DKYD-KABUM-03-GA-017: Difference between revisions

From Khyentse Lineage - A Tsadra Foundation Project
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
ཤྭཱྃཿ ཡང་གསང་མཁའ་འགྲོའི་ཐུགས་ཐིག་ལསཿ ཚེ་སྒྲུབ་བདུད་རྩི་བཅུད་འདྲེན་བཞུགས་སོཿཿཤྭཱྃཿ ཨཱ་མཱ་རྭ་ནྭ་ཧྭ་སྭ་བྷྲུཾ༔ «འཆི་མེད་ཚེ་ཡི་ལྷ་ལ་འདུདཿ ཡང་གསང་མཁའ་འགྲོའི་ཐུགས་ཐིག་ལསཿ ཚེ་དབང་རིག་འཛིན་སྒྲུབ་པའི་ཐབསཿ བདུད་རྩིའི་བཅུད་འདྲེན་ཞེས་བྱ་བཿ མནྡྷ་ར་བ་ཁྱོད་ལ་བསྟནཿ དབེན་པ་སྟེགས་བུ་དམར་པོའི་ཁརཿ མདའ་དར་ཚེ་གལ་བདུད་རྩིའི་བཅུདཿ ཕྱི་ནང་མཆོད་པས་མཐའ་བསྐོར་ཞིངཿ སྤྲོས་བཅས་སྒྲུབ་པའི་རིམ་པའོཿ རྣལ་འབྱོར་ལྡན་པ་ཡབ་ཡུམ་གྱིསཿ རྩ་ཁམས་ལས་ཀྱི་དཀྱིལ་འཁོར་ལཿ བརྟན་པ་མཆོག་ཏུ་གྱུར་པའོཿ དང་པོ་བཀའ་བསྒོ་མཚམས་གཅོད་ནིཿ »ཧཱུྃཿ སྣང་བ་རྣམ་དག་ཆོས་ཀྱི་དབྱིངསཿ ལྷ་དང་འདྲེ་འཛིན་རྣམ་རྟོག་བགེགསཿ མ་རིག་བདག་ཏུ་བཟུང་བའི་བདུདཿ ཡེ་ནས་མེད་དེ་ཆོས་ཉིད་ངངཿ གློ་བུར་རྐྱེན་གྱིས་ཤར་བ་གངཿ དེ་ཉིད་འཛིན་མེད་ཀློང་དུ་བསྐྲདཿ སྟོང་པ་ཆེན་པོ་རྡོརྗེའི་གུརཿ སྣང་བའི་ཡུལ་ལ་ཡེ་ནས་ཁྱབཿ བསྒོམ་དུ་མེད་དེ་རང་བྱུང་བཿ རྣམ་དག་རིག་པ་ཡེ་གྲོལ་ངངཿ རཀྵ་རཀྵ་ཨཱཿ «ལུས་གནད་ལྡན་པས་རླུང་རོ་ལན་གསུམ་བསལཿ ཚེ་བདུད་བར་ཆད་བདག་འཛིན་དབྱིངས་སུ་བསལཿ སྐྱབས་ཡུལ་གསལ་གདབ་རིག་པའི་རང་གདངས་ངངཿ ཐོག་མར་སྐྱབས་སུ་འགྲོ་བའི་རིམ་པ་ནིཿ» ཧྲཱིཿ དབྱིངས་སྣང་དག་པ་ཆེན་པོའི་ཞིང་ཁམས་ནསཿ ཚེ་ཡི་ལྷ་མཆོག་པདྨ་རཱ་གའི་མདངསཿ རྒྱལ་ཀུན་ཡེ་ཤེས་གཅིག་བསྡུས་དོན་གྱི་ལྷཿ ཐབས་ཤེས་གཉིས་སུ་མེད་པར་སྐྱབས་སུ་མཆིཿ «སེམས་བསྐྱེད་པ་ནིཿ »སྐྱེ་དང་འཆི་བ་མིང་གི་བླ་དྭགས་ཀྱང༔ མཉམ་སྦྱོར་བདེ་བ་ཆེན་པོར་མཐར་ཕྱིན་ནསཿ རང་རིག་དོན་གྱི་ལྷ་མཆོག་ཞལ་མཐོང་ཕྱིརཿ འགྲོ་དོན་ཚེ་དབང་རིག་འཛིན་མཆོག་གྲུབ་བོ༔ «ཡན་ལག་བརྒྱད་པ་འབུལ་བ་ནིཿ» ཧྲཱིཿ རྒྱལ་ཀུན་ཕྲིན་ལས་གཅིག་བསྡུས་ཚེ་ཡི་ལྷཿ དབྱིངས་ནས་སྤྱན་འདྲེན་ཕྱག་འཚལ་གསང་མཆོད་འབུལཿ བཤགས་པ་འབུལ་ལོ་ཁྱོད་ལ་རྗེས་ཡི་རངསཿ དངོས་གྲུབ་བསྐུལ་ཞིང་བདག་དང་འབྲལ་མེད་བཞུགསཿ འགྲོ་ཀུན་ཚེ་དབང་རིག་འཛིན་ཐོབ་ཕྱིར་བསྔོཿ «དེ་ནས་བྱིན་ཆེན་འབེབས་པ་འདི་ལྟར་རོཿ »ཧྲཱིཿ བྱིན་ཆེན་ངོ་མཚར་ཁྱད་པར་འཕགས་པའི་གནསཿ བདེ་ཆེན་གསང་བ་མཆོག་གི་དུར་ཁྲོད་གནསཿ རྩ་གསུམ་ལྷ་ཚོགས་འཆི་མེད་ཚེ་ཡི་ལྷཿ འོད་ཀྱི་ལུས་ལ་ཡེ་ཤེས་སྙིང་པོ་ཅནཿ བྱིན་རླབས་དངོས་གྲུབ་བདེ་ཆེན་རབ་འབར་བཿ སྒྲུབ་པའི་གནས་མཆོག་འདི་རུ་བྱིན་ཕོབ་ལཿ སྐལ་ལྡན་བདག་གི་རྩ་རླུང་ཐིག་ལེའི་ཁམསཿ དག་པ་གསུམ་གྱི་འབྲས་བུའི་བཅུད་སྨིན་ཞིངཿ བདེ་ཆེན་ཚེ་ཡི་བྱིན་ཆེན་དབབ་ཏུ་གསོལཿ ཛྙཱ་ན་བཛྲ་ཨ་ཡུར་ཚེ་བྷྲཱུྃ་ཨ་ཝེ་ཤ་ཡ་ཨ་ཝེ་ཤ་ཡ་ཨ་ཨཱཿ «མཆོད་རྫས་འདོད་ཡོན་བྱིན་རླབས་ནིཿ» ཧྲཱིཿམཿ མིག་ཡུལ་གཟུགས་དང་རྣ་བའི་ཡུལ་དུ་སྒྲཿ སྣ་རུ་དྲི་ཚོར་ལྕེ་ལ་རོ་བྲོ་བཿ ལུས་ཀྱི་རེག་བྱ་རྩ་རླུང་བདེ་བའི་རོཿ དེ་དག་ཡིད་ཀྱི་ཡུལ་དུ་བདག་བཟུང་ཀུནཿ རྣམ་གྲོལ་བདེ་བ་ཆེན་པོའི་གྲོགས་གྱུར་ནསཿ ཚེ་ཡི་ལྷ་ཚོགས་དགྱེས་མཆོད་ཆེན་པོར་གྱུརཿ སརྦ་པཱུ་ཛ་མེ་གྷ་ས་མ་ཡ་ཨཱ་ཧཱུྃཿ «དངོས་གཞི་ལྷ་བསྐྱེད་རིམ་པ་ནིཿ »ཧྲཱིཿ ཆོས་དབྱིངས་ཡེ་སྟོང་ཆེན་པོའི་ངང་ཉིད་ལསཿ རྗེས་སུ་ཆགས་པའི་སྙིང་རྗེ་ཀུན་ལ་སྣངཿ སེམས་ཉིད་ཡེ་ནས་ཡི་གེ་ཧྲཱིཿརུ་གསལཿ ཧྲཱིཿལས་འོད་འཕྲོས་རྒྱལ་མཆོད་བདེ་བ་བསྐུལཿ བྱིན་རླབས་ནུས་བཅུད་བསྡུས་ཤིང་འགྲོ་དྲུག་སྦྱངཿ ཁམས་གསུམ་སྣོད་བཅུད་དྭངས་མ་ཚེ་བཅུད་དྲངསཿ ཧྲཱིཿཡིག་གནས་འགྱུར་མཁའ་ལ་འཇའ་སྣང་བཞིནཿ རང་ཉིད་ཐབས་མཆོག་འཆི་མེད་ཚེ་ཡི་ལྷཿ མཛེས་པའི་ཞལ་གཅིག་སྤྱན་གསུམ་འབྲུ་ཚུགས་གཟིགསཿ གཞོན་ཚུལ་དགུ་ལྡན་ཞི་ཆགས་འཛུམ་པའི་མདངསཿ དམར་སྐྱ་ལོངས་སྤྱོད་རྫོགས་སྐུའི་རྒྱན་གྱིས་བརྒྱནཿ སེམས་དཔའི་སྐྱིལ་ཀྲུང་ཕྱག་གཉིས་མཉམ་བཞག་གིསཿ ཡུམ་དང་འཁྲིལ་ཞིང་བདུད་རྩིའི་བུམ་ཐོད་འཛིནཿ དར་དཔྱངས་རིན་ཆེན་རྒྱན་ལྡན་གཟི་འོད་འབརཿ སྦྱོར་ཡུམ་ཁྲོ་མོ་དམར་མོ་བཅུད་འདྲེན་མཿ དམར་གསལ་པདྨ་རཱ་གའི་མདངས་དང་ལྡནཿ གཡས་པས་གྲི་གུག་གཡོན་པས་བུམ་ཐོད་འཛིནཿ གཅེར་མོ་རུས་རྒྱན་རོལ་བའི་སྟབས་སུ་འཁྲིལཿ སྤྱན་ཟུང་གཡོ་ཞིང་ཞི་མ་ཁྲོའི་ཉམས་ཆགསཿ དབུ་སྐྲ་གནག་སྣུམ་ཐོར་ཚུགས་སྐུ་རྒྱབ་ཁེབསཿ ནུ་འབུར་གཟི་འོད་འབར་ཞིང་བྷ་ག་རྒྱསཿ ཡབ་ཡུམ་དགའ་བཞི་བདེ་བ་ཆེན་པོའི་ངངཿ པདྨ་ཉི་ཟླ་འོད་དམར་ཀློང་དུ་རོལཿ ཡབ་ཡུམ་གཉིས་སུ་མེད་པའི་སྤྱི་བོ་རུཿ སྣང་མཐའ་དམར་པོ་རང་འོད་ཡུམ་དང་འཁྲིལཿ སྙིང་ཁར་འོད་ལྔའི་མུ་ཁྱུད་ཟླུམ་བསྐོར་དབུསཿ ཡི་དམ་དབང་ཆེན་རྟ་ཕག་ཡབ་ཡུམ་འཁྲིལཿ ཡབ་ཀྱི་ནོར་བུའི་རྩེ་དང་ཡུམ་གྱི་མཁརཿ སྐྱེ་རྒྱུད་བདག་པོ་ལྷ་ཆེན་ཡབ་ཡུམ་ནིཿ དམར་གསལ་དམར་སྐྱ་ཆགས་པ་ཆེན་པོས་སྦྱོརཿ རྩ་གནས་ཚེ་ལྷ་ཏིལ་གྱི་གོང་བུ་བཞིནཿ ཤར་དུ་མགྱོགས་མ་མདའ་དར་ལྕགས་ཀྱུ་འཛིནཿ ལྷོ་རུ་རྒྱས་བྱེད་མདའ་དར་ཞགས་པ་འཕེནཿ ནུབ་ཏུ་འབར་མ་དམར་མོ་མདའ་ལྕགས་སྒྲོགཿ བྱང་དུ་ལས་བྱེད་མདའ་དར་དྲིལ་བུ་འཁྲོལཿ དཀར་སེར་དམར་ལྗང་ཁྲོ་མོའི་ཆས་བརྒྱན་རྫོགསཿ མཐའ་སྐོར་ཕྲིན་ལས་ཏཱ་རེ་ཉེར་གཅིག་དངཿ མཁའ་འགྲོ་སོ་གཉིས་གིང་ཆེན་སྡེ་བཞི་གསལཿ གཙོ་བོའི་གནས་གསུམ་འོད་ཀྱི་འཕྲོ་འདུ་ལསཿ ཡེ་ཤེས་ལྷ་ཚོགས་ཆར་ལྟར་བབས་པར་བསམཿ «སྤྱན་འདྲེན་ནིཿ »ཧྲཱིཿ ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནསཿ ཆོས་སྐུའི་ལྷ་ཚོགས་སྤྱན་འདྲེན་ནོཿ ངེས་པ་ལྔ་ལྡན་ཞིང་ཁམས་ནསཿ ལོངས་སྤྱོད་རྫོགས་སྐུ་གནས་འདིར་གཤེགསཿ གསང་ཆེན་རོལ་དང་བདེ་བ་ཆེཿ དགའ་བཞི་འདུ་འབྲལ་མེད་ཀློང་ནསཿ ཚེ་ལྷ་ཡབ་ཡུམ་གཤེགས་སུ་གསོལཿ མེ་རི་དགུ་ཀློང་འཁྱིལ་པའི་དབུསཿ རིགས་ཀྱི་ཁྲོ་མོ་མཆེད་བཞི་གཤེགསཿ དུར་ཁྲོད་སོ་སོའི་གནས་མཆོག་ནསཿ མཁའ་འགྲོ་སུམ་ཅུ་རྩ་གཉིས་གཤེགསཿ པོ་ཊ་ལ་ཡི་གནས་མཆོག་ནསཿ ཏཱ་རེ་ལྷ་མོ་ཉེར་གཅིག་གཤེགསཿ འདོད་ཆགས་དབའ་ཀློང་འཁྲུགས་པའི་ཀློངཿ སྐྱེ་རྒྱུད་ཆགས་ཆེན་ཡབ་ཡུམ་གཤེགསཿ ཆོས་དབྱིངས་ཡེ་ཤེས་རྟོགས་པ་དང༔ ཚེ་ཡི་རིག་འཛིན་འགྲུབ་པ་རུཿ བྱིན་གྱིས་རློབས་ལ་དངོས་གྲུབ་སྩོལཿ ཨ་ཡུརྫྙཱ་ན་སརྦ་ས་མ་ཡ་ཨ་ཝེ་ཤ་ཡ་ཕེཾ་ཕེཾཿ སརྦ་ས་མ་ཡ་ཛ་ཛཿ ཨེ་ཨ་ར་ལི་ཕེཾ་ཕེཾཿ «དེ་ཚེ་རྟགས་དང་མཚན་མ་མངོནཿ» «དེ་ནས་བཞུགས་སུ་གསོལ་བ་ནིཿ »ཧྲཱིཿ དབྱིངས་ཀྱི་ལྷ་ཚོགས་ཆུ་ལ་ཆུ་ཐིམ་ལྟརཿ བསྐྱེད་པའི་རྟེན་དང་གཉིས་མེད་རོ་གཅིག་པརཿ བརྟན་པར་བཞུགས་ལ་གཉིས་མེད་ཐུན་མོང་གིཿ ཚེ་དབང་རིག་འཛིན་དངོས་གྲུབ་དགའ་སྟོན་སྩོལཿ ཛྙཱ་ན་ཨ་ཡུར་ཏིཥྛ་ལྷནཿ« ཕྱག་འཚལ་བ་ནིཿ »ཧྲཱིཿ བདེ་བའི་ལྷ་ལ་བདེ་བས་གར་ཕྱག་འཚལཿ འདོད་པ་ཆེན་པོ་ཡབ་ཀྱི་རྡོ་རྗེ་ཡིསཿ ཆགས་པ་ཆེན་པོ་ཡུམ་གྱི་པདྨ་ལཿ མཉམ་པར་སྦྱོར་བའི་ཆོས་ཀྱི་ཕྱག་རྒྱ་ཆེཿ དགའ་བ་ཆེན་པོ་དོན་གྱིས་ཕྱག་འཚལ་ལོཿ རཱ་ག་རཱ་ག་ཨ་ཏི་པུ་ཧོཿ པྲ་ཏིཙྪ་ཧོཿ« མཆོད་པ་ནིཿ» ཧོཿ དབང་དྲུག་ཡུལ་ལ་ཤར་བའི་ཕྱི་མཆོད་དངཿ འདོད་ཡོན་མ་སྤང་ནང་གི་མཆོད་པ་ཆེཿ བདེ་བའི་རོ་མཆོག་བདུད་རྩི་གསང་བའི་རྫསཿ ཚེ་ཡི་ལྷ་ལ་དངོས་གྲུབ་རྒྱུར་བསྐུལ་བའིཿ མཆོད་པ་འབུལ་ལོ་བཅུད་འདྲེན་དངོས་གྲུབ་སྩོལཿ དྷུཔྤེ་པུཥྤེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝི་དྱ་ཤབྟ་རཱུ་པ་ཤབྟ་གྷནྡྷེ་རཱ་ས་སྤརྴེ་མ་ཧཱ་རཱ་ག་སརྦ་པུ་ཙ་ཧོཿ «ཇི་ལྟར་བསྟོད་པ་ནིཿ »ཨེ་མ་ཧོཿ སྲིད་དང་ཞི་བ་མྱ་ངན་འདས་པའི་ཁམསཿ ཀུན་ཁྱབ་རིག་པ་ཡེ་ཀློང་དོན་གྱི་ལྷཿ ཚེ་ཡི་ལྷ་མཆོག་དངོས་གྲུབ་ཀུན་འབྱུང་ལཿ ཡོངས་གྲུབ་བདེ་བ་ཆེན་པོར་བསྟོད་པར་བགྱིཿ ཡུམ་ཆེན་ཁྱོད་ནི་སྲིད་ཞིའི་མཐར་མ་ལྷུངཿ འཛིན་པས་མ་བཅིང་དྲི་མས་མ་གོས་ཤིངཿ བདུད་སྡེའི་གཡུལ་རྒྱལ་ཚེ་ལ་དབང་བསྒྱུར་བའིཿ འཆི་མེད་ལྷ་མོ་ཁྲོ་མོའི་རྒྱལ་ལ་བསྟོདཿ དགའ་བཞི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིསཿ བརྟན་གཡོ་དཀར་དམར་དངོས་སུ་བཅུད་དྲངས་པའིཿ རྣལ་འབྱོར་ཚེ་བསོད་དཔལ་གྱི་སྟོབས་བསྐྱེད་མཿ ཁྱོད་ཀྱི་གསང་གསུམ་ཡོན་ཏན་དྲན་པས་བསྟོདཿ ཚེ་བདག་དམར་པོ་དབང་གི་རང་བཞིན་ཅནཿ ཡེ་ཤེས་སེམས་དཔའ་བདུད་འདུལ་ཚེ་ཡི་ལྷཿ རྟ་ཕག་ཡབ་ཡུམ་ཡི་དམ་མཁའ་འགྲོའི་གཙོཿ ཆགས་པ་བསྐྱེད་མཛད་སྐྱེད་མེད་ཨུ་མ་དྷེཿ ཁྲོ་མོ་བཞི་དང་ཏཱ་རེ་ཌཱཀྐིའི་ཚོགསཿ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བསྟོདཿ «རྩ་བའི་བཟླས་དམིགས་ནིཿ »ཡེ་ཤེས་སེམས་དཔའི་ཐུགས་ཀ་རུཿ ཕྱག་མཚན་རྡོ་རྗེ་རྩེ་ལྔ་པའིཿ འཆང་བཟུང་ཙཀྲ་རྩིབ་བརྒྱད་དབུསཿ ཉི་ཟླའི་གའུ་ཁ་སྦྱོར་ནངཿ བྷྲཱུཾཿཡིག་ཁོག་པར་ཧྲཱིཿདམར་མཚནཿ བཟླ་བྱའི་སྔགས་ཕྲེང་གཡས་སུ་བཀོདཿ བཟླས་པའི་རྐྱེན་གྱིས་གཡོན་དུ་འཁོརཿ འོད་ཀྱིས་རྒྱལ་བའི་ཐུགས་རྒྱུད་བསྐུལཿ ཐུགས་རྗེ་བྱིན་རླབས་ཚེ་བཅུད་དངཿ བརྟན་གཡོའི་ནུས་བཅུད་བཀྲག་མདངས་འོདཿ འོད་དམར་རྣམ་པར་སྦྱོར་མཚམས་ནསཿ དྲངས་ཤིང་ཐུགས་སྲོག་ལ་ཐིམ་པསཿ ཚེ་བསོད་སྟོབས་འབྱོར་ཡེ་ཤེས་རྒྱསཿ དགའ་བ་བཞི་ཡི་ཡེ་ཤེས་ཀྱིསཿ ཚེ་དབང་རིག་འཛིན་འགྲུབ་པར་དམིགསཿ «སྙིང་པོ་ནིཿ »ཧྲཱིཿམ་ཨ་ཡུརྫྙཱབྷྲཱུྃཿ «ཚེ་ཡི་ཡང་སྙིང་གཟུངས་སྔགས་བཅུད་དྲིལ་མཆོགཿ ཏིང་འཛིན་དམིགས་གནད་ལྡན་པས་འབུམ་ཕྲག་བདུནཿ བཟླས་པས་ཚེ་དབང་རིག་འཛིན་མཆོག་འགྲུབ་ཅིངཿ བར་ཆད་བདུད་ལས་རྒྱལ་བར་ཐེ་ཚོམ་མེདཿ སྐབས་སུ་ཐུགས་སྲོག་ཧྲཱིཿསྒྲ་སྙན་པའི་སྒྲཿ སྒྲོགས་ཤིང་བར་རླུང་བུམ་པ་ཅན་དང་སྦྱརཿ རྩོལ་བཅས་རླུང་གི་དགོས་པ་འདི་ལས་མེདཿ རྩ་བཤེར་ཧ་སྤྲུགས་བྲབ་གཞིལ་འཁྲུལ་འཁོར་དངཿ ཆོས་ཉིད་རིག་པ་ཡེ་ཤེས་ངང་གདངས་སྐྱོངསཿ སྔགས་ལ་སྤྱོད་པའི་སྐྱེས་བུ་ཁྱད་ཆོས་སོཿ དེ་ནས་དངོས་གྲུབ་བྱིན་སྒྱུར་ཚེ་ཡི་གཟུངསཿ འདི་ཉིད་སྙན་པའི་དབྱངས་ཀྱིས་བརྒྱ་རྩ་བཟླཿ »ཨོཾ་ཧྲཱི་མ་ཨ་ཡུར་ཚེ་བྷྲཱུྃ་ཧྲཱིཿ བྷྲཱུྃ་གཡུ་ཚེ་བྷྲཱུྃཿ པུཎྱཻ་ཛྙཱ་ན་རཱ་ག་སིདྡྷི་ཧཱུྃཿ «ཐུན་མཐར་ཐུགས་དམ་རྒྱུད་བསྐུལ་ཚེ་འགུགས་ནིཿ »ཧྲཱིཿ ཚེ་ཡི་ལྷ་མཆོག་སྣང་བ་མཐའ་ཡས་དངཿ འཆི་མེད་ལྷ་མོ་བདེ་བ་མཆོག་སྟེར་མཿ རྒྱལ་བའི་ཡབ་གཅིག་དམར་གསལ་པད་རག་མདངསཿ ཧྱ་གྷྲི་ཝ་རྡོ་རྗེ་ཕག་མོ་ཡུམཿ སྐྱེ་རྒྱུད་བདག་པོ་ཁམས་གསུམ་བཅུད་འདྲེན་དཔལཿ མི་འགྱུར་འཆི་མེད་ཚེ་ཡི་བཅུད་བསྡུས་ཤིགཿ ཡེ་ཤེས་ཆེན་པོའི་ཚེ་བྱིན་དབབ་དུ་གསོལཿ སྐལ་ལྡན་མོས་པའི་བུ་ལ་དབང་མཆོག་བསྐུརཿ ལོག་འདྲེན་ཚེ་ཡི་བར་ཆད་བསལ་དུ་གསོལཿ ཨཱོཾ་ཧྲཱི་མ་ཨ་ཡུར་ཚེ་བྷྲཱུྃ་ཧྲཱིཿ བྷྲཱུྃ་གཡུ་ཚེ་བྷྲཱུྃཿཔུཎྱཻ་ཛྙཱ་ན་རཱ་ག་སིདྡྷི་ཧཱུྃཿ ཧྲཱིཿ ཤར་ནས་མགྱོགས་མ་དཀར་མོ་ལྕགས་ཀྱུ་འཛིནཿ ལྷོ་ནས་དཔལ་བསྐྱེད་སེར་མོ་ཞགས་པས་འདྲེནཿ ནུབ་ནས་འབར་མ་དམར་མོ་ལྕགས་སྒྲོག་འཕྲོགཿ བྱང་ནས་ལས་བྱེད་ལྗང་མོ་དྲིལ་བུས་སྡུདཿ སོ་སོའི་མདའ་དར་གཡབ་ཅིང་ཚེ་བཅུད་འདྲེནཿ འབྱུང་ལྔའི་ཁམས་དང་བརྟན་གཡོའི་དྭངས་བཅུད་དྲངསཿ རྣལ་འབྱོར་ཚེ་བསོད་དཔལ་འབྱོར་སྟོབས་བསྐྱེད་ལཿ མི་འགྱུར་འཆི་མེད་ཚེ་ཡི་བཅུད་སྡུས་ཤིགཿ ཡེ་ཤེས་ཆེན་པོའི་ཚེ་བྱིན་དབབ་ཏུ་གསོལཿ སྐལ་ལྡན་མོས་པའི་བུ་ལ་དབང་མཆོག་བསྐུརཿ ལོག་འདྲེན་ཚེ་ཡི་བར་ཆད་བསལ་དུ་གསོལཿ ཨོཾ་ཧྲཱིཿམ་ཨ་ཡུར་ཚེ་བྷྲཱུྃ་ཧྲཱིཿབྷཱུཾ་གཡུ་ཚེ་བྷྲཱུྃཿ པུཎྱེ་ཛྙཱ་ན་ཨ་ཡུ་སིདྡྷི་ཧཱུྃཿ ཧྲཱིཿ ཚེ་ཡི་ལྷ་མཆོག་རྗེ་བཙུན་སྒྲོལ་མ་ཡུམཿ ཕྲིན་ལས་རབ་འབྱམས་ཏཱ་རེ་ཉེར་གཅིག་ལྷཿ མཁའ་འགྲོ་སོ་གཉིས་དབང་ཕྱུག་གིང་ཆེན་བཞིཿ རྩ་གསུམ་ལྷ་ཚོགས་ཐུགས་རྗེའི་ཤུགས་བསྐྱེད་ལཿ ཆོས་ཀྱི་སྐུ་ལས་གཟུགས་ཀྱི་སྐུར་བཞེངས་ནསཿ བདག་འཛིན་མ་རིག་ལོག་རྟོག་རྐྱེན་གཞོམ་ལཿ མི་འགྱུར་འཆི་མེད་ཚེ་ཡི་བཅུད་སྡུས་ཤིགཿ ཡེ་ཤེས་ཆེན་པོའི་ཚེ་བྱིན་དབབ་ཏུ་གསོལཿ སྐལ་ལྡན་མོས་པའི་བུ་ལ་དབང་མཆོག་བསྐུརཿ ལོག་འདྲེན་ཚེ་ཡི་བར་ཆད་བསལ་དུ་གསོལཿ ཨོཾ་ཧྲཱིཿམ་ཨ་ཡུར་ཚེ་བྷྲཱུྃ་ཧྲཱིཿབྷྲཱུྃ་གཡུ་ཚེ་བྷྲཱུྃཿ པུཎྱཻ་ཛྙཱ་ན་རཱ་ག་སིདྡྷི་ཧཱུྃཿ ལུས་ལ་རྡོ་རྗེ་སྐུ་ཡི་བྱིན་གྱིས་རློབསཿ ཚེ་དབང་རིག་འཛིན་སྐྱེ་འཆི་བསྒྲེས་རྒུད་བྲལཿ དག་ཆེན་འཕོ་བ་ཆེན་པོའི་སྐུར་འགྲུབ་ཅིངཿ གདུལ་བྱའི་མཐུན་སྣང་བཞིན་དུ་འགྲོ་དོན་སྤྱོདཿ དག་ལ་རྡོ་རྗེའི་གསུང་མཆོག་ཚངས་པའི་དབྱངསཿ འགགས་མེད་ཆོས་ཉིད་བདེ་བ་ཆེན་པོའི་སྒྲསཿ མ་རིག་འཁྲུལ་པའི་སེམས་ཀྱི་རྒྱུད་དགྲོལ་ཞིངཿ ཐམས་ཅད་སྐད་དུ་ཆོས་ཀྱིས་འགྲོ་བ་འདུལཿ ཡིད་ལ་རྡོ་རྗེའི་ཐུགས་ཀྱིས་བྱིན་རློབས་ལཿ བློ་འདས་སྣང་བཞི་མཐར་ཕྱིན་བུམ་སྐུའི་ཀློངཿ ཆོས་ཟད་ཡངས་པ་ཆེན་པོར་ཡོངས་བརྡལ་ངངཿ གཞི་ལས་འཁྲུལ་མ་མྱོང་བའི་ཡེ་ཤེས་ཀྱིཿ ཚེ་དབང་རིག་འཛིན་དངོས་གྲུབ་བྱིན་ཆེན་ཕོབཿ རྩལ་སྣང་དགའ་བ་བཅུ་དྲུག་བདེ་བའི་སྒྲསཿ རྩ་དག་རླུང་ཆུན་ཐིག་ལེ་ལས་རུང་ཞིངཿ གཟུང་འཛིན་སྟོང་པའི་སྒྲ་ཆེན་འཕོ་བ་ཆེཿ འོད་ལུས་དོན་གྱི་ཡེ་ཤེས་སྙིང་པོ་ཅནཿ བསྒྲེས་རྒུད་བྲལ་བའི་དངོས་གྲུབ་དེང་བྱིན་ཕོབཿ ཨོཾ་ཧྲཱིཿམ་ཨ་ཡུར་ཚེ་བྷྲཱུྃ་ཧྲཱིཿབྷྲཱུྃ་གཡུ་ཚེ་བྷྲཱུྃཿ པུཎྱཻ་ཛྙཱ་ན་རཱ་ག་སིདྡྷི་ཧཱུྃཿ «དེ་ནས་ཚེ་གཟུངས་བཟླ་ཞིང་དམིགས་གནད་གཅུནཿ ཐུན་མཐར་མཆོད་བསྟོད་བཤགས་པ་ནིཿ »འཆི་མེད་ཚེ་ཡི་ལྷ་ཚོགས་འགྲུབ་པར་གྱུར་ཅིགཿ ཨོཾ་ཨ་ཨཱཿ ཨི་ཨཱིཿ ཨུ་ཨཱུཿ རྀ་རཱྀཿ ལྀ་ལཱྀཿ ཨེ་ཨཻཿ ཨོ་ཨཽཿ ཨཾ་ཨཿ ཀ་ཁ་ག་གྷ་ངཿ ཙ་ཚ་ཛ་ཛྷ་ཉཿ ཊ་ཋ་ཌ་ཌྷ་ཎཿ ཏ་ཐ་ད་དྷ་ནཿ པ་ཕ་བ་བྷ་མཿ ཡ་ར་ལ་ཝཿ ཤ་ཥ་ས་ཧ་ཀྵཿ ཧོཿ འཆི་མེད་ཚེ་ཡི་ལྷ་ཚོགས་ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེསཿ བརྩེ་བའི་ཐུགས་རྗེ་སྐྱོབ་པའི་ནུས་མཐུཿ རྣམ་བཞིའི་ཕྲིན་ལསཿ བསམ་གྱིས་མི་ཁྱབ་པའི་མངའ་བདག་སྟེཿ བདག་ཅག་སྒྲུབ་པ་པོ་ལ་རྗེས་སུ་དགོངས་ལཿ སྒོ་གསུམ་སྒྲིབ་གཉིས་བག་ཆགས་དང་བཅས་པ་བྱང་ཞིང་དག་ནསཿ མཆོག་གི་དངོས་གྲུབ་ཚེ་ལྷ་ཡབ་ཡུམ་གྱི་གསང་བ་གསུམ་དང་དབྱེར་མེད་དུ་འདྲེས་ཤིངཿ ལོངས་སྐུ་ཆེན་པོར་འཚང་རྒྱ་བ་དངཿ ཐུན་མོང་གི་དངོས་གྲུབ་ཞི་རྒྱས་དབང་དྲག་གྲུབ་པ་བརྒྱདཿ ལས་ཆེན་བཅུ་གཉིས་ལ་སོགས་མྱུར་བ་ཉིད་དུ་འགྲུབ་པར་བྱིན་གྱིས་རླབ་པར་མཛད་དུ་གསོལཿ ཨོཾ་ཡེ་དྷརྨ་ཏེ་ཏུ་པྲ་བྷ་ཝ་ཧེ་དུནྟེ་ཥནྟ་ཐཱ་ག་ཏོ་ཧྱ་ཝ་དཏཿ ཧེ་ཥཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དི་མ་ཧཱ་ཤྲ་མ་ཎ་ཡེ་སྭཱ་ཧཱཿ ཧཱུྃཿ ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས་སུ་གསོལཿ ཕྱི་ནང་གསང་བའི་མཆོད་པ་དམ་པ་འབུལཿ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་བསྟོདཿ བག་མེད་འགལ་འཁྲུལ་ཉམས་ཆགས་མཐོལ་ལོ་བཤགསཿ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལཿ ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃཿ ཨོཾ་བཛྲ་དྷུཔྤེ་ཨཱཿ ཧཱུྃཿ ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃཿ ཨོཾ་བཛྲ་གྷནྡྷེ་ཨཱཿཧཱུྃཿ ཨོཾ་བཛྲ་ནཻ་ཝི་དྱ་ཨཱཿཧཱུྃཿ ཨོཾ་བཛྲ་ཤབྟ་ཨཱཿཧཱུྃཿ སརྦ་པཉྩ་མ་ཧཱ་པཱུ་ཛ་ཧོཿ «ཞེས་མཆོད་ཅིང་བསྟོད་པ་ནིཿ» ཧཱུྃཿ འཆི་མེད་རིག་འཛིན་རྡོ་རྗེ་ཚེ་ཡི་ལྷ༔ ཁམས་གསུམ་དབང་དུ་སྡུད་མཛད་བཅུད་འདྲེན་མཿ ཕྲིན་ལས་ལྷུན་གྲུབ་ཞི་ཆགས་ཁྲོ་མོའི་གརཿ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་བསྟོད་པར་བགྱིཿ «བཤགས་པ་ནིཿ» འཆི་མེད་ལྷ་ཚོགས་བསྙེན་ཅིང་བསྒྲུབ་པ་ལཿ བདག་ཅག་མ་རིག་འཁྲུལ་པའི་རྐྱེན་དབང་གིསཿ སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་གསངཿ དམ་ཚིག་ཉམས་ཆག་ཉེས་འགལ་མཐོལ་ལོ་བཤགསཿ ཨོཾ་བཛྲ་ས་ཏྭ་ས་མ་ཡ་ཤུདྡྷེ་ཨཿ «བརྗོད་ལ་དངོས་གྲུབ་བསྡུ་བའི་རིམ་པ་ནིཿ »ཧྲཱིཿ རྩ་ཁམས་དག་པ་སྤྲུལ་སྐུའི་ཀོང་བུ་རུཿ རླུང་ཁམས་བདེ་བ་ཆེན་པོའི་མར་ཁུས་གཏམསཿ ཐིག་ལེ་རྣམ་དག་ཡེ་ཤེས་སྒྲོན་མེ་སྦརཿ སྐུ་གསུམ་སྣང་སྒྲོལ་འཆི་མེད་བདུད་རྩིའི་བཅུདཿ ཚེ་དབང་རིག་འཛིན་དངོས་གྲུབ་དྭངས་བཅུད་ཀུནཿ དེང་འདིར་སྩོལ་ཅིག་འཆི་མེད་ཚེ་ཡི་ལྷཿ སྐྱེ་འཆི་མེད་པ་རྡོ་རྗེའི་སྲོག་འགྲུབ་ཤོགཿ «རྩ་སྔགས་ཤམ་བུརཿ »ཀཱ་ཡ་ཝཱཀྐ་ཙིཏྟ་ཨ་ཡུར་ཤྲཱི་པུཎྱཻ་སརྦ་སིདྡྷི་ཕ་ལ་ཧོཿ «ཚེ་རྫས་གནས་ལྔ་གཏུགས་ཤིང་བདུད་རྩི་རོལཿ མཆོད་བསྟོད་བཤགས་པ་བྱ་ཞིང་བསྡུ་རིམ་ནིཿ »ཧྲཱིཿ སྣོད་བཅུད་འོད་ཞུས་དཀྱིལ་འཁོར་ལྷ་ལ་ཐིམཿ གཅིག་ལ་གཅིག་ཐིམ་གཙོ་བོ་ཡབ་ཡུམ་ལཿ གཙོ་བོ་ཡབ་ཡུམ་གནས་འགྱུར་སྐད་ཅིག་གིསཿ གནམ་ལྕགས་རྡོ་རྗེ་རྩེ་གསུམ་སྲ་བརྟན་བརྗིདཿ ཡར་རྩེ་གཟུགས་མེད་རྐེད་པ་གཟུགས་ཁམས་གནསཿ མར་རྩེ་འདོད་ཁམས་གནས་ཟུག་རྭ་གདེངས་པཿ ཡེ་ཤེས་མེ་དཔུང་འབར་ཞིང་ལོག་འདྲེན་བསྲེགསཿ སྣང་ལ་རང་བཞིན་མེད་པའི་ལམ་ཁྱེར་ངངཿ «བསྔོ་སྨོན་བཀྲ་ཤིས་རྗེས་ཆོག་མཇུག་བསྡུ་ནིཿ »ཧོཿ ལམ་འདིར་བསྙེན་ཅིང་བསྒྲུབས་པ་དངཿ དུས་གསུམ་བསགས་པའི་དགེ་རྩ་ཀུནཿ སྡུག་བསྔལ་རྒྱ་མཚོར་བྱིང་བ་ཡིཿ མར་གྱུར་སེམས་ཅན་དོན་ལ་བསྔོཿ དགེ་བ་འདི་ཡིས་མྱུར་དུ་བདགཿ ཚེ་དབང་རིག་འཛིན་འགྲུབ་གྱུར་ནསཿ འགྲོ་བ་གཅིག་ཀྱང་མ་ལུས་པཿ དེ་ཡི་ས་ལ་འགོད་པར་ཤོགཿ ཧྲཱིཿ སྐྱེ་འཆི་གཉིས་སྤངས་ལོངས་སྤྱོད་རྫོགས་པའི་སྐུཿ བདེ་ཆེན་དགའ་བཞིའི་རོལ་རྩལ་སྤྲུལ་པའི་གརཿ ཚེ་ལ་དབང་བསྒྱུར་རིག་འཛིན་གྲུབ་པའི་ལྷཿ འཆི་མེད་སྐུ་གསུང་ཐུགས་ཀྱི་བཀྲ་ཤིས་ཤོགཿ «གཞན་ཡང་བཀྲ་ཤིས་གང་རིགས་སྤྱི་ལྟར་བྱའོཿ སྟོབས་བསྐྱེད་རྡོ་ཆེན་ཅོང་ཞིའི་བཅུད་ལེན་དངཿ འདུ་བའི་ནད་སེལ་བདུད་རྩི་ལྔའི་རང་བཞིནཿ ཚེ་འཕེལ་སྙིང་པོ་ལྔ་ཡི་བཅུད་ལེན་འབདཿ དམིགས་གནད་མན་ངག་མཁའ་འགྲོའི་དགོངས་བརྒྱུད་ལྟརཿ བ་སྐྱལ་ཏིང་འཛིན་སྐྱེས་བུའི་ཞལ་ལས་ཤེསཿ རྒྱུན་དུ་སྤྱོད་ལམ་ལུས་སྟོབས་བསྐྱེད་ཐབས་འབདཿ སྐྱོན་སྤང་ཡོན་ཏན་ལྡན་པའི་བདེ་སྟེར་མཿ མནྡྷ་ར་བ་ཁྱོད་ལ་བརྩེ་བས་སྦྱིནཿ འདི་ཉིད་ཉམས་སུ་ལེན་པའི་སྐལ་ལྡན་ཀུནཿ ཚེ་ཟད་པ་ཡང་དབྱར་སྟོབས་ཆུས་གསོ་བཞིནཿ ལོ་བརྒྱའི་བར་དུ་འཚོ་བ་ཐེ་ཚོམ་མེདཿ ལགས་ལ་སྤྱོད་པའི་སྐྱེས་བུའི་སྒེར་ཆོས་ཏེཿ ཐེ་ཚོམ་ལོག་ལྟ་མངོན་རྟོགས་ཅན་རྣམས་དངཿ ཚུལ་ཁྲིམས་མཆོག་འཛིན་ཅན་ལ་འདི་སྤེལ་ནཿ དངོས་གྲུབ་མེད་ཅིང་སྲོག་ལ་ཧུར་ཐུམ་འབྱུངཿ སྐལ་ལྡན་ཐོས་བ་ཙམ་གྱིས་དངོས་གྲུབ་ཐོབཿ མ་འོངས་བརྒྱད་ཅུ་ཁ་རལ་དུས་ཀྱི་ཚེཿ ང་སྤྲུལ་རིག་འཛིན་དཔའ་བོ་ལྕམ་དྲལ་དངཿ ཆོས་བདག་རྣམས་གསུམ་ཚེ་འཕྲང་བར་ཆད་ཀྱིསཿ ཅི་བྱ་བཏོལ་མེད་ཐུགས་པའི་དུས་ཀྱི་ཚེཿ མུན་པའི་སྨག་རུམ་སྒྲོན་མེ་སྤར་བ་བཞིནཿ ཚེ་འཕྲང་གྲོལ་ཞིང་གསང་སྔགས་ཟབ་མོའི་ཆོསཿ ཡར་ངོའི་ཟླ་བཞིན་དར་ཞིང་རྒྱས་པའི་ཕྱིརཿ ཡང་གསང་མཁའ་འགྲོ་བརྒྱ་ལ་ཕྲིན་ལས་དགུཿ ཚེ་ལ་མངའ་བརྙེས་པདྨ་བདག་གིས་བཀོདཿ ལྷ་མོ་མནྡ་ར་བས་བརྡ་རིས་སུཿ ཐོབ་ལ་དབྱིངས་ཀྱི་མཁའ་འགྲོའི་ཐུགས་ཀློང་སྦོསཿ མ་འོངས་ལས་ཅན་བུ་དང་འཕྲད་པར་ངེསཿ བཀའ་འདི་བསྟན་སྲུང་ཚོགས་ཀྱིས་སྲུངས་ཤིག་རྒྱཿ ས་མ་ཡཱཿ ཨ་ཨཱཿ བདག་འདྲ་ལྷ་མོ་མནྡ་ར་བ་ཡིསཿ པདྨའི་ཐུགས་སྦྲུལ་ཁྲག་འཐུང་དཔའ་བོ་དངཿ ང་སྤྲུལ་དང་ནི་ཆོས་བདག་སྐྱེས་བུ་ཡིཿ དོན་དུ་དབྱིངས་ཆེན་དགོངས་བའི་གཏེར་དུ་སྦསཿ དུས་གནད་ཁྱད་པར་ཅན་དང་འཕྲད་པར་ཤོགཿ སྐུ་གསུང་ཐུགས་ཀྱི་རྒྱཿ རྒྱ་རྒྱ་རྒྱཿ གུ་ཧྱཿ ཁ་ཐམཿ ཅེས་པ་འདི་ཡང་ཁྲག་འཐུང་དཔའ་བོ་རང་དང་ཆོས་བདག་རྣམས་ཀྱི་ཚེ་འཕྲང་བར་ཆད་བཟློག་ཕྱིར་ཤིང་མོ་ལུག་གི་ལོར་གཏེར་གྱི་བདག་མོ་བདེ་བ་དབྱིངས་སྒྲོན་མས་བརྡ་རིས་དཀྲོལ་བ་ལྟར་ཁྲག་འཐུང་ལས་ཀྱི་དཔའ་བོས་དམར་ཕྱོགས་མཁའ་འགྲོ་འདུ་བའི་ཚེས་དགེ་བར་དབྱིངས་ཆེན་མཁའ་འགྲོའི་བརྡ་རིས་ལས་དག་པར་ཕབ་པ་སླར་རྟེན་འབྲེལ་བཟང་པོའི་མཚམས་སྦྱོར་གྱི་ཚེ་ཚིགས་སུ་བསྡེབས་པ་ཡི་གེའི་འདུ་བྱེད་རིག་པའི་ཡེ་ཤེས་ཀྱིས་བགྱིས་པས་སྐལ་ལྡན་ཚེ་ཡི་རིག་འཛིན་འགྲུབ་པའི་རྒྱུར་གྱུར་ཅིགཿ དགེའོཿ ཨ་ལ་ལཿ  
{{Text
|classification=Tibetan Publications
|subclass=Tibetan Texts
|collectiontitle=mdo mkhyen brtse bka' 'bum
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ།
|totalvolumes=8
|author=Mdo mkhyen brtse
|authortib=མདོ་མཁྱེན་བརྩེ་
|citation=
|language=Tibetan
|pagestatus=Temporary stub only
|volumenumber=03
|volumeLetter=GA
|textnuminvol=017
|pdflink=File:DKYD-KABUM-03-GA-017.pdf
|InitCategories=Khyentse Lineage Project; DKYD-KABUM-Volume-03-GA
}}
<h1>Tibetan Text</h1>
<onlyinclude>
{{TibP|ཤྭཱྃཿ ཡང་གསང་མཁའ་འགྲོའི་ཐུགས་ཐིག་ལསཿ ཚེ་སྒྲུབ་བདུད་རྩི་བཅུད་འདྲེན་བཞུགས་སོཿཿཤྭཱྃཿ ཨཱ་མཱ་རྭ་ནྭ་ཧྭ་སྭ་བྷྲུཾ༔ «འཆི་མེད་ཚེ་ཡི་ལྷ་ལ་འདུདཿ ཡང་གསང་མཁའ་འགྲོའི་ཐུགས་ཐིག་ལསཿ ཚེ་དབང་རིག་འཛིན་སྒྲུབ་པའི་ཐབསཿ བདུད་རྩིའི་བཅུད་འདྲེན་ཞེས་བྱ་བཿ མནྡྷ་ར་བ་ཁྱོད་ལ་བསྟནཿ དབེན་པ་སྟེགས་བུ་དམར་པོའི་ཁརཿ མདའ་དར་ཚེ་གལ་བདུད་རྩིའི་བཅུདཿ ཕྱི་ནང་མཆོད་པས་མཐའ་བསྐོར་ཞིངཿ སྤྲོས་བཅས་སྒྲུབ་པའི་རིམ་པའོཿ རྣལ་འབྱོར་ལྡན་པ་ཡབ་ཡུམ་གྱིསཿ རྩ་ཁམས་ལས་ཀྱི་དཀྱིལ་འཁོར་ལཿ བརྟན་པ་མཆོག་ཏུ་གྱུར་པའོཿ དང་པོ་བཀའ་བསྒོ་མཚམས་གཅོད་ནིཿ »ཧཱུྃཿ སྣང་བ་རྣམ་དག་ཆོས་ཀྱི་དབྱིངསཿ ལྷ་དང་འདྲེ་འཛིན་རྣམ་རྟོག་བགེགསཿ མ་རིག་བདག་ཏུ་བཟུང་བའི་བདུདཿ ཡེ་ནས་མེད་དེ་ཆོས་ཉིད་ངངཿ གློ་བུར་རྐྱེན་གྱིས་ཤར་བ་གངཿ དེ་ཉིད་འཛིན་མེད་ཀློང་དུ་བསྐྲདཿ སྟོང་པ་ཆེན་པོ་རྡོརྗེའི་གུརཿ སྣང་བའི་ཡུལ་ལ་ཡེ་ནས་ཁྱབཿ བསྒོམ་དུ་མེད་དེ་རང་བྱུང་བཿ རྣམ་དག་རིག་པ་ཡེ་གྲོལ་ངངཿ རཀྵ་རཀྵ་ཨཱཿ «ལུས་གནད་ལྡན་པས་རླུང་རོ་ལན་གསུམ་བསལཿ ཚེ་བདུད་བར་ཆད་བདག་འཛིན་དབྱིངས་སུ་བསལཿ སྐྱབས་ཡུལ་གསལ་གདབ་རིག་པའི་རང་གདངས་ངངཿ ཐོག་མར་སྐྱབས་སུ་འགྲོ་བའི་རིམ་པ་ནིཿ» ཧྲཱིཿ དབྱིངས་སྣང་དག་པ་ཆེན་པོའི་ཞིང་ཁམས་ནསཿ ཚེ་ཡི་ལྷ་མཆོག་པདྨ་རཱ་གའི་མདངསཿ རྒྱལ་ཀུན་ཡེ་ཤེས་གཅིག་བསྡུས་དོན་གྱི་ལྷཿ ཐབས་ཤེས་གཉིས་སུ་མེད་པར་སྐྱབས་སུ་མཆིཿ «སེམས་བསྐྱེད་པ་ནིཿ »སྐྱེ་དང་འཆི་བ་མིང་གི་བླ་དྭགས་ཀྱང༔ མཉམ་སྦྱོར་བདེ་བ་ཆེན་པོར་མཐར་ཕྱིན་ནསཿ རང་རིག་དོན་གྱི་ལྷ་མཆོག་ཞལ་མཐོང་ཕྱིརཿ འགྲོ་དོན་ཚེ་དབང་རིག་འཛིན་མཆོག་གྲུབ་བོ༔ «ཡན་ལག་བརྒྱད་པ་འབུལ་བ་ནིཿ» ཧྲཱིཿ རྒྱལ་ཀུན་ཕྲིན་ལས་གཅིག་བསྡུས་ཚེ་ཡི་ལྷཿ དབྱིངས་ནས་སྤྱན་འདྲེན་ཕྱག་འཚལ་གསང་མཆོད་འབུལཿ བཤགས་པ་འབུལ་ལོ་ཁྱོད་ལ་རྗེས་ཡི་རངསཿ དངོས་གྲུབ་བསྐུལ་ཞིང་བདག་དང་འབྲལ་མེད་བཞུགསཿ འགྲོ་ཀུན་ཚེ་དབང་རིག་འཛིན་ཐོབ་ཕྱིར་བསྔོཿ «དེ་ནས་བྱིན་ཆེན་འབེབས་པ་འདི་ལྟར་རོཿ »ཧྲཱིཿ བྱིན་ཆེན་ངོ་མཚར་ཁྱད་པར་འཕགས་པའི་གནསཿ བདེ་ཆེན་གསང་བ་མཆོག་གི་དུར་ཁྲོད་གནསཿ རྩ་གསུམ་ལྷ་ཚོགས་འཆི་མེད་ཚེ་ཡི་ལྷཿ འོད་ཀྱི་ལུས་ལ་ཡེ་ཤེས་སྙིང་པོ་ཅནཿ བྱིན་རླབས་དངོས་གྲུབ་བདེ་ཆེན་རབ་འབར་བཿ སྒྲུབ་པའི་གནས་མཆོག་འདི་རུ་བྱིན་ཕོབ་ལཿ སྐལ་ལྡན་བདག་གི་རྩ་རླུང་ཐིག་ལེའི་ཁམསཿ དག་པ་གསུམ་གྱི་འབྲས་བུའི་བཅུད་སྨིན་ཞིངཿ བདེ་ཆེན་ཚེ་ཡི་བྱིན་ཆེན་དབབ་ཏུ་གསོལཿ ཛྙཱ་ན་བཛྲ་ཨ་ཡུར་ཚེ་བྷྲཱུྃ་ཨ་ཝེ་ཤ་ཡ་ཨ་ཝེ་ཤ་ཡ་ཨ་ཨཱཿ «མཆོད་རྫས་འདོད་ཡོན་བྱིན་རླབས་ནིཿ» ཧྲཱིཿམཿ མིག་ཡུལ་གཟུགས་དང་རྣ་བའི་ཡུལ་དུ་སྒྲཿ སྣ་རུ་དྲི་ཚོར་ལྕེ་ལ་རོ་བྲོ་བཿ ལུས་ཀྱི་རེག་བྱ་རྩ་རླུང་བདེ་བའི་རོཿ དེ་དག་ཡིད་ཀྱི་ཡུལ་དུ་བདག་བཟུང་ཀུནཿ རྣམ་གྲོལ་བདེ་བ་ཆེན་པོའི་གྲོགས་གྱུར་ནསཿ ཚེ་ཡི་ལྷ་ཚོགས་དགྱེས་མཆོད་ཆེན་པོར་གྱུརཿ སརྦ་པཱུ་ཛ་མེ་གྷ་ས་མ་ཡ་ཨཱ་ཧཱུྃཿ «དངོས་གཞི་ལྷ་བསྐྱེད་རིམ་པ་ནིཿ »ཧྲཱིཿ ཆོས་དབྱིངས་ཡེ་སྟོང་ཆེན་པོའི་ངང་ཉིད་ལསཿ རྗེས་སུ་ཆགས་པའི་སྙིང་རྗེ་ཀུན་ལ་སྣངཿ སེམས་ཉིད་ཡེ་ནས་ཡི་གེ་ཧྲཱིཿརུ་གསལཿ ཧྲཱིཿལས་འོད་འཕྲོས་རྒྱལ་མཆོད་བདེ་བ་བསྐུལཿ བྱིན་རླབས་ནུས་བཅུད་བསྡུས་ཤིང་འགྲོ་དྲུག་སྦྱངཿ ཁམས་གསུམ་སྣོད་བཅུད་དྭངས་མ་ཚེ་བཅུད་དྲངསཿ ཧྲཱིཿཡིག་གནས་འགྱུར་མཁའ་ལ་འཇའ་སྣང་བཞིནཿ རང་ཉིད་ཐབས་མཆོག་འཆི་མེད་ཚེ་ཡི་ལྷཿ མཛེས་པའི་ཞལ་གཅིག་སྤྱན་གསུམ་འབྲུ་ཚུགས་གཟིགསཿ གཞོན་ཚུལ་དགུ་ལྡན་ཞི་ཆགས་འཛུམ་པའི་མདངསཿ དམར་སྐྱ་ལོངས་སྤྱོད་རྫོགས་སྐུའི་རྒྱན་གྱིས་བརྒྱནཿ སེམས་དཔའི་སྐྱིལ་ཀྲུང་ཕྱག་གཉིས་མཉམ་བཞག་གིསཿ ཡུམ་དང་འཁྲིལ་ཞིང་བདུད་རྩིའི་བུམ་ཐོད་འཛིནཿ དར་དཔྱངས་རིན་ཆེན་རྒྱན་ལྡན་གཟི་འོད་འབརཿ སྦྱོར་ཡུམ་ཁྲོ་མོ་དམར་མོ་བཅུད་འདྲེན་མཿ དམར་གསལ་པདྨ་རཱ་གའི་མདངས་དང་ལྡནཿ གཡས་པས་གྲི་གུག་གཡོན་པས་བུམ་ཐོད་འཛིནཿ གཅེར་མོ་རུས་རྒྱན་རོལ་བའི་སྟབས་སུ་འཁྲིལཿ སྤྱན་ཟུང་གཡོ་ཞིང་ཞི་མ་ཁྲོའི་ཉམས་ཆགསཿ དབུ་སྐྲ་གནག་སྣུམ་ཐོར་ཚུགས་སྐུ་རྒྱབ་ཁེབསཿ ནུ་འབུར་གཟི་འོད་འབར་ཞིང་བྷ་ག་རྒྱསཿ ཡབ་ཡུམ་དགའ་བཞི་བདེ་བ་ཆེན་པོའི་ངངཿ པདྨ་ཉི་ཟླ་འོད་དམར་ཀློང་དུ་རོལཿ ཡབ་ཡུམ་གཉིས་སུ་མེད་པའི་སྤྱི་བོ་རུཿ སྣང་མཐའ་དམར་པོ་རང་འོད་ཡུམ་དང་འཁྲིལཿ སྙིང་ཁར་འོད་ལྔའི་མུ་ཁྱུད་ཟླུམ་བསྐོར་དབུསཿ ཡི་དམ་དབང་ཆེན་རྟ་ཕག་ཡབ་ཡུམ་འཁྲིལཿ ཡབ་ཀྱི་ནོར་བུའི་རྩེ་དང་ཡུམ་གྱི་མཁརཿ སྐྱེ་རྒྱུད་བདག་པོ་ལྷ་ཆེན་ཡབ་ཡུམ་ནིཿ དམར་གསལ་དམར་སྐྱ་ཆགས་པ་ཆེན་པོས་སྦྱོརཿ རྩ་གནས་ཚེ་ལྷ་ཏིལ་གྱི་གོང་བུ་བཞིནཿ ཤར་དུ་མགྱོགས་མ་མདའ་དར་ལྕགས་ཀྱུ་འཛིནཿ ལྷོ་རུ་རྒྱས་བྱེད་མདའ་དར་ཞགས་པ་འཕེནཿ ནུབ་ཏུ་འབར་མ་དམར་མོ་མདའ་ལྕགས་སྒྲོགཿ བྱང་དུ་ལས་བྱེད་མདའ་དར་དྲིལ་བུ་འཁྲོལཿ དཀར་སེར་དམར་ལྗང་ཁྲོ་མོའི་ཆས་བརྒྱན་རྫོགསཿ མཐའ་སྐོར་ཕྲིན་ལས་ཏཱ་རེ་ཉེར་གཅིག་དངཿ མཁའ་འགྲོ་སོ་གཉིས་གིང་ཆེན་སྡེ་བཞི་གསལཿ གཙོ་བོའི་གནས་གསུམ་འོད་ཀྱི་འཕྲོ་འདུ་ལསཿ ཡེ་ཤེས་ལྷ་ཚོགས་ཆར་ལྟར་བབས་པར་བསམཿ «སྤྱན་འདྲེན་ནིཿ »ཧྲཱིཿ ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནསཿ ཆོས་སྐུའི་ལྷ་ཚོགས་སྤྱན་འདྲེན་ནོཿ ངེས་པ་ལྔ་ལྡན་ཞིང་ཁམས་ནསཿ ལོངས་སྤྱོད་རྫོགས་སྐུ་གནས་འདིར་གཤེགསཿ གསང་ཆེན་རོལ་དང་བདེ་བ་ཆེཿ དགའ་བཞི་འདུ་འབྲལ་མེད་ཀློང་ནསཿ ཚེ་ལྷ་ཡབ་ཡུམ་གཤེགས་སུ་གསོལཿ མེ་རི་དགུ་ཀློང་འཁྱིལ་པའི་དབུསཿ རིགས་ཀྱི་ཁྲོ་མོ་མཆེད་བཞི་གཤེགསཿ དུར་ཁྲོད་སོ་སོའི་གནས་མཆོག་ནསཿ མཁའ་འགྲོ་སུམ་ཅུ་རྩ་གཉིས་གཤེགསཿ པོ་ཊ་ལ་ཡི་གནས་མཆོག་ནསཿ ཏཱ་རེ་ལྷ་མོ་ཉེར་གཅིག་གཤེགསཿ འདོད་ཆགས་དབའ་ཀློང་འཁྲུགས་པའི་ཀློངཿ སྐྱེ་རྒྱུད་ཆགས་ཆེན་ཡབ་ཡུམ་གཤེགསཿ ཆོས་དབྱིངས་ཡེ་ཤེས་རྟོགས་པ་དང༔ ཚེ་ཡི་རིག་འཛིན་འགྲུབ་པ་རུཿ བྱིན་གྱིས་རློབས་ལ་དངོས་གྲུབ་སྩོལཿ ཨ་ཡུརྫྙཱ་ན་སརྦ་ས་མ་ཡ་ཨ་ཝེ་ཤ་ཡ་ཕེཾ་ཕེཾཿ སརྦ་ས་མ་ཡ་ཛ་ཛཿ ཨེ་ཨ་ར་ལི་ཕེཾ་ཕེཾཿ «དེ་ཚེ་རྟགས་དང་མཚན་མ་མངོནཿ» «དེ་ནས་བཞུགས་སུ་གསོལ་བ་ནིཿ »ཧྲཱིཿ དབྱིངས་ཀྱི་ལྷ་ཚོགས་ཆུ་ལ་ཆུ་ཐིམ་ལྟརཿ བསྐྱེད་པའི་རྟེན་དང་གཉིས་མེད་རོ་གཅིག་པརཿ བརྟན་པར་བཞུགས་ལ་གཉིས་མེད་ཐུན་མོང་གིཿ ཚེ་དབང་རིག་འཛིན་དངོས་གྲུབ་དགའ་སྟོན་སྩོལཿ ཛྙཱ་ན་ཨ་ཡུར་ཏིཥྛ་ལྷནཿ« ཕྱག་འཚལ་བ་ནིཿ »ཧྲཱིཿ བདེ་བའི་ལྷ་ལ་བདེ་བས་གར་ཕྱག་འཚལཿ འདོད་པ་ཆེན་པོ་ཡབ་ཀྱི་རྡོ་རྗེ་ཡིསཿ ཆགས་པ་ཆེན་པོ་ཡུམ་གྱི་པདྨ་ལཿ མཉམ་པར་སྦྱོར་བའི་ཆོས་ཀྱི་ཕྱག་རྒྱ་ཆེཿ དགའ་བ་ཆེན་པོ་དོན་གྱིས་ཕྱག་འཚལ་ལོཿ རཱ་ག་རཱ་ག་ཨ་ཏི་པུ་ཧོཿ པྲ་ཏིཙྪ་ཧོཿ« མཆོད་པ་ནིཿ» ཧོཿ དབང་དྲུག་ཡུལ་ལ་ཤར་བའི་ཕྱི་མཆོད་དངཿ འདོད་ཡོན་མ་སྤང་ནང་གི་མཆོད་པ་ཆེཿ བདེ་བའི་རོ་མཆོག་བདུད་རྩི་གསང་བའི་རྫསཿ ཚེ་ཡི་ལྷ་ལ་དངོས་གྲུབ་རྒྱུར་བསྐུལ་བའིཿ མཆོད་པ་འབུལ་ལོ་བཅུད་འདྲེན་དངོས་གྲུབ་སྩོལཿ དྷུཔྤེ་པུཥྤེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝི་དྱ་ཤབྟ་རཱུ་པ་ཤབྟ་གྷནྡྷེ་རཱ་ས་སྤརྴེ་མ་ཧཱ་རཱ་ག་སརྦ་པུ་ཙ་ཧོཿ «ཇི་ལྟར་བསྟོད་པ་ནིཿ »ཨེ་མ་ཧོཿ སྲིད་དང་ཞི་བ་མྱ་ངན་འདས་པའི་ཁམསཿ ཀུན་ཁྱབ་རིག་པ་ཡེ་ཀློང་དོན་གྱི་ལྷཿ ཚེ་ཡི་ལྷ་མཆོག་དངོས་གྲུབ་ཀུན་འབྱུང་ལཿ ཡོངས་གྲུབ་བདེ་བ་ཆེན་པོར་བསྟོད་པར་བགྱིཿ ཡུམ་ཆེན་ཁྱོད་ནི་སྲིད་ཞིའི་མཐར་མ་ལྷུངཿ འཛིན་པས་མ་བཅིང་དྲི་མས་མ་གོས་ཤིངཿ བདུད་སྡེའི་གཡུལ་རྒྱལ་ཚེ་ལ་དབང་བསྒྱུར་བའིཿ འཆི་མེད་ལྷ་མོ་ཁྲོ་མོའི་རྒྱལ་ལ་བསྟོདཿ དགའ་བཞི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིསཿ བརྟན་གཡོ་དཀར་དམར་དངོས་སུ་བཅུད་དྲངས་པའིཿ རྣལ་འབྱོར་ཚེ་བསོད་དཔལ་གྱི་སྟོབས་བསྐྱེད་མཿ ཁྱོད་ཀྱི་གསང་གསུམ་ཡོན་ཏན་དྲན་པས་བསྟོདཿ ཚེ་བདག་དམར་པོ་དབང་གི་རང་བཞིན་ཅནཿ ཡེ་ཤེས་སེམས་དཔའ་བདུད་འདུལ་ཚེ་ཡི་ལྷཿ རྟ་ཕག་ཡབ་ཡུམ་ཡི་དམ་མཁའ་འགྲོའི་གཙོཿ ཆགས་པ་བསྐྱེད་མཛད་སྐྱེད་མེད་ཨུ་མ་དྷེཿ ཁྲོ་མོ་བཞི་དང་ཏཱ་རེ་ཌཱཀྐིའི་ཚོགསཿ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བསྟོདཿ «རྩ་བའི་བཟླས་དམིགས་ནིཿ »ཡེ་ཤེས་སེམས་དཔའི་ཐུགས་ཀ་རུཿ ཕྱག་མཚན་རྡོ་རྗེ་རྩེ་ལྔ་པའིཿ འཆང་བཟུང་ཙཀྲ་རྩིབ་བརྒྱད་དབུསཿ ཉི་ཟླའི་གའུ་ཁ་སྦྱོར་ནངཿ བྷྲཱུཾཿཡིག་ཁོག་པར་ཧྲཱིཿདམར་མཚནཿ བཟླ་བྱའི་སྔགས་ཕྲེང་གཡས་སུ་བཀོདཿ བཟླས་པའི་རྐྱེན་གྱིས་གཡོན་དུ་འཁོརཿ འོད་ཀྱིས་རྒྱལ་བའི་ཐུགས་རྒྱུད་བསྐུལཿ ཐུགས་རྗེ་བྱིན་རླབས་ཚེ་བཅུད་དངཿ བརྟན་གཡོའི་ནུས་བཅུད་བཀྲག་མདངས་འོདཿ འོད་དམར་རྣམ་པར་སྦྱོར་མཚམས་ནསཿ དྲངས་ཤིང་ཐུགས་སྲོག་ལ་ཐིམ་པསཿ ཚེ་བསོད་སྟོབས་འབྱོར་ཡེ་ཤེས་རྒྱསཿ དགའ་བ་བཞི་ཡི་ཡེ་ཤེས་ཀྱིསཿ ཚེ་དབང་རིག་འཛིན་འགྲུབ་པར་དམིགསཿ «སྙིང་པོ་ནིཿ »ཧྲཱིཿམ་ཨ་ཡུརྫྙཱབྷྲཱུྃཿ «ཚེ་ཡི་ཡང་སྙིང་གཟུངས་སྔགས་བཅུད་དྲིལ་མཆོགཿ ཏིང་འཛིན་དམིགས་གནད་ལྡན་པས་འབུམ་ཕྲག་བདུནཿ བཟླས་པས་ཚེ་དབང་རིག་འཛིན་མཆོག་འགྲུབ་ཅིངཿ བར་ཆད་བདུད་ལས་རྒྱལ་བར་ཐེ་ཚོམ་མེདཿ སྐབས་སུ་ཐུགས་སྲོག་ཧྲཱིཿསྒྲ་སྙན་པའི་སྒྲཿ སྒྲོགས་ཤིང་བར་རླུང་བུམ་པ་ཅན་དང་སྦྱརཿ རྩོལ་བཅས་རླུང་གི་དགོས་པ་འདི་ལས་མེདཿ རྩ་བཤེར་ཧ་སྤྲུགས་བྲབ་གཞིལ་འཁྲུལ་འཁོར་དངཿ ཆོས་ཉིད་རིག་པ་ཡེ་ཤེས་ངང་གདངས་སྐྱོངསཿ སྔགས་ལ་སྤྱོད་པའི་སྐྱེས་བུ་ཁྱད་ཆོས་སོཿ དེ་ནས་དངོས་གྲུབ་བྱིན་སྒྱུར་ཚེ་ཡི་གཟུངསཿ འདི་ཉིད་སྙན་པའི་དབྱངས་ཀྱིས་བརྒྱ་རྩ་བཟླཿ »ཨོཾ་ཧྲཱི་མ་ཨ་ཡུར་ཚེ་བྷྲཱུྃ་ཧྲཱིཿ བྷྲཱུྃ་གཡུ་ཚེ་བྷྲཱུྃཿ པུཎྱཻ་ཛྙཱ་ན་རཱ་ག་སིདྡྷི་ཧཱུྃཿ «ཐུན་མཐར་ཐུགས་དམ་རྒྱུད་བསྐུལ་ཚེ་འགུགས་ནིཿ »ཧྲཱིཿ ཚེ་ཡི་ལྷ་མཆོག་སྣང་བ་མཐའ་ཡས་དངཿ འཆི་མེད་ལྷ་མོ་བདེ་བ་མཆོག་སྟེར་མཿ རྒྱལ་བའི་ཡབ་གཅིག་དམར་གསལ་པད་རག་མདངསཿ ཧྱ་གྷྲི་ཝ་རྡོ་རྗེ་ཕག་མོ་ཡུམཿ སྐྱེ་རྒྱུད་བདག་པོ་ཁམས་གསུམ་བཅུད་འདྲེན་དཔལཿ མི་འགྱུར་འཆི་མེད་ཚེ་ཡི་བཅུད་བསྡུས་ཤིགཿ ཡེ་ཤེས་ཆེན་པོའི་ཚེ་བྱིན་དབབ་དུ་གསོལཿ སྐལ་ལྡན་མོས་པའི་བུ་ལ་དབང་མཆོག་བསྐུརཿ ལོག་འདྲེན་ཚེ་ཡི་བར་ཆད་བསལ་དུ་གསོལཿ ཨཱོཾ་ཧྲཱི་མ་ཨ་ཡུར་ཚེ་བྷྲཱུྃ་ཧྲཱིཿ བྷྲཱུྃ་གཡུ་ཚེ་བྷྲཱུྃཿཔུཎྱཻ་ཛྙཱ་ན་རཱ་ག་སིདྡྷི་ཧཱུྃཿ ཧྲཱིཿ ཤར་ནས་མགྱོགས་མ་དཀར་མོ་ལྕགས་ཀྱུ་འཛིནཿ ལྷོ་ནས་དཔལ་བསྐྱེད་སེར་མོ་ཞགས་པས་འདྲེནཿ ནུབ་ནས་འབར་མ་དམར་མོ་ལྕགས་སྒྲོག་འཕྲོགཿ བྱང་ནས་ལས་བྱེད་ལྗང་མོ་དྲིལ་བུས་སྡུདཿ སོ་སོའི་མདའ་དར་གཡབ་ཅིང་ཚེ་བཅུད་འདྲེནཿ འབྱུང་ལྔའི་ཁམས་དང་བརྟན་གཡོའི་དྭངས་བཅུད་དྲངསཿ རྣལ་འབྱོར་ཚེ་བསོད་དཔལ་འབྱོར་སྟོབས་བསྐྱེད་ལཿ མི་འགྱུར་འཆི་མེད་ཚེ་ཡི་བཅུད་སྡུས་ཤིགཿ ཡེ་ཤེས་ཆེན་པོའི་ཚེ་བྱིན་དབབ་ཏུ་གསོལཿ སྐལ་ལྡན་མོས་པའི་བུ་ལ་དབང་མཆོག་བསྐུརཿ ལོག་འདྲེན་ཚེ་ཡི་བར་ཆད་བསལ་དུ་གསོལཿ ཨོཾ་ཧྲཱིཿམ་ཨ་ཡུར་ཚེ་བྷྲཱུྃ་ཧྲཱིཿབྷཱུཾ་གཡུ་ཚེ་བྷྲཱུྃཿ པུཎྱེ་ཛྙཱ་ན་ཨ་ཡུ་སིདྡྷི་ཧཱུྃཿ ཧྲཱིཿ ཚེ་ཡི་ལྷ་མཆོག་རྗེ་བཙུན་སྒྲོལ་མ་ཡུམཿ ཕྲིན་ལས་རབ་འབྱམས་ཏཱ་རེ་ཉེར་གཅིག་ལྷཿ མཁའ་འགྲོ་སོ་གཉིས་དབང་ཕྱུག་གིང་ཆེན་བཞིཿ རྩ་གསུམ་ལྷ་ཚོགས་ཐུགས་རྗེའི་ཤུགས་བསྐྱེད་ལཿ ཆོས་ཀྱི་སྐུ་ལས་གཟུགས་ཀྱི་སྐུར་བཞེངས་ནསཿ བདག་འཛིན་མ་རིག་ལོག་རྟོག་རྐྱེན་གཞོམ་ལཿ མི་འགྱུར་འཆི་མེད་ཚེ་ཡི་བཅུད་སྡུས་ཤིགཿ ཡེ་ཤེས་ཆེན་པོའི་ཚེ་བྱིན་དབབ་ཏུ་གསོལཿ སྐལ་ལྡན་མོས་པའི་བུ་ལ་དབང་མཆོག་བསྐུརཿ ལོག་འདྲེན་ཚེ་ཡི་བར་ཆད་བསལ་དུ་གསོལཿ ཨོཾ་ཧྲཱིཿམ་ཨ་ཡུར་ཚེ་བྷྲཱུྃ་ཧྲཱིཿབྷྲཱུྃ་གཡུ་ཚེ་བྷྲཱུྃཿ པུཎྱཻ་ཛྙཱ་ན་རཱ་ག་སིདྡྷི་ཧཱུྃཿ ལུས་ལ་རྡོ་རྗེ་སྐུ་ཡི་བྱིན་གྱིས་རློབསཿ ཚེ་དབང་རིག་འཛིན་སྐྱེ་འཆི་བསྒྲེས་རྒུད་བྲལཿ དག་ཆེན་འཕོ་བ་ཆེན་པོའི་སྐུར་འགྲུབ་ཅིངཿ གདུལ་བྱའི་མཐུན་སྣང་བཞིན་དུ་འགྲོ་དོན་སྤྱོདཿ དག་ལ་རྡོ་རྗེའི་གསུང་མཆོག་ཚངས་པའི་དབྱངསཿ འགགས་མེད་ཆོས་ཉིད་བདེ་བ་ཆེན་པོའི་སྒྲསཿ མ་རིག་འཁྲུལ་པའི་སེམས་ཀྱི་རྒྱུད་དགྲོལ་ཞིངཿ ཐམས་ཅད་སྐད་དུ་ཆོས་ཀྱིས་འགྲོ་བ་འདུལཿ ཡིད་ལ་རྡོ་རྗེའི་ཐུགས་ཀྱིས་བྱིན་རློབས་ལཿ བློ་འདས་སྣང་བཞི་མཐར་ཕྱིན་བུམ་སྐུའི་ཀློངཿ ཆོས་ཟད་ཡངས་པ་ཆེན་པོར་ཡོངས་བརྡལ་ངངཿ གཞི་ལས་འཁྲུལ་མ་མྱོང་བའི་ཡེ་ཤེས་ཀྱིཿ ཚེ་དབང་རིག་འཛིན་དངོས་གྲུབ་བྱིན་ཆེན་ཕོབཿ རྩལ་སྣང་དགའ་བ་བཅུ་དྲུག་བདེ་བའི་སྒྲསཿ རྩ་དག་རླུང་ཆུན་ཐིག་ལེ་ལས་རུང་ཞིངཿ གཟུང་འཛིན་སྟོང་པའི་སྒྲ་ཆེན་འཕོ་བ་ཆེཿ འོད་ལུས་དོན་གྱི་ཡེ་ཤེས་སྙིང་པོ་ཅནཿ བསྒྲེས་རྒུད་བྲལ་བའི་དངོས་གྲུབ་དེང་བྱིན་ཕོབཿ ཨོཾ་ཧྲཱིཿམ་ཨ་ཡུར་ཚེ་བྷྲཱུྃ་ཧྲཱིཿབྷྲཱུྃ་གཡུ་ཚེ་བྷྲཱུྃཿ པུཎྱཻ་ཛྙཱ་ན་རཱ་ག་སིདྡྷི་ཧཱུྃཿ «དེ་ནས་ཚེ་གཟུངས་བཟླ་ཞིང་དམིགས་གནད་གཅུནཿ ཐུན་མཐར་མཆོད་བསྟོད་བཤགས་པ་ནིཿ »འཆི་མེད་ཚེ་ཡི་ལྷ་ཚོགས་འགྲུབ་པར་གྱུར་ཅིགཿ ཨོཾ་ཨ་ཨཱཿ ཨི་ཨཱིཿ ཨུ་ཨཱུཿ རྀ་རཱྀཿ ལྀ་ལཱྀཿ ཨེ་ཨཻཿ ཨོ་ཨཽཿ ཨཾ་ཨཿ ཀ་ཁ་ག་གྷ་ངཿ ཙ་ཚ་ཛ་ཛྷ་ཉཿ ཊ་ཋ་ཌ་ཌྷ་ཎཿ ཏ་ཐ་ད་དྷ་ནཿ པ་ཕ་བ་བྷ་མཿ ཡ་ར་ལ་ཝཿ ཤ་ཥ་ས་ཧ་ཀྵཿ ཧོཿ འཆི་མེད་ཚེ་ཡི་ལྷ་ཚོགས་ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེསཿ བརྩེ་བའི་ཐུགས་རྗེ་སྐྱོབ་པའི་ནུས་མཐུཿ རྣམ་བཞིའི་ཕྲིན་ལསཿ བསམ་གྱིས་མི་ཁྱབ་པའི་མངའ་བདག་སྟེཿ བདག་ཅག་སྒྲུབ་པ་པོ་ལ་རྗེས་སུ་དགོངས་ལཿ སྒོ་གསུམ་སྒྲིབ་གཉིས་བག་ཆགས་དང་བཅས་པ་བྱང་ཞིང་དག་ནསཿ མཆོག་གི་དངོས་གྲུབ་ཚེ་ལྷ་ཡབ་ཡུམ་གྱི་གསང་བ་གསུམ་དང་དབྱེར་མེད་དུ་འདྲེས་ཤིངཿ ལོངས་སྐུ་ཆེན་པོར་འཚང་རྒྱ་བ་དངཿ ཐུན་མོང་གི་དངོས་གྲུབ་ཞི་རྒྱས་དབང་དྲག་གྲུབ་པ་བརྒྱདཿ ལས་ཆེན་བཅུ་གཉིས་ལ་སོགས་མྱུར་བ་ཉིད་དུ་འགྲུབ་པར་བྱིན་གྱིས་རླབ་པར་མཛད་དུ་གསོལཿ ཨོཾ་ཡེ་དྷརྨ་ཏེ་ཏུ་པྲ་བྷ་ཝ་ཧེ་དུནྟེ་ཥནྟ་ཐཱ་ག་ཏོ་ཧྱ་ཝ་དཏཿ ཧེ་ཥཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དི་མ་ཧཱ་ཤྲ་མ་ཎ་ཡེ་སྭཱ་ཧཱཿ ཧཱུྃཿ ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས་སུ་གསོལཿ ཕྱི་ནང་གསང་བའི་མཆོད་པ་དམ་པ་འབུལཿ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་བསྟོདཿ བག་མེད་འགལ་འཁྲུལ་ཉམས་ཆགས་མཐོལ་ལོ་བཤགསཿ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལཿ ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃཿ ཨོཾ་བཛྲ་དྷུཔྤེ་ཨཱཿ ཧཱུྃཿ ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃཿ ཨོཾ་བཛྲ་གྷནྡྷེ་ཨཱཿཧཱུྃཿ ཨོཾ་བཛྲ་ནཻ་ཝི་དྱ་ཨཱཿཧཱུྃཿ ཨོཾ་བཛྲ་ཤབྟ་ཨཱཿཧཱུྃཿ སརྦ་པཉྩ་མ་ཧཱ་པཱུ་ཛ་ཧོཿ «ཞེས་མཆོད་ཅིང་བསྟོད་པ་ནིཿ» ཧཱུྃཿ འཆི་མེད་རིག་འཛིན་རྡོ་རྗེ་ཚེ་ཡི་ལྷ༔ ཁམས་གསུམ་དབང་དུ་སྡུད་མཛད་བཅུད་འདྲེན་མཿ ཕྲིན་ལས་ལྷུན་གྲུབ་ཞི་ཆགས་ཁྲོ་མོའི་གརཿ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་བསྟོད་པར་བགྱིཿ «བཤགས་པ་ནིཿ» འཆི་མེད་ལྷ་ཚོགས་བསྙེན་ཅིང་བསྒྲུབ་པ་ལཿ བདག་ཅག་མ་རིག་འཁྲུལ་པའི་རྐྱེན་དབང་གིསཿ སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་གསངཿ དམ་ཚིག་ཉམས་ཆག་ཉེས་འགལ་མཐོལ་ལོ་བཤགསཿ ཨོཾ་བཛྲ་ས་ཏྭ་ས་མ་ཡ་ཤུདྡྷེ་ཨཿ «བརྗོད་ལ་དངོས་གྲུབ་བསྡུ་བའི་རིམ་པ་ནིཿ »ཧྲཱིཿ རྩ་ཁམས་དག་པ་སྤྲུལ་སྐུའི་ཀོང་བུ་རུཿ རླུང་ཁམས་བདེ་བ་ཆེན་པོའི་མར་ཁུས་གཏམསཿ ཐིག་ལེ་རྣམ་དག་ཡེ་ཤེས་སྒྲོན་མེ་སྦརཿ སྐུ་གསུམ་སྣང་སྒྲོལ་འཆི་མེད་བདུད་རྩིའི་བཅུདཿ ཚེ་དབང་རིག་འཛིན་དངོས་གྲུབ་དྭངས་བཅུད་ཀུནཿ དེང་འདིར་སྩོལ་ཅིག་འཆི་མེད་ཚེ་ཡི་ལྷཿ སྐྱེ་འཆི་མེད་པ་རྡོ་རྗེའི་སྲོག་འགྲུབ་ཤོགཿ «རྩ་སྔགས་ཤམ་བུརཿ »ཀཱ་ཡ་ཝཱཀྐ་ཙིཏྟ་ཨ་ཡུར་ཤྲཱི་པུཎྱཻ་སརྦ་སིདྡྷི་ཕ་ལ་ཧོཿ «ཚེ་རྫས་གནས་ལྔ་གཏུགས་ཤིང་བདུད་རྩི་རོལཿ མཆོད་བསྟོད་བཤགས་པ་བྱ་ཞིང་བསྡུ་རིམ་ནིཿ »ཧྲཱིཿ སྣོད་བཅུད་འོད་ཞུས་དཀྱིལ་འཁོར་ལྷ་ལ་ཐིམཿ གཅིག་ལ་གཅིག་ཐིམ་གཙོ་བོ་ཡབ་ཡུམ་ལཿ གཙོ་བོ་ཡབ་ཡུམ་གནས་འགྱུར་སྐད་ཅིག་གིསཿ གནམ་ལྕགས་རྡོ་རྗེ་རྩེ་གསུམ་སྲ་བརྟན་བརྗིདཿ ཡར་རྩེ་གཟུགས་མེད་རྐེད་པ་གཟུགས་ཁམས་གནསཿ མར་རྩེ་འདོད་ཁམས་གནས་ཟུག་རྭ་གདེངས་པཿ ཡེ་ཤེས་མེ་དཔུང་འབར་ཞིང་ལོག་འདྲེན་བསྲེགསཿ སྣང་ལ་རང་བཞིན་མེད་པའི་ལམ་ཁྱེར་ངངཿ «བསྔོ་སྨོན་བཀྲ་ཤིས་རྗེས་ཆོག་མཇུག་བསྡུ་ནིཿ »ཧོཿ ལམ་འདིར་བསྙེན་ཅིང་བསྒྲུབས་པ་དངཿ དུས་གསུམ་བསགས་པའི་དགེ་རྩ་ཀུནཿ སྡུག་བསྔལ་རྒྱ་མཚོར་བྱིང་བ་ཡིཿ མར་གྱུར་སེམས་ཅན་དོན་ལ་བསྔོཿ དགེ་བ་འདི་ཡིས་མྱུར་དུ་བདགཿ ཚེ་དབང་རིག་འཛིན་འགྲུབ་གྱུར་ནསཿ འགྲོ་བ་གཅིག་ཀྱང་མ་ལུས་པཿ དེ་ཡི་ས་ལ་འགོད་པར་ཤོགཿ ཧྲཱིཿ སྐྱེ་འཆི་གཉིས་སྤངས་ལོངས་སྤྱོད་རྫོགས་པའི་སྐུཿ བདེ་ཆེན་དགའ་བཞིའི་རོལ་རྩལ་སྤྲུལ་པའི་གརཿ ཚེ་ལ་དབང་བསྒྱུར་རིག་འཛིན་གྲུབ་པའི་ལྷཿ འཆི་མེད་སྐུ་གསུང་ཐུགས་ཀྱི་བཀྲ་ཤིས་ཤོགཿ «གཞན་ཡང་བཀྲ་ཤིས་གང་རིགས་སྤྱི་ལྟར་བྱའོཿ སྟོབས་བསྐྱེད་རྡོ་ཆེན་ཅོང་ཞིའི་བཅུད་ལེན་དངཿ འདུ་བའི་ནད་སེལ་བདུད་རྩི་ལྔའི་རང་བཞིནཿ ཚེ་འཕེལ་སྙིང་པོ་ལྔ་ཡི་བཅུད་ལེན་འབདཿ དམིགས་གནད་མན་ངག་མཁའ་འགྲོའི་དགོངས་བརྒྱུད་ལྟརཿ བ་སྐྱལ་ཏིང་འཛིན་སྐྱེས་བུའི་ཞལ་ལས་ཤེསཿ རྒྱུན་དུ་སྤྱོད་ལམ་ལུས་སྟོབས་བསྐྱེད་ཐབས་འབདཿ སྐྱོན་སྤང་ཡོན་ཏན་ལྡན་པའི་བདེ་སྟེར་མཿ མནྡྷ་ར་བ་ཁྱོད་ལ་བརྩེ་བས་སྦྱིནཿ འདི་ཉིད་ཉམས་སུ་ལེན་པའི་སྐལ་ལྡན་ཀུནཿ ཚེ་ཟད་པ་ཡང་དབྱར་སྟོབས་ཆུས་གསོ་བཞིནཿ ལོ་བརྒྱའི་བར་དུ་འཚོ་བ་ཐེ་ཚོམ་མེདཿ ལགས་ལ་སྤྱོད་པའི་སྐྱེས་བུའི་སྒེར་ཆོས་ཏེཿ ཐེ་ཚོམ་ལོག་ལྟ་མངོན་རྟོགས་ཅན་རྣམས་དངཿ ཚུལ་ཁྲིམས་མཆོག་འཛིན་ཅན་ལ་འདི་སྤེལ་ནཿ དངོས་གྲུབ་མེད་ཅིང་སྲོག་ལ་ཧུར་ཐུམ་འབྱུངཿ སྐལ་ལྡན་ཐོས་བ་ཙམ་གྱིས་དངོས་གྲུབ་ཐོབཿ མ་འོངས་བརྒྱད་ཅུ་ཁ་རལ་དུས་ཀྱི་ཚེཿ ང་སྤྲུལ་རིག་འཛིན་དཔའ་བོ་ལྕམ་དྲལ་དངཿ ཆོས་བདག་རྣམས་གསུམ་ཚེ་འཕྲང་བར་ཆད་ཀྱིསཿ ཅི་བྱ་བཏོལ་མེད་ཐུགས་པའི་དུས་ཀྱི་ཚེཿ མུན་པའི་སྨག་རུམ་སྒྲོན་མེ་སྤར་བ་བཞིནཿ ཚེ་འཕྲང་གྲོལ་ཞིང་གསང་སྔགས་ཟབ་མོའི་ཆོསཿ ཡར་ངོའི་ཟླ་བཞིན་དར་ཞིང་རྒྱས་པའི་ཕྱིརཿ ཡང་གསང་མཁའ་འགྲོ་བརྒྱ་ལ་ཕྲིན་ལས་དགུཿ ཚེ་ལ་མངའ་བརྙེས་པདྨ་བདག་གིས་བཀོདཿ ལྷ་མོ་མནྡ་ར་བས་བརྡ་རིས་སུཿ ཐོབ་ལ་དབྱིངས་ཀྱི་མཁའ་འགྲོའི་ཐུགས་ཀློང་སྦོསཿ མ་འོངས་ལས་ཅན་བུ་དང་འཕྲད་པར་ངེསཿ བཀའ་འདི་བསྟན་སྲུང་ཚོགས་ཀྱིས་སྲུངས་ཤིག་རྒྱཿ ས་མ་ཡཱཿ ཨ་ཨཱཿ བདག་འདྲ་ལྷ་མོ་མནྡ་ར་བ་ཡིསཿ པདྨའི་ཐུགས་སྦྲུལ་ཁྲག་འཐུང་དཔའ་བོ་དངཿ ང་སྤྲུལ་དང་ནི་ཆོས་བདག་སྐྱེས་བུ་ཡིཿ དོན་དུ་དབྱིངས་ཆེན་དགོངས་བའི་གཏེར་དུ་སྦསཿ དུས་གནད་ཁྱད་པར་ཅན་དང་འཕྲད་པར་ཤོགཿ སྐུ་གསུང་ཐུགས་ཀྱི་རྒྱཿ རྒྱ་རྒྱ་རྒྱཿ གུ་ཧྱཿ ཁ་ཐམཿ ཅེས་པ་འདི་ཡང་ཁྲག་འཐུང་དཔའ་བོ་རང་དང་ཆོས་བདག་རྣམས་ཀྱི་ཚེ་འཕྲང་བར་ཆད་བཟློག་ཕྱིར་ཤིང་མོ་ལུག་གི་ལོར་གཏེར་གྱི་བདག་མོ་བདེ་བ་དབྱིངས་སྒྲོན་མས་བརྡ་རིས་དཀྲོལ་བ་ལྟར་ཁྲག་འཐུང་ལས་ཀྱི་དཔའ་བོས་དམར་ཕྱོགས་མཁའ་འགྲོ་འདུ་བའི་ཚེས་དགེ་བར་དབྱིངས་ཆེན་མཁའ་འགྲོའི་བརྡ་རིས་ལས་དག་པར་ཕབ་པ་སླར་རྟེན་འབྲེལ་བཟང་པོའི་མཚམས་སྦྱོར་གྱི་ཚེ་ཚིགས་སུ་བསྡེབས་པ་ཡི་གེའི་འདུ་བྱེད་རིག་པའི་ཡེ་ཤེས་ཀྱིས་བགྱིས་པས་སྐལ་ལྡན་ཚེ་ཡི་རིག་འཛིན་འགྲུབ་པའི་རྒྱུར་གྱུར་ཅིགཿ དགེའོཿ ཨ་ལ་ལཿ  

[[Category:Wyckibaat]]
}}
</onlyinclude>
{{TsagliCall}}
<headertabs/>

Revision as of 09:43, 2 June 2024

Wylie title
Location mdo mkhyen brtse bka' 'bum
Volume 3, Text 17, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Citation
Genre
[edit]