DKYD-KABUM-03-GA-045: Difference between revisions
From Khyentse Lineage - A Tsadra Foundation Project
(Imported new text files with Wyckibaat for processing) |
No edit summary |
||
Line 1: | Line 1: | ||
༄༅། །ཐུགས་ཐིག་གསོལ་འདེབས་དངོས་གྲུབ་ཆར་རྒྱུན་ནི། དབྱིངས་རིག་དབྱེར་མེད་ཀུན་བཟང་ཡབ་ཡུམ་དང༌། །ཡེ་ཤེས་ལྔ་མདངས་རིགས་ལྔ་སྟངས་དཔྱལ་ལྷ། །ཐུགས་རྗེ་རྣམ་རོལ་སྤྲུལ་པའི་སྐུར་བསྟན་ལ། །གོསལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ། །ཁྱབ་བདག་རིགས་ཀུན་དབང་ཕྱུག་རྡོ་རྗེ་འཆང༌། །དཀྱིལ་འཁོར་འཁོར་ལོའི་མགོན་པོའི་བར་བྱོན་པའི། །དགོངས་བརྡའ་སྙན་ནས་བརྒྱུད་པའི་བླ་མ་ལ། གསོལ་བ༴ ཁྱད་པར་རྩ་གསུམ་རྒྱལ་བ་རབ་བྱམས་ཀྱི། །སྤྱི་གཟུགས་པདྨ་ཐོད་ཕྲེང་ཧེ་རུ་ཀཿ །ཤེས་རབ་ཡུམ་ཆེན་རྡོ་རྗེ་རྣལ་འབྱོར་མར། །གསོལ་བ༴ ཀུན་བཟང་ཡབ་ཡུམ་རིགས་ལྔ་ཡབ་ཡུམ་དང༌། །སེམས་དཔའི་སེམས་མ་སྒོ་བ་ཡབ་ཡུམ་བཅས། །ཞི་བའི་ལྷ་ཚོགས་བཞི་བཅུ་རྩ་གཉིས་ལ། །གསོལ་བ༴ དཔལ་ཆེན་ཁམས་དྲུག་རིགས་ལྔ་གནས་ཡུལ་བདག །ཡེ་ཤེས་སྒོ་སྐྱོང་དབང་ཕྱུག་འབར་མའི་ཚོགས། །བདུད་འདུལ་ཁྲོ་བོ་རོལ་པའི་ལྷ་ཚོགས་ལ། །གཞན་ཡང་རིག་འཛིན་དཔའ་བོ་ཡབ་ཡུམ་དང༌། །ཡེ་ཤེས་ལས་མཛད་མཁའ་འགྲོ་བཀའ་སྡོད་ཚོགས། །སྒྱུ་འཕྲུལ་སྤྲུལ་པའི་དཀྱིལ་འཁོར་ཡོངས་རྫོགས་ལ། །གསོལ་བ་འདེབས་སོ༴ དེ་ལྟར་གསོལ་བ་བཏབས་པའི་ནུས་མཐུ་ཡིས། །ཡིད་ཆོས་ཕུང་པོ་ཁམས་དང་ཕྱི་ནང་གི །སྐྱེ་མཆེད་དབང་པོ་ཡུལ་དུས་ཚོགས་བརྒྱད་ཆོས། །གདན་གསུམ་ལྷ་ཡི་འཁོར་ལོ་ཡོངས་འཆར་ཤོག །སྣ྄ང་སྟོང་བཀོད་པས་སྒྱུ་ལུས་ལྷ་སྐུར་རྫོགས། །གྲགས་སྟོང་སྔགས་ཀྱི་ངག་ཚིག་རྡོ་རྗེར་དག །འོད་གསལ་ཆེན་པོའི་རྟོག་ཚོགས་ཆོས་སྐུ་རུ། །སྨིན་ནས་ཁམས་གསུམ་འཁོར་བ་དོང་སྤྲུག་ཤོག «།སྐྱབས་མགོན་ཆོས་ཀྱི་རྒྱལ་པོའི་དགོངས་གཏེར་ནང་ཚན་རྩ་གསུམ་ཀུན་འདུས་པདྨ་ཐོད་ཕྲེང་ཐུགས་ཀྱི་བསྒྲུབ་པའི་སྒྲུབ་མཆོད་འདི་འཛིན་པོའི་བླ་མ་གྲྭ་ཚངས་ནས་འདི་ལ་གསོལ་འདེབས་ཤིག་དགོས་ཞེས་གསུང་དོན་བཞིན་རིག་འཛིན་གྲགས་པའི་འོད་ཟེར་གྱིས་བྲིས་པས་རང་གཞན་ཀུན་གྱི་རྒྱུད་ལ་བྱིན་རླབས་དང་དངོས་གྲུབ་ཀྱི་ཆར་རྒྱུ་འབེབས་པའི་རྒྱུར་གྱུར་ཅིག ། །། | {{Text | ||
|classification=Tibetan Publications | |||
|subclass=Tibetan Texts | |||
|collectiontitle=mdo mkhyen brtse bka' 'bum | |||
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ། | |||
|totalvolumes=8 | |||
|author=Mdo mkhyen brtse | |||
|authortib=མདོ་མཁྱེན་བརྩེ་ | |||
|citation= | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=03 | |||
|volumeLetter=GA | |||
|textnuminvol=044 | |||
|pdflink=File:DKYD-KABUM-03-GA-044.pdf | |||
|InitCategories=Khyentse Lineage Project; DKYD-KABUM-Volume-03-GA | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP|༄༅། །ཐུགས་ཐིག་གསོལ་འདེབས་དངོས་གྲུབ་ཆར་རྒྱུན་ནི། དབྱིངས་རིག་དབྱེར་མེད་ཀུན་བཟང་ཡབ་ཡུམ་དང༌། །ཡེ་ཤེས་ལྔ་མདངས་རིགས་ལྔ་སྟངས་དཔྱལ་ལྷ། །ཐུགས་རྗེ་རྣམ་རོལ་སྤྲུལ་པའི་སྐུར་བསྟན་ལ། །གོསལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ། །ཁྱབ་བདག་རིགས་ཀུན་དབང་ཕྱུག་རྡོ་རྗེ་འཆང༌། །དཀྱིལ་འཁོར་འཁོར་ལོའི་མགོན་པོའི་བར་བྱོན་པའི། །དགོངས་བརྡའ་སྙན་ནས་བརྒྱུད་པའི་བླ་མ་ལ། གསོལ་བ༴ ཁྱད་པར་རྩ་གསུམ་རྒྱལ་བ་རབ་བྱམས་ཀྱི། །སྤྱི་གཟུགས་པདྨ་ཐོད་ཕྲེང་ཧེ་རུ་ཀཿ །ཤེས་རབ་ཡུམ་ཆེན་རྡོ་རྗེ་རྣལ་འབྱོར་མར། །གསོལ་བ༴ ཀུན་བཟང་ཡབ་ཡུམ་རིགས་ལྔ་ཡབ་ཡུམ་དང༌། །སེམས་དཔའི་སེམས་མ་སྒོ་བ་ཡབ་ཡུམ་བཅས། །ཞི་བའི་ལྷ་ཚོགས་བཞི་བཅུ་རྩ་གཉིས་ལ། །གསོལ་བ༴ དཔལ་ཆེན་ཁམས་དྲུག་རིགས་ལྔ་གནས་ཡུལ་བདག །ཡེ་ཤེས་སྒོ་སྐྱོང་དབང་ཕྱུག་འབར་མའི་ཚོགས། །བདུད་འདུལ་ཁྲོ་བོ་རོལ་པའི་ལྷ་ཚོགས་ལ། །གཞན་ཡང་རིག་འཛིན་དཔའ་བོ་ཡབ་ཡུམ་དང༌། །ཡེ་ཤེས་ལས་མཛད་མཁའ་འགྲོ་བཀའ་སྡོད་ཚོགས། །སྒྱུ་འཕྲུལ་སྤྲུལ་པའི་དཀྱིལ་འཁོར་ཡོངས་རྫོགས་ལ། །གསོལ་བ་འདེབས་སོ༴ དེ་ལྟར་གསོལ་བ་བཏབས་པའི་ནུས་མཐུ་ཡིས། །ཡིད་ཆོས་ཕུང་པོ་ཁམས་དང་ཕྱི་ནང་གི །སྐྱེ་མཆེད་དབང་པོ་ཡུལ་དུས་ཚོགས་བརྒྱད་ཆོས། །གདན་གསུམ་ལྷ་ཡི་འཁོར་ལོ་ཡོངས་འཆར་ཤོག །སྣ྄ང་སྟོང་བཀོད་པས་སྒྱུ་ལུས་ལྷ་སྐུར་རྫོགས། །གྲགས་སྟོང་སྔགས་ཀྱི་ངག་ཚིག་རྡོ་རྗེར་དག །འོད་གསལ་ཆེན་པོའི་རྟོག་ཚོགས་ཆོས་སྐུ་རུ། །སྨིན་ནས་ཁམས་གསུམ་འཁོར་བ་དོང་སྤྲུག་ཤོག «།སྐྱབས་མགོན་ཆོས་ཀྱི་རྒྱལ་པོའི་དགོངས་གཏེར་ནང་ཚན་རྩ་གསུམ་ཀུན་འདུས་པདྨ་ཐོད་ཕྲེང་ཐུགས་ཀྱི་བསྒྲུབ་པའི་སྒྲུབ་མཆོད་འདི་འཛིན་པོའི་བླ་མ་གྲྭ་ཚངས་ནས་འདི་ལ་གསོལ་འདེབས་ཤིག་དགོས་ཞེས་གསུང་དོན་བཞིན་རིག་འཛིན་གྲགས་པའི་འོད་ཟེར་གྱིས་བྲིས་པས་རང་གཞན་ཀུན་གྱི་རྒྱུད་ལ་བྱིན་རླབས་དང་དངོས་གྲུབ་ཀྱི་ཆར་རྒྱུ་འབེབས་པའི་རྒྱུར་གྱུར་ཅིག ། །། | |||
}} | |||
</onlyinclude> | |||
{{TsagliCall}} | |||
<headertabs/> |
Revision as of 08:43, 2 June 2024
🚧 This website is under continued development. We appreciate your patience!
Wylie title | ||
---|---|---|
Location | mdo mkhyen brtse bka' 'bum Volume 3, Text 44, Pages (Folios to ) | |
Author | མདོ་མཁྱེན་བརྩེ་ | |
Less details More details | ||
Citation | ||
Genre |