JKCL-KABUM-09-TA-045: Difference between revisions

From Khyentse Lineage - A Tsadra Foundation Project
JKCL-KABUM-09-TA-045
No edit summary
m (Text replacement - "Khyentse Metadata" to "Text")
 
Line 1: Line 1:
{{Khyentse Metadata
{{Text
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts

Latest revision as of 08:38, 1 June 2024

Wylie title seng gdong ma'i dbang chog byin rlabs snying po JKCL-KABUM-09-TA-045.pdf
Location chos kyi blo gros bka' 'bum
Volume 9, Text 45, Pages 581-590 (Folios 1a to 5b2)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. seng gdong ma'i dbang chog byin rlabs snying po. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 9: 581-590. Bir, H.P.: Khyentse Labrang, 2012.
Genre Empowerment Ritual - dbang chog - dbang skur
Deity seng gdong ma
Colophon

།ཞེས་པའང་འཁྲུལ་ཞིག་ཀུན་བཟང་དཔའ་བོ་རྡོ་རྗེའི་བཞེད་ངོར། ཆོས་ཀྱི་བློ་གྲོས་པས་བྲིས་པའོ། །དགེ་ལེགས་འཕེལ།།

/zhes pa'ang 'khrul zhig kun bzang dpa' bo rdo rje'i bzhed ngor/__chos kyi blo gros pas bris pa'o/__/dge legs 'phel//

1 Texts in this Section (sde tshan or chos tshan)

[edit]
༄༅། །སེང་གདོང་མའི་དབང་ཆོག་བྱིན་རླབས་སྙིང་པོ་བཞུགས་སོ། ། ཌཱ་ཀི་སིདྷ་མུ་ཁཱ་ལ་ན་མོ། སེང་གདོང་མའི་བྱིན་རླབས་དབང་བསྐུར་བྱ་བར་འདོད་པས། སྟེགས་བུར་རས་བྲིས་ཀྱི་དཀྱིལ་འཁོར་མ་འཛོམ་ན་འབྲུ་ནག་གི་ཚོམ་བུ་ལྷ་གྲངས་དང་མཉམ་པར་བཀོད། མཉྫིའི་ཁར་བུམ་པ། སྐུ་ཙཀ། སྔགས་ཕྲེང་། ཕྱག་མཚན་གྲི་ཐོད། ཁ་ཊྭཱྃ། དུར་ཁྲོད་ཆས། ཐོད་ཆང་། མེ་ལོང་། སིནྡྷཱུ་རའི་ས་བོན་སྔགས་ཀྱིས་བསྐོར་བ། ཤེལ་རྡོ། ཕུར་པ། གཏོར་མ་དང་། ཕྱི་ནང་གི་མཆོད་པ། ཚོགས་དང་། གཏོར་འབུལ། སྔོན་གཏོར་རྣམས་བཤམས། ལས་བྱང་གི་བདག་མདུན་དབྱེར་མེད་དུ་སྒྲུབ་ཅིང་། བུམ་བཟླས་ཟུར་དུ་སྤྲོ་ན། རྣམ་བུམ་ལྷ་ཚོགས་སྐད་ཅིག་གིས་གསལ་བཏབ་ལ་གཟུངས་ཐག་འཛིན་ཏེ་བསྙེན་སྒྲུབ་སྔགས་བཟླས་མཐར། བུམ་ལྷ་འོད་ཞུ་ལས་བུམ་དུ་བདུད་རྩི་འཁྱིལ་པ་བསྐྱེད་བཟླས་བྱ། ཚོགས་མཆོད་དང་། རིག་མེ་དོར། སློབ་མ་རྣམས་ལ་ཁྲུས་དང་། བགེགས་བསྐྲད། སྲུང་འཁོར་ཆོས་བཤད་ཅི་རིགས་དང་། འདིར་སྐབས་སུ་བབས་པ་ཡེ་ཤེས་ཀྱི་མཁའ་འགྲོ་བདུད་འདུལ་སེང་གེའི་གདོང་ཅན་ལ་བཀའ་སྲོལ་མང་དུ་བཞུགས་པ་རྣམས་ཀྱི་རྒྱུན་བར་མ་ཆད་དུ་བཞུགས་པ་རྣམས་ཕལ་ཆེར་ཐོས་ཤིང་། ཁྱད་པར་དུ་བི་མ་ལའི་བཀའ་སྲོལ་གྱི་སེང་གདོང་མའི་སྙན་བརྒྱུད་ཟབ་མོ་དེ་དག་གི་སྙིང་བཅུད་སྙིང་པོར་དྲིལ་བ་འདི་ཉིད་ཀྱི་སྨིན་བྱེད་སྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར། མཎྜལ་ཕུལ། གསོལ་བ་འདེབས་པ་འདི་ཡི་རྗེས་ཟློས། སངས་རྒྱས་ཀུན་དངོས་རྡོ་རྗེ་འཛིན། །བདག་ལ་བརྩེ་བས་དགོངས་སུ་གསོལ། །མཁའ་འགྲོ་སེང་གེའི་གདོང་ཅན་གྱི། །བྱིན་རླབས་དབང་བསྐུར་སྩལ་དུ་གསོལ། །ལན་གསུམ། མདུན་མཁར་ཚོགས་ཞིང་རྣམས་མངོན་སུམ་བཞུགས་པའི་སྤྱན་སྔར་རྒྱུན་བཤགས་ཡན་ལག་བརྒྱད་པས་བསགས་སྦྱོང་སྤེལ་བའི་བློས་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ལན་གསུམ། སོ་བྱང་སྔགས་གསུམ་གྱི་སྡོམ་པ་བཟུང་བ་འདི་ཡི་རྗེས་ཟློས། ཇི་ལྟར་སྔོན་གྱི་རྒྱལ་བ་སྲས་བཅས་དང་། །རིག་འཛིན་མཁའ་འགྲོ་རྒྱ་མཚོའི་ཚོགས་རྣམས་ཀྱིས། །ཕྱི་ནང་གསང་བ་མཆོག་གི་དམ་ཚིག་དང་། །སྡོམ་པ་རྒྱ་མཚོ་མཐའ་ཡས་བཟུང་བ་ལྟར། །དེང་ནས་བདག་ཀྱང་ལམ་ཆེན་དེར་ཞུགས་ཏེ། །འགྲོ་ལ་ཕན་ཕྱིར་དེ་དག་གཟུང་བར་བགྱི། །ལན་གསུམ། ཡེ་ཤེས་དབབ་པ་ལ། ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཕུང་ཁམས་སྐྱེ་མཆེད་ཐམས་ཅད་སྟོང་པར་སྦྱངས། སྟོང་པའི་ངང་ལས་གནས་ཡུལ་ཐམས་ཅད་ཆོས་ཀྱི་འབྱུང་གནས་གྲུ་གསུམ་བསྣོལ་མ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་པདྨ་ཉི་མ་རོ་ཡི་སྟེང་དུ་རང་རིག་ཨ་ཡིག་མཐིང་ནག་ཡོངས་སུ་གྱུར་པ་ལས་ཡེ་ཤེས་ཀྱི་མཁའ་འགྲོ་སེང་གེའི་གདོང་པ་ཅན་སྐུ་མདོག་སྔོ་ནག་སེང་ཞལ་ཤིན་ཏུ་ཁྲོས་པ་སྐུ་སྟོད་སེང་གེའི་པགས་པའི་གཡང་གཞི་དང་། སྐུ་སྨད་ལ་སྟག་ཤམ་རུས་རྒྱན་མི་མགོ་སྐམ་རློན་གྱི་ཕྲེང་བ་སོགས་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། ཕྱག་གཡས་གྲི་གུག་འཕྱར་ཞིང་། གཡོན་ཐོད་ཁྲག་ཐུགས་ཀར་བསྣམས་པ། མཆན་གཡོན་ཧེ་རུ་ཀའི་ངོ་བོ་ཁ་ཊྭཱྃ་ཀ་བརྟེན་པ། ཞབས་གཡས་བསྐུམ་པའི་རྟིང་པ་བརླ་ལ་གཏད་ཅིང་གཡོན་བརྐྱངས་པའི་གར་སྟབས་ཀྱིས་འགྱིང་བར་གསལ་བའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་གསལ་བ་དང་། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་ཚོགས་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས་ནས་ཐིམ་པར་མོས་ལ། ལས་བྱང་གི་བྱིན་འབེབས་དང་། རྩ་སྔགས་མཐར། ཛྙཱ་ན་ཨཱ་ཝེ་ཤ་ཡ་ཨ་ཨཱ། ཨེ་ཨཱ་ར་ལླི་ཧྲཱིཾ་ཧྲཱིཾ་ཕཻཾ་ཕཻཾ། ཞེས་སྤོས་རོལ་དང་བཅས་དབབ། ཛྙཱ་ན་ཏིཥྛ་བཛྲ། ཞེས་རྡོ་རྗེ་སྤྱི་བོར་རྒྱ་གྲམ་དུ་བཞག་པས་བརྟན་པར་མོས། དབང་དངོས་གཞ་ི་ལ། བུམ་དབང་ནི། བུམ་པ་ཐོགས་ཏེ། ཧཱུྃ། སྣོད་བཅུད་ཡོངས་རྫོགས་བུམ་པའི་དབང་། །ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་པ། །འོད་ཞུ་བདུད་རྩིའི་ཆུ་རྒྱུན་གྱིས། །དབང་བསྐུར་ལུས་ཀྱི་སྒྲིབ་དག་ཤོག །བསྙེན་སྔགས་མཐར། ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ། ཞེས་དབང་བསྐུར་བས་ལུས་གང་སྒྲིབ་པ་དག་ཆུ་ཡི་ལྷག་མ་སྤྱི་བོར་འཁྱིལ་པ་ལས་ཁྲག་འཐུང་རིགས་ལྔས་དབུར་བརྒྱན་པར་བསམ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་ལ། གཙོ་མོའི་སྐུ་སྤྱི་བོར་བཞག་སྟེ། ཧཱུྃ། དུས་གསུམ་རྒྱལ་བ་ཀུན་གྱི་ཕྲིན་ལས་མ། །རྡོ་རྗེ་མཁའ་འགྲོ་སེང་གེའི་གདོང་ཅན་གྱིས། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །གཟུང་འཛིན་རྟོག་པ་མ་ལུས་གནས་དག་ཤོག །རྩ་སྔགས་དང་། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། རིགས་བཞི་ཐོགས་ལ། ཧཱུྃ། བུདྡྷ་རཏྣ་པདྨ་སིདྷ་དང་། །ཀརྨ་རིགས་ཀྱི་སེང་གདོང་ཆེན་མོ་བཞིས། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་༴ རྣམ་བཞིའི་རྟོག་པ་མ་སྤངས་གནས༴ རྩ་སྔགས་མཐར། བུདྡྷ་རཏྣ་པདྨ་ཀརྨ་སིདྷ་མུ་ཁཱ་ཨ་བྷི་ཥིཉྩ་ཧཱུྃ། གཽ་རི་བརྒྱད་ཐོགས་ཏེ། ཧཱུྃ། རྣམ་ཤེས་གནས་དག་གཽ་རི་ཆེན་མོ་བརྒྱད། །སྐལ་ལྡན་རིགས་ཀྱི༴ ཚོགས་བརྒྱད་མ་སྤངས་རང་སར་དག་པ་དང་། །ཁྲོ་མོ་ཆེན་མོ་བརྒྱད་ཀྱི་དབང་ཐོབ་ཤོག །རྩ་སྔགས་དང་། ཧ་ཨ་བྷི་ཥིཉྩ་ཧཱུྃ། སིང་ཧ་མ་བརྒྱད་ཐོགས་ལ། ཧཱུྃ། ཡུལ་བརྒྱད་གནས་དག་སིདྷ་ཆེན་མོ་བརྒྱད། །སྐལ་ལྡན་རིགས་ཀྱི༴ །ཡུལ་བརྒྱད་མ་སྤངས་རང་སར་དག་པ་དང་། ཕྲ་མེན་སིདྷ་བརྒྱད་ཀྱི་དབང་ཐོབ་ཤོག །སྔགས་དང་། ཧེ་ཨ་བྷི་ཥིཉྩ་ཧཱུྃ། དབང་མོ་ཉེར་བརྒྱད་ཐོགས་ལ། ཧཱུྃ། འབར་བའི་བར་ཁྱམས་དཀྱིལ་འཁོར་སྒོ་བཞི་ནས། །དབང་ཕྱུག་ཆེན་མོ་ཉི་ཤུ་རྩ་བརྒྱད་ཀྱིས། །སྐལ་ལྡན་རིགས༴ །སྣ་ཚོགས་རྟོག་པ་མ་སྤངས་གནས་དག་ཤོག །སྔགས་དང་། བྷྱོ་ཨ་བྷི་ཥིཉྩ་ཧཱུྃ། གསུང་སྔགས་ཀྱི་དབང་བསྐུར་བ་ལ། སློབ་དཔོན་གྱི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་བྱུང་ཁྱོད་རང་གི་སྙིང་གར་ཉི་མའི་སྟེང་དུ་ཐུགས་སྲོག་གི་མཐར་འཁོད་པར་མོས་ལ། བསྙེན་སྒྲུབ་སྔགས་ཀྱི་རྗེས་ཟློས་བྱར་གཞུགས། བརྟན་བྱེད་སྔགས་ཕྲེང་མགྲིན་པར་བཞག །ཧཱུྃ། གསང་སྔགས་རྒྱལ་པོ་བཟླས་པ་ཙམ་གྱིས་ནི། །བྱད་ཕུར་རྦོད་གཏོང་མ་ལུས་ཞི་བྱེད་པ། །མཐུ་རྩལ་ནུས་པ་བསྐལ་མེ་ལྟ་བུའི་ཤུགས། །དྲག་པོ་སྔགས་ཀྱི་ནུས་པ་ཡོངས་རྫོགས་ཤོག །སྔགས་དང་། ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ། ཐུགས་ཕྱག་མཚན་ཐོགས་ཏེ། ཧཱུྃ། ཐུགས་མཆོག་ཕྱག་རྒྱའི་གཟུགས་སུ་ཡོངས་ཤར་བ། ཕྱག་མཚན་གྲི་གུག་ཐོད་ཁྲག་ཁ་ཊྭཱྃ་ཀ། སྙིང་གར་བསྟིམ་པས་གཟུང་འཛིན་རྩད་ནས་གཅོད། །ཡེ་ཤེས་ཌཱ་ཀིའི་ཐུགས་ཀྱི་དབང་ཐོབ་ཤོག །སྔགས་དང་། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། དེ་ལྟར་སྐུ་གསུང་ཐུགས་ཀྱི་དབང་བསྐུར་བས་སྣང་གྲགས་རིག་གསུམ་ཡེ་ཤེས་དྷཱ་ཀིའི་གསང་བ་གསུམ་དུ་རྣམ་པར་དག་གོ །ཡོན་ཏན་དུར་ཁྲོད་ཀྱི་ཆས་རྣམས་ཐོགས་ལ། ཧཱུྃ། འབར་བའི་སྐུ་ལ་གསོལ་བའི་དུར་ཁྲོད་ཆས། །སེང་གེའི་སློག་པ་སྟག་ཤམ་རུས་རྒྱན་དང་། །སྐམ་རློན་ཕྲེང་བ་ལ་སོགས་ཆས་རྣམས་ཀྱིས། །སྐལ་ལྡན་རིགས༴ །ཡེ་ཤེས་དྷཱ་ཀིའི་སྤྱོད་ཡུལ་དབང་ཐོབ་ཤོག །སྔགས་དང་། ཨ་ལཾ་ཀ་ར་ཧཱུྃ། དེས་ཡོན་ཏན་རྒྱན་ཆས་ཀྱི་དབང་ཐོབ། དཔའ་བོ་མཁའ་འགྲོ་རྣམས་དང་སྐལ་བ་མཉམ་པར་གྱུར་ཅིག །ཕྲིན་ལས་དྲག་པོ་སྒྲོལ་བའི་རྗེས་གནང་ནི། ཕུར་པ་སློབ་མའི་ལག་ཏུ་གཏད་དེ། ཧཱུྃ། ཕྲིན་ལས་རྩལ་རྫོགས་བཛྲ་སིདྷ་ནི། །སྐུ་སྨད་གནམ་ལྕགས་ཕུར་པའི་དབལ་དང་ལྡན། །ནང་ཁོངས་བདུད་འདུལ་དྲག་མོའི་དཀྱིལ་འཁོར་བཞུགས། །གང་ལ་བཏབ་པས་དགྲ་གདོན་བྱད་མ་བརླག །ཁྱོད་ལ་གཏད་པས་སྲིད་གསུམ་དུས་གཅིག་སྒྲོལ། །ཕྲིན་ལས་དྲག་པོའི་དབང་མཆོག་ཐོབ་པར་ཤོག །སྒྲུབ་སྔགས་དང་ལས་སྔགས་བརྗོད་ལ་གཏད། དེ་ལྟར་ཕྲིན་ལས་དྲག་པོ་སྒྲོལ་བའི་དབང་བསྐུར་བས་ཁམས་གསུམ་གྱི་བདུད་དགྲ་བྱད་གདོན་གྱི་གཡུལ་ལས་རྣམ་པར་རྒྱལ་བར་གྱུར་ཅིག །དེ་ལྟར་ཕྱི་མཚན་མའི་དཀྱིལ་འཁོར་དུ་སྐུ་བུམ་པའི་དབང་ཐོབ། རྩ་ཡི་སྒྲིབ་པ་དག །ས་བརྒྱད་པ་ནོན། འབྲས་བུ་སྤྲུལ་པའི་སྐུ་ཡི་ས་བོན་རྒྱུད་ལ་བཞག་གོ །གསང་བའི་དབང་ནི། ཐོད་པའི་བདུད་རྩི་སྦྱིན་ལ། ཧཱུྃ། ཁྲག་འཐུང་དཔལ་དང་མཉམ་སྦྱོར་བྱང་སེམས་ཀྱིས། །ཡེ་ཤེས་གསང་བའི་བདུད་རྩིས་དབང་བསྐུར་བས། །རྩ་རླུང་བྱང་སེམས་ཀུན་ལ་ཁྱབ་པ་དང་། །རླུང་སྔགས་ཡི་གེའི་འཁོར་ལོར་དག་པར་ཤོག །བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧོཿདེ་ལྟར་གསང་བའི་དབང་བསྐུར་བས་ངག་དང་རླུང་གི་སྒྲིབ་པ་དག །ས་དགུ་པ་ནོན། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་བ་རྒྱུད་ལ་བཞག་གོ །ཤེར་དབང་སིནྡྷཱུ་རའི་མེ་ལོང་ཐོགས་ལ། ཧཱུྃ། ཆོས་རྣམས་ཀུན་གྱི་འབྱུང་གནས་བདེ་བ་ཆེ། །བདེ་སྟོང་རྡོ་རྗེ་བཙན་མོའི་ཐབས་མཆོག་ནི། །ཧེ་རུ་ཀ་དང་མཉམ་བར་སྦྱོར་བ་ལས། །དགའ་བཞིའི་ཡེ་ཤེས་མངོན་དུ་འགྱུར་བར་ཤོག །སིནྡྷཱུ་རའི་ཐིག་ལེ་སྙིང་ཁར་བྱུགས། པདྨ་བྷཉྫ་མོ་ཀྵ་ཧོཿཛཿཧཱུྃ་བྃ་ཧོཿམཉམ་པར་རོལ། །ཐིག་ལེ་དབབ་ལྡོག་བསྐྱིལ་བཀྲམ་ལས། །བདེ་སྟོང་ཡེ་ཤེས་མངོན་གྱུར་བསམ། དེ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བས། ཡིད་ཐིག་ལེའི་སྒྲིབ་པ་དག །ས་བཅུ་གཅིག་པ་ནོན། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་པ་རྒྱུད་ལ་བཞག་གོ །ཤེལ་རྡོའི་བརྡས་མཚོན་ཏེ། ཧཱུྃ། ནམ་མཁའ་ལྟ་བུར་དྲི་མ་དང་བྲལ་བའི། །སེམས་ཉིད་རང་བཞིན་འོད་གསལ་རྫོགས་པ་ཆེ། །བསལ་བཞག་འཕོ་འགྱུར་མཚན་མའི་ཆོས་ལས་འདས། །རང་རིག་སྐུ་གསུམ་དགོངས་པ་མངོན་གྱུར་ཤོག །དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ཧཱུྃ། དེ་ལྟར་དབང་བཞི་པ་བསྐུར་བས་སྒོ་གསུམ་ཆ་སྙོམས་ཀྱི་སྒྲིབ་པ་དག །ས་བཅུ་གསུམ་པ་ནོན། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་བ་རྒྱུད་ལ་བཞག་གོ །མཐའ་བརྟེན་གཏོར་མའི་དབང་ནི། གཏོར་མ་སྤྱི་བོར་བཞག་སྟེ། ཨོཾ་ཨཱཿཧཱུྃ། ཕྱི་སྣོད་དབྱིངས་ཀྱི་གཏོར་གཞོང་ཡངས་པ་རུ། །ནང་བཅུད་སེང་གེའི་གདོང་ཅན་ལྷ་ཚོགས་བཞུགས། །སྐལ་ལྡན་ཁྱོད་ལ་དེང་འདིར་དབང་བསྐུར་བས། །སྐུ་གསུང་ཐུགས་ཀྱི་དབང་བསྐུར་སྩལ་དུ་གསོལ། །བྱིན་ཆེན་ཕོབས་ལ་དབང་ཆེན་བསྐུར་དུ་གསོལ། །ཉམས་རྟོགས་རིག་པའི་རྩལ་ཁ་རྒྱས་པ་དང་། །མཆོག་ཐུན་དངོས་གྲུབ་དེང་འདིར་སྩལ་དུ་གསོལ། །སྔགས་དང་། ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧོཿགཏོར་མའི་ལྷ་ལས་རང་འདྲ་གཉིས་པ་འཕྲོས་ཏེ་སློབ་མ་ལ་ཐིམ་པར་མོས། ཛཿཧཱུྃ་བྃ་ཧོཿརྗེས་དམ་ཚིག་བསྒྲགས་གཟུང་། མཎྜལ་ལུས་འབུལ། དགེ་བསྔོ་རྣམས་བྱ། སློབ་དཔོན་གྱིས་ཚོགས་ལ་རོལ་ཞིང་ལྷག་མ་བསྔོ་བ་སོགས་དཀྱིལ་འཁོར་རྗེས་རིམ་རྣམས་བྱའོ། །ཞེས་པའང་འཁྲུལ་ཞིག་ཀུན་བཟང་དཔའ་བོ་རྡོ་རྗེའི་བཞེད་ངོར། ཆོས་ཀྱི་བློ་གྲོས་པས་བྲིས་པའོ། །དགེ་ལེགས་འཕེལ།། །།
[edit]

@#/__/seng gdong ma'i dbang chog byin rlabs snying po bzhugs so/__/ DA ki sid+ha mu khA la na mo/__seng gdong ma'i byin rlabs dbang bskur bya bar 'dod pas/__stegs bur ras bris kyi dkyil 'khor ma 'dzom na 'bru nag gi tshom bu lha grangs dang mnyam par bkod/__many+dzi'i khar bum pa/__sku tsaka/__sngags phreng /__phyag mtshan gri thod/__kha T+wA~M/__dur khrod chas/__thod chang /__me long /__sin+d+hU ra'i sa bon sngags kyis bskor ba/__shel rdo/__phur pa/__gtor ma dang /__phyi nang gi mchod pa/__tshogs dang /__gtor 'bul/__sngon gtor rnams bshams/__las byang gi bdag mdun dbyer med du sgrub cing /__bum bzlas zur du spro na/__rnam bum lha tshogs skad cig gis gsal btab la gzungs thag 'dzin te bsnyen sgrub sngags bzlas mthar/__bum lha 'od zhu las bum du bdud rtsi 'khyil pa bskyed bzlas bya/__tshogs mchod dang /__rig me dor/__slob ma rnams la khrus dang /__bgegs bskrad/__srung 'khor chos bshad ci rigs dang /__'dir skabs su babs pa ye shes kyi mkha' 'gro bdud 'dul seng ge'i gdong can la bka' srol mang du bzhugs pa rnams kyi rgyun bar ma chad du bzhugs pa rnams phal cher thos shing /__khyad par du bi ma la'i bka' srol gyi seng gdong ma'i snyan brgyud zab mo de dag gi snying bcud snying por dril ba 'di nyid kyi smin byed sgrub pa la sogs kyis mtshams sbyar/__maN+Dal phul/__gsol ba 'debs pa 'di yi rjes zlos/__sangs rgyas kun dngos rdo rje 'dzin/__/bdag la brtse bas dgongs su gsol/__/mkha' 'gro seng ge'i gdong can gyi/__/byin rlabs dbang bskur stsal du gsol/__/lan gsum/__mdun mkhar tshogs zhing rnams mngon sum bzhugs pa'i spyan sngar rgyun bshags yan lag brgyad pas bsags sbyong spel ba'i blos rjes zlos/__rdo rje slob dpon sangs rgyas dpal/__/sogs lan gsum/__so byang sngags gsum gyi sdom pa bzung ba 'di yi rjes zlos/__ji ltar sngon gyi rgyal ba sras bcas dang /__/rig 'dzin mkha' 'gro rgya mtsho'i tshogs rnams kyis/__/phyi nang gsang ba mchog gi dam tshig dang /__/sdom pa rgya mtsho mtha' yas bzung ba ltar/__/deng nas bdag kyang lam chen der zhugs te/__/'gro la phan phyir de dag gzung bar bgyi/__/lan gsum/__ye shes dbab pa la/__oM ma hA shU n+ya tA dz+nyA na badz+ra swa b+hA wa At+ma ko\u0f85 haM/__phung khams skye mched thams cad stong par sbyangs/__stong pa'i ngang las gnas yul thams cad chos kyi 'byung gnas gru gsum bsnol ma yangs shing rgya che ba'i nang du pad+ma nyi ma ro yi steng du rang rig a yig mthing nag yongs su gyur pa las ye shes kyi mkha' 'gro seng ge'i gdong pa can sku mdog sngo nag seng zhal shin tu khros pa sku stod seng ge'i pags pa'i g.yang gzhi dang /__sku smad la stag sham rus rgyan mi mgo skam rlon gyi phreng ba sogs dur khrod kyi chas kyis brgyan pa/__phyag g.yas gri gug 'phyar zhing /__g.yon thod khrag thugs kar bsnams pa/__mchan g.yon he ru ka'i ngo bo kha T+wA~M ka brten pa/__zhabs g.yas bskum pa'i rting pa brla la gtad cing g.yon brkyangs pa'i gar stabs kyis 'gying bar gsal ba'i dpral bar oM dkar po/__mgrin par AHdmar po/__thugs kar hU~M sngon po rnams gsal ba dang /__slob dpon gyi thugs ka nas 'od zer 'phros pas ye shes kyi tshogs bsam gyis mi khyab pa spyan drangs nas thim par mos la/__las byang gi byin 'bebs dang /__rtsa sngags mthar/__dz+nyA na A we sha ya a A/__e A ra l+li hrIM hrIM phaiM phaiM/__zhes spos rol dang bcas dbab/__dz+nyA na tiSh+Tha badz+ra/__zhes rdo rje spyi bor rgya gram du bzhag pas brtan par mos/__dbang dngos gzha \u0f72 la/__bum dbang ni/__bum pa thogs te/__hU~M/__snod bcud yongs rdzogs bum pa'i dbang /__/ye shes mkha' 'gro'i dkyil 'khor pa/__/'od zhu bdud rtsi'i chu rgyun gyis/__/dbang bskur lus kyi sgrib dag shog__/bsnyen sngags mthar/__kA la sha a b+hi Shiny+tsa oM/__zhes dbang bskur bas lus gang sgrib pa dag chu yi lhag ma spyi bor 'khyil pa las khrag 'thung rigs lngas dbur brgyan par bsam/__sku gsung thugs yon tan phrin las kyi dbang la/__gtso mo'i sku spyi bor bzhag ste/__hU~M/__dus gsum rgyal ba kun gyi phrin las ma/__/rdo rje mkha' 'gro seng ge'i gdong can gyis/__/skal ldan rigs kyi bu la dbang bskur bas/__/gzung 'dzin rtog pa ma lus gnas dag shog__/rtsa sngags dang /__kA ya a b+hi Shiny+tsa oM/__rigs bzhi thogs la/__hU~M/__bud+d+ha rat+na pad+ma sid+ha dang /__/karma rigs kyi seng gdong chen mo bzhis/__/skal ldan rigs kyi bu la dbang =_rnam bzhi'i rtog pa ma spangs gnas=_rtsa sngags mthar/__bud+d+ha rat+na pad+ma karma sid+ha mu khA a b+hi Shiny+tsa hU~M/__gau ri brgyad thogs te/__hU~M/__rnam shes gnas dag gau ri chen mo brgyad/__/skal ldan rigs kyi=_tshogs brgyad ma spangs rang sar dag pa dang /__/khro mo chen mo brgyad kyi dbang thob shog__/rtsa sngags dang /__ha a b+hi Shiny+tsa hU~M/__sing ha ma brgyad thogs la/__hU~M/__yul brgyad gnas dag sid+ha chen mo brgyad/__/skal ldan rigs kyi=_/yul brgyad ma spangs rang sar dag pa dang /__phra men sid+ha brgyad kyi dbang thob shog__/sngags dang /__he a b+hi Shiny+tsa hU~M/__dbang mo nyer brgyad thogs la/__hU~M/__'bar ba'i bar khyams dkyil 'khor sgo bzhi nas/__/dbang phyug chen mo nyi shu rtsa brgyad kyis/__/skal ldan rigs=_/sna tshogs rtog pa ma spangs gnas dag shog__/sngags dang /__b+h+yo a b+hi Shiny+tsa hU~M/__gsung sngags kyi dbang bskur ba la/__slob dpon gyi thugs ka nas sngags kyi phreng ba byung khyod rang gi snying gar nyi ma'i steng du thugs srog gi mthar 'khod par mos la/__bsnyen sgrub sngags kyi rjes zlos byar gzhugs/__brtan byed sngags phreng mgrin par bzhag__/hU~M/__gsang sngags rgyal po bzlas pa tsam gyis ni/__/byad phur rbod gtong ma lus zhi byed pa/__/mthu rtsal nus pa bskal me lta bu'i shugs/__/drag po sngags kyi nus pa yongs rdzogs shog__/sngags dang /__wA ka a b+hi Shiny+tsa hU~M/__thugs phyag mtshan thogs te/__hU~M/__thugs mchog phyag rgya'i gzugs su yongs shar ba/__phyag mtshan gri gug thod khrag kha T+wA~M ka/__snying gar bstim pas gzung 'dzin rtsad nas gcod/__/ye shes DA ki'i thugs kyi dbang thob shog__/sngags dang /__tsit+ta a b+hi Shiny+tsa hU~M/__de ltar sku gsung thugs kyi dbang bskur bas snang grags rig gsum ye shes d+hA ki'i gsang ba gsum du rnam par dag go__/yon tan dur khrod kyi chas rnams thogs la/__hU~M/__'bar ba'i sku la gsol ba'i dur khrod chas/__/seng ge'i slog pa stag sham rus rgyan dang /__/skam rlon phreng ba la sogs chas rnams kyis/__/skal ldan rigs=_/ye shes d+hA ki'i spyod yul dbang thob shog__/sngags dang /__a laM ka ra hU~M/__des yon tan rgyan chas kyi dbang thob/__dpa' bo mkha' 'gro rnams dang skal ba mnyam par gyur cig__/phrin las drag po sgrol ba'i rjes gnang ni/__phur pa slob ma'i lag tu gtad de/__hU~M/__phrin las rtsal rdzogs badz+ra sid+ha ni/__/sku smad gnam lcags phur pa'i dbal dang ldan/__/nang khongs bdud 'dul drag mo'i dkyil 'khor bzhugs/__/gang la btab pas dgra gdon byad ma brlag__/khyod la gtad pas srid gsum dus gcig sgrol/__/phrin las drag po'i dbang mchog thob par shog__/sgrub sngags dang las sngags brjod la gtad/__de ltar phrin las drag po sgrol ba'i dbang bskur bas khams gsum gyi bdud dgra byad gdon gyi g.yul las rnam par rgyal bar gyur cig__/de ltar phyi mtshan ma'i dkyil 'khor du sku bum pa'i dbang thob/__rtsa yi sgrib pa dag__/sa brgyad pa non/__'bras bu sprul pa'i sku yi sa bon rgyud la bzhag go__/gsang ba'i dbang ni/__thod pa'i bdud rtsi sbyin la/__hU~M/__khrag 'thung dpal dang mnyam sbyor byang sems kyis/__/ye shes gsang ba'i bdud rtsis dbang bskur bas/__/rtsa rlung byang sems kun la khyab pa dang /__/rlung sngags yi ge'i 'khor lor dag par shog__/bo d+hi tsit+ta ma hA su kha hoHde ltar gsang ba'i dbang bskur bas ngag dang rlung gi sgrib pa dag__/sa dgu pa non/__'bras bu longs sku thob pa'i skal ba rgyud la bzhag go__/sher dbang sin+d+hU ra'i me long thogs la/__hU~M/__chos rnams kun gyi 'byung gnas bde ba che/__/bde stong rdo rje btsan mo'i thabs mchog ni/__/he ru ka dang mnyam bar sbyor ba las/__/dga' bzhi'i ye shes mngon du 'gyur bar shog__/sin+d+hU ra'i thig le snying khar byugs/__pad+ma b+hany+dza mo k+Sha hoHdzaHhU~M ba~M hoHmnyam par rol/__/thig le dbab ldog bskyil bkram las/__/bde stong ye shes mngon gyur bsam/__de ltar shes rab ye shes kyi dbang bskur bas/__yid thig le'i sgrib pa dag__/sa bcu gcig pa non/__'bras bu chos sku thob pa'i skal pa rgyud la bzhag go__/shel rdo'i brdas mtshon te/__hU~M/__nam mkha' lta bur dri ma dang bral ba'i/__/sems nyid rang bzhin 'od gsal rdzogs pa che/__/bsal bzhag 'pho 'gyur mtshan ma'i chos las 'das/__/rang rig sku gsum dgongs pa mngon gyur shog__/d+harma d+hA tu a b+hi Shiny+tsa hU~M/__de ltar dbang bzhi pa bskur bas sgo gsum cha snyoms kyi sgrib pa dag__/sa bcu gsum pa non/__'bras bu ngo bo nyid sku thob pa'i skal ba rgyud la bzhag go__/mtha' brten gtor ma'i dbang ni/__gtor ma spyi bor bzhag ste/__oM AHhU~M/__phyi snod dbyings kyi gtor gzhong yangs pa ru/__/nang bcud seng ge'i gdong can lha tshogs bzhugs/__/skal ldan khyod la deng 'dir dbang bskur bas/__/sku gsung thugs kyi dbang bskur stsal du gsol/__/byin chen phobs la dbang chen bskur du gsol/__/nyams rtogs rig pa'i rtsal kha rgyas pa dang /__/mchog thun dngos grub deng 'dir stsal du gsol/__/sngags dang /__kA ya wA ka tsit+ta sarba sid+d+hi pha la hoHgtor ma'i lha las rang 'dra gnyis pa 'phros te slob ma la thim par mos/__dzaHhU~M ba~M hoHrjes dam tshig bsgrags gzung /__maN+Dal lus 'bul/__dge bsngo rnams bya/__slob dpon gyis tshogs la rol zhing lhag ma bsngo ba sogs dkyil 'khor rjes rim rnams bya'o/__/zhes pa'ang 'khrul zhig kun bzang dpa' bo rdo rje'i bzhed ngor/__chos kyi blo gros pas bris pa'o/__/dge legs 'phel//__//

Footnotes

Other Information