DKYD-KABUM-02-KHA-001: Difference between revisions
From Khyentse Lineage - A Tsadra Foundation Project
(Imported new text files with Wyckibaat for processing) |
No edit summary |
||
Line 1: | Line 1: | ||
༄༅། །མདོ་མཁྱེན་བརྩེའི་པོད་གཉིས་པ་འཛིན་གྲོལ་བཞུགས་སོ། །«༅། །སཾ གུ ཧྱ ཌཱ ཀ སྱ ཙི ཏྟཾ ཏི ལ ཀཱ ཏྲུ ཨཱ དི ཛཿ ཡ རྒ ཀྲ མ ཝཱ ཀ བྷཱ ཥ བི ཧར ཏི སྨ། །༅། །ཡང་གསང་མཁའ་འགྲོའི་ཐུགས་ཐིག་ལསཿ སྔོན་འགྲོའི་ལམ་རིམ་ངག་འདོན་བཞུགས། | {{Text | ||
|classification=Tibetan Publications | |||
|subclass=Tibetan Texts | |||
|collectiontitle=mdo mkhyen brtse bka' 'bum | |||
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ། | |||
|totalvolumes=8 | |||
|author=Mdo mkhyen brtse | |||
|authortib=མདོ་མཁྱེན་བརྩེ་ | |||
|citation= | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=02 | |||
|volumeLetter=KHA | |||
|textnuminvol=001 | |||
|pdflink=File:DKYD-KABUM-02-KHA-001.pdf | |||
|InitCategories=Khyentse Lineage Project; DKYD-KABUM-Volume-02-KHA | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP|༄༅། །མདོ་མཁྱེན་བརྩེའི་པོད་གཉིས་པ་འཛིན་གྲོལ་བཞུགས་སོ། །«༅། །སཾ གུ ཧྱ ཌཱ ཀ སྱ ཙི ཏྟཾ ཏི ལ ཀཱ ཏྲུ ཨཱ དི ཛཿ ཡ རྒ ཀྲ མ ཝཱ ཀ བྷཱ ཥ བི ཧར ཏི སྨ། །༅། །ཡང་གསང་མཁའ་འགྲོའི་ཐུགས་ཐིག་ལསཿ སྔོན་འགྲོའི་ལམ་རིམ་ངག་འདོན་བཞུགས། | |||
༄༅། །དབྱིངས་རིག་ཀུན་ཏུ་བཟང་ལ་འདུདཿ ཡང་གསང་མཁའ་འགྲོ་ཐུགས་ཐིག་གིཿ སྔོན་འགྲོ་ཉམས་ལེན་རིམ་པ་ནིཿ ཐོག་མར་རྣམ་སྣང་ཆོས་བདུན་བཅསཿ རྣམ་གསུམ་དད་པའི་ཤུགས་ཕྱུང་ལཿ ཨེ་མ་ཧོཿ མདུན་མཁར་འཇའ་འོད་གུར་ཁྱིམ་དབུསཿ སེང་ཁྲི་པདྨ་ཉི་ཟླའི་སྟེངཿ གུ་རུ་མཚོ་སྐྱེས་རྡོ་རྗེ་མཐིངཿ ཡབ་ཡུམ་འོད་ཀྱི་སྐུ་རུ་གསལཿ ན་མོཿ མཆོག་གསུམ་རྩ་གསུམ་སྐུ་གསུམ་ཀུན་འདུས་དཔལཿ རྡོ་རྗེ་འཆང་དབང་སྟོན་པ་དྲི་མ་མེདཿ དབྱེར་མེད་བླ་མ་མཚོ་སྐྱེས་སྤྲུལ་པའི་སྐུཿ མཁྱེན་ནོ་བདག་རྒྱུད་བྱིན་གྱིས་བརླབ་ཏུ་གསོལཿ བདག་གི་དལ་འབྱོར་རྟེན་བཟང་རིན་ཆེན་ལུསཿ དཔེ་གྲངས་རྟགས་ཀྱི་སྒོ་ནས་རྙེད་དཀའ་བཿ ཡིད་བཞིན་ནོར་འདྲ་ཐོབ་པའི་དུས་འདི་རུཿ ལོག་པའི་ལམ་དུ་མ་གཏོང་བླ་མ་མཁྱེནཿ ཀྱེ་མ་ཀྱི་ཧུད་འདུས་བྱས་མི་རྟག་སྟེཿ ཕྱི་སྣོད་དུས་ཀྱིས་འགྱུར་ལྡོག་མེ་ཆུས་འཇིགཿ ནང་བཅུད་སྐྱེ་རྒ་ན་འཆི་མྱུར་དུ་སླེབསཿ སྐྱོ་ཤས་གཏིང་ནས་སྐྱེ་བར་བླ་མ་མཁྱེནཿ བདག་གིས་སྲོག་གཅོད་རྐུ་འཕྲོག་ལོག་པར་གཡེམཿ རྫུན་ཕྲ་ཚིག་རྩུབ་ངག་འཁྱལ་བརྣབ་གནོད་བརྣགཿ ལོག་ལྟ་རྒྱུད་ངན་སྤང་ཞིང་དགེ་བཅུ་བསྒྲུབཿ རྒྱུ་འབྲས་གོ་ལོག་མ་གཏོང་བླ་མ་མཁྱེནཿ དམྱལ་བ་ཡི་དྭགས་དུད་འགྲོ་ལྷ་མ་ཡིནཿ ལྷ་མི་གཉིས་ཏེ་རིགས་དྲུག་འཁོར་བའི་གནསཿ གང་དུ་སྐྱེས་ཀྱང་སྡུག་བསྔལ་བཟོད་བླག་མེདཿ འཁོར་བ་དོང་ནས་སྤྲུགས་པར་བླ་མ་མཁྱེནཿ མི་ལུས་ལན་གཅིག་ཐོབ་པ་སྐལ་བ་བཟང་ཿ ཨ་ཏི་བླ་མེད་ཟབ་གསང་སྙིང་པོའི་ལམཿ ཐུགས་ཀྱི་ཐིག་ལེར་འཕྲད་པ་ངོ་མཚར་ཆེཿ ས་ལམ་མྱུར་དུ་བགྲོད་པར་བླ་མ་མཁྱེནཿ བསྐལ་མང་གོང་ནས་ཐུགས་རྗེའི་རྗེས་བཟུང་བསཿ བཀའ་དྲིན་སུམ་ལྡན་རྡོ་རྗེ་སློབ་དཔོན་མཆོགཿ མཉེས་པ་གསུམ་གྱི་ཞབས་ཏོག་མཐར་ཕྱིན་ནསཿ ཐུགས་རྒྱུད་དགོངས་པ་རྟོགས་པར་བླ་མ་མཁྱེནཿ འདི་དང་ཕྱི་མ་བར་དོའི་གནས་ཀུན་ཏུཿ ཁྱེད་དང་མི་འབྲལ་རྣམ་བཞིའི་ཕྲིན་ལས་ཀྱིཿ ཕོ་ཉར་གྱུར་ནས་འཁོར་བ་མ་སྟོངས་པརཿ བྱང་ཆུབ་སེམས་བསྐྱེད་འགྲོ་དོན་མཐར་ཕྱིན་ཤོགཿ ཐུན་མོང་ཉམས་ལེན་རིམ་པའོཿ དེ་ཡི་དངོས་གཞི་གནད་ཀྱི་གཟེརཿ རང་ཉིད་ཌཱ་ཀི་དཀར་མོ་གྲི་ཐོད་འཛིནཿ ལུས་དབུས་དབུ་རྐྱང་རོ་གསུམ་དཀར་དམར་མཐིངཿ ཉོན་ཤེས་ལས་སྒྲིབ་ནད་གདོན་བག་ཆགས་རླུངཿ དུག་རླངས་རྣམ་པ་དབང་ཆེན་ས་གཞིར་བསྟིམཿ སྙིང་གར་ཀུན་བཟང་ཐུགས་དབུས་སྲོག་ཡིག་ཨཱཿ བྱིན་རླབས་འོད་མཐིང་རོ་རྐྱང་ལམ་ནས་བརྒྱུདཿ ཨ་དཀར་ལ་ཐིམ་ལུས་ནང་འོད་ཀྱིས་གངཿ འཇམ་རླུང་དང་སྤྲགས་སེམས་ཀྱི་རྩད་གདར་བཅདཿ ཐུན་མིན་ངག་འདོན་ཉམས་ལེན་ནིཿ ཐོག་མར་སྐྱབས་སུ་འགྲོ་བ་ལཿ མདུན་མཁར་འཇའ་འོད་འཁྲིགས་པའི་ཀློངཿ སྐྱབས་གནས་ཀུན་འདུས་རྡོ་རྗེ་འཆངཿ ཡབ་ཡུམ་གཟི་བརྗིད་འོད་དུ་འབརཿ རང་ལས་སྤྲུལ་པའི་ཚོགས་བཅས་གསལཿ བུདྡྷཱ་དྷཱརྨཱ་སཾ་གྷཱ་ཡཿ གུ་རུ་དྷེ་ཝ་ཌཱ་ཀི་ནཱིཿ དྷརྨཱ་སཾ་བྷོ་ནིརྨཱ་ཀཿ ཀུན་འདུས་དྲིན་ཆེན་བླ་མ་ལཿ སྐྱབས་སུ་མཆིའོ་ཐུགས་རྗེས་ཟུངཿ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པཿ མ་རིག་ལས་ཉོན་སྡུག་བསྔལ་གྱིསཿ གཟིར་བའི་ཕ་མ་མཁའ་མཉམ་འགྲོཿ བླ་མའི་གོ་འཕང་མྱུར་ཐོབ་ཕྱིརཿ སྨོན་འཇུག་དོན་དམ་སེམས་མཆོག་བསྐྱེདཿ མངོན་དུ་མ་གྱུར་བར་དུ་འབདཿ མོས་གུས་དག་སྣང་བརྩེ་གདུང་དངཿ སྙིང་རྗེ་གཏོང་ཕོད་རྩ་བ་ལྔཿ བསླབ་པའི་གཞི་སྟེ་རྟག་ཏུ་འབདཿ ལམ་གྱི་ཆ་རྐྱེན་ཚོགས་བསགས་པཿ མཎྜལ་འབུལ་བའི་རིམ་པ་ནིཿ ཨོཾ་ཨཱཿཧཱུྃཿ མི་མཇེད་སྟོང་གསུམ་འཇིག་རྟེན་ལྷ་མིའི་ནོརཿ བདག་ལུས་སྐྱེ་དགུའི་ལོངས་སྤྱོད་མཎྜལ་རྫསཿ ནང་ལྟར་ཕུང་ཁམས་རྩ་རླུང་ཐིག་ལེར་བཅསཿ ལྔ་ལྡན་ཞིང་བཀོད་འདོད་ཡོན་མཆོད་པའི་སྤྲིནཿ གསང་བ་ངོ་བོ་རང་བཞིན་ཐུགས་རྗེའི་རྩལཿ ཆོས་དབྱིངས་རྣམ་དག་གཞོན་ནུ་བུམ་སྐུའི་ཞིངཿ སངས་རྒྱས་ཀུན་འདུས་བླ་མ་དཀྱིལ་འཁོར་ལཿ འབུལ་ལོ་འགྲོ་ཀུན་ཚོགས་གཉིས་ཡོངས་རྫོགས་ཤོགཿ འབྱོར་བ་དང་བསྟུན་ཚོགས་བསགས་དཔག་མེད་བྱཿ སྒྲིབ་བྱང་གཏན་པ་མེད་པའི་མཆོད་སྦྱིན་ནིཿ སྤྱི་བོར་པད་དཀར་ཟླ་གདན་རྡོ་རྗེ་སེམསཿ དཀར་གསལ་ལོངས་སྐུའི་ཆས་རྫོགས་ཡུམ་དང་འཁྲིལཿ སྦྱོར་མཚམས་བདུད་རྩིའི་རྒྱུན་བབས་སྤྱི་བོར་ཞུགསཿ སྒྲིབ་གཉིས་ཉེས་ལྟུང་འགའ་འཁྲུལ་ཉམས་ཆགས་ཀུནཿ ལྷག་མེད་བཀྲུ་ཞིང་ས་གཞིའི་ཁམས་ཁྱབས་པསཿ རིགས་དྲུག་སེམས་ཅན་ལན་ཆགས་བགེགས་རིགས་ཚིམཿ ཡི་གེ་བརྒྱ་པ་བཟླ་ཞིང་དམིགས་གནད་གཟབཿ སྙིང་རྗེ་མཆི་མ་འཁྲུགས་བར་བསྒོམཿ བླ་མ་དགྱེས་ཤིང་བརྩེ་བས་གནང་བ་སྦྱིནཿ འོད་ཞུའི་རང་ལུས་ནམ་མཁའི་འཇའ་ལྟར་ཡལཿརང་རིག་མ་བཅོས་དེ་བཞིན་ཉིདཿ སྙིང་རྗེའི་ངང་ལས་རང་རིག་ཧཱུྃཿ ཁུ་རྡུལ་སྟེང་བབས་འཕྲོ་འདུས་སྦྱངསཿ རང་ཉིད་རྡོར་སེམས་མཐིང་གསལ་མདོགཿ རྡོ་རྗེ་དྲིལ་འཛིན་སྐྱིལ་ཀྲུང་བཞུགསཿ ལོངས་སྐུའི་ཆས་རྫོགས་འོད་ཟེར་འབརཿ ཐུགས་ཀར་ཟླ་སྟེང་ཧཱུྃ་ཡིག་མཐརཿ སྔགས་ཀྱིས་བསྐོར་བའི་འོད་ཟེར་གྱིསཿ རྒྱལ་མཆོད་འགྲོ་སྒྲིབ་ཀུན་སྦྱངས་ཤིངཿ རྣམ་དག་རྒྱལ་བའི་ཞིང་དུ་གྱུརཿ ཨོཾ་ཨཱཿབཛྲ་སཏྭ་ཧཱུྃཿ བཟླས་པ་ཆུ་བོའི་རྒྱུན་བཞིན་བྱཿ ཁྱེར་སོ་གསུམ་དང་མ་བྲལ་ཞིངཿ འདུས་མ་བྱས་པའི་ངང་དུ་བཞགཿ བསྐྱེད་རིམ་ལྷ་ཡི་རྣལ་འབྱོར་རོཿ རྫོགས་རིམ་རྩ་རླུང་ཐིག་ལེའི་ཁམསཿ སྦྱངས་ཤིང་འོད་ལུས་བསྒྲུབ་པའི་གཞིཿ འབྱུང་བཞིའི་མན་ངག་ཟབ་པའི་གནདཿ རྩོལ་བཅས་ལམ་གྱི་རིམ་པ་སྟེཿ ཐུན་མཐར་སྣོད་བཅུད་རང་ལ་བསྡུསཿ ལྷར་སྣང་ཐུགས་སྲོག་ན་དཱའི་བརཿ དམིགས་མེད་བརྗོད་བྲལ་ངང་དུ་བཞགཿ རང་རིག་གཉུག་མའི་གཤིས་ལུགས་སྐྱོངསཿ ཐུན་མོང་མ་ཡིན་ལམ་རིམ་སྟེཿ ཟབ་ལམ་འདི་ལ་ནན་ཏན་མཛོདཿ ས་མ་ཡཿ ཐུན་མོང་མ་ཡིན་ལམ་གྱི་དངོས་གཞི་ནིཿ བྱིན་རླབས་བླ་མའི་རྣལ་འབྱོར་ཞེས་བྱ་བཿ ཕྱི་ལྟར་བསྒྲུབ་ཅིང་དགོངས་པ་རྟོགས་པའི་ཐབསཿ གཅིག་ཆོག་ནོར་བུའི་ལུགས་སུ་ཉམས་སུ་ལོངསཿ ཨེ་མ་ཧོཿ བླ་མར་མོས་གུས་འགྲོ་ལ་སྙིང་རྗེའི་གདངསཿ མ་དག་འཁྲུལ་སྣང་རྨི་ལམ་སད་པ་བཞིནཿ སྣང་བས་གར་ཁྱབ་སྣོད་ཀྱི་འཇིག་རྟེན་ཀུནཿ འོག་མིན་པདྨ་འོད་ཀྱི་གཞལ་ཡས་ཁངཿ འོད་སྣང་རྒྱན་བཀོད་ཕུན་སུམ་ཚོགས་པའི་དབུསཿ རང་ཉིད་བདེ་ཆེན་རྡོ་རྗེའི་རྣལ་འབྱོར་མཿ དམར་གསལ་ཞལ་གཅིག་ཞི་འཛུམ་ཆགས་པའི་ཉམསཿ ཕྱག་གཉིས་གཡས་པས་གྲི་གུག་དཀུ་ལ་བརྟེནཿ གཡོན་པས་བདུད་རྩིའི་ཐོད་པ་དབྱིངས་སུ་སྟོབཿ ཞབས་གཉིས་དཔའ་མོ་རོལ་པའི་འདོར་སྟབས་ཅནཿ ལང་ཚོའི་གཟི་འབར་ནུ་འབུར་བྷ་ག་རྒྱསཿ རིན་ཆེན་རུས་པའི་རྒྱན་ཆ་སིལ་སིལ་སྒྲོགསཿ དད་གུས་སྤྱན་གསུམ་བླ་མའི་སྐུུ་ལ་བལྟཿ པདྨ་ཉི་མ་རྟོག་མེད་རོ་གདན་འགྱིངསཿ མཁའ་དབྱིངས་བྱིན་རླབས་འཇའ་འོད་འཁྱིལ་པའི་ཀློངཿ པདྨ་འབུམ་བརྡལ་ཉི་ཟླའི་གདན་གྱི་དབུསཿ སྐུ་གསུམ་རྒྱལ་བ་མ་ལུས་འདུས་པའི་དཔལཿ བཀའ་དྲིན་སུམ་ལྡན་བླ་མ་རྡོ་རྗེ་འཆངཿ རྗེ་བཙུན་གུ་རུ་བུདྡྷ་ཐོད་ཕྲེང་རྩལཿ སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པཿ ཞལ་གཅིག་ཞི་འཛུམ་ཕྱག་གཡས་རལ་གྲི་ཕྱརཿ གཡོན་པས་བྷནྡྷ་བདུད་རྩིས་བཀང་བ་བསྣམསཿ དབུ་སྐྲ་ཐོར་ཚུགས་སྟག་ཤམ་རུས་རྒྱན་སྤྲསཿ ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་འོད་ཟེར་འཕྲོསཿ མཆན་ཁུང་གཡོན་ན་ཁ་ཊྭཱཾ་ཀ་ཡིས་མཛེསཿ སྤྱི་བོར་རིགས་བདག་དགའ་རབ་དཔའ་བོ་མཆོགཿ དེ་ཡི་སྤྱི་བོར་སྟོན་པ་རྡོ་རྗེ་སེམསཿ མཐའ་བསྐོར་བཀའ་བརྒྱུད་བླ་མ་ཡི་དམ་ལྷཿ མཁའ་འགྲོ་ཆོས་སྐྱོང་ཚོགས་བཅས་སྤྲིན་ལྟར་གཏིབསཿ ཚོགས་ཞིང་གསལ་གདབ་སྤྱན་འདྲེན་ནིཿ ཧོཿ ཆོས་ཀྱི་དབྱིངས་དང་ལྔ་ལྡན་ཞིང་ཿ འགྲོ་འདུལ་སྤྲུལ་སྐུའི་ཞིང་ཁམས་ནསཿ སྐུ་གསུམ་ཞི་ཆགས་ཁྲོ་བོའི་ལྷཿ བརྩེ་ཆེན་ཐུགས་རྗེས་གནས་འདིར་གཤེགསཿ ཀུན་འདུས་རྩ་བའི་བླ་མར་ཐིམཿ བདག་ལ་དབང་བསྐུར་བྱིན་གྱིས་རློབསཿ མཆོག་དང་ཐུན་མོང་དངོས་གྲུབ་སྩོལཿ ཡན་ལག་བདུན་པ་འབུལ་བ་ནིཿ བདག་དང་འགྲོ་དྲུག་སེམས་ཅན་གྱིསཿ རྡུལ་སྙེད་ལུས་སྤྲུལ་གུས་ཕྱག་འཚལཿ ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་མཆོདཿ སྡིག་ལྟུང་དམ་ཚིག་ཉམས་ཆགས་བཤགསཿ བླ་མའི་མཛད་པར་རྗེས་ཡི་རངསཿ ཨ་ཏིའི་ཆོས་འཁོར་བསྐོར་བར་བསྐུལཿ སེམས་ཅན་དོན་དུ་བཞུགས་གསོལ་འདེབསཿ དགེ་ཚོགས་སེམས་ཅན་དོན་དུ་བསྔོཿ རྩེ་གཅིག་གསོལ་བ་འདེབས་པ་ནིཿ ཀྱཻཿ རྗེ་བཙུན་གུ་རུ་རིན་པོ་ཆེཿ བདག་ཅག་འཁོར་བའི་གནས་སུ་འཁྱམསཿ ལས་ཉོན་སྡུག་བསྔལ་དྲག་པོས་གཟིརཿ གཟུང་འཛིན་ཞགས་པས་དམ་དུ་བཅིངསཿ ཁྱེད་ལས་རེ་ས་གཞན་དུ་མེདཿ མོས་གུས་ལྟེམ་རྐྱང་མེད་པ་ཡིསཿ གསོལ་བ་སྙིང་གི་དཀྱིལ་ནས་འདེབསཿ ཁྱེད་ཐུགས་སྙིང་རྗེ་ཆེན་པོ་ཡིསཿ བརྩེ་ཆེན་ཐུགས་རྗེའི་ཉེར་དགོངས་ལཿ བྱིན་རླབས་ནུས་མཐུ་ཤུགས་དྲག་པོསཿ བདག་རྒྱུད་བྱིན་གྱིས་བརླབས་ནས་ཀྱངཿ ཐུགས་རྒྱུད་དགོངས་པ་རྟོགས་པར་ཤོགཿ ཨོཾ་ཨཱཿམཧཱ་གུ་རུ་རཏྣ་སིདྡྷི་ཧཱུྃཿ དད་གུས་མཆི་མ་འཁྲུགས་པ་ཡིཿ གསོལ་འདེབས་བསྙེན་པ་འདི་ལ་འབདཿ བྱིང་ཞིང་འཐིབས་པར་གྱུར་པའི་ཚེཿ སྣང་སྲིད་བླ་མ་མཁའ་འགྲོས་གངཿ ཆོས་ཉིད་ཉམས་ཀྱི་སྣང་བ་འུརཿ སྐུ་ཡི་གར་སྟབས་ཁྱུགས་སེ་ཁྱུགསཿ གསུང་གི་ཉམས་མགུར་འུ་རུ་རུཿ བག་དྲོ་ཉམས་དགའི་ངང་དུ་བཞགཿ འདྲེ་གདོན་གདུབ་རྩུབ་བྱུང་བའི་ཚེཿ ཐོག་མར་སྙིང་རྗེ་དྲག་པོའི་ངང་ཿ རང་ཉིད་མཁའ་འགྲོའི་ཐུགས་ཀ་ནསཿ འོད་ཟེར་སྣ་ལ་འདོད་ཡོན་སྤྲོསཿ སྦྱིན་པས་ཚིམ་ཞིང་གདུག་རྩུབ་ཞིཿ བླ་མའི་ཐུགས་ཀའི་འོད་ཟེར་གྱིསཿ ཁོ་ཡི་བག་ཆགས་སྒྲིབ་པ་སྦྱོང་ཿ བླ་མ་མཁའ་འགྲོའི་སྐུར་གྱུར་ནསཿ བདག་ལ་དངོས་གྲུབ་སྦྱིན་པར་དམིགསཿ ནད་ཀྱིས་ཟུག་རྔུས་མནར་བའི་ཚེཿ ལས་ཀྱི་ལྷག་མ་སྨིན་གྱུར་བརཿ དགའ་བ་བསྒོམས་ཤིང་གསོལ་བ་འདེབསཿ བླ་མའི་ཐུགས་ཀའི་འོད་ཟེར་གྱིསཿ འགྲོ་བའི་ནད་རྣམས་རང་ལ་བསྡུཿ རིགས་བདག་སྐུ་ལས་ཡེ་ཤེས་མེསཿ རང་ལུས་ནད་གདོན་བག་ཆགས་བསྲེགསཿ དམིགས་མེད་སྟོང་པའི་ངང་དུ་བཞགཿ ཉོན་མོངས་འཕྲོ་རྒོད་དྲག་པོའི་ཚེཿ བླ་མའི་ཐུགས་ཀར་ཤེས་པ་གཏདཿ དུག་ལྔ་རང་ཉིད་ངོ་བོ་བལྟཿ ལུས་སེམས་ཁུང་ལྷོད་ཁ་ཡན་བཞགཿ གནད་ཀྱི་གདམས་པ་ཟབ་མོའོཿ དེ་ནས་བརྒྱུད་བའི་གསོལ་འདེབས་ནིཿ ཨེ་མ་ཧོཿ གཞོན་ནུ་བུམ་སྐུའི་ངོ་བོ་སྟོང་ཆེན་ཡུམཿ རང་གདངས་འགགས་མེད་ཀུན་ཏུ་བཟང་པོ་ཤརཿ ཐུགས་རྗེའི་རང་རྩལ་སྟོན་པ་རྡོ་རྗེ་སེམསཿ ཤེས་རབ་ཡུམ་མཆོག་ཡེ་ཤེས་ཌཱ་ཀི་མརཿ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབསཿ བདེ་ཆེན་འགྱུར་མེད་བཛྲ་ཝཱ་ར་ཧིཿ བཀའ་ཡི་བསྡུ་པ་གསང་བདག་རྡོ་རྗེ་འཛིནཿ དཀྱིལ་འཁོར་གཙོ་བོ་ཁྲ་འཐུང་ཧེ་རུ་ཀཿ གསང་བའི་ཡུམ་མཆོག་ལྷ་ལྕམ་བདེ་སྟེར་མརཿ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབསཿ ཞིང་ཁམས་དབང་བསྒྱུར་བདེ་བ་དབྱིངས་སྒྲོན་མཿ བཀའ་ཡི་བསྡུ་བ་རིག་འཛིན་རྡོ་རྗེའི་ལྗགསཿ མཆོག་གི་བཀའ་བབས་རིག་པ་འཛིན་རྣམས་དང་ཿ འབུམ་ཕྲག་ཡངས་པའི་ཡེ་ཤེས་མཁའ་འགྲོའི་ཚོགསཿ གསོལ་བ་འདེབས་སོ་བདག་རྒྱུད༴ མཐའ་འཁོབ་གདོང་དམར་བོད་ཡུལ་སྲིན་པོའི་གླིང་ཿ ཡང་གསང་ལུས་མེད་མཁའ་འགྲོའི་ཐུགས་ཐིག་ཆོསཿ བརྡ་བསྒྱུར་རིག་འཛིན་ཁྲག་འཐུང་ཧེ་རུ་ཀཿ ཆོས་བདག་གྲོགས་མཛད་འདོད་ལྡན་ཀུན་སྐྱོང་མཿ གསོལ་བ༴ དབྱིངས་རིག་སྤྲུལ་བསྒྱུར་ཌཱ་ཀི་མཆེད་གཉིས་དངཿ སྐལ་ལྡན་ལས་ཅན་བཀའ་བབས་རྡོ་རྗེའི་གྲོགསཿ བཀའ་ཡི་ལས་མཛད་བསྟན་སྲུང་དམ་ཅན་སྡེཿ གཉེར་འཛིན་དྲེགས་པའི་སྡེ་དོན་ཚོགས་བཅས་ལཿ གསོལ་བ༴ རྩེ་གཅིག་གསོལ་བ་བཏབ་པའི་བྱིན་རླབས་ཀྱིསཿ བདག་ཅག་དམ་ལྡན་རྡོ་རྗེའི་མིང་སྲིང་ཚོགསཿ བླ་མར་རྩེ་གཅིག་མོས་གུས་གདུང་ཚུག་ཅིངཿ མི་རྟག་འཁོར་བ་ཞེན་པ་རང་ལོག་ནསཿ ཆགས་སྡང་སྒྲོག་ལས་གྲོལ་བར་བྱིན་གྱིས་རློབསཿ གྲོང་དང་གྲོང་ཁྱེར་དུར་ཁྲོད་ཤིང་གཅིག་དྲུངཿ ནགས་ཁྲོད་བས་མཐའ་མཚོ་གླིང་བྲག་སྐྱིབས་སོགསཿ ངེས་མེད་གནས་སུ་གཅིག་པུར་བསྒྲུབ་ལ་བརྩོནཿ གཏད་མེད་སྨྱོན་པ་ལྟ་བུའི་བརྟུལ་ཞུགས་ཀྱིསཿ རྩ་རླུང་ཐིག་ལེ་ལས་སུ་རུང་བར་ཤོགཿ ཉིན་སྣང་སྐུ་དང་ཡེ་ཤེས་རང་ངོ་ཤེསཿ མཚན་སྣང་རྨི་ལམ་འོད་གསལ་སྦུབས་སུ་འཇུགཿ བར་དོར་བླ་མའི་གདམས་ངག་གཟེར་གྱིས་ཐེབསཿ ཁྲེགས་ཆོད་ཐོད་རྒལ་འབྲས་བུའི་རྩལ་རྫོགས་ནསཿ སྦུབས་འཇུག་གདོད་མའི་དབྱིངས་སུ་གྲོལ་པར་ཤོགཿ བདག་ཅག་འབྲེལ་བས་བསྡུས་པའི་གང་ཟག་ཀུནཿ མ་རྟོགས་འཁྲུལ་པའི་འཛིན་ཞེན་རང་སར་གྲོལཿ བཟང་ངན་དགའ་སྡུག་རེ་དོགས་བླང་དོར་ཞིགཿ ཉོན་མོངས་བག་ཆགས་དྲི་མ་རང་དག་ནསཿ ཡང་གསང་ཐུགས་ཐིག་གདུལ་བྱར་འགྱུར་བར་ཤོགཿ གཞན་ཡང་མཐོང་ཐོས་དྲན་རིག་ལས་ཀྱིས་འབྲེལཿ མཁའ་ཁྱབ་ཕ་མ་སེམས་ཅན་མ་ལུས་ཀུནཿ སྟོང་ཉིད་བྱང་ཆུབ་སེམས་མཆོག་རྒྱུད་ལ་སྐྱེསཿ བདེ་ལྡན་ཞིང་དང་འོག་མིན་དཔལ་གྱི་རིརཿ མངོན་སངས་རྒྱས་ནས་འཁོར་བ་ཡོངས་སྟོན་ཤོགཿ ཐུན་མཇུག་དབང་བཞི་ལེན་པ་ནིཿ མོས་གུས་རྩེ་གཅིག་གསོལ་བ་བཏབ་པ་ཡིསཿ བླ་མའི་དཔྲལ་བའི་འོད་དཀར་སྤྱི་བོར་ཞུགསཿ ལུས་རྩའི་སྒྲིབ་དག་བུམ་པའི་དབང་མཆོག་ཐོབཿ ཞལ་ནས་འོད་དམར་བདག་གི་མགྲིན་པར་ཐིམཿ ངག་རླུང་སྒྲིབ་དག་གསང་བའིདབང་མཆོག་ཐོབཿ ཐུགས་ཀའི་འོད་མཐིང་རང་གི་སྙིང་གར་ཐིམཿ ཡིད་ཐིག་སྒྲིབ་དག་ཡེ་ཤེས་དབང་མཆོག་ཐོབཿ ཐུགས་ལས་ཨ་དཀར་སྙིང་གི་དཀྱིལ་དུ་བབསཿ ཀུན་ཤེས་སྒྲིབ་དག་རིག་པའི་རྩལ་དབང་ཐོབཿ རྡོ་རྗེ་བཞིར་རྫོགས་རིག་འཛིན་རྣམ་བཞིར་སྨིནཿ འབྲས་བུ་སྐུ་བཞིའི་ཡེ་ཤེས་མངོན་དུ་གྱུརཿ བླ་མའི་ཐུགས་དང་རང་སེམས་དབྱེར་མེད་དུཿ གཉུག་མ་མ་བཅོས་ངང་དུ་རྗེན་པར་བཞགཿ ཉམས་ལེན་བླ་མའི་རྣལ་འབྱོར་ཟབ་མི་འདིཿ རྩེ་གཅིག་ཉམས་སུ་ལོངས་ཤིག་སྐལ་ལྡན་བུཿ གྲུབ་འབྲས་མངོན་དུ་འགྱུར་བ་གདོན་མི་ཟཿ ཐུགས་རྒྱུད་དགོངས་པ་རྟོགས་པའི་མན་ངག་གོཿ མཚན་མོར་བླ་མ་ནང་ལྟར་བསྒྲུབ་པ་ནིཿ རྣལ་འབྱོར་མ་ཡི་གསལ་སྣང་མ་བྲལ་ངངཿ ཨེ་མ་ཧོཿ རང་ལུས་འཇའ་ཚོན་ལྟར་གསལ་་ལུས་དབུས་སུཿ ཙིཏྟ་རིན་ཆེན་འོད་ཀྱི་གུར་ཁང་ནང་ཿ པདྨ་ཉི་ཟླ་བརྩེགས་པའི་གདན་སྟེངས་སུཿ བུདྡྷ་ཐོད་ཕྲེང་ལོངས་སྐུའི་ཆ་ལུགས་རྫོགསཿ མཐིང་གསལ་སྐྱིལ་ཀྲུང་མཉམ་བཞག་གསེར་རྡོར་མཚནཿ ཐུགས་ཀར་ཨ་དཀར་དྲི་མེད་ཟླ་བའི་མདོགཿ སུམ་མདོར་འོད་དམར་ཐིག་ལེ་ཨ་ཐུང་གཟུགསཿ འོད་ཀྱི་ལུས་ནང་སྒྲོན་མེ་ཇི་བཞིན་གསལཿ རིག་པ་མ་བཅོས་རྗེན་མེད་ངང་དུ་བཞགཿ ཨཿ སྐྱེ་མེད་སྙིང་པོ་བརྒྱ་རྩ་བརྒྱད་དུ་བསྒྲོངཿ རིག་པ་ཨར་གཏད་སྤྲོས་བྲལ་ངང་ཉིད་ལསཿ རྨི་ལམ་འོད་གསལ་ངང་དུ་འཇུག་པའོཿ འདི་ནི་གནད་ཀྱི་མན་ངག་ཟབ་མོ་སྟེཿ རང་སེམས་ཆོས་སྐུར་རྟོགས་པའི་གདམས་པའོཿ ནང་ལྟར་བསྒྲུབ་པ་བྱིན་རླབས་སྤྲིན་ཕུང་འདིཿ ཚེ་གཅིག་སངས་རྒྱས་བསྒྲུབ་པའི་ཁྱད་ཆོས་སོཿ ཨེ་མཿ ཤིན་ཏུ་གསང་བ་ལས་ཀྱང་ཆེས་གསང་བཿ ཡང་གསང་བླ་མེད་ཟབ་མོ་ཐུགས་ཐིག་གིཿ སྔོན་འགྲོའི་ལམ་རིག་ཉམས་སུ་ལེན་པའི་ཐབསཿ ཡིད་བཞིན་ནོར་བུའི་ཕྲེང་བ་ཞེས་བྱ་བཿ སྟོན་པ་དགའ་རབ་དཔའ་བོའི་གསུངས་འཁྲུལ་མེདཿ བདག་ཉིད་ཁྲག་འཐུང་བདེ་བའི་རྡོ་རྗེ་ཡིསཿ རྟེན་འབྲེལ་ཟབ་མོའི་མཚམས་སྦྱར་དང་བཅས་ཏེཿ ཆོས་བདག་ཌཱཀྐིའི་བརྡས་བསྐུལ་བྱུང་བཞིན་བབཿ བཀའ་དང་གཏེར་གྱི་སྲུང་མས་ཐུབ་པར་སྲུངསཿ ས་མ་ཡཿ རྒྱ་རྒྱ་རྒྱཿ སྐུ་གསུང་ཐུགས་ཀྱི་རྒྱཿ བྱིན་རླབས་དངོས་གྲུབ་ནོར་བུར་གསོལ་བཏབ་འདྲཿ ཡི་གེའི་འདུུ་བྱེད་རིག་པའི་ཡེ་ཤེས་བགྱིསཿ ཕྱེ་མའི་གྲངས་ཀྱི་སེམས་ཅན་གྲོལ་བར་ཤོགཿ ཤུ་དྷཾཿ དགེའོ།། །། | ༄༅། །དབྱིངས་རིག་ཀུན་ཏུ་བཟང་ལ་འདུདཿ ཡང་གསང་མཁའ་འགྲོ་ཐུགས་ཐིག་གིཿ སྔོན་འགྲོ་ཉམས་ལེན་རིམ་པ་ནིཿ ཐོག་མར་རྣམ་སྣང་ཆོས་བདུན་བཅསཿ རྣམ་གསུམ་དད་པའི་ཤུགས་ཕྱུང་ལཿ ཨེ་མ་ཧོཿ མདུན་མཁར་འཇའ་འོད་གུར་ཁྱིམ་དབུསཿ སེང་ཁྲི་པདྨ་ཉི་ཟླའི་སྟེངཿ གུ་རུ་མཚོ་སྐྱེས་རྡོ་རྗེ་མཐིངཿ ཡབ་ཡུམ་འོད་ཀྱི་སྐུ་རུ་གསལཿ ན་མོཿ མཆོག་གསུམ་རྩ་གསུམ་སྐུ་གསུམ་ཀུན་འདུས་དཔལཿ རྡོ་རྗེ་འཆང་དབང་སྟོན་པ་དྲི་མ་མེདཿ དབྱེར་མེད་བླ་མ་མཚོ་སྐྱེས་སྤྲུལ་པའི་སྐུཿ མཁྱེན་ནོ་བདག་རྒྱུད་བྱིན་གྱིས་བརླབ་ཏུ་གསོལཿ བདག་གི་དལ་འབྱོར་རྟེན་བཟང་རིན་ཆེན་ལུསཿ དཔེ་གྲངས་རྟགས་ཀྱི་སྒོ་ནས་རྙེད་དཀའ་བཿ ཡིད་བཞིན་ནོར་འདྲ་ཐོབ་པའི་དུས་འདི་རུཿ ལོག་པའི་ལམ་དུ་མ་གཏོང་བླ་མ་མཁྱེནཿ ཀྱེ་མ་ཀྱི་ཧུད་འདུས་བྱས་མི་རྟག་སྟེཿ ཕྱི་སྣོད་དུས་ཀྱིས་འགྱུར་ལྡོག་མེ་ཆུས་འཇིགཿ ནང་བཅུད་སྐྱེ་རྒ་ན་འཆི་མྱུར་དུ་སླེབསཿ སྐྱོ་ཤས་གཏིང་ནས་སྐྱེ་བར་བླ་མ་མཁྱེནཿ བདག་གིས་སྲོག་གཅོད་རྐུ་འཕྲོག་ལོག་པར་གཡེམཿ རྫུན་ཕྲ་ཚིག་རྩུབ་ངག་འཁྱལ་བརྣབ་གནོད་བརྣགཿ ལོག་ལྟ་རྒྱུད་ངན་སྤང་ཞིང་དགེ་བཅུ་བསྒྲུབཿ རྒྱུ་འབྲས་གོ་ལོག་མ་གཏོང་བླ་མ་མཁྱེནཿ དམྱལ་བ་ཡི་དྭགས་དུད་འགྲོ་ལྷ་མ་ཡིནཿ ལྷ་མི་གཉིས་ཏེ་རིགས་དྲུག་འཁོར་བའི་གནསཿ གང་དུ་སྐྱེས་ཀྱང་སྡུག་བསྔལ་བཟོད་བླག་མེདཿ འཁོར་བ་དོང་ནས་སྤྲུགས་པར་བླ་མ་མཁྱེནཿ མི་ལུས་ལན་གཅིག་ཐོབ་པ་སྐལ་བ་བཟང་ཿ ཨ་ཏི་བླ་མེད་ཟབ་གསང་སྙིང་པོའི་ལམཿ ཐུགས་ཀྱི་ཐིག་ལེར་འཕྲད་པ་ངོ་མཚར་ཆེཿ ས་ལམ་མྱུར་དུ་བགྲོད་པར་བླ་མ་མཁྱེནཿ བསྐལ་མང་གོང་ནས་ཐུགས་རྗེའི་རྗེས་བཟུང་བསཿ བཀའ་དྲིན་སུམ་ལྡན་རྡོ་རྗེ་སློབ་དཔོན་མཆོགཿ མཉེས་པ་གསུམ་གྱི་ཞབས་ཏོག་མཐར་ཕྱིན་ནསཿ ཐུགས་རྒྱུད་དགོངས་པ་རྟོགས་པར་བླ་མ་མཁྱེནཿ འདི་དང་ཕྱི་མ་བར་དོའི་གནས་ཀུན་ཏུཿ ཁྱེད་དང་མི་འབྲལ་རྣམ་བཞིའི་ཕྲིན་ལས་ཀྱིཿ ཕོ་ཉར་གྱུར་ནས་འཁོར་བ་མ་སྟོངས་པརཿ བྱང་ཆུབ་སེམས་བསྐྱེད་འགྲོ་དོན་མཐར་ཕྱིན་ཤོགཿ ཐུན་མོང་ཉམས་ལེན་རིམ་པའོཿ དེ་ཡི་དངོས་གཞི་གནད་ཀྱི་གཟེརཿ རང་ཉིད་ཌཱ་ཀི་དཀར་མོ་གྲི་ཐོད་འཛིནཿ ལུས་དབུས་དབུ་རྐྱང་རོ་གསུམ་དཀར་དམར་མཐིངཿ ཉོན་ཤེས་ལས་སྒྲིབ་ནད་གདོན་བག་ཆགས་རླུངཿ དུག་རླངས་རྣམ་པ་དབང་ཆེན་ས་གཞིར་བསྟིམཿ སྙིང་གར་ཀུན་བཟང་ཐུགས་དབུས་སྲོག་ཡིག་ཨཱཿ བྱིན་རླབས་འོད་མཐིང་རོ་རྐྱང་ལམ་ནས་བརྒྱུདཿ ཨ་དཀར་ལ་ཐིམ་ལུས་ནང་འོད་ཀྱིས་གངཿ འཇམ་རླུང་དང་སྤྲགས་སེམས་ཀྱི་རྩད་གདར་བཅདཿ ཐུན་མིན་ངག་འདོན་ཉམས་ལེན་ནིཿ ཐོག་མར་སྐྱབས་སུ་འགྲོ་བ་ལཿ མདུན་མཁར་འཇའ་འོད་འཁྲིགས་པའི་ཀློངཿ སྐྱབས་གནས་ཀུན་འདུས་རྡོ་རྗེ་འཆངཿ ཡབ་ཡུམ་གཟི་བརྗིད་འོད་དུ་འབརཿ རང་ལས་སྤྲུལ་པའི་ཚོགས་བཅས་གསལཿ བུདྡྷཱ་དྷཱརྨཱ་སཾ་གྷཱ་ཡཿ གུ་རུ་དྷེ་ཝ་ཌཱ་ཀི་ནཱིཿ དྷརྨཱ་སཾ་བྷོ་ནིརྨཱ་ཀཿ ཀུན་འདུས་དྲིན་ཆེན་བླ་མ་ལཿ སྐྱབས་སུ་མཆིའོ་ཐུགས་རྗེས་ཟུངཿ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པཿ མ་རིག་ལས་ཉོན་སྡུག་བསྔལ་གྱིསཿ གཟིར་བའི་ཕ་མ་མཁའ་མཉམ་འགྲོཿ བླ་མའི་གོ་འཕང་མྱུར་ཐོབ་ཕྱིརཿ སྨོན་འཇུག་དོན་དམ་སེམས་མཆོག་བསྐྱེདཿ མངོན་དུ་མ་གྱུར་བར་དུ་འབདཿ མོས་གུས་དག་སྣང་བརྩེ་གདུང་དངཿ སྙིང་རྗེ་གཏོང་ཕོད་རྩ་བ་ལྔཿ བསླབ་པའི་གཞི་སྟེ་རྟག་ཏུ་འབདཿ ལམ་གྱི་ཆ་རྐྱེན་ཚོགས་བསགས་པཿ མཎྜལ་འབུལ་བའི་རིམ་པ་ནིཿ ཨོཾ་ཨཱཿཧཱུྃཿ མི་མཇེད་སྟོང་གསུམ་འཇིག་རྟེན་ལྷ་མིའི་ནོརཿ བདག་ལུས་སྐྱེ་དགུའི་ལོངས་སྤྱོད་མཎྜལ་རྫསཿ ནང་ལྟར་ཕུང་ཁམས་རྩ་རླུང་ཐིག་ལེར་བཅསཿ ལྔ་ལྡན་ཞིང་བཀོད་འདོད་ཡོན་མཆོད་པའི་སྤྲིནཿ གསང་བ་ངོ་བོ་རང་བཞིན་ཐུགས་རྗེའི་རྩལཿ ཆོས་དབྱིངས་རྣམ་དག་གཞོན་ནུ་བུམ་སྐུའི་ཞིངཿ སངས་རྒྱས་ཀུན་འདུས་བླ་མ་དཀྱིལ་འཁོར་ལཿ འབུལ་ལོ་འགྲོ་ཀུན་ཚོགས་གཉིས་ཡོངས་རྫོགས་ཤོགཿ འབྱོར་བ་དང་བསྟུན་ཚོགས་བསགས་དཔག་མེད་བྱཿ སྒྲིབ་བྱང་གཏན་པ་མེད་པའི་མཆོད་སྦྱིན་ནིཿ སྤྱི་བོར་པད་དཀར་ཟླ་གདན་རྡོ་རྗེ་སེམསཿ དཀར་གསལ་ལོངས་སྐུའི་ཆས་རྫོགས་ཡུམ་དང་འཁྲིལཿ སྦྱོར་མཚམས་བདུད་རྩིའི་རྒྱུན་བབས་སྤྱི་བོར་ཞུགསཿ སྒྲིབ་གཉིས་ཉེས་ལྟུང་འགའ་འཁྲུལ་ཉམས་ཆགས་ཀུནཿ ལྷག་མེད་བཀྲུ་ཞིང་ས་གཞིའི་ཁམས་ཁྱབས་པསཿ རིགས་དྲུག་སེམས་ཅན་ལན་ཆགས་བགེགས་རིགས་ཚིམཿ ཡི་གེ་བརྒྱ་པ་བཟླ་ཞིང་དམིགས་གནད་གཟབཿ སྙིང་རྗེ་མཆི་མ་འཁྲུགས་བར་བསྒོམཿ བླ་མ་དགྱེས་ཤིང་བརྩེ་བས་གནང་བ་སྦྱིནཿ འོད་ཞུའི་རང་ལུས་ནམ་མཁའི་འཇའ་ལྟར་ཡལཿརང་རིག་མ་བཅོས་དེ་བཞིན་ཉིདཿ སྙིང་རྗེའི་ངང་ལས་རང་རིག་ཧཱུྃཿ ཁུ་རྡུལ་སྟེང་བབས་འཕྲོ་འདུས་སྦྱངསཿ རང་ཉིད་རྡོར་སེམས་མཐིང་གསལ་མདོགཿ རྡོ་རྗེ་དྲིལ་འཛིན་སྐྱིལ་ཀྲུང་བཞུགསཿ ལོངས་སྐུའི་ཆས་རྫོགས་འོད་ཟེར་འབརཿ ཐུགས་ཀར་ཟླ་སྟེང་ཧཱུྃ་ཡིག་མཐརཿ སྔགས་ཀྱིས་བསྐོར་བའི་འོད་ཟེར་གྱིསཿ རྒྱལ་མཆོད་འགྲོ་སྒྲིབ་ཀུན་སྦྱངས་ཤིངཿ རྣམ་དག་རྒྱལ་བའི་ཞིང་དུ་གྱུརཿ ཨོཾ་ཨཱཿབཛྲ་སཏྭ་ཧཱུྃཿ བཟླས་པ་ཆུ་བོའི་རྒྱུན་བཞིན་བྱཿ ཁྱེར་སོ་གསུམ་དང་མ་བྲལ་ཞིངཿ འདུས་མ་བྱས་པའི་ངང་དུ་བཞགཿ བསྐྱེད་རིམ་ལྷ་ཡི་རྣལ་འབྱོར་རོཿ རྫོགས་རིམ་རྩ་རླུང་ཐིག་ལེའི་ཁམསཿ སྦྱངས་ཤིང་འོད་ལུས་བསྒྲུབ་པའི་གཞིཿ འབྱུང་བཞིའི་མན་ངག་ཟབ་པའི་གནདཿ རྩོལ་བཅས་ལམ་གྱི་རིམ་པ་སྟེཿ ཐུན་མཐར་སྣོད་བཅུད་རང་ལ་བསྡུསཿ ལྷར་སྣང་ཐུགས་སྲོག་ན་དཱའི་བརཿ དམིགས་མེད་བརྗོད་བྲལ་ངང་དུ་བཞགཿ རང་རིག་གཉུག་མའི་གཤིས་ལུགས་སྐྱོངསཿ ཐུན་མོང་མ་ཡིན་ལམ་རིམ་སྟེཿ ཟབ་ལམ་འདི་ལ་ནན་ཏན་མཛོདཿ ས་མ་ཡཿ ཐུན་མོང་མ་ཡིན་ལམ་གྱི་དངོས་གཞི་ནིཿ བྱིན་རླབས་བླ་མའི་རྣལ་འབྱོར་ཞེས་བྱ་བཿ ཕྱི་ལྟར་བསྒྲུབ་ཅིང་དགོངས་པ་རྟོགས་པའི་ཐབསཿ གཅིག་ཆོག་ནོར་བུའི་ལུགས་སུ་ཉམས་སུ་ལོངསཿ ཨེ་མ་ཧོཿ བླ་མར་མོས་གུས་འགྲོ་ལ་སྙིང་རྗེའི་གདངསཿ མ་དག་འཁྲུལ་སྣང་རྨི་ལམ་སད་པ་བཞིནཿ སྣང་བས་གར་ཁྱབ་སྣོད་ཀྱི་འཇིག་རྟེན་ཀུནཿ འོག་མིན་པདྨ་འོད་ཀྱི་གཞལ་ཡས་ཁངཿ འོད་སྣང་རྒྱན་བཀོད་ཕུན་སུམ་ཚོགས་པའི་དབུསཿ རང་ཉིད་བདེ་ཆེན་རྡོ་རྗེའི་རྣལ་འབྱོར་མཿ དམར་གསལ་ཞལ་གཅིག་ཞི་འཛུམ་ཆགས་པའི་ཉམསཿ ཕྱག་གཉིས་གཡས་པས་གྲི་གུག་དཀུ་ལ་བརྟེནཿ གཡོན་པས་བདུད་རྩིའི་ཐོད་པ་དབྱིངས་སུ་སྟོབཿ ཞབས་གཉིས་དཔའ་མོ་རོལ་པའི་འདོར་སྟབས་ཅནཿ ལང་ཚོའི་གཟི་འབར་ནུ་འབུར་བྷ་ག་རྒྱསཿ རིན་ཆེན་རུས་པའི་རྒྱན་ཆ་སིལ་སིལ་སྒྲོགསཿ དད་གུས་སྤྱན་གསུམ་བླ་མའི་སྐུུ་ལ་བལྟཿ པདྨ་ཉི་མ་རྟོག་མེད་རོ་གདན་འགྱིངསཿ མཁའ་དབྱིངས་བྱིན་རླབས་འཇའ་འོད་འཁྱིལ་པའི་ཀློངཿ པདྨ་འབུམ་བརྡལ་ཉི་ཟླའི་གདན་གྱི་དབུསཿ སྐུ་གསུམ་རྒྱལ་བ་མ་ལུས་འདུས་པའི་དཔལཿ བཀའ་དྲིན་སུམ་ལྡན་བླ་མ་རྡོ་རྗེ་འཆངཿ རྗེ་བཙུན་གུ་རུ་བུདྡྷ་ཐོད་ཕྲེང་རྩལཿ སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པཿ ཞལ་གཅིག་ཞི་འཛུམ་ཕྱག་གཡས་རལ་གྲི་ཕྱརཿ གཡོན་པས་བྷནྡྷ་བདུད་རྩིས་བཀང་བ་བསྣམསཿ དབུ་སྐྲ་ཐོར་ཚུགས་སྟག་ཤམ་རུས་རྒྱན་སྤྲསཿ ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་འོད་ཟེར་འཕྲོསཿ མཆན་ཁུང་གཡོན་ན་ཁ་ཊྭཱཾ་ཀ་ཡིས་མཛེསཿ སྤྱི་བོར་རིགས་བདག་དགའ་རབ་དཔའ་བོ་མཆོགཿ དེ་ཡི་སྤྱི་བོར་སྟོན་པ་རྡོ་རྗེ་སེམསཿ མཐའ་བསྐོར་བཀའ་བརྒྱུད་བླ་མ་ཡི་དམ་ལྷཿ མཁའ་འགྲོ་ཆོས་སྐྱོང་ཚོགས་བཅས་སྤྲིན་ལྟར་གཏིབསཿ ཚོགས་ཞིང་གསལ་གདབ་སྤྱན་འདྲེན་ནིཿ ཧོཿ ཆོས་ཀྱི་དབྱིངས་དང་ལྔ་ལྡན་ཞིང་ཿ འགྲོ་འདུལ་སྤྲུལ་སྐུའི་ཞིང་ཁམས་ནསཿ སྐུ་གསུམ་ཞི་ཆགས་ཁྲོ་བོའི་ལྷཿ བརྩེ་ཆེན་ཐུགས་རྗེས་གནས་འདིར་གཤེགསཿ ཀུན་འདུས་རྩ་བའི་བླ་མར་ཐིམཿ བདག་ལ་དབང་བསྐུར་བྱིན་གྱིས་རློབསཿ མཆོག་དང་ཐུན་མོང་དངོས་གྲུབ་སྩོལཿ ཡན་ལག་བདུན་པ་འབུལ་བ་ནིཿ བདག་དང་འགྲོ་དྲུག་སེམས་ཅན་གྱིསཿ རྡུལ་སྙེད་ལུས་སྤྲུལ་གུས་ཕྱག་འཚལཿ ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་མཆོདཿ སྡིག་ལྟུང་དམ་ཚིག་ཉམས་ཆགས་བཤགསཿ བླ་མའི་མཛད་པར་རྗེས་ཡི་རངསཿ ཨ་ཏིའི་ཆོས་འཁོར་བསྐོར་བར་བསྐུལཿ སེམས་ཅན་དོན་དུ་བཞུགས་གསོལ་འདེབསཿ དགེ་ཚོགས་སེམས་ཅན་དོན་དུ་བསྔོཿ རྩེ་གཅིག་གསོལ་བ་འདེབས་པ་ནིཿ ཀྱཻཿ རྗེ་བཙུན་གུ་རུ་རིན་པོ་ཆེཿ བདག་ཅག་འཁོར་བའི་གནས་སུ་འཁྱམསཿ ལས་ཉོན་སྡུག་བསྔལ་དྲག་པོས་གཟིརཿ གཟུང་འཛིན་ཞགས་པས་དམ་དུ་བཅིངསཿ ཁྱེད་ལས་རེ་ས་གཞན་དུ་མེདཿ མོས་གུས་ལྟེམ་རྐྱང་མེད་པ་ཡིསཿ གསོལ་བ་སྙིང་གི་དཀྱིལ་ནས་འདེབསཿ ཁྱེད་ཐུགས་སྙིང་རྗེ་ཆེན་པོ་ཡིསཿ བརྩེ་ཆེན་ཐུགས་རྗེའི་ཉེར་དགོངས་ལཿ བྱིན་རླབས་ནུས་མཐུ་ཤུགས་དྲག་པོསཿ བདག་རྒྱུད་བྱིན་གྱིས་བརླབས་ནས་ཀྱངཿ ཐུགས་རྒྱུད་དགོངས་པ་རྟོགས་པར་ཤོགཿ ཨོཾ་ཨཱཿམཧཱ་གུ་རུ་རཏྣ་སིདྡྷི་ཧཱུྃཿ དད་གུས་མཆི་མ་འཁྲུགས་པ་ཡིཿ གསོལ་འདེབས་བསྙེན་པ་འདི་ལ་འབདཿ བྱིང་ཞིང་འཐིབས་པར་གྱུར་པའི་ཚེཿ སྣང་སྲིད་བླ་མ་མཁའ་འགྲོས་གངཿ ཆོས་ཉིད་ཉམས་ཀྱི་སྣང་བ་འུརཿ སྐུ་ཡི་གར་སྟབས་ཁྱུགས་སེ་ཁྱུགསཿ གསུང་གི་ཉམས་མགུར་འུ་རུ་རུཿ བག་དྲོ་ཉམས་དགའི་ངང་དུ་བཞགཿ འདྲེ་གདོན་གདུབ་རྩུབ་བྱུང་བའི་ཚེཿ ཐོག་མར་སྙིང་རྗེ་དྲག་པོའི་ངང་ཿ རང་ཉིད་མཁའ་འགྲོའི་ཐུགས་ཀ་ནསཿ འོད་ཟེར་སྣ་ལ་འདོད་ཡོན་སྤྲོསཿ སྦྱིན་པས་ཚིམ་ཞིང་གདུག་རྩུབ་ཞིཿ བླ་མའི་ཐུགས་ཀའི་འོད་ཟེར་གྱིསཿ ཁོ་ཡི་བག་ཆགས་སྒྲིབ་པ་སྦྱོང་ཿ བླ་མ་མཁའ་འགྲོའི་སྐུར་གྱུར་ནསཿ བདག་ལ་དངོས་གྲུབ་སྦྱིན་པར་དམིགསཿ ནད་ཀྱིས་ཟུག་རྔུས་མནར་བའི་ཚེཿ ལས་ཀྱི་ལྷག་མ་སྨིན་གྱུར་བརཿ དགའ་བ་བསྒོམས་ཤིང་གསོལ་བ་འདེབསཿ བླ་མའི་ཐུགས་ཀའི་འོད་ཟེར་གྱིསཿ འགྲོ་བའི་ནད་རྣམས་རང་ལ་བསྡུཿ རིགས་བདག་སྐུ་ལས་ཡེ་ཤེས་མེསཿ རང་ལུས་ནད་གདོན་བག་ཆགས་བསྲེགསཿ དམིགས་མེད་སྟོང་པའི་ངང་དུ་བཞགཿ ཉོན་མོངས་འཕྲོ་རྒོད་དྲག་པོའི་ཚེཿ བླ་མའི་ཐུགས་ཀར་ཤེས་པ་གཏདཿ དུག་ལྔ་རང་ཉིད་ངོ་བོ་བལྟཿ ལུས་སེམས་ཁུང་ལྷོད་ཁ་ཡན་བཞགཿ གནད་ཀྱི་གདམས་པ་ཟབ་མོའོཿ དེ་ནས་བརྒྱུད་བའི་གསོལ་འདེབས་ནིཿ ཨེ་མ་ཧོཿ གཞོན་ནུ་བུམ་སྐུའི་ངོ་བོ་སྟོང་ཆེན་ཡུམཿ རང་གདངས་འགགས་མེད་ཀུན་ཏུ་བཟང་པོ་ཤརཿ ཐུགས་རྗེའི་རང་རྩལ་སྟོན་པ་རྡོ་རྗེ་སེམསཿ ཤེས་རབ་ཡུམ་མཆོག་ཡེ་ཤེས་ཌཱ་ཀི་མརཿ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབསཿ བདེ་ཆེན་འགྱུར་མེད་བཛྲ་ཝཱ་ར་ཧིཿ བཀའ་ཡི་བསྡུ་པ་གསང་བདག་རྡོ་རྗེ་འཛིནཿ དཀྱིལ་འཁོར་གཙོ་བོ་ཁྲ་འཐུང་ཧེ་རུ་ཀཿ གསང་བའི་ཡུམ་མཆོག་ལྷ་ལྕམ་བདེ་སྟེར་མརཿ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབསཿ ཞིང་ཁམས་དབང་བསྒྱུར་བདེ་བ་དབྱིངས་སྒྲོན་མཿ བཀའ་ཡི་བསྡུ་བ་རིག་འཛིན་རྡོ་རྗེའི་ལྗགསཿ མཆོག་གི་བཀའ་བབས་རིག་པ་འཛིན་རྣམས་དང་ཿ འབུམ་ཕྲག་ཡངས་པའི་ཡེ་ཤེས་མཁའ་འགྲོའི་ཚོགསཿ གསོལ་བ་འདེབས་སོ་བདག་རྒྱུད༴ མཐའ་འཁོབ་གདོང་དམར་བོད་ཡུལ་སྲིན་པོའི་གླིང་ཿ ཡང་གསང་ལུས་མེད་མཁའ་འགྲོའི་ཐུགས་ཐིག་ཆོསཿ བརྡ་བསྒྱུར་རིག་འཛིན་ཁྲག་འཐུང་ཧེ་རུ་ཀཿ ཆོས་བདག་གྲོགས་མཛད་འདོད་ལྡན་ཀུན་སྐྱོང་མཿ གསོལ་བ༴ དབྱིངས་རིག་སྤྲུལ་བསྒྱུར་ཌཱ་ཀི་མཆེད་གཉིས་དངཿ སྐལ་ལྡན་ལས་ཅན་བཀའ་བབས་རྡོ་རྗེའི་གྲོགསཿ བཀའ་ཡི་ལས་མཛད་བསྟན་སྲུང་དམ་ཅན་སྡེཿ གཉེར་འཛིན་དྲེགས་པའི་སྡེ་དོན་ཚོགས་བཅས་ལཿ གསོལ་བ༴ རྩེ་གཅིག་གསོལ་བ་བཏབ་པའི་བྱིན་རླབས་ཀྱིསཿ བདག་ཅག་དམ་ལྡན་རྡོ་རྗེའི་མིང་སྲིང་ཚོགསཿ བླ་མར་རྩེ་གཅིག་མོས་གུས་གདུང་ཚུག་ཅིངཿ མི་རྟག་འཁོར་བ་ཞེན་པ་རང་ལོག་ནསཿ ཆགས་སྡང་སྒྲོག་ལས་གྲོལ་བར་བྱིན་གྱིས་རློབསཿ གྲོང་དང་གྲོང་ཁྱེར་དུར་ཁྲོད་ཤིང་གཅིག་དྲུངཿ ནགས་ཁྲོད་བས་མཐའ་མཚོ་གླིང་བྲག་སྐྱིབས་སོགསཿ ངེས་མེད་གནས་སུ་གཅིག་པུར་བསྒྲུབ་ལ་བརྩོནཿ གཏད་མེད་སྨྱོན་པ་ལྟ་བུའི་བརྟུལ་ཞུགས་ཀྱིསཿ རྩ་རླུང་ཐིག་ལེ་ལས་སུ་རུང་བར་ཤོགཿ ཉིན་སྣང་སྐུ་དང་ཡེ་ཤེས་རང་ངོ་ཤེསཿ མཚན་སྣང་རྨི་ལམ་འོད་གསལ་སྦུབས་སུ་འཇུགཿ བར་དོར་བླ་མའི་གདམས་ངག་གཟེར་གྱིས་ཐེབསཿ ཁྲེགས་ཆོད་ཐོད་རྒལ་འབྲས་བུའི་རྩལ་རྫོགས་ནསཿ སྦུབས་འཇུག་གདོད་མའི་དབྱིངས་སུ་གྲོལ་པར་ཤོགཿ བདག་ཅག་འབྲེལ་བས་བསྡུས་པའི་གང་ཟག་ཀུནཿ མ་རྟོགས་འཁྲུལ་པའི་འཛིན་ཞེན་རང་སར་གྲོལཿ བཟང་ངན་དགའ་སྡུག་རེ་དོགས་བླང་དོར་ཞིགཿ ཉོན་མོངས་བག་ཆགས་དྲི་མ་རང་དག་ནསཿ ཡང་གསང་ཐུགས་ཐིག་གདུལ་བྱར་འགྱུར་བར་ཤོགཿ གཞན་ཡང་མཐོང་ཐོས་དྲན་རིག་ལས་ཀྱིས་འབྲེལཿ མཁའ་ཁྱབ་ཕ་མ་སེམས་ཅན་མ་ལུས་ཀུནཿ སྟོང་ཉིད་བྱང་ཆུབ་སེམས་མཆོག་རྒྱུད་ལ་སྐྱེསཿ བདེ་ལྡན་ཞིང་དང་འོག་མིན་དཔལ་གྱི་རིརཿ མངོན་སངས་རྒྱས་ནས་འཁོར་བ་ཡོངས་སྟོན་ཤོགཿ ཐུན་མཇུག་དབང་བཞི་ལེན་པ་ནིཿ མོས་གུས་རྩེ་གཅིག་གསོལ་བ་བཏབ་པ་ཡིསཿ བླ་མའི་དཔྲལ་བའི་འོད་དཀར་སྤྱི་བོར་ཞུགསཿ ལུས་རྩའི་སྒྲིབ་དག་བུམ་པའི་དབང་མཆོག་ཐོབཿ ཞལ་ནས་འོད་དམར་བདག་གི་མགྲིན་པར་ཐིམཿ ངག་རླུང་སྒྲིབ་དག་གསང་བའིདབང་མཆོག་ཐོབཿ ཐུགས་ཀའི་འོད་མཐིང་རང་གི་སྙིང་གར་ཐིམཿ ཡིད་ཐིག་སྒྲིབ་དག་ཡེ་ཤེས་དབང་མཆོག་ཐོབཿ ཐུགས་ལས་ཨ་དཀར་སྙིང་གི་དཀྱིལ་དུ་བབསཿ ཀུན་ཤེས་སྒྲིབ་དག་རིག་པའི་རྩལ་དབང་ཐོབཿ རྡོ་རྗེ་བཞིར་རྫོགས་རིག་འཛིན་རྣམ་བཞིར་སྨིནཿ འབྲས་བུ་སྐུ་བཞིའི་ཡེ་ཤེས་མངོན་དུ་གྱུརཿ བླ་མའི་ཐུགས་དང་རང་སེམས་དབྱེར་མེད་དུཿ གཉུག་མ་མ་བཅོས་ངང་དུ་རྗེན་པར་བཞགཿ ཉམས་ལེན་བླ་མའི་རྣལ་འབྱོར་ཟབ་མི་འདིཿ རྩེ་གཅིག་ཉམས་སུ་ལོངས་ཤིག་སྐལ་ལྡན་བུཿ གྲུབ་འབྲས་མངོན་དུ་འགྱུར་བ་གདོན་མི་ཟཿ ཐུགས་རྒྱུད་དགོངས་པ་རྟོགས་པའི་མན་ངག་གོཿ མཚན་མོར་བླ་མ་ནང་ལྟར་བསྒྲུབ་པ་ནིཿ རྣལ་འབྱོར་མ་ཡི་གསལ་སྣང་མ་བྲལ་ངངཿ ཨེ་མ་ཧོཿ རང་ལུས་འཇའ་ཚོན་ལྟར་གསལ་་ལུས་དབུས་སུཿ ཙིཏྟ་རིན་ཆེན་འོད་ཀྱི་གུར་ཁང་ནང་ཿ པདྨ་ཉི་ཟླ་བརྩེགས་པའི་གདན་སྟེངས་སུཿ བུདྡྷ་ཐོད་ཕྲེང་ལོངས་སྐུའི་ཆ་ལུགས་རྫོགསཿ མཐིང་གསལ་སྐྱིལ་ཀྲུང་མཉམ་བཞག་གསེར་རྡོར་མཚནཿ ཐུགས་ཀར་ཨ་དཀར་དྲི་མེད་ཟླ་བའི་མདོགཿ སུམ་མདོར་འོད་དམར་ཐིག་ལེ་ཨ་ཐུང་གཟུགསཿ འོད་ཀྱི་ལུས་ནང་སྒྲོན་མེ་ཇི་བཞིན་གསལཿ རིག་པ་མ་བཅོས་རྗེན་མེད་ངང་དུ་བཞགཿ ཨཿ སྐྱེ་མེད་སྙིང་པོ་བརྒྱ་རྩ་བརྒྱད་དུ་བསྒྲོངཿ རིག་པ་ཨར་གཏད་སྤྲོས་བྲལ་ངང་ཉིད་ལསཿ རྨི་ལམ་འོད་གསལ་ངང་དུ་འཇུག་པའོཿ འདི་ནི་གནད་ཀྱི་མན་ངག་ཟབ་མོ་སྟེཿ རང་སེམས་ཆོས་སྐུར་རྟོགས་པའི་གདམས་པའོཿ ནང་ལྟར་བསྒྲུབ་པ་བྱིན་རླབས་སྤྲིན་ཕུང་འདིཿ ཚེ་གཅིག་སངས་རྒྱས་བསྒྲུབ་པའི་ཁྱད་ཆོས་སོཿ ཨེ་མཿ ཤིན་ཏུ་གསང་བ་ལས་ཀྱང་ཆེས་གསང་བཿ ཡང་གསང་བླ་མེད་ཟབ་མོ་ཐུགས་ཐིག་གིཿ སྔོན་འགྲོའི་ལམ་རིག་ཉམས་སུ་ལེན་པའི་ཐབསཿ ཡིད་བཞིན་ནོར་བུའི་ཕྲེང་བ་ཞེས་བྱ་བཿ སྟོན་པ་དགའ་རབ་དཔའ་བོའི་གསུངས་འཁྲུལ་མེདཿ བདག་ཉིད་ཁྲག་འཐུང་བདེ་བའི་རྡོ་རྗེ་ཡིསཿ རྟེན་འབྲེལ་ཟབ་མོའི་མཚམས་སྦྱར་དང་བཅས་ཏེཿ ཆོས་བདག་ཌཱཀྐིའི་བརྡས་བསྐུལ་བྱུང་བཞིན་བབཿ བཀའ་དང་གཏེར་གྱི་སྲུང་མས་ཐུབ་པར་སྲུངསཿ ས་མ་ཡཿ རྒྱ་རྒྱ་རྒྱཿ སྐུ་གསུང་ཐུགས་ཀྱི་རྒྱཿ བྱིན་རླབས་དངོས་གྲུབ་ནོར་བུར་གསོལ་བཏབ་འདྲཿ ཡི་གེའི་འདུུ་བྱེད་རིག་པའི་ཡེ་ཤེས་བགྱིསཿ ཕྱེ་མའི་གྲངས་ཀྱི་སེམས་ཅན་གྲོལ་བར་ཤོགཿ ཤུ་དྷཾཿ དགེའོ།། །། | ||
}} | |||
</onlyinclude> | |||
{{TsagliCall}} | |||
<headertabs/> |
Revision as of 07:51, 1 June 2024
🚧 This website is under continued development. We appreciate your patience!
Wylie title | ||
---|---|---|
Location | mdo mkhyen brtse bka' 'bum Volume 2, Text 1, Pages (Folios to ) | |
Author | མདོ་མཁྱེན་བརྩེ་ | |
Less details More details | ||
Citation | ||
Genre |