་ནས་ཕྱུངས་པ་རེས་མོས་བསླབ་པས་རླུང་འབྱུང་འཇུག་གནས་གསུམ་ཡི་གེའི་འཁོར་ལོར་དག་ཅིང་གེགས་ཞིཿ འབྱུང་བ་ལྔ་རང་སར་ཆུད་པར་འགྱུར་རོཿ སྔོན་དུ་འགྲོ་བའི་རིམ་པའོཿ དངོས་གཞིའི་དང་པོར་ལུས་སྦྱང་ཆེན་མོ་ནི་སྤྱི་བོར་བླ་མའི་སྐུ་ལས་འོད་ཟེར་སྣ་ལྔ་འཕྲོས་པས་སྣོད་བཅུད་ཐམས་ཅད་མེར་མེར་ཞུ་སྟེ་ནམ་མཁའ་སྔོ་སང་གི་རྣམ་པར་བསྡུས་ཤིང་དྲོད་བཅུད་དང་ལྡན་པ་ཧུབ་ཀྱིས་དལ་བུས་རྔུབ་སྟེ་སྨད་དུ་བསྐྱིལཿ ཕོ་བ་གདངས་ཤིང་ལུས་ཀྱི་ནང་ཁོང་སྔོ་མེར་གྱི་གང་བ་དམིགསཿ གདོས་བཅས་ཟག་པ་བག་ཆགས་མ་རིག་གཟུང་འཛིན་ཉོན་ཤེས་ཀྱི་སྒྲིབ་པ་ཀུན་སང་སང་དག་པར་བསམཿ འཇམ་རླུང་ཅི་གནས་སུ་བཞགཿ མ་ཐུབ་ཚེ་དགངས་བཞིན་པར་ཁ་ནས་དལ་བུས་བཏང་ཞིངཿ སྔར་ལྟར་རྔུབ་ཅིང་ལན་གྲངས་སུ་བཟུང་ཞིངཿ སྐབས་སུ་ལུས་ཚུགས་མ་ཞིག་པར་ལག་གཉིས་དཔུང་ཐད་ཀྱི་ནམ་མཁར་ཤད་ཀྱིས་བརྒྱངས་པ་དང་རྐང་བ་དྲང་སྲོང་ཙོག་པུར་བསྙེན་པ་དངཿ མདུན་ངོས་སུ་ཤད་ཀྱིས་བརྐྱང་བ་སོགས་ཅི་བདེར་བྱ་ལ་སོར་མོ་རྣམས་ནང་དུ་བཀུག་ཅིང་ཆུན་བཙལཿ ཐུན་མཇུག་རླུང་བརྒྱངས་ཤིང་འོག་རླུང་ཅུང་ཟད་འཐེན་པས་བར་རླུང་དང་བཅས་མི་དམིགས་པའི་ངང་ནས་ལྟ་བའི་ངང་མདངས་བསྐྱང་ངོཿ རྗེས་ཐོབ་འགྲོ་འཆག་ཉལ་ཟས་གང་གི་ཚེའང་བར་རླུང་དང་མི་འབྲལ་པར་བྱའོཿ གཉིས་པ་བྱིན་འཇུག་འབར་འཛག་བདེ་དྲོད་རབ་འབར་ནིཿ ལུས་དང་རྩ་ཡི་སྟོང་ར་གསལ་བཏབ་ཅིང་མོས་གུས་རྩེ་གཅིག་གིས་གསོལ་བ་དྲག་ཏུ་བཏབཿ བླ་མ་ཚངས་བུག་ནས་དབུ་མའི་ལམ་བརྒྱུད་སྙིང་དབུས་སུ་ཞུགས་པ་སྣོད་བཅུད་འབྱུང་ལྔའི་བཀྲག་མདངས་བཅུད་དུ་དྲངས་ཤིང་རོ་རྐྱང་དབུ་མའི་ལམ་བརྒྱུད་སྙིང་ཀའི་བླ་མ་ཡབ་ཡུམ་མཆོད་པས་ཐུགས་དགྱེས་ཤིང་ཚིམཿ ཚོགས་རྫོགས་སྒྲིབ་པ་དག་སྐུའི་བཀྲག་མདངས་རྒྱསཿ དབང་དང་བྱིན་རླབས་གནང་བར་དགོངས་པ་གཏད་ཅིང་ཡབ་སྤྱི་བོར་ཚངས་བུག་ཏུ་ཧཾ་ཡིག་ཧེ་རུ་ཀའི་རྣམ་པར་བཞུགསཿ ཡུམ་མར་སྣས་སུམ་མདོར་དབྱིངས་ཕྱུག་ཐིག་དམར་ཨཿཤད་ཀྱི་མཚན་པར་གནས་པར་བསམཿ འཁོར་འདས་ཀྱི་དྭངས་བཅུད་ནམ་མཁའི་རླུང་རོ་རྐྱང་གི་ལམ་ནས་དྲངས་ཤིང་ལུས་མདོའི་ཨཿཤད་ལ་སིབ་སིབ་ཐིམ་པས་བདེ་བ་བྱིན་རླབས་ཡེ་ཤེས་ཀྱི་མེ་ལྕེ་རབ་ཏུ་ཚ་བ་འབར་ཞིངཿ གསང་གནས་བདེ་སྐྱོང་འཁོར་ལོའི་རྩ་འཁོར་ལྗང་གུ་རྩ་ཕྲན་དང་བཅས་རྩེ་མོ་གྱེན་བསྟན་ཀུན་ཁེངསཿ མེ་ལྕེའི་དབལ་ཚ་བས་བདེ་དྲོད་གློ་བུར་སྐྱེས་པར་བསམཿ རླུང་ཁུག་དམིགས་པ་དང་བསྟུན་ཞིང་ཕོ་བསྐོར་བྱཿ རིམ་བཞིན་ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འཁོར་དམར་པོཿ སྙིང་ཀ་ཆོས་ཀྱི་འཁོར་ལོ་རྩ་འཁོར་མཐིང་གཿ མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འཁོར་སེར་པོཿ དེ་རྣམས་གདུགས་ཀྱི་རྩིབ་མ་ལྟར་རྩ་ཕྲན་དང་བཅས་པ་གྱེན་དུ་བསྟེན་པར་གནས་པ་ལས་མས་རིམ་ནས་སོ་སོའི་གནས་སུ་རླུང་ཁུག་དང་བསྟུན་ཞིང་མེ་ལྕེས་ཀུན་ལ་ཁྱབ་པར་བདེ་དྲོད་སྤེལ་ཞིང་ཕོ་སྐོར་ལན་རེ་བྱའོཿ དེ་ནས་སྤྱི་བོའི་རྩ་འཁོར་དཀར་པོ་རྩ་ཕྲན་དང་བཅས་ཐུར་བསྟན་མེ་ལྕེས་ཁྱབ་པར་བྱ་ཞིང་མགོ་བོ་བསྐོར་མཐར་སྤྱི་བོའི་ཧེ་རུ་ཀ་ཡུམ་གྱི་ཆགས་པའི་མེ་ལྕེས་རེག་པ་འཕྲོདཿ ཞུ་བདེའི་ཉམས་རྒྱས་འོད་ཟེར་སྣ་ལྔ་འཕྲོས་སྐུ་གསུམ་རྒྱལ་བ་དང་རྩ་གསུམ་དཔའ་བོ་མཁའ་འགྲོའི་ཐུགས་རྗེ་བྱིན་རླབས་དབང་དང་དངོས་གྲུབ་སྐུ་དང་ཡིག་འབྲུ་ཕྱག་མཚན་འོད་ཟེར་གྱི་རྣམ་པར་བྱོན་ནས་ཧེ་རུ་ཀ་ལ་སིབ་སིབ་ཐིམཿ བཀྲག་མདངས་གཟི་བརྗིད་རབ་ཏུ་རྒྱསཿ འཁོར་འདས་འབྱུང་ལྔའི་དངས་བཅུད་ཀྱང་བསྡུས་པར་བསམ་མོཿ ཡང་ཧཾ་ཡིག་བླ་མ་དབྱེར་མེད་པར་མོས་གུས་ཤུགས་བསྐྱེད་ཡུམ་གྱི་བདེ་བའི་མེ་ལྕེའི་དྲོད་ཀྱིས་ཐུགས་རྒྱུད་བསྐུལ་བའི་བྱིན་རླབས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབ་ཅིང་སྤྱི་བོ་བདེ་ཆེན་གྱི་འཁོར་ལོའི་རྩ་འཁོར་ཡོངས་རྫོགས་བདུད་རྩི་མེ་དང་དབྱེར་མེད་ཀྱིས་ལྟེམ་གྱིས་གངཿ དེ་ན་བཞུགས་པའི་བྷུདྡྷའི་ལྷ་ཚོགས་མཆོད་ཅིང་མཉེསཿ སྐུ་བུམ་པའི་དབང་ཐོབ་པ་ཡིན་ནོཿ མགོ་བོ་གཡས་གཡོན་ལན་གསུམ་རེ་བསྒྲིལ་ཞིང་སྤྱི་བོའི་རྩ་འཁོར་རྣམས་ཤད་བསྐྱེད་པའི་རྩ་མདུད་གྲོལ་བའི་དགོས་པ་ཡོད་དོཿ འབྲས་བུ་ཡེ་ཤེས་དང་པོ་ངོས་ཟིན་པའི་དགོས་པ་ཡོད་དོཿ དར་ཅིག་ངོ་བོར་བལྟའོཿ བདུད་རྩི་མགྲིན་པར་བབ་ལོངས་སྤྱོད་འཁོར་ལོའི་རྩ་འཁོར་ཁྱབཿ དེར་བཞུགས་རཏྣའི་ལྷ་ཚོགས་མཆོད་ཅིང་མཉེསཿ གསང་བའི་དབང་ཐོབ་མགྲིན་པའི་འཕྲུལ་འཁོར་བྱ་ཞིང་རྩ་འཁོར་ཤད་བསྐྱེད་རྩ་མདུད་བཀྲོལཿ འབྲས་བུ་ཡེ་ཤེས་གཉིས་པ་ངོས་ཟིན་པར་འགྱུརཿ རང་ཐོག་ཏུ་བཞག་གོཿ སྙིང་ཀར་བབ་ཅིང་ཆོས་ཀྱི་འཁོར་ལོ་མེ་དང་བདུད་རྩི་དབྱེར་མེད་པའི་ལྟེམ་གྱིས་གངཿ བཛྲ་རིགས་ཀྱི་ལྷ་ཚོགས་མཆོད་ཅིང་མཉེསཿ ཐུགས་བདེ་ཆེན་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པའོཿ སྙིང་ཀའི་འཕྲུལ་འཁོར་བྱ་ཞིང་རྩ་ཤད་བསྐྱེད་དོཿ དེ་ལ་གོམས་པས་ཡེ་ཤེས་གསུམ་པ་འཆརཿ དར་ཅིག་རང་ཐོག་ཏུ་ཀློད་པ་གནད་དམ་པའོཿ ལྟེ་བར་བབ་སྤྲུལ་པའི་འཁོར་ལོའི་རྩ་འཁོར་ཀུན་མེ་དང་བདུད་རྩི་དབྱེར་མེད་ཀྱིས་གངཿ དེར་བཞུགས་པདྨ་དབང་གི་ལྷ་མཆོད་ཅིང་མཉེསཿ ཡེ་ཤེས་རིག་པ་རྩལ་གྱི་དབང་ཐོབཿ ལྟེ་བའི་འཕྲུལ་འཁོར་ལ་བསླབ་ཅིང་རྩ་ཤད་བསྐྱེདཿ དབང་སྡུད་བྱ་ཞིང་རྩ་མདུད་བཀྲོལཿ གོམས་པས་ཡེ་ཤེས་བཞི་པ་འཆརཿ ངང་མདངས་དར་ཅིག་སྐྱོང་བའོཿ དེ་ནས་གསང་བར་བབ་བདེ་སྐྱོང་འཁོར་ལོའི་རྩ་འཁོར་གངཿ ཀརྨཱའི་ལྷ་ཚོགས་མཆོད་པས་མཉེས་ཤིང་ཚིམཿ གསང་བའི་འཕྲུལ་འཁོར་དང་ཡན་ལག་འཕེན་སྡུད་ལ་བསླབཿ བདུད་རྩི་ཨཿཤད་ལ་ཕོག་པས་མེ་དང་བདུད་རྩི་དབྱེར་མེད་ཕྱུར་བས་རྩ་གནས་དང་ལུས་ནང་ཀུན་ཁྱབཿ བདེ་དྲོད་མེ་ལྟར་འབར་བར་བསམཿ དྲག་རླུང་དང་བསྟུན་ཤེས་པ་མ་བཅོས་པར་བཞག་པས་སྤྲོས་མེད་དོན་གྱི་དབང་ཐོབཿ དད་པ་བརྟན་ཞིང་ཉམས་ལེན་ལ་གོམ་འདྲིས་སོང་བ་དག་དབའ་རླབ་ལ་བརྟེན་པའི་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་འཆར་ཞིང་ངོ་འཕྲོད་པར་འགྱུར་རོཿ གནད་ཀྱི་གདམས་པ་བླ་མའི་ཞལ་ལས་ཤེས་པར་བྱའོཿ དེ་ཡང་ལམ་འདིའི་སྦྱང་བ་མཐར་ཕྱིན་ཅིང་ཆོས་ཉིད་ལ་གོམས་འདྲིས་མངོན་དུ་གྱུར་པ་ལས་ལམ་འདིའི་གནད་རྟོགས་པར་དཀའ་སྟེ་ལམ་དུས་ཀྱི་གང་ཟག་གི་ཐིག་ལེ་སྲོག་ལྟར་སྲུང་ཞིང་དམ་ཚིག་ལ་གཅེས་སྤྲས་སུ་བྱས་ན་བདེ་དྲོད་མེ་ལྟར་འབར་ཞིང་ཉམས་ཀྱི་ཤུན་པ་དོརཿ ཉམས་མྱོང་གི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེསཿ རྩ་རླུང་ཐིག་ལེ་ལས་སུ་རུང་ཞིང་འདུ་བའི་ནད་སེལ་ཐིག་ལེ་འཕེལཿ གཞོན་ཤ་ཆགས་ཤིང་མིག་གསལཿ ཤེས་པ་བདེ་ཞིང་ལུས་མེད་སྣང་སྙམས་པ་སོགས་ལམ་རྟགས་ཀྱི་ཡོན་ཏན་ཁྱད་པར་ཅན་རྒྱུད་ལ་སྐྱེའོཿ བདེ་དྲོད་སྐྱེ་བའི་འཕྲུལ་འཁོར་བྲབ་པ་ནིཿ རྡོ་རྗེའི་ཁུ་ཚུར་ཐད་དུ་བརྐྱང་ཿ ཐལ་མོ་རྡེབ་ཅིང་དྲག་ཏུ་མཉེཿ སྤྱི་བོར་མགྲིན་པ་སྙིང་ཀ་དངཿ མཆན་ཁུང་ལྟེ་བ་མཁལ་ཁུང་གཉིསཿ གསང་གནས་བརླ་གཉིས་སྟེང་དུ་བྲབཿ དེ་དག་བྱུག་པ་གཞིལ་བ་སྟེཿ རྐང་ལག་སྐྱིལ་མོ་ཀྲུང་བཅས་ཏེཿ གྲིམ་གྱིས་བསྒྲིམས་ཤིང་བསྐོར་བ་གཅུདཿ ཆུན་བཙལ་རྡོ་རྗེ་སྐྱིལ་མོ་ཀྲུངཿ ཐལ་མོ་མཁལ་ཁུང་གཡས་གཡོན་འཁྱུདཿ དལ་བུས་པུས་སྟེང་ཕྲག་པར་རེགཿ དགྱེ་དགུ་སྤེལ་མ་གསུམ་བྱའོཿ རྩ་ཤད་རྡོ་རྗེའི་ཁུ་ཚུར་གྱིསཿ མདུན་གྱི་མཁའ་ལ་ལན་བདུན་བསྒྲེངཿ རྡོ་རྗེའི་ཁུ་ཚུར་སྟ་ཟུར་བཞགཿ རྐང་པ་གཡས་གཡོན་རེས་མོས་བསྒྲེངཿ མགོ་བོ་དགྱེ་དགུ་ལན་གསུམ་མཐརཿ ལུས་ཀུན་ཁྱབ་པར་བྱུག་པའོཿ བརྡབ་ཆུང་གསུམ་མཐར་ཧ་སྤྲུགས་བྱཿ འཛིན་འདྲེན་དགྲམ་པའི་རྣལ་འབྱོར་པསཿ རིགས་མཆོག་ལྔ་ཡི་འཕྲུལ་འཁོར་ནིཿ གཏི་མུག་རྣམ་པར་དག་བྱའི་ཕྱིརཿ གླང་པོ་ཆེ་ཡི་སྟངས་སྟབས་ཀྱིསཿ རླུང་རོ་ལྷག་མ་མེད་པར་ཕྱུངསཿ ཧུ་སྒྲ་གསུམ་གྱིས་ནང་དུ་རྔུབཿ མགོ་ཅོག་གསུམ་གྱིས་གྱེན་དུ་འཐེནཿ ཞེ་སྡང་རྣམ་པར་དག་བྱའི་ཕྱིརཿ སེང་གེའི་སྟངས་ཀྱིས་འོག་རླུང་འཐེནཿ བར་རླུངས་བརྒྱངས་ཤིང་ངར་སྒྲ་འདོནཿ མཆོངས་སྟངས་གསུམ་གྱིས་མཁའ་ལ་གཏདཿ ང་རྒྱལ་རྣམ་པར་དག་བྱའི་ཕྱིརཿ གྱི་ལིང་སྟངས་སྟབས་བར་རླུང་མནནཿ སྟེང་འོག་རླུང་གཉིས་རང་སར་བཞགཿ ཡན་ལག་ནམ་མཁར་ལན་གསུམ་བསྒྲེངསཿ རྒལ་བ་སར་བརྡབ་མཐིལ་བཞི་བཙུགསཿ དམིགས་གནད་ལྡན་པས་ལན་དགུ་སྤྲུགསཿ འདོད་ཆགས་རྣམ་པར་དག་བྱའི་ཕྱིརཿ རྨ་བྱའི་ཟློས་གར་བསྒྱུར་བ་བཞིནཿ བྲང་དང་ལྟེ་བ་སར་གཏད་ཅིངཿ མགོ་བོ་ཡན་ལག་ཕྱིར་བརྐྱངས་ཤིང་ཿ རླུང་གནད་ལུས་ཀུན་ཁྱབ་པར་བྱཿ བརྒྱངས་པས་རྩ་མདུད་རྣམ་པར་གྲོལཿ ཕྲག་དོག་རྣམ་པར་དག་བྱའི་ཕྱིརཿ ཤང་ཤང་སྟངས་སྟབས་རྐང་གཉིས་གཤིབཿ ལག་གཉིས་སྤྱི་བོར་ཐལ་མོ་སྦྱརཿ སྤྱི་བོའི་ཧཾཿལ་རིག་པ་བཟུངཿ ལག་པ་གཡས་གཡོན་རེས་མོས་བརྒྱངསཿ ཕྱོགས་མཐུན་གཅུད་བསྐོར་གསུམ་རེས་མཐརཿ ཁུ་ཚུར་མཁར་བསྒྲེངས་འཕར་སྟངས་གསུམཿ སླར་ཡང་རྡོ་རྗེའི་འདུག་སྟངས་ཀྱིསཿ འཁོར་འདས་ཀུན་ཀྱི་བདུད་འདྲེན་ཞིངཿ གེགས་སེལ་ཧ་སྤྲུག་བརྡབ་ཆུང་བྱཿ གཏུམ་མོའི་དངོས་གཞིའི་ཉམས་ལེན་ཏེཿ ཐབས་ཀྱི་ལམ་མཆོག་བླ་ན་མེདཿ བརྩོན་འགྲུས་ལྡན་པས་འདི་ལ་འབོདཿ ས་མ་ཡཱཿ སྙན་བརྒྱུད་ལས་གསང་བའི་འཕྲུལ་འཁོར་གབ་པ་མངོན་དུ་ཕྱུང་བའོཿ ཿ
{{Text
|classification=Tibetan Publications
|subclass=Tibetan Texts
|collectiontitle=mdo mkhyen brtse bka' 'bum
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ།
|totalvolumes=8
|author=Mdo mkhyen brtse
|authortib=མདོ་མཁྱེན་བརྩེ་
|citation=
|language=Tibetan
|pagestatus=Temporary stub only
|volumenumber=08
|volumeLetter=NYA
|textnuminvol=013
|pdflink=File:DKYD-KABUM-08-NYA-013.pdf
|InitCategories=Khyentse Lineage Project; DKYD-KABUM-Volume-08-NYA
}}
<h1>Tibetan Text</h1>
<onlyinclude>
{{TibP|༄༅། །རིག་འཛིན་ཐུགས་ཀྱི་ཐིག་ལེ་ལསཿ མན་ངག་གསང་བའི་ཡིག་ཆུང་བཞུགསཿ ཿ༄༅། །྅྅྅ འདུ་མ་བྱས་པ་ཆོས་ཀྱི་སྐུཿ ཀུན་བཟང་ཡབ་ཡུམ་ཐོག་མའི་མགོནཿ དབྱེར་མེད་སྟོན་པ་དྲི་མ་མེདཿ གུས་པས་འདོད་དོ་བྱིན་གྱིས་རློབསཿ གང་ཟག་དབང་པོ་དང་འཚམས་པའིཿ མན་ངག་རྣམ་གྲངས་མཐའ་ཡས་ཀྱངཿ རྩ་བ་རྡོ་རྗེའི་ཚིག་རྐང་གིཿ དགོངས་དོན་མ་ནོར་སྟོན་པ་ལཿ ཡེ་ཤེས་ཌཱཀྐིས་གནང་བ་སྩོལཿ གཏུམ་མོ་སྒྱུ་ལུས་རྨི་ལམ་དངཿ འོད་གསལ་ཐོད་རྒལ་ཆེན་པོ་ཡིཿ གདམས་པ་གཅིག་ཆར་ཉམས་ལེན་ཐབསཿ གནད་ཀྱི་ཟིན་བྲིས་འདི་ཀའོཿ དམ་ཚིག་ལ་གཅེས་སྤྲས་བྱེད་ཅིང་བླ་མ་སངས་རྒྱས་སུ་མཐོང་བའི་མོས་གུས་ཕྱིར་མི་ལྡོག་པའི་དད་པའི་གཞི་ཚུགས་ཐེ་ཚོམ་དང་བྲལ་ཞིང་གདམས་ངག་ལ་ཡིད་ཆེས་གདེང་ཚུགས་པའི་གང་ཟག་སྐལ་པ་དང་ལྡན་པ་དག་གིས་ཐོག་མར་དྲི་ཆུས་ལུས་བཀྲུསཿ ཛ་ཊི་དང་རྩི་མར་འབྲུ་མར་གང་རུང་གིས་བསྐུ་མཉེ་བྱཿ ལུས་སེམས་དལ་བའི་གནད་ལ་བསླབ་ཅིང་གདན་འབོལ་བའི་ཁརཿ རྣམ་སྣང་ཆོས་བདུན་དང་ལྡན་པའི་བླ་མའི་རྣལ་འབྱོར་གནད་དུ་བསྣུནཿ སླར་ཡང་རྩེ་གཅིག་གུས་པས་གསོལ་བ་འདི་ལྟར་བཏབ་པོཿ ཨེ་མ་ཧོཿ རང་སྣང་རྣམ་དག་བདེ་ཆེན་འཁོར་ལོ་ནཿ ཀུན་བཟང་ཐོག་མའི་མགོན་པོ་དྲི་མ་མེདཿ དགའ་རབ་དཔའ་བོ་ཤྲཱི་སེང་པདྨ་འབྱུངཿ དབྱེར་མེད་དྲིན་ཆེན་བླ་མར་གསོལ་བ་འདེབསཿ དག་པ་རབ་འབྱམས་རྡོ་རྗེའི་ཕུང་པོའི་གྲོངཿ ཕུང་ལྔ་དག་པ་རྒྱལ་བ་རིགས་མཆོག་ལྔཿ འབྱུང་ལྔ་རྣམ་དག་ཤེས་རབ་ཡུམ་ཆེན་ལྔཿ སྐྱེ་མཆེད་དཀར་དམར་ཐིག་ལེ་བྱང་ཆུབ་སེམསཿ བྷུདྡྷ་བཛྲ་རཏྣ་པདྨ་དངཿ ཀརྨཱའི་ལྷ་ཚོགས་རྣམས་ལ་གསོལ་བ་འདེབསཿ དགའ་དང་མཆོག་དགའ་དགའ་བྲལ་ལྷན་ཅིག་སྐྱེསཿ ཞུ་བདེའི་འགྲོས་ཀྱིས་དྲངས་པའི་རྩལ་རྫོགས་ཚེཿ ཟག་པ་བག་ཆགས་བཅས་པ་ཡོངས་ཟད་ནསཿ རགས་ལུས་དྭངས་མའི་དབྱིངས་སུ་གྲོལ་བར་ཤོགཿ གནས་སྐབས་རྩ་འབྱོངས་རླུང་ཆུན་ཐིག་ལེ་འཕེལཿ དྭངས་མའི་ཀློང་དུ་འཕོ་མེད་བཙན་ས་ཟིནཿ སྐུ་དང་ཐིག་ལེ་དབྱེར་མེད་རོ་གཅིག་འདྲེསཿ འོད་ལུས་ཡེ་ཤེས་སྙིང་པོར་གྲོལ་བར་ཤོགཿ ཅེས་གསོལ་བ་བཏབ་པས་སྤྱི་བོར་བླ་མ་ཡབ་ཡུམ་མོས་པ་དང་འཚམས་པའི་གསལ་བཏབ་ཅིངཿ སྐུ་ལས་བྱུང་བའི་འོད་ཟེར་ཚངས་བུག་ནས་ཞུགས་ཤིང་ལུས་དང་རྩ་ཁམས་ལ་གནས་པའི་མ་རིག་ཉོན་མོངས་གཟུང་འཛིན་སྒྲིབ་གཉིས་བག་ཆགས་དམ་ཚིག་ཉམས་ཆགས་ཀུན་འོད་ནག་པོའི་རྣམ་པར་སྣ་བུག་གཉིས་དང་ཁ་ནས་ཕྱིར་ཐོན་ཅིང་ས་གཞིར་ཐིམ་པར་མོས་ལཿ སྣ་བུག་གཡས་གཡོན་རེས་མོས་ལན་གསུམ་རེ་དང་ཆ་མཉམ་གྱིས་གསུམཿ ཁ་ནས་ཧ་སྒྲ་གསུམ་དང་བཅས་འོག་རླུང་དྲག་ཏུ་འཐེན་ཞིང་ལག་གཉིས་འཕེན་སྡུད་དྲག་པོ་བྱས་ལཿ ལུས་ཀྱི་ནང་ཁོང་ཤེལ་གྱི་བུམ་པ་གཡའ་དག་པ་ལྟར་སོང་ཞིང་དངས་གསལ་སྒྲིབ་གཡོགས་དང་བྲལ་བར་བསམཿ དེ་ནས་སེམས་དཔའི་སྐྱིལ་ཀྲུང་གི་རྡོ་རྗེ་ཁུ་ཚུར་པུས་སྟེང་བཞག་དཔུང་བ་གཟེང་བསྟོད་རྒལ་ཚིག་མདའ་ལྟར་བསྲངཿ མགྲིན་པའི་ཨོལ་མདུད་ནོན་ཙམ་བྱསཿ མིག་མི་འགུལ་བར་ཐད་ཀར་བཞགཿ སོ་དང་མཆུ་གཉིས་མ་རེག་ཙམ་བྱ་ཞིངཿ གསོལ་བ་གོང་ལྟར་བཏབ་ཅིང་ཡིད་ཀྱིས་མོས་གུས་དྲག་པོ་བྱས་པའི་རྐྱེན་གྱིས་བླ་མའི་ཞལ་ནས་ཨཱཿདཀར་དམར་མཐིང་གསུམ་མུ་ཏིག་གི་ཕྲེང་བ་ལྟར་བྱུངཿ རང་གི་སྣ་བུག་གཡོན་ནས་ཞུགས་རོ་མའི་ལམ་བརྒྱུད་དེ་དབུ་མའི་མར་སྣ་ནས་ཞུགས་སྤྱི་བོའི་ཡར་སྣ་བར་སོང་བར་བསམ་ལཿ རླུང་དལ་བུས་ནང་དུ་རྔུབ་ཅིང་འོག་རླུང་འཐེན་ཙམ་བྱས་ལ་སྨད་དུ་བསྐྱིལཿ དེའི་ཚེ་དམིགས་པ་འདི་བཞིན་བྱ་སྟེཿ རང་ལུས་གདོས་བཅས་འཇའ་ལྟར་ཡལཿ སྐད་ཅིག་དྲན་རྫོགས་འོད་ཀྱི་ལུསཿ རིག་འཛིན་དཔའ་བོ་བཛྲ་ནིཿ དཀར་གསལ་སྐྱིལ་མོ་ཀྲུང་དང་བཅསཿ དབུ་སྐྲ་ཐོར་ཚུགས་ལྷག་མ་གཟརཿ ཕྱག་གཉིས་རྡོར་དྲིལ་བསྣོལ་བའི་པངཿ རྣལ་འབྱོར་དམར་མོ་གྲི་ཐོད་འཛིནཿ གཞོན་ཚུལ་མཛེས་འཛུམ་ལྡན་པས་འཁྱུདཿ ཡབ་ཡུམ་རྒྱན་མེད་འོད་ཟེར་འབརཿ པདྨ་ཟླ་བ་ཉི་མའི་གདནཿ ཚ་ཟེར་བདེ་དྲོད་འབར་བར་བཞུགསཿ དབུ་མ་མཐིང་ཀ་འཁྲུད་གང་ཟླུམཿ མར་སྣར་རོ་རྐྱང་དཀར་དམར་གྱེསཿ སྣང་བ་སྒྱུ་མ་སྨིག་རྒྱུར་བལྟཿ དམིགས་པ་དེའི་ངང་ནས་འཇམ་རླུང་དལ་བུས་བཟུང་སྟེ་ཕྱིར་ཕྱུང་ཚེ་ཨཱཿཡིག་གི་ཕྲེང་བ་དབུ་མའི་མར་སྣ་ནས་རོ་མའི་ལམ་བརྒྱུད་དེ་སྣ་བུག་གཡས་ནས་ཐོནཿ མདུན་གྱི་ནམ་མཁར་གྱི་ལེར་གནས་པ་ལ་རིག་པ་གཏད་ཅིང་རླུང་ཕྱིར་འཛིན་ལ་བསླབཿ ཡང་སྔར་ལྟར་གཡས་ནས་འཇུག་ཅིང་གཡོན་ནས་ཕྱུངས་པ་དང་གཡོན་ནས་འཇུག་ཅིང་གཡས་ནས་ཕྱུངས་པ་རེས་མོས་བསླབ་པས་རླུང་འབྱུང་འཇུག་གནས་གསུམ་ཡི་གེའི་འཁོར་ལོར་དག་ཅིང་གེགས་ཞིཿ འབྱུང་བ་ལྔ་རང་སར་ཆུད་པར་འགྱུར་རོཿ སྔོན་དུ་འགྲོ་བའི་རིམ་པའོཿ དངོས་གཞིའི་དང་པོར་ལུས་སྦྱང་ཆེན་མོ་ནི་སྤྱི་བོར་བླ་མའི་སྐུ་ལས་འོད་ཟེར་སྣ་ལྔ་འཕྲོས་པས་སྣོད་བཅུད་ཐམས་ཅད་མེར་མེར་ཞུ་སྟེ་ནམ་མཁའ་སྔོ་སང་གི་རྣམ་པར་བསྡུས་ཤིང་དྲོད་བཅུད་དང་ལྡན་པ་ཧུབ་ཀྱིས་དལ་བུས་རྔུབ་སྟེ་སྨད་དུ་བསྐྱིལཿ ཕོ་བ་གདངས་ཤིང་ལུས་ཀྱི་ནང་ཁོང་སྔོ་མེར་གྱི་གང་བ་དམིགསཿ གདོས་བཅས་ཟག་པ་བག་ཆགས་མ་རིག་གཟུང་འཛིན་ཉོན་ཤེས་ཀྱི་སྒྲིབ་པ་ཀུན་སང་སང་དག་པར་བསམཿ འཇམ་རླུང་ཅི་གནས་སུ་བཞགཿ མ་ཐུབ་ཚེ་དགངས་བཞིན་པར་ཁ་ནས་དལ་བུས་བཏང་ཞིངཿ སྔར་ལྟར་རྔུབ་ཅིང་ལན་གྲངས་སུ་བཟུང་ཞིངཿ སྐབས་སུ་ལུས་ཚུགས་མ་ཞིག་པར་ལག་གཉིས་དཔུང་ཐད་ཀྱི་ནམ་མཁར་ཤད་ཀྱིས་བརྒྱངས་པ་དང་རྐང་བ་དྲང་སྲོང་ཙོག་པུར་བསྙེན་པ་དངཿ མདུན་ངོས་སུ་ཤད་ཀྱིས་བརྐྱང་བ་སོགས་ཅི་བདེར་བྱ་ལ་སོར་མོ་རྣམས་ནང་དུ་བཀུག་ཅིང་ཆུན་བཙལཿ ཐུན་མཇུག་རླུང་བརྒྱངས་ཤིང་འོག་རླུང་ཅུང་ཟད་འཐེན་པས་བར་རླུང་དང་བཅས་མི་དམིགས་པའི་ངང་ནས་ལྟ་བའི་ངང་མདངས་བསྐྱང་ངོཿ རྗེས་ཐོབ་འགྲོ་འཆག་ཉལ་ཟས་གང་གི་ཚེའང་བར་རླུང་དང་མི་འབྲལ་པར་བྱའོཿ གཉིས་པ་བྱིན་འཇུག་འབར་འཛག་བདེ་དྲོད་རབ་འབར་ནིཿ ལུས་དང་རྩ་ཡི་སྟོང་ར་གསལ་བཏབ་ཅིང་མོས་གུས་རྩེ་གཅིག་གིས་གསོལ་བ་དྲག་ཏུ་བཏབཿ བླ་མ་ཚངས་བུག་ནས་དབུ་མའི་ལམ་བརྒྱུད་སྙིང་དབུས་སུ་ཞུགས་པ་སྣོད་བཅུད་འབྱུང་ལྔའི་བཀྲག་མདངས་བཅུད་དུ་དྲངས་ཤིང་རོ་རྐྱང་དབུ་མའི་ལམ་བརྒྱུད་སྙིང་ཀའི་བླ་མ་ཡབ་ཡུམ་མཆོད་པས་ཐུགས་དགྱེས་ཤིང་ཚིམཿ ཚོགས་རྫོགས་སྒྲིབ་པ་དག་སྐུའི་བཀྲག་མདངས་རྒྱསཿ དབང་དང་བྱིན་རླབས་གནང་བར་དགོངས་པ་གཏད་ཅིང་ཡབ་སྤྱི་བོར་ཚངས་བུག་ཏུ་ཧཾ་ཡིག་ཧེ་རུ་ཀའི་རྣམ་པར་བཞུགསཿ ཡུམ་མར་སྣས་སུམ་མདོར་དབྱིངས་ཕྱུག་ཐིག་དམར་ཨཿཤད་ཀྱི་མཚན་པར་གནས་པར་བསམཿ འཁོར་འདས་ཀྱི་དྭངས་བཅུད་ནམ་མཁའི་རླུང་རོ་རྐྱང་གི་ལམ་ནས་དྲངས་ཤིང་ལུས་མདོའི་ཨཿཤད་ལ་སིབ་སིབ་ཐིམ་པས་བདེ་བ་བྱིན་རླབས་ཡེ་ཤེས་ཀྱི་མེ་ལྕེ་རབ་ཏུ་ཚ་བ་འབར་ཞིངཿ གསང་གནས་བདེ་སྐྱོང་འཁོར་ལོའི་རྩ་འཁོར་ལྗང་གུ་རྩ་ཕྲན་དང་བཅས་རྩེ་མོ་གྱེན་བསྟན་ཀུན་ཁེངསཿ མེ་ལྕེའི་དབལ་ཚ་བས་བདེ་དྲོད་གློ་བུར་སྐྱེས་པར་བསམཿ རླུང་ཁུག་དམིགས་པ་དང་བསྟུན་ཞིང་ཕོ་བསྐོར་བྱཿ རིམ་བཞིན་ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འཁོར་དམར་པོཿ སྙིང་ཀ་ཆོས་ཀྱི་འཁོར་ལོ་རྩ་འཁོར་མཐིང་གཿ མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འཁོར་སེར་པོཿ དེ་རྣམས་གདུགས་ཀྱི་རྩིབ་མ་ལྟར་རྩ་ཕྲན་དང་བཅས་པ་གྱེན་དུ་བསྟེན་པར་གནས་པ་ལས་མས་རིམ་ནས་སོ་སོའི་གནས་སུ་རླུང་ཁུག་དང་བསྟུན་ཞིང་མེ་ལྕེས་ཀུན་ལ་ཁྱབ་པར་བདེ་དྲོད་སྤེལ་ཞིང་ཕོ་སྐོར་ལན་རེ་བྱའོཿ དེ་ནས་སྤྱི་བོའི་རྩ་འཁོར་དཀར་པོ་རྩ་ཕྲན་དང་བཅས་ཐུར་བསྟན་མེ་ལྕེས་ཁྱབ་པར་བྱ་ཞིང་མགོ་བོ་བསྐོར་མཐར་སྤྱི་བོའི་ཧེ་རུ་ཀ་ཡུམ་གྱི་ཆགས་པའི་མེ་ལྕེས་རེག་པ་འཕྲོདཿ ཞུ་བདེའི་ཉམས་རྒྱས་འོད་ཟེར་སྣ་ལྔ་འཕྲོས་སྐུ་གསུམ་རྒྱལ་བ་དང་རྩ་གསུམ་དཔའ་བོ་མཁའ་འགྲོའི་ཐུགས་རྗེ་བྱིན་རླབས་དབང་དང་དངོས་གྲུབ་སྐུ་དང་ཡིག་འབྲུ་ཕྱག་མཚན་འོད་ཟེར་གྱི་རྣམ་པར་བྱོན་ནས་ཧེ་རུ་ཀ་ལ་སིབ་སིབ་ཐིམཿ བཀྲག་མདངས་གཟི་བརྗིད་རབ་ཏུ་རྒྱསཿ འཁོར་འདས་འབྱུང་ལྔའི་དངས་བཅུད་ཀྱང་བསྡུས་པར་བསམ་མོཿ ཡང་ཧཾ་ཡིག་བླ་མ་དབྱེར་མེད་པར་མོས་གུས་ཤུགས་བསྐྱེད་ཡུམ་གྱི་བདེ་བའི་མེ་ལྕེའི་དྲོད་ཀྱིས་ཐུགས་རྒྱུད་བསྐུལ་བའི་བྱིན་རླབས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབ་ཅིང་སྤྱི་བོ་བདེ་ཆེན་གྱི་འཁོར་ལོའི་རྩ་འཁོར་ཡོངས་རྫོགས་བདུད་རྩི་མེ་དང་དབྱེར་མེད་ཀྱིས་ལྟེམ་གྱིས་གངཿ དེ་ན་བཞུགས་པའི་བྷུདྡྷའི་ལྷ་ཚོགས་མཆོད་ཅིང་མཉེསཿ སྐུ་བུམ་པའི་དབང་ཐོབ་པ་ཡིན་ནོཿ མགོ་བོ་གཡས་གཡོན་ལན་གསུམ་རེ་བསྒྲིལ་ཞིང་སྤྱི་བོའི་རྩ་འཁོར་རྣམས་ཤད་བསྐྱེད་པའི་རྩ་མདུད་གྲོལ་བའི་དགོས་པ་ཡོད་དོཿ འབྲས་བུ་ཡེ་ཤེས་དང་པོ་ངོས་ཟིན་པའི་དགོས་པ་ཡོད་དོཿ དར་ཅིག་ངོ་བོར་བལྟའོཿ བདུད་རྩི་མགྲིན་པར་བབ་ལོངས་སྤྱོད་འཁོར་ལོའི་རྩ་འཁོར་ཁྱབཿ དེར་བཞུགས་རཏྣའི་ལྷ་ཚོགས་མཆོད་ཅིང་མཉེསཿ གསང་བའི་དབང་ཐོབ་མགྲིན་པའི་འཕྲུལ་འཁོར་བྱ་ཞིང་རྩ་འཁོར་ཤད་བསྐྱེད་རྩ་མདུད་བཀྲོལཿ འབྲས་བུ་ཡེ་ཤེས་གཉིས་པ་ངོས་ཟིན་པར་འགྱུརཿ རང་ཐོག་ཏུ་བཞག་གོཿ སྙིང་ཀར་བབ་ཅིང་ཆོས་ཀྱི་འཁོར་ལོ་མེ་དང་བདུད་རྩི་དབྱེར་མེད་པའི་ལྟེམ་གྱིས་གངཿ བཛྲ་རིགས་ཀྱི་ལྷ་ཚོགས་མཆོད་ཅིང་མཉེསཿ ཐུགས་བདེ་ཆེན་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པའོཿ སྙིང་ཀའི་འཕྲུལ་འཁོར་བྱ་ཞིང་རྩ་ཤད་བསྐྱེད་དོཿ དེ་ལ་གོམས་པས་ཡེ་ཤེས་གསུམ་པ་འཆརཿ དར་ཅིག་རང་ཐོག་ཏུ་ཀློད་པ་གནད་དམ་པའོཿ ལྟེ་བར་བབ་སྤྲུལ་པའི་འཁོར་ལོའི་རྩ་འཁོར་ཀུན་མེ་དང་བདུད་རྩི་དབྱེར་མེད་ཀྱིས་གངཿ དེར་བཞུགས་པདྨ་དབང་གི་ལྷ་མཆོད་ཅིང་མཉེསཿ ཡེ་ཤེས་རིག་པ་རྩལ་གྱི་དབང་ཐོབཿ ལྟེ་བའི་འཕྲུལ་འཁོར་ལ་བསླབ་ཅིང་རྩ་ཤད་བསྐྱེདཿ དབང་སྡུད་བྱ་ཞིང་རྩ་མདུད་བཀྲོལཿ གོམས་པས་ཡེ་ཤེས་བཞི་པ་འཆརཿ ངང་མདངས་དར་ཅིག་སྐྱོང་བའོཿ དེ་ནས་གསང་བར་བབ་བདེ་སྐྱོང་འཁོར་ལོའི་རྩ་འཁོར་གངཿ ཀརྨཱའི་ལྷ་ཚོགས་མཆོད་པས་མཉེས་ཤིང་ཚིམཿ གསང་བའི་འཕྲུལ་འཁོར་དང་ཡན་ལག་འཕེན་སྡུད་ལ་བསླབཿ བདུད་རྩི་ཨཿཤད་ལ་ཕོག་པས་མེ་དང་བདུད་རྩི་དབྱེར་མེད་ཕྱུར་བས་རྩ་གནས་དང་ལུས་ནང་ཀུན་ཁྱབཿ བདེ་དྲོད་མེ་ལྟར་འབར་བར་བསམཿ དྲག་རླུང་དང་བསྟུན་ཤེས་པ་མ་བཅོས་པར་བཞག་པས་སྤྲོས་མེད་དོན་གྱི་དབང་ཐོབཿ དད་པ་བརྟན་ཞིང་ཉམས་ལེན་ལ་གོམ་འདྲིས་སོང་བ་དག་དབའ་རླབ་ལ་བརྟེན་པའི་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་འཆར་ཞིང་ངོ་འཕྲོད་པར་འགྱུར་རོཿ གནད་ཀྱི་གདམས་པ་བླ་མའི་ཞལ་ལས་ཤེས་པར་བྱའོཿ དེ་ཡང་ལམ་འདིའི་སྦྱང་བ་མཐར་ཕྱིན་ཅིང་ཆོས་ཉིད་ལ་གོམས་འདྲིས་མངོན་དུ་གྱུར་པ་ལས་ལམ་འདིའི་གནད་རྟོགས་པར་དཀའ་སྟེ་ལམ་དུས་ཀྱི་གང་ཟག་གི་ཐིག་ལེ་སྲོག་ལྟར་སྲུང་ཞིང་དམ་ཚིག་ལ་གཅེས་སྤྲས་སུ་བྱས་ན་བདེ་དྲོད་མེ་ལྟར་འབར་ཞིང་ཉམས་ཀྱི་ཤུན་པ་དོརཿ ཉམས་མྱོང་གི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེསཿ རྩ་རླུང་ཐིག་ལེ་ལས་སུ་རུང་ཞིང་འདུ་བའི་ནད་སེལ་ཐིག་ལེ་འཕེལཿ གཞོན་ཤ་ཆགས་ཤིང་མིག་གསལཿ ཤེས་པ་བདེ་ཞིང་ལུས་མེད་སྣང་སྙམས་པ་སོགས་ལམ་རྟགས་ཀྱི་ཡོན་ཏན་ཁྱད་པར་ཅན་རྒྱུད་ལ་སྐྱེའོཿ བདེ་དྲོད་སྐྱེ་བའི་འཕྲུལ་འཁོར་བྲབ་པ་ནིཿ རྡོ་རྗེའི་ཁུ་ཚུར་ཐད་དུ་བརྐྱང་ཿ ཐལ་མོ་རྡེབ་ཅིང་དྲག་ཏུ་མཉེཿ སྤྱི་བོར་མགྲིན་པ་སྙིང་ཀ་དངཿ མཆན་ཁུང་ལྟེ་བ་མཁལ་ཁུང་གཉིསཿ གསང་གནས་བརླ་གཉིས་སྟེང་དུ་བྲབཿ དེ་དག་བྱུག་པ་གཞིལ་བ་སྟེཿ རྐང་ལག་སྐྱིལ་མོ་ཀྲུང་བཅས་ཏེཿ གྲིམ་གྱིས་བསྒྲིམས་ཤིང་བསྐོར་བ་གཅུདཿ ཆུན་བཙལ་རྡོ་རྗེ་སྐྱིལ་མོ་ཀྲུངཿ ཐལ་མོ་མཁལ་ཁུང་གཡས་གཡོན་འཁྱུདཿ དལ་བུས་པུས་སྟེང་ཕྲག་པར་རེགཿ དགྱེ་དགུ་སྤེལ་མ་གསུམ་བྱའོཿ རྩ་ཤད་རྡོ་རྗེའི་ཁུ་ཚུར་གྱིསཿ མདུན་གྱི་མཁའ་ལ་ལན་བདུན་བསྒྲེངཿ རྡོ་རྗེའི་ཁུ་ཚུར་སྟ་ཟུར་བཞགཿ རྐང་པ་གཡས་གཡོན་རེས་མོས་བསྒྲེངཿ མགོ་བོ་དགྱེ་དགུ་ལན་གསུམ་མཐརཿ ལུས་ཀུན་ཁྱབ་པར་བྱུག་པའོཿ བརྡབ་ཆུང་གསུམ་མཐར་ཧ་སྤྲུགས་བྱཿ འཛིན་འདྲེན་དགྲམ་པའི་རྣལ་འབྱོར་པསཿ རིགས་མཆོག་ལྔ་ཡི་འཕྲུལ་འཁོར་ནིཿ གཏི་མུག་རྣམ་པར་དག་བྱའི་ཕྱིརཿ གླང་པོ་ཆེ་ཡི་སྟངས་སྟབས་ཀྱིསཿ རླུང་རོ་ལྷག་མ་མེད་པར་ཕྱུངསཿ ཧུ་སྒྲ་གསུམ་གྱིས་ནང་དུ་རྔུབཿ མགོ་ཅོག་གསུམ་གྱིས་གྱེན་དུ་འཐེནཿ ཞེ་སྡང་རྣམ་པར་དག་བྱའི་ཕྱིརཿ སེང་གེའི་སྟངས་ཀྱིས་འོག་རླུང་འཐེནཿ བར་རླུངས་བརྒྱངས་ཤིང་ངར་སྒྲ་འདོནཿ མཆོངས་སྟངས་གསུམ་གྱིས་མཁའ་ལ་གཏདཿ ང་རྒྱལ་རྣམ་པར་དག་བྱའི་ཕྱིརཿ གྱི་ལིང་སྟངས་སྟབས་བར་རླུང་མནནཿ སྟེང་འོག་རླུང་གཉིས་རང་སར་བཞགཿ ཡན་ལག་ནམ་མཁར་ལན་གསུམ་བསྒྲེངསཿ རྒལ་བ་སར་བརྡབ་མཐིལ་བཞི་བཙུགསཿ དམིགས་གནད་ལྡན་པས་ལན་དགུ་སྤྲུགསཿ འདོད་ཆགས་རྣམ་པར་དག་བྱའི་ཕྱིརཿ རྨ་བྱའི་ཟློས་གར་བསྒྱུར་བ་བཞིནཿ བྲང་དང་ལྟེ་བ་སར་གཏད་ཅིངཿ མགོ་བོ་ཡན་ལག་ཕྱིར་བརྐྱངས་ཤིང་ཿ རླུང་གནད་ལུས་ཀུན་ཁྱབ་པར་བྱཿ བརྒྱངས་པས་རྩ་མདུད་རྣམ་པར་གྲོལཿ ཕྲག་དོག་རྣམ་པར་དག་བྱའི་ཕྱིརཿ ཤང་ཤང་སྟངས་སྟབས་རྐང་གཉིས་གཤིབཿ ལག་གཉིས་སྤྱི་བོར་ཐལ་མོ་སྦྱརཿ སྤྱི་བོའི་ཧཾཿལ་རིག་པ་བཟུངཿ ལག་པ་གཡས་གཡོན་རེས་མོས་བརྒྱངསཿ ཕྱོགས་མཐུན་གཅུད་བསྐོར་གསུམ་རེས་མཐརཿ ཁུ་ཚུར་མཁར་བསྒྲེངས་འཕར་སྟངས་གསུམཿ སླར་ཡང་རྡོ་རྗེའི་འདུག་སྟངས་ཀྱིསཿ འཁོར་འདས་ཀུན་ཀྱི་བདུད་འདྲེན་ཞིངཿ གེགས་སེལ་ཧ་སྤྲུག་བརྡབ་ཆུང་བྱཿ གཏུམ་མོའི་དངོས་གཞིའི་ཉམས་ལེན་ཏེཿ ཐབས་ཀྱི་ལམ་མཆོག་བླ་ན་མེདཿ བརྩོན་འགྲུས་ལྡན་པས་འདི་ལ་འབོདཿ ས་མ་ཡཱཿ སྙན་བརྒྱུད་ལས་གསང་བའི་འཕྲུལ་འཁོར་གབ་པ་མངོན་དུ་ཕྱུང་བའོཿ ཿ

[[Category:Wyckibaat]]
}}
</onlyinclude>
{{TsagliCall}}
<headertabs/>

Revision as of 09:48, 2 June 2024

Wylie title
Location mdo mkhyen brtse bka' 'bum
Volume 8, Text 13, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Citation
Genre
[edit]