DKR-KABUM-17-TSA-033: Difference between revisions
No edit summary |
No edit summary |
||
Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib= | |sectionheading=No | ||
|fulltitle= | |fulltitletib=གྲུབ་ཐོབ་ཆེན་པོ་ས་ར་ཧའི་ཐུགས་སྒྲུབ་ཀྱི་སྨིན་གྲོལ་ཆིག་རྫོགས་སུ་འབོག་ཚུལ་འོད་གསལ་སྣང་བ། | ||
|citation=[[Khyentse, Dilgo]]. ''''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 17: . Delhi: Shechen Publications, 1994. | |fulltitle=grub thob chen po sa ra ha'i thugs sgrub kyi smin grol chig rdzogs su 'bog tshul 'od gsal snang ba | ||
|citation=[[Khyentse, Dilgo]]. ''Grub thob chen po sa ra ha'i thugs sgrub kyi smin grol chig rdzogs su 'bog tshul 'od gsal snang ba''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 17: 274-287. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | ||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|sourcerevealer=Khyentse, Dilgo | |||
|sourcerevealertib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |sourcerevealertib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|associatedpeople=Saraha | |associatedpeople=Saraha | ||
|associatedpeopletib=ས་ར་ཧ་ | |associatedpeopletib=ས་ར་ཧ་ | ||
|tibgenre= | |tibgenre=Empowerment Ritual - dbang chog - dbang skur | ||
|terma=Yes | |terma=Yes | ||
|dkroutline=Six | |dkroutline=Six | ||
|cycle=grub thob chen po sa ra ha'i thugs sgrub | |||
|cycletib=གྲུབ་ཐོབ་ཆེན་པོ་ས་ར་ཧའི་ཐུགས་སྒྲུབ་ | |||
|language=Tibetan | |language=Tibetan | ||
|volumenumber=017 | |volumenumber=017 | ||
|volnumtib=༡༧ | |volnumtib=༡༧ | ||
|volyigtib=ཙ་ | |volyigtib=ཙ་ | ||
|totalvolumes=25 | |totalvolumes=25 | ||
|textnuminvol=033 | |||
|pagenumbers=274-287 | |||
|totalpages=28 | |||
|beginfolioline=1a | |beginfolioline=1a | ||
|rectonotes= | |endfolioline=14b1 | ||
|totalfolios=14 | |||
|multivolumework=No | |||
|rectonotes=dbang chog | |||
|versonotes=sa ra ha'i thugs sgrub | |versonotes=sa ra ha'i thugs sgrub | ||
| | |colophontib=།ཅེས་པའང་མདོ་ཁམས་ཟུར་མང་བཀྲ་ཤིས་བདུད་རྩིའི་དིལ་ནས་དྲུང་པ་མཆོག་སྤྲུལ་གཟིམ་ཆུང་དུ་གཏེར་ཆེན་རོལ་རྡོར་མཆོག་སྤྲུལ་ལྔ་པ་ཀརྨ་དྲི་མེད་འོད་ཟེར་སོགས་ལ་སྨིན་གྲོལ་ཐོག་མར་འབུལ་སྐབས་འདི་བཞིན་ཆོག་ཁྲིགས་འོས་ཞེས་བཀའ་བསྩལ་བཞིན་ཡིད་ལ་བཅགས་ཀྱང་དུས་ཀྱི་འགྱུར་བས་འདུས་བྱས་མི་རྟག་པའི་བརྡ་སྟོན་གྱིས་རྒྱལ་ཁམས་ཆུ་བཞིན་ཉུལ་བས་བཏང་སྙོམས་སུ་ཐལ་བ་ན་ལོ་འདི་སྤྲིན་བར་གྱི་ཉི་ཞུར་བཞིན་གསལ་བའི་ཚེ་སླར་འབྲི་འདོད་བྱུང་བ་བཞིན་ལྷོ་ཕྱོགས་ནགས་མའི་ལྗོངས་སུ་སྤ་གྲོ་སྐྱེར་ཆུའི་མཐའ་འདུལ་གྱི་གཙུག་ལག་ཁང་ནས་དབུ་བརྩམས་སྤུང་ཐང་བདེ་བ་ཆེན་པོའི་ཕོ་བྲང་ནས་བླ་མ་བདེ་མཆོག་འཁོར་ལོའི་ཚོགས་སྒྲུབ་སྐབས་གྲུབ་པར་བགྱིས་པ་པོ་མངྒ་ལ་ཤྲཱི་བྷཱུ་ཏི་སྟེ་འབྲེལ་ཚད་གནས་ལུགས་ཕྱག་རྒྱ་ཆེན་པོའི་གྲོལ་ཚད་མངོན་དུ་འགྱུར་བའི་རྟེན་འབྱུང་དུ་གྱུར་ཅིག །སརྦ་དཱ་མངྒ་ལཾ། །དགེའོ།། | ||
|colophonwylie=/ces pa'ang mdo khams zur mang bkra shis bdud rtsi'i dil nas drung pa mchog sprul gzim chung du gter chen rol rdor mchog sprul lnga pa karma dri med 'od zer sogs la smin grol thog mar 'bul skabs 'di bzhin chog khrigs 'os zhes bka' bstsal bzhin yid la bcags kyang dus kyi 'gyur bas 'dus byas mi rtag pa'i brda ston gyis rgyal khams chu bzhin nyul bas btang snyoms su thal ba na lo 'di sprin bar gyi nyi zhur bzhin gsal ba'i tshe slar 'bri 'dod byung ba bzhin lho phyogs nags ma'i ljongs su spa gro skyer chu'i mtha' 'dul gyi gtsug lag khang nas dbu brtsams spung thang bde ba chen po'i pho brang nas bla ma bde mchog 'khor lo'i tshogs sgrub skabs grub par bgyis pa po mang+ga la shrI b+hU ti ste 'brel tshad gnas lugs phyag rgya chen po'i grol tshad mngon du 'gyur ba'i rten 'byung du gyur cig__/sarba dA mang+ga laM/___/dge'o// | |||
|pdflink=File:DKR-KABUM-17-TSA-033.pdf | |pdflink=File:DKR-KABUM-17-TSA-033.pdf | ||
}} | }} | ||
Line 37: | Line 40: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༄༅། །གྲུབ་ཐོབ་ཆེན་པོ་ས་ར་ཧའི་ཐུགས་སྒྲུབ་ཀྱི་སྨིན་གྲོལ་ཆིག་རྫོགས་སུ་འབོག་ཚུལ་འོད་གསལ་སྣང་བ་བཞུགས།། | {{TibP|༄༅། །གྲུབ་ཐོབ་ཆེན་པོ་ས་ར་ཧའི་ཐུགས་སྒྲུབ་ཀྱི་སྨིན་གྲོལ་ཆིག་རྫོགས་སུ་འབོག་ཚུལ་འོད་གསལ་སྣང་བ་བཞུགས།།<br><br> | ||
༄༅། །ན་མོ་གུ་རུ་མ་ཧཱ་མུ་དྲ་ཡེ། གཙང་མའི་གནས་སུ་མཎྜལ་པདྨ་འདབ་བརྒྱད་ཀྱི་ལྟེ་བར་འབྲུའི་ཚོམ་བུ་གཅིག་བཀོད་པའི་སྟེང༌། བུམ་པ་མགུལ་ཆིངས་དཀར་པོ་ཅན་སོ་ལྔའི་རྫས་ཀྱིས་གཏམས་པ། ཐོད་ཆང་བདུད་རྩི་རིལ་བུ་དང་དངར་གསུམ་སྦྱར་བ། རིག་ཙཀ །བླ་གཏོར་རྒྱན་ལྡན་རྣམས་ལ་ཉེར་སྤྱོད་ཀྱིས་བསྐོར་བ་དང༌། ཚོགས་ཀྱི་དམ་རྫས་བཅས་འདུ་བྱ། སྒྲུབ་པ་པོའི་མདུན་དུ་འཐོར་ནས། ཌཱ་མ་རུ། རྡོར་དྲིལ། ནང་མཆོད་བཅས་འདུ་བྱས་ལ། ངེས་འབྱུང་དང་དད་མོས་དང༌། ཁྱད་པར་བདེ་སྟོང་ཕྱག་རྒྱ་ཆེན་པོའི་དགོངས་པ་ལས་མི་གཡོ་བའི་ངང་ནས། སྐྱབས་སེམས་ནི། ན་མོ༔ བླ་མ་སངས་རྒྱས་རིན་པོ་ཆེ༔ སྐྱབས་གནས་རྒྱ་མཚོའི་ཡེ་ཤེས་སྐུ༔ མཁྱེན་བརྩེ་ནུས་པའི་བདག་ཉིད་ལ༔ མི་ཕྱེད་དད་པས་སྐྱབས་སུ་མཆི༔ ལན་གསུམ། ཧོ༔ ནམ་མཁའ་མཉམ་པའི་སེམས་ཅན་རྣམས༔ མེད་སྣང་འཁོར་བའི་ཆོས་ལ་ཞེན༔ སྡུག་བསྔལ་མཚོ་ལས་བསྒྲལ་བའི་ཕྱིར༔ བྱང་ཆུབ་སྒྲུབ་པར་སེམས་བསྐྱེད་དོ༔ ལན་གསུམ། གནས་ཡོ་བྱིན་བརླབ་ནི། ཧཱུྃ་ཧྲཱིཿ སྣང་སྲིད་ཀུན་བཟང་རོལ་བའི་ཞིང༔ རྡོ་རྗེ་བདེ་བ་ཆེན་པོའི་དལ༔ ཟག་མེད་མཆོད་པའི་སྤྲིན་ཆེན་པོ༔ རང་བཞིན་ཉིད་དུ་ལྷུན་གྱིས་གྲུབ༔ ཨོཾ་ཛྙཱན་སརྦ་པཱུ་ཛ་ཨརྒྷཾ་ནས་ཤབྡ་ཨཱཿཧཱུྃ༔ དངོས་གཞི་རྟེན་བསྐྱེད་ནི། ཨཿ སྣང་སྲིད་བླ་མའི་དཀྱིལ་འཁོར་ཏེ༔ གདོད་ནས་དག་པ་ཆེན་པོའི་ཀློང༔ འོད་གསལ་རྒྱུན་མི་ཆད་པ་ཡི༔ སྣང་ཆ་སྐུ་དང་ཡེ་ཤེས་ཤར༔ ཚོགས་བརྒྱད་བསྒྲལ་བའི་དུར་ཁྲོད་ཆེ༔ ངོ་མཚར་རང་སྣང་དཔལ་གྱི་རི༔ ལྷུན་གྲུབ་ནགས་ཚལ་མེ་ཏོག་རྒྱས༔ ཡན་ལག་བརྒྱད་པའི་ཆུ་རྒྱུན་འབབ༔ དབུས་སུ་རྟོག་མེད་རོ་ཡི་སྟེང༔ སྟོང་ཉིད་ནམ་མཁའི་རྣལ་འབྱོར་པ༔ བྲམ་ཟེ་ཆེན་པོ་སྔོ་སངས་བརྗིད༔ གཅེར་བུ་ཡེ་ཤེས་གཟི་བྱིན་འབར༔ རབ་དཀར་དབུ་སྐྲའི་ཐོར་ཚུགས་ཅན༔ སྨ་ར་སྨིན་མ་སེ་ཁྱུག་གེ༔ ཞི་བའི་ལྟ་སྟངས་མི་གཡོ་བས༔ ཕྱག་གཉིས་མདའ་རྣོན་གསོར་ཞིང་བསྒྲིལ༔ ཞབས་ཟུང་ཕྱེད་པའི་སྐྱིལ་ཀྲུང་ཅན༔ རུས་པའི་ཕྱག་རྒྱ་ལྔ་ཡིས་བརྒྱན༔ གཡས་གཡོན་གསང་བ་ཡེ་ཤེས་དང༔ སྒྲོལ་མཛད་དཔའ་མོ་ཌཱ་ཀི་ཟུང༔ གཅེར་བུ་དར་གྱི་ཨང་རག་ཅན༔ རུས་པའི་ཕྱག་རྒྱ་ལྔ་ཡིས་བརྒྱན༔ གཞོན་ནུའི་ལང་ཚོ་རྒྱས་པའི་ཉམས༔ བདུད་རྩིའི་བྷནྡྷ་ཡབ་ལ་སྟོབ༔ འཛུམ་བཞད་རོལ་པའི་སྟབས་སུ་འཁོད༔ གཞན་ཡང་སངས་རྒྱས་བྱང་ཆུབ་སེམས༔ རབ་འབྱམས་དཔའ་བོ་རྣལ་འབྱོར་མ༔ རྒྱུད་སྡེ་དྲུག་གི་ཡི་དམ་ལྷ༔ གྲུབ་ཐོབ་ཕོ་མོ་བརྒྱད་ཅུ་བཞི༔ རྡུལ་གཅིག་སྟེང་ན་རྡུལ་ཇི་སྙེད༔ ཡེ་ཤེས་གཅིག་གི་རོལ་པ་ལས༔ རྣམ་འགྱུར་ཆ་ལུགས་མ་ངེས་པ༔ གང་འདུལ་སྒྱུ་མའི་གར་དུ་སྟོན༔ སྤྱན་འདྲེན་མཆོད་བསྟོད་གཞུང་དུ་མེད་ཀྱང་གསང་བ་གཞན་དང་སྒོ་བསྟུན་ན་གདུང་ཤུགས་སྤོས་རོལ་དབྱངས་དང་བཅས་ཏེ། དབྱིངས་བདེ་གསལ་མི་རྟོགས་གྲོང་ཁྱེར་ནས། །རྗེ་རྡོ་རྗེ་འཆང་ཆེན་འགྲོ་བའི་མགོན། །དེ་རང་ངོར་སྣང་བ་སྐྱབས་ཀྱི་གཙོ། །ཕ་དྲིན་ཆེན་རྩ་བའི་བླ་མ་ཉིད། །ཡུལ་དབུས་གྱུར་མ་ག་དྷ་ཡི་ལྷོ། །ལྗོངས་དཔལ་གྱི་རི་ཡི་ནགས་ཀླུང་དུ། །རྗེ་བྲམ་ཟེ་ཆེན་པོ་ས་ར་ཧ། །ཕོ་རྟོགས་ཤིང་གྲོལ་བ་བརྒྱད་ཅུ་དང༌། །མོ་རྟོགས་ཤིང་གྲོལ་བའི་སྲིང་མོ་བཞི། །ཡབ་ཧེ་རུ་ཀ་དཔལ་རྒྱུད་སྡེ་བཞི། །ཡུམ་གནས་གསུམ་མཁའ་འགྲོ་བཀའ་སྲུང་ཚོགས། །ཁྱེད་རྣམ་འཕྲུལ་མཁའ་ལ་སྤྲིན་བཞིན་གཏིབས། །བདག་མོས་པའི་གནས་འདིར་གཤེགས་སུ་གསོལ། །གནས་ཁང་འདི་རུ་བྱིན་ཕོབ་ལ། །འདིར་འདུས་རྣལ་འབྱོར་བདག་ཅག་ལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་མ་ཧཱ་གུ་རུ་ཙ་ཏུ་རཱ་ཤཱི་ཏི་སིདྡྷི་ལབྡྷ་ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨ། ཞེས་པས་སྤྱན་དྲང་པ་ཉིད། །གྲུབ་པ་ཆེན་པོའི་ཡེ་ཤེས་སྐུ། །མཁའ་ལྟར་ཁྱབ་ཀྱང་དག་པའི་ངོར། །ཆུ་ཟླ་བཞིན་དུ་མངོན་སྣང་བས། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཨོཾ་པདྨ་ཨཱ་ས་ན་སྟྭྃ། །ཡོན་ཏན་ཀུན་གྱི་གཏེར་གྱུར་པས། །གང་གི་མཚན་ཙམ་དྲན་པས་ཀྱང༌། །བདག་བློའི་རྒུད་པ་ཞི་མཛད་པ། །གྲུབ་པའི་དབང་ཕྱུག་ཁྱོད་ཕྱག་འཚལ། །གུ་རུ་ན་མོ་ཧཱུྃ། དྲི་མེད་ཡིད་འོང་ལྷ་ཡི་རྫས། །རྡོ་རྗེའི་འདོད་ཡོན་བསམ་མི་ཁྱབ། །བདེ་བ་ཆེན་པོའི་ལོངས་སྤྱོད་སྤྲིན། །གྲུབ་པའི་དབང་ཕྱུག་མཉེས་ཕྱིར་འབུལ། །ཨོཾ་ཨཱཿཧྲཱི་པྲ་ཝ་ར་སཏྐ་རཾ་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། བདུད་རྩི་ལྔ་ཡི་བཟའ་བ་ནི། །དངོས་གྲུབ་ཀུན་གྱི་དེ་ཉིད་མཆོག །སྒྲོན་མ་ལྔ་ཡི་བཟའ་བ་ནི། །སངས་རྒྱས་ཀུན་གྱི་དམ་ཚིག་གཙོ། །གྲུབ་པ་ཆེན་པོའི་རྣལ་འབྱོར་དབང༌། །འབུལ་ལོ་དངོས་གྲུབ་དགའ་སྟོན་སྩོལ། །པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁཱ་ཧི། སྙོམས་འཇུག་འཕོ་མེད་བདེ་ཆེན་ཐོབ། །རང་བཞིན་སྣང་བ་ཡོངས་དག་པ། །ཞུ་བདེའི་ཁམས་གསུམ་ཀུན་ཁྱབ་པ། །གསང་བའི་མཆོད་པས་མཉེས་པར་བགྱི། །ཨ་ནུ་རཀྟོ་མ་ཧཱ་སུ་ཁ་ཧོ། །འོད་གསལ་བསམ་མི་ཁྱབ་པའི་དབྱིངས། །མཆོད་པའི་བྱ་བྱེད་ཐམས་ཅད་ཀྱང༌། །ཡེ་ཤེས་གཅིག་གི་རོལ་མོ་སྟེ། །སྤྲོས་བྲལ་བདེ་བ་ཆེན་པོས་མཆོད། །དྷརྨ་དྷཱ་ཏུ་པཱུ་ཛ་ཧོ། བསྟོད་པ་ནི། གུ་རུ་ན་མོ་ཧཱུྃ། སྙིང་རྗེ་ཆེན་པོ་སེམས་ཆེན་པོ། །དམིགས་པ་ཆེན་པོ་བློ་ཆེན་པོ། །གོ་ཆ་ཆེན་པོ་མཚོན་ཆེན་པོ། །དཔའ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །དད་པ་ཆེན་པོ་གུས་ཆེན་པོ། །དམ་ཚིག་ཆེན་པོ་བརྟུལ་ཞུགས་ཆེ། །བརྩོན་འགྲུས་ཆེན་པོ་སྟོབས་ཆེན་པོ། །སྐྱེས་མཆོག་ཁྱོད་ལ་ཕྱག་འཚལ་བསྟོད། །ཤེས་རབ་ཆེན་པོ་ཐབས་ཆེན་པོ། །བདེ་བ་ཆེན་པོ་གསལ་བ་ཆེ། །སྟོང་པ་ཆེན་པོ་རྒྱ་ཆེན་པོ། །ཐུབ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །ཐེག་པ་ཆེན་པོ་ས་ཆེན་པོ། །ལམ་ཆེན་ཡེ་ཤེས་ཆེན་པོ་སྟེ། །ཡོན་ཏན་ཆེན་པོ་སྙན་གྲགས་ཆེ། །བདག་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །ཞིང་ཁམས་ཆེན་པོ་སྣང་བ་ཆེ། །རྫུ་འཕྲུལ་ཆེན་པོ་གདུལ་བྱ་ཆེ། །བྱིན་རླབས་ཆེན་པོ་དོན་ཆེན་པོ། །སྐྱབས་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །སྐུ་ཆེན་གཟི་བརྗིད་ཆེན་པོ་པ། །གསུང་དབྱངས་ཆེན་པོ་དགོད་པ་ཆེ། །མཁྱེན་པ་ཆེན་པོ་མཐུ་སྟོབས་ཆེ། །དཔའ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །བྲམ་ཟེའི་རིགས་ལས་གཉིས་རྟོག་ཆོད། །ཕྱག་རྒྱ་ཆེན་པོ་མཐར་ཐུག་རྟོགས། །དངོས་གྲུབ་མཆོག་བརྙེས་ས་ར་ཧ། །རྣལ་འབྱོར་དབང་ཕྱུག་ཞབས་ལ་འདུད། །བཟླས་པ་ལ་གསོལ་འདེབས་ཀྱི་ཚུལ་དུ། དཔལ་སངས་རྒྱས་ཐམས་ཅད་འདུས་པའི་སྐུ༔ རྗེ་བྲམ་ཟེ་ཆེན་པོ་ས་ར་ཧ༔ ཁྱེད་འོད་གསལ་དབུ་མའི་ཕོ་བྲང་ནས༔ དབྱིངས་ཆོས་སྐུའི་རྒྱལ་ས་ཟིན་ལགས་ཀྱང༔ བུ་མ་རྟོགས་འཁོར་བར་འཁྱམས་པའི་ཚེ༔ དོན་ཡིན་ལུགས་འཁྲུལ་པའི་སྣང་བས་བསྒྲིབས༔ གནད་འོད་གསལ་མ་རྟོགས་འཁོར་བར་འཁྱམས༔ རྗེ་ཁྱེད་ལས་རེ་ས་མ་མཆིས་པས༔ ཕ་ཐུགས་རྗེ་ཅན་གྱི་བླ་མ་ལ༔ ཡིད་གདུང་བས་འབོད་དོ་བཀའ་དྲིན་ཅན༔ སྟན་འདི་རུ་མཆོག་གི་དངོས་གྲུབ་སྩོལ༔ རྒྱུད་སྨིན་གྲོལ་མཛོད་ཅིག་གྲུབ་པའི་རྗེ༔ ཞེས་མོས་གུས་རྩེ་གཅིག་པས། ཨོཾ་ཨཱཿམ་ཧཱ་གུ་རུ་ས་ར་ཧ་ཛྙཱ་ན་སིདྡྷི་ཧཱུྃ། ཞེས་ཐུགས་ཡིད་བསྲེས་ཏེ་བཟླ། མན་ངག་གི་བཟླས་པ་སྤྲོ་ན། རྣལ་འབྱོར་དབང་ཕྱུག་ཐུགས་དབུས་སུ༔ ཡེ་ཤེས་སེམས་དཔའ་སྤྱན་རས་གཟིགས༔ སེམས་ཉིད་ངལ་གསོ་ཟླ་བའི་མདངས༔ ཕྱག་གཉིས་མཆོག་སྦྱིན་པད་དཀར་བསྣམས༔ སེམས་སྐྱིལ་པད་ཟླའི་སྟེང་ན་བཞུགས༔ ཐུགས་དབུས་ཉི་ཟླའི་གྭའུའི་སྦུབས༔ ཧྲཱིཿལ་ཡི་གེ་དྲུག་པས་བསྐོར༔ དེ་ལས་བྱུང་བའི་འོད་ཟེར་ཕྲེང༔ སྟོན་ཀའི་ཟླ་བ་ལྟ་བུ་འཕྲོས༔ སྲས་བཅས་རྒྱལ་བའི་ཐུགས་རྗེ་བསྐུལ༔ མཁའ་ཁྱབ་འགྲོ་བ་ཀུན་ལ་ཁྱབ༔ ལས་ཉོན་སྡུག་བསྔལ་མུན་པ་བསལ༔ ཀུན་ཀྱང་འཕགས་པའི་སྐུར་གྱུར་ཏེ༔ གསུང་མཆོག་ཆོས་ཀྱི་སྒྲ་དབྱངས་ཀྱིས༔ འཇིག་རྟེན་ཀུན་ཁྱབ་སྣང་སྲིད་ཀུན༔ འཕགས་པའི་སྐུ་གསུང་ཐུགས་མཆོག་གི༔ བདེ་ཆེན་ཡེ་ཤེས་རོལ་པ་ཡི༔ ཕྱག་རྒྱ་ཆེན་པོའི་དབྱིངས་སུ་སད༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཞེས་ཅི་ནུས་སུ་བཟླའོ། །རྗེས་ཚོགས་མཆོད་བྱ་བར་འདོད་ན་ཐབས་ཤེས་ཀྱི་རྫས་བྱིན་གྱིས་བརླབ་པ་ནི། བསང་སྦྱང༌། མ་དག་དྲི་སྦྱངས་ཡེ་ཤེས་བྷནྡྷའི་ནང༌། །ཚོགས་རྫས་དམ་ཡེ་དབྱེར་མེད་བདུད་རྩིའི་མཚོ། །འདོད་ཡོན་རྣམ་པ་དཔག་མེད་འཆར་བ་ཡི། །བླ་མེད་བླ་མའི་དཀྱིལ་འཁོར་མཉེས་བྱེད་གྱུར། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ། གནས་འོག་མིན་ཆོས་དབྱིངས་ཕོ་བྲང་ནས། །རིགས་ཀུན་གྱི་ཁྱབ་བདག་རྡོ་རྗེ་འཆང༌། །ཐབས་སྙིང་རྗེས་གང་འདུལ་སྐུར་བཞེངས་ནས། །འབྲས་ཟུང་འཇུག་བརྙེས་པའི་རྣལ་འབྱོར་པ། །རྗེ་བྲམ་ཟེ་ཆེན་པོ་ས་ར་ཧ། །འཁོར་གྲུབ་ཐོབ་ཕོ་མོ་ཐམས་ཅད་དང༌། །ལྷ་ཧེ་རུ་ཀ་དཔལ་ཡབ་དང་ཡུམ། །དཔལ་མགོན་པོ་ལྕམ་དྲལ་འཁོར་དང་བཅས། །རིགས་ཀྱི་ཅོད་པན་ལྡེམས་སེ་ལྡེམ། །དར་གྱི་ཅོད་པན་པུ་རུ་རུ། །རྒྱན་ཆ་མང་པོ་ཁྲ་ལ་ལ། །རོལ་མོ་མང་པོ་དི་རི་རི། །གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག །འཁོར་ཚོགས་འབུམ་སྡེ་ཤ་ར་ར། །སྒྱུ་མའི་རང་སྣང་ལྗེན་ནེ་ནེ། །གཏད་མེད་རིག་པ་ས་ལ་ལ། །བརྗོད་མེད་དབྱིངས་སུ་ཐ་ལ་ལ། །བདེ་བ་ཆེན་པོ་ཕྲི་ལི་ལི། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །གནས་མཆོག་འདི་རུ་བྱིན་ཕོབ་ལ། །སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །གུ་རུ་དེ་ཝ་ཌཱ་ཀི་ནི་ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨཿ ཚོགས་ཕུད་དཀྱིལ་འཁོར་དུ་ཕུལ་ལ། ཧོ། བླ་ན་མེད་པའི་དམ་ཚིག་རྫས། །ཡེ་ཤེས་བདུད་རྩི་འདོད་ཡོན་གཏེར། །རྩ་གསུམ་ལྷ་ཚོགས་རབ་འབྱམས་ལ། །འབུལ་གྱིས་དངོས་གྲུབ་མཐའ་དག་སྩོལ། །གུ་རུ་དེ་ཝ་ཌཱ་ཀི་ནི་ས་པ་རི་ཝ་ར་ག་ཎ་ཙཀྲ་པཱུ་ཛ་ཧོ། ཧཱུྃ། སྣང་སྲིད་སྒྱུ་མའི་བཀོད་པ་ལ། །གཏད་མེད་ཆོས་སྐུའི་དཀྱིལ་འཁོར་རྫོགས། །མཚན་འཛིན་བྲལ་བའི་དམ་ཚིག་རྫས། །ཡེ་ཤེས་མཆོག་གི་རོལ་པར་ཤར། །ངོ་མཚར་སྣང་སྟོང་ཚོགས་མཆོད་འདིས། །སྐུ་ཡི་དམ་ཚིག་ཉམས་ཆག་བཤགས། །གཟུང་འཛིན་ཉམས་པའི་དགྲ་བགེགས་སྒྲོལ། །སྐུ་ཡི་རྡོ་རྗེའི་ལྷ་ཚོགས་བསྐང༌། །ཐུགས་རྗེ་སྤྲུལ་སྐུའི་བྱིན་རླབས་སྩོལ། །འདོད་ཡོན་ཕྱི་ཡི་ཡུལ་ལྔའི་ཡུམ། །རྡོ་རྗེ་དབང་ལྔའི་དཔའ་བོས་སྦྱོར། །གཉིས་མེད་བདག་འཛིན་བླང་དོར་བྲལ། །བདེ་ཆེན་རོལ་པའི་ཚོགས་མཆོད་འདིས། །གསུང་གི་དམ་ཚིག་ཉམས་ཆག་བཤགས། །སྲེད་ལེན་འཁྲུལ་པའི་དགྲ་བགེགས་སྒྲོལ། །གསུང་གི་རྡོ་རྗེའི་ལྷ་ཚོགས་བསྐང༌། །རང་བཞིན་ལོངས་སྐུའི་དངོས་གྲུབ་སྩོལ། །རྡོ་རྗེའི་རྩ་རླུང་ཐིག་ལེའི་ཁམས། །བདེ་ཆེན་མཆོག་ཏུ་མི་འགྱུར་རྟེན། །ཐབས་ཤེས་སྡོམ་པ་ཆེན་པོ་ཡི། །ངོ་མཚར་རྨད་བྱུང་མཆོད་པ་ཆེས། །ཐུགས་ཀྱི་དམ་ཚིག་ཉམས་ཆག་བཤགས། །སྒོ་གསུམ་ཟག་ཕུང་དགྲ་བགེགས་སྒྲོལ། །ཐུགས་ཀྱི་རྡོ་རྗེའི་ལྷ་ཚོགས་བསྐང༌། །ངོ་བོ་ཆོས་སྐུའི་དངོས་གྲུབ་སྩོལ། །སྟོང་ཆེན་དབྱིངས་ཀྱི་བྷནྡྷ་རུ། །འོད་གསལ་ལྷུན་གྲུབ་དམ་རྫས་བཤམས། །ཟུང་འཇུག་ཟག་མེད་དབྱིངས་བརྡལ་བའི། །ཡེ་ཤེས་རང་སྣང་ཚོགས་མཆོད་འདིས། །ཡེ་ཤེས་དམ་ཚིག་ཉམས་ཆག་བཤགས། །སྣང་གསུམ་འཕོ་བའི་དགྲ་བགེགས་སྒྲོལ། །ཡེ་ཤེས་རྡོ་རྗེའི་ལྷ་ཚོགས་བསྐང༌། །ངོ་བོ་ཉིད་སྐུའི་དངོས་གྲུབ་སྩོལ། །དམན་པའི་ཡུལ་ལས་རབ་འདས་ཤིང༌། །རྒྱལ་བ་ཀུན་གྱི་དམ་ཚིག་མཆོག །དངོས་གྲུབ་ཀུན་གྱི་གཞིར་གྱུར་པ། །བདུད་རྩི་མཆོག་གིས་མཆོད་པར་བགྱི། །སྒྲིབ་པའི་དྲི་མ་ཀུན་སེལ་ཞིང༌། །རྟོག་པ་ཀུན་ལས་རྣམ་གྲོལ་བ། །བླ་ན་མེད་པའི་བྱང་ཆུབ་སེམས། །བདེ་བ་ཆེན་པོས་མཉེས་གྱུར་ཅིག །ཡིག་བརྒྱ་བཟླ། ནང་གི་སྲེག་བླུག་གི་ཚུལ་གྱིས་དམ་ཚིག་རྫས་ལ་རོལ། ལྷག་མ། ཨོཾ་ཨཱཿཧཱུྃ་པཉྩ་ཨ་མྲྀ་ཏ་ཧ་ཧོ་ཧྲཱིཿས་བྱིན་རླབས་བྱས་ལ། ཧོ། ལྷ་ཚོགས་དགྱེས་པའི་ལྷག་མ་འདི། །དཀྱིལ་འཁོར་མུ་རན་སྐྱོང་བ་ཡི། །ཌཱ་ཀི་དམ་ཅན་རྣམས་ལ་འབུལ། །རྡོ་རྗེའི་དངོས་གྲུབ་གྲོགས་མཛོད་ཅིག །ཨོཾ་ཨུཙྪིཥྚ་བྷ་ལིཾ་ཏ་བྷཀྵ་སི་སྭཱ་ཧཱ། ཧེ་རུ་ཀ་དཔལ་དཀྱིལ་འཁོར་དུ། །ཚོགས་ཀྱི་མཆོད་པ་ཕུལ་བ་ཡིས། །བདག་གཞན་འགྲོ་བ་མ་ལུས་པ། །དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག །མོས་གུས་རྩལ་གྱིས་སྣོད་དང་བཅུད། །བླ་མའི་ལྷ་ཚོགས་འོད་དུ་ཞུ། །གཉིས་མེད་བདེ་ཆེན་ཀློང་ཡངས་སུ། །གདོད་མ་ཉིད་ནས་འདུ་འབྲལ་མེད། །ཨ་ཨ་ཨ། སླར་ཡང་སྣང་གྲགས་རྟོག་པའི་ཚོགས། །བླ་མ་ལྷ་ཡི་ཞིང་དང་སྐུ། །རྡོ་རྗེ་སྔགས་དང་བདེ་སྟོང་གི། །ཡེ་ཤེས་ཉག་གཅིག་རོལ་པར་ཤར། །ཨོཾ་ཨཱཿཧཱུྃ། བསྔོ་སྨོན་ནི། སྐྱེ་ཞིང་སྐྱེ་བ་དག་ནི་ཐམས་ཅད་དུ། །རིགས་བཟང་བློ་གསལ་ང་རྒྱལ་མེད་པ་དང༌། །སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་ལྡན། །རྡོ་རྗེ་ཐེག་པའི་དམ་ཚིག་ལ་གནས་ཤོག །རྡོ་རྗེ་དྲིལ་བུ་ལ་སོགས་རྟག་ཏུ་བཅང༌། །ཟབ་དང་རྒྱ་ཆེའི་ཆོས་དོན་རྟོགས་པ་དང༌། །གོ་ཀུ་ཤུ་ཀྲ་ལ་སོགས་རྟག་བཟའ་ཞིང༌། །མཐར་ཐུག་བདེ་ཆེན་འགྲུབ་པའི་སྐལ་ལྡན་ཤོག །བདེ་གཤེགས་སྤྱན་སྔར་གནས་གསུམ་མཁའ་འགྲོ་ཡི། །དམ་བཅས་སྲུང་ཞིང་དངོས་གྲུབ་མཆོག་སྩོལ་བར། །ཐུགས་དམ་བཅས་ཤིང་རྟག་སྲུང་དངོས་གྲུབ་ནི། །རྣམ་གསུམ་ཚེ་འདི་ཉིད་ལ་མཐོང་བར་ཤོག །ཤིས་བརྗོད་ནི། ཆོས་དབྱིངས་དགོངས་པ་མཁའ་ལྟར་དག །དངོས་གྲུབ་འདོད་དགུའི་དཔལ་ལ་སྤྱོད། །གྲུབ་པ་ཆེན་པོ་འཇིག་རྟེན་རྒྱན། །འདུ་འབྲལ་མེད་པའི་བཀྲ་ཤིས་ཤོག །ཅེས་བརྗོད་རྡོ་རྗེའི་དོ་ཧ་ཀློག་པ་དང་དོན་ལ་སེམས་ཤིང༌། སྐལ་མཉམ་མོས་ལྡན་ལ་འཆད་པ་སོགས་བྱའོ། ༈ ཚུལ་འདིའི་བྱིན་རླབས་བྱེད་ན་གཙང་མའི་གནས་སུ་མཎྜལ་ཚོམ་བུ་གཅིག་མའི་སྟེང་རྣམ་བུམ་བཅུད་ལྡན། གཡས་སུ་གསང་ཐོད། གཡོན་དུ་རིག་ཙཀ །མདུན་དུ་གཏོར་མ། ཉེར་སྤྱོད་གཡས་བསྐོར། ཚོགས་ཀྱི་ཡོ་བྱད་དང༌། ལས་བུམ། རྡོར་དྲིལ། ཌཱ་མ་རུ་བཅས་འདུ་བྱས་ལ། ལས་གཞུང་བསྲང༌། སྣང་སྲིད་བླ་མའི་དཀྱིལ་འཁོར་དུ་ཤེས་པའི་དག་སྣང་ལས་བདག་མདུན་སོ་སོར་མ་བྱས་ཀྱང་རུང༌། བུམ་བཟླས་ཀྱང་དམིགས་གསལ་མི་དགོས། སྣང་གྲགས་རིག་པ་བླ་མའི་རྡོ་རྗེ་གསུམ་དུ་དག་པའི་ངེས་ཤེས་དང་བཅས་བཀའ་གཏེར་བླ་མེད་ཀྱི་དབང་བཞི་ཐོབ་ངེས་པའི་སློབ་མ་དད་མོས་དྲག་པོ་དང་ལྡན་པ་ཁྲུས་ནས་དབྱུང༌། ནང་དུ་འཁོད་པ་ལ། དེ་ལ་སྤྱིར་ཐེག་པ་ཆེན་པོའི་ལམ་གྱི་ཡོན་ཏན་ཐམས་ཅད་དགེ་བའི་བཤེས་གཉེན་བསྟེན་པ་ལ་རག་ལས་ཤིང༌། ཁྱད་པར་རྡོ་རྗེ་ཐེག་པའི་ལམ་གྱི་མངོན་རྟོགས་མཐའ་དག་བླ་མའི་བྱིན་རླབས་ལམ་དུ་བྱེད་པ་ལས་འབྱུང་བའི་ཚུལ། རྒྱུད་ལས། ཡོན་ཏན་རྒྱ་མཚོ་བླ་མ་ལ། །དད་པའི་ཡིད་ཀྱིས་མཆོད་བྱས་ན། །མཆོག་དང་ཐུན་མོང་ཐམས་ཅད་ནི། །དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། །ཞེས་གསུངས་པ་ལྟར་སྐལ་ལྡན་དབང་པོ་ཡང་རབ་འགའ་ཞིག་བླ་མའི་བྱིན་རླབས་ཀྱི་སྟོབས་ཀྱིས་སྐད་ཅིག་གིས་གྲོལ་བ་ཡང༌། བླ་མའི་ཐུགས་རྗེ་དང་སློབ་མའི་མོས་གུས་གཉིས་འཛོམ་པ་ལས་བྱུང་བ་ཡིན་ཏེ། འཕགས་བོད་དུ་སྔོན་བྱུང་བའི་གྲུབ་པའི་དབང་པོ་བརྡ་དང་དགོངས་པ་གཏད་པས་གྲོལ་བའི་ལོ་རྒྱུས་མང་དུ་བྱུང་བ་ལྟར། རྒྱ་གར་ནུབ་ཕྱོགས་སཽ་རཥྚའི་རྒྱལ་པོས་རང་གི་མ་ཡི་ཁ་ཆེམས་ལྟར་གཙུག་ལག་ཁང་བརྩིགས་ཏེ་ཡེ་ཤེས་མཁའ་འགྲོ་གཉིས་ཀྱིས་གྲོགས་བྱས་ཏེ་གྲུབ་ཐོབ་བརྒྱད་ཅུ་རྩ་བཞི་སྐད་ཅིག་གིས་བྱོན་སྟེ་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ནས་ཡུན་དུ་བཞུགས་པར་ཞུས་ཀྱང་མ་གནང༌། གྲུབ་ཐོབ་རེ་རེའི་རྡོ་རྗེའི་གླུ་བླང་ནས་གར་གཤེགས་ཆ་མེད་དུ་གཤེགས་པས། གྲུབ་བརྙེས་སོ་སོའི་སྐུ་བཞེངས་ཏེ་རང་རང་གི་དོ་ཧ་རྣམས་སོ་སོའི་མདུན་དུ་བཞག་སྟེ་མཆོད་པ་བྱས་པའི་ལོ་རྒྱུས་བཞིན་ཕྱག་རྒྱ་ཆེན་པོའི་གནས་ལུགས་སྒྲ་ཇི་བཞིན་དུ་རྟོགས་པས་རྡོ་རྗེའི་དོ་ཧ་བཞེངས་པ་འཕགས་བོད་མཁས་གྲུབ་ཀུན་གྱི་གཙུག་ནོར་བྲམ་ཟེ་ཆེན་པོ་ས་ར་ཧས་བདག་ཉིད་ལ་སྐལ་བཟང་གི་བཙས་སུ་གནང་བའི་བླ་མའི་རྣལ་འབྱོར་འོད་གསལ་གཉུག་མའི་ཐིག་ལེའི་བྱིན་རླབས་དང་དབང་གཞི་སྒྲུབ་པའི་དོན་དུ་མཎྜལ་ཕུལ། མདུན་གྱི་མཎྜལ་འདི་ཉིད་བདེ་ཆེན་ཡེ་ཤེས་ཀྱི་རང་སྣང་ལྷོ་ཕྱོགས་དཔལ་གྱི་རི་ནགས་ཚལ་དང་མེ་ཏོག་རབ་ཏུ་རྒྱས་ཤིང༌། ཚོར་བ་ཙམ་གྱིས་ཏིང་འཛིན་འབྱེད་ནུས་པའི་སྤོས་ཀྱི་དྲི་བསུང་འཐུལ་བ། བདུད་རྩིའི་ཆར་འབེབས་པའི་སྤྲིན་དང་ན་བུན་གཡོ་བའི་མགུལ་དུ་པད་ཟླ་བམ་རོའི་སྟེང་དུ་དཔལ་ས་ར་ཧ་པ་སྐུ་མདོག་སྔོ་སངས་བགྲེས་ཉམས་ཅན། དབུ་སྐྲ་ཐོར་ཅོག་དང་སྨར་སྨིན་སེ་ཁྱུག་གེ་བ། ཞབས་ཕྱེད་སྐྱིལ་གྱིས་བཞུགས་པ་དང༌། རས་དམར་པོའི་ཨང་རག་གསོལ་ནས། ཕྱག་གཉིས་ཀྱི་མདའ་བསྲིང་པའི་ཚུལ་གྱིས་ལྷན་སྐྱེས་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་མ་ནོར་དྲང་ཐད་སྟོན་པའི་བརྡ་མཚོན་ཅིང༌། སྐུའི་གཡས་གཡོན་དུ་ཞིང་གི་རྣལ་འབྱོར་མ་དཀར་སྔོན་སྨྱུག་མདའ་མཁན་མོའི་ཚུལ་གྱིས་བསྟེན་པ། འཁོར་དུ་རྣལ་འབྱོར་གྱི་དབང་ཕྱུག་བརྒྱད་ཅུ་རྩ་བཞི་སོགས་རྩ་བརྒྱུད་ཀྱི་བླ་མ། རྒྱུད་སྡེ་དྲུག་གི་ཡི་དམ། གནས་ཡུལ་གྱི་དཔའ་བོ་ཌཱ་ཀི་ཆོས་སྲུང་དང་བཅས་པས་བསྐོར་ཏེ་མངོན་སུམ་བཞིན་དུ་བཞུགས་པ་ཡིད་ཆེས་ཀྱི་དད་པ་རྩེ་གཅིག་པས་དབང་དང་བྱིན་རླབས་དངོས་གྲུབ་བསྩལ་དུ་གསོལ་སྙམ་པས་མཎྜལ་ཕུལ། དེ་ནས་ཁྱེད་རང་རྣམས་ལུས་ཞིང་རྡུལ་གྱི་གྲངས་དང་མཉམ་པར་སྤྲུལ་ཏེ་བླ་མའི་ཞབས་ཀྱི་པདྨོར་སྤྱི་བོས་གཏུགས་ཏེ་གུས་པས་ཕྱག་འཚལ་བའི་མོས་པས་ཐལ་མོ་སྦྱར་ཏེ་འདིའི་རྗེས་ཟློས་མཛོད། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །ལན་གསུམ། དེ་ལྟར་ཕྱག་བྱས་ཏེ་དད་མོས་དྲག་པོ་སྔོན་དུ་འགྲོ་བ་དང་བཅས། །སྐྱབས་ཡུལ་རྒྱ་མཚོ་བླ་མའི་སྐུ་གསུང་ཐུགས་ལ་རྫོགས་པས་རང་གཞན་སེམས་ཅན་ཐམས་ཅད་སྒོ་གསུམ་འཇུག་པ་གཅིག་དྲིལ་གྱིས་སྐྱབས་སུ་འགྲོ་བར་མོས་ལ་འདིའི་རྗེས་ཟློས་མཛོད། ན་མོཿ བླ་མ་སངས་རྒྱས་རིན་པོ་ཆེ་སོགས་ལན་གསུམ། མཁའ་མཉམ་གྱི་སེམས་ཅན་རྡོ་རྗེ་ཐེག་པའི་མྱུར་ལམ་ཟབ་མོར་འཇུག་སྟེ་སྲིད་ཞིའི་མཐའ་ལས་སྒྲོལ་ཕྱིར་བདེན་གཉིས་དབྱེར་མེད་དུ་སེམས་བསྐྱེད་བཞིན་གཡར་དམ་བཟུང་སྙམ་པས་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། ཧོཿ ནམ་མཁའ་མཉམ་པའི་སོགས། ལན་གསུམ། བསགས་སྦྱང་གི་སྙིང་པོ་ཡན་ལག་བདུན་གྱི་དམིགས་རྣམ་ཚིག་རྗེས་སུ་དོན་དྲན་བཞིན་པས་འདིའི་རྗེས་ཟློས་མཛོད། རང་སེམས་བླ་མར་རྟོགས་པས་གུས་ཕྱག་འཚལ། །ཚོགས་དྲུག་ཞེན་པ་བྲལ་བའི་མཆོད་པ་འབུལ། །གཉིས་འཛིན་ཨ་འཐས་རང་རིག་ཀློང་དུ་བཤགས། །ཐུགས་རྗེ་རྒྱུན་ཆད་མེད་ལ་ཡི་རང་ངོ༌། །ཁྱབ་བརྡལ་ཡེ་ཤེས་ཆོས་འཁོར་བསྐོར་དུ་གསོལ། །མཆོག་ཏུ་མི་འགྱུར་ཆོས་སྐུར་བཞུགས་གསོལ་འདེབས། །མཁའ་ཁྱབ་འགྲོ་ཀུན་སྐུ་གསུམ་ཐོབ་ཕྱིར་བསྔོ། །འཁོར་བ་དོང་སྤྲུགས་འགྲོ་དོན་འགྲུབ་པར་ཤོག །ལན་གསུམ། དེ་ནས་བྱིན་རླབས་ཀྱི་གཞི་འགོད་པའི་ཆེད་དུ་དམིགས་པ་འདི་ལྟར་དུ་མཛོད། བསངས་སྦྱངས་ཏེ། སྟོང་པའི་ངང་ལས་སྣོད་བཅུད་རྣམ་དག་འོག་མིན་རྡོ་རྗེ་དབྱིངས་ཀྱི་ཞིང་གི་བཀོད་པ་ལྷུན་གྱིས་རྫོགས་པའི་དབུས་སུ་པད་ཉིར་བམ་རོ་དམར་སེར་མགོ་བོ་གཡོན་དུ་བསྟན་པའི་སྟེང་རྣམ་ཀུན་མཆོག་ལྡན་རྒྱལ་ཡུམ་རྡོ་རྗེ་བཙུན་མོ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་སེར་མཚམས་སྤྲིན་གྱི་ཁ་དོག་ཅན། ཁྲོ་འཛུམ་སྒེག་ཆགས་ཀྱི་ཉམས་ལྡན་པའི་ཞལ་གཅིག་སྤྱན་གསུམ་བགྲད་པ། ལྗགས་འདྲིལ་ཞིང་ཚེམས་ཀྱི་མྱུ་གུ་ཡིད་ཙམ་མངོན་པ་གཅེར་བུ་ནུ་མ་བྷ་ག་རབ་ཏུ་རྒྱས་ཤིང་མཁྲེགས་པ། སྐེད་སྐབས་ཕྲ་ཞིང་ཕྱག་གཡས་གྲི་གུག་ཕྱར་ཞིང༌། གཡོན་ཀ་པཱ་ལ་ཁྲག་གིས་གང་བ་ཐུགས་ཀར་གཏོད་པ། ཞབས་གཡས་བསྐུམ་པའི་རྟིང་པ་བྷ་གར་གཏད་ཅིང༌། གཡོན་བརྐྱང་བའི་སོར་རྩེ་རོ་ཡི་སྙིང་གར་བརྫིས་པ། མཆན་ཁུང་གཡོན་དུ་རྡོ་རྗེའི་ཁ་ཊྭཱྃ་ག་འཆང་བ། དབུ་ལ་ཐོད་སྐམ་ལྔ་དང༌། སྤྱི་གཙུག་ཏུ་ཕག་ཞལ་ནག་པོ་གདོང་གྱེན་དུ་ཕྱོགས་པས་ངུར་བ། མི་མགོ་རློན་པའི་དོ་ཤལ་དང༌། རུས་པའི་ཕྱག་རྒྱ་ལྔས་བརྒྱན་པའི་དཔྲལ་མགྲིན་སྙིང་གར་ཨོཾ་དཀར། ཨཱཿདམར། ཧཱུྃ་མཐིང་གིས་མཚན་པ་ལས་འོད་ཟེར་བསམ་མི་ཁྱབ་པ་འཕྲོས་པས་སྐུ་གསུམ་དག་པའི་ཞིང་ཁམས་རབ་འབྱམས་ཁྱད་པར་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ། རྡོ་རྗེའི་གནས་ཡུལ་དུར་ཁྲོད་ཆེན་པོ་བརྒྱད་ལ་སོགས་པ་ནས་བླ་མ་བྲམ་ཟེ་ཆེན་པོ་ལ་ཕོ་རྟོགས་ཤིང་གྲོལ་བ་བརྒྱད་ཅུ། མོ་རྟོགས་ཤིང་གྲོལ་བ་བཞི་ལ་སོགས་རྡོ་རྗེའི་རྣལ་འབྱོར་ཕོ་མོ། ཡི་དམ་རྒྱུད་སྡེ་བཞི་དྲུག །གནས་གསུམ་དཔའ་བོ་མཁའ་འགྲོ། སངས་རྒྱས་བྱང་ཆུབ་སེམས་དཔའ་བསམ་གྱིས་མི་ཁྱབ་པ་ཁ་ཆར་བུ་ཡུག་འཚུབས་པ་བཞིན་བྱོན་ཏེ་སློབ་མའི་ལུས་ངག་ཡིད་གསུམ་ལ་རྡོ་ཚན་ལ་ཁ་བ་བབ་པ་བཞིན་ཐིམ་པར་བསམ་ལ་ཌཱ་དྲིལ་དབྱངས་དང༌། སྤོས་བཏུལ་ཞིང༌། གདུང་ཤུགས་དང་བཅས་ཏེ། ཧཱུྃ། དབྱིངས་བདེ་གསལ་མི་རྟོགས་ཕོ་བྲང་ཆེ། །སྐུ་གསུམ་གྱི་ཞིང་ཁམས་རབ་འབྱམས་དང༌། །ཁྱད་པར་དུ་འཛམ་གླིང་ཡུལ་གྱི་དབུས། །གནས་རྡོ་རྗེ་གདན་ནས་ཨུ་རྒྱན་ཡུལ། །དཔལ་དྷཱུ་མ་ཐ་ལའི་ཕྱོགས་མཚམས་སུ། །ས་རབ་ཏུ་དགའ་དང་དྲི་མ་མེད། །གནས་དང་ཉེ་བའི་གནས་ཡིན་ཏེ། །དེ་བཞིན་འོད་བྱེད་འོད་འཕྲོ་ལ། །ཞིང་དང་ཉེ་ཞིང་ཞེས་སུ་གྲགས། །སྦྱངས་དཀའ་བ་དང་མངོན་བྱེད་པ། །ཚནྡྷོ་ཉེ་བའི་ཚནྡྷོ་སྟེ། །རིང་དུ་སོང་དང་མི་གཡོ་བ། །འདུ་དང་ཉེ་བའི་འདུ་བ་དང༌། །ལེགས་པའི་བློ་གྲོས་ཆོས་ཀྱི་སྤྲིན། །འཐུང་སྤྱོད་ཉེ་བའི་འཐུང་སྤྱོད་སྟེ། །དཔེ་མེད་དཔེ་མེད་ཡེ་ཤེས་ཆེ། །རྡོ་རྗེ་འཛིན་དབང་ས་རྣམས་ལ། །དབང་བསྒྱུར་རྡོ་རྗེའི་བརྟུལ་ཞུགས་ཀྱིས། །བགྲོད་དེ་རྡོ་རྗེའི་རིགས་ཅན་གྱི། །དཔའ་བོ་དང་ནི་དཔའ་མོ་དང༌། །མཁའ་འགྲོ་དང་ནི་མཁའ་འགྲོ་མ། །ཚོམ་བུ་འབུམ་སྡེའི་ཚོགས་དང་བཅས། །རིགས་མ་ངེས་གདོལ་པ་གཡུང་པོའི་ཚུལ། །ཆས་མ་ངེས་སོ་ནམ་ཏིལ་བརྡུང་སོགས། །ཐབས་གང་འདུལ་བཀོད་པའི་བརྡ་ཐབས་ཀྱིས། །མ་འགྲོ་དྲུག་མཐོང་ཐོས་དྲན་པས་སྒྲོལ། །ཐུགས་འོད་གསལ་དགོངས་ཀློང་མཁའ་ལྟར་དག །གསུང་རྡོ་རྗེའི་དོ་ཧ་ཟབ་རྒྱས་སྒྲོག། །སྐུ་འཆི་མེད་གྲུབ་པའི་ཡེ་ཤེས་གཟུགས། །དད་མོས་པའི་གདུང་བས་བསྐུལ་ལགས་ན། །ཁྱོད་སྲིད་ཞི་ཀུན་ཁྱབ་ནམ་མཁའི་སྐུ། །རྩལ་སྙིང་རྗེས་གདུལ་དཀའ་སྒྲོལ་མཛད་པ། །བུ་གདུང་ཤུགས་ཅན་ལ་བྱིན་གྱིས་རློབས། །མཆོག་ཐུན་མོང་དངོས་གྲུབ་ད་སྩོལ་ཅིག །ཨོཾ་མ་ཧཱ་གུ་རུ་ཡོ་གི་ཤྭ་ར་དེ་ཝ་ཌཱ་ཀི་ནི་ས་པ་རི་ཝཱ་ར་ཛྙཱ་ན་ས་མ་ཡ་ཛཿཛཿ ཞེས་སྔགས་ཡང་ཡང་བརྗོད་པས་དབབ་ལ། ཏིཥྛ་བཛྲས་བརྟན་པར་བྱ། དེ་ནས་དངོས་གཞིའི་དབང་གི་དོན་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། སོགས་ལན་གསུམ། དེ་ལྟར་དད་མོས་ཀྱི་གདུང་ཤུགས་དྲག་པོས་གསོལ་བ་བཏབ་པའི་རྐྱེན་གྱིས་བླ་མ་བྲམ་ཟེ་ཆེན་པོའི་སྨིན་མཚམས་ནས་གདན་གསུམ་ཚང་བའི་དབང་ལྷ་སྤྲོས་ཏེ་རིན་པོ་ཆེའི་བུམ་པ་བདུད་རྩིའི་གང་བས་སྤྱི་བོ་ནས་མངོན་པར་དབང་སྐུར་བའི་མོས་པ་མཛོད། བུམ་པ་སྤྱི་བོར་བཞག་སྟེ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ཞེས་དབང་བསྐུར་ཏེ་བུམ་ཆུ་སྦྱིན། དེ་ལྟར་དབང་བསྐུར་བའི་ཆུ་རྒྱུན་གྱིས་ལུས་ཐམས་ཅད་གང་བ་དང༌། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོའི་དཔྲལ་བ་ནས་སྐུ་ཡི་བྱིན་རླབས་ཀྱི་རང་བཞིན་གཡོན་རྐྱང་མ་དང་རྗེས་སུ་འབྲེལ་བའི་ཀུནྡ་བྱང་སེམས་དཀར་པོའི་རྒྱུན་བྱུང་བ་ཁྱོད་རང་རྣམས་ཀྱི་དཔྲལ་བར་ཐིམ། ལུས་ཀྱི་དྲི་མ་དག །བུམ་པའི་དབང་ཐོབ། སྐུ་རྡོ་རྗེའི་བྱིན་རླབས་ཞུགས། ལམ་བསྐྱེད་རིམ་བསྒོམ་པ་ལ་དབང༌། འབྲས་བུ་སྤྲུལ་སྐུ་ཐོབ་པའི་ནུས་པ་ཁྱད་པར་ཅན་རྒྱུད་ལ་བཞག་པའི་མོས་པ་མཛོད། ཡང་བླ་མ་རྣལ་འབྱོར་གྱི་དབང་ཕྱུག་གསང་བའི་ཕྱག་རྒྱ་དང་སྙོམས་པར་ཞུགས་པའི་དགའ་བའི་སྒྲ་དང་ཐུགས་ཀའི་འོད་ཀྱིས་ཕྱོགས་བཅུའི་སངས་རྒྱས་རྣམས་སྤྱན་དྲངས། ཞལ་དུ་ཞུགས་རྗེས་སུ་ཆགས་པས་ཞུ། དཀར་དམར་བྱང་སེམས་བདུད་རྩིའི་རང་བཞིན་མཁའ་གསང་ནས་བབས། ཐོད་པའི་བདུད་རྩི་དང་རོ་གཅིག་པ་དེ་ལྕེ་སྟེང་དུ་མྱོང་བས་གསང་བའི་དབང་སྐུར་ཐོབ་པའི་མོས་པ་མཛོད་ཅིག །ཅེས་ཐོད་པར་གནས་པའི་ནང་མཆོད་ཁྱོར་བ་གཡོན་དུ་སྦྱིན་ལ། ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །བྱང་ཆུབ་སྲས་ལ་དབང་བསྐུར་ལྟར། །དེ་བཞིན་བྱང་ཆུབ་སེམས་རྒྱུན་གྱིས། །དེ་རིང་ཁྱོད་ལ་དབང་བསྐུར་རོ། །ཨོཾ་ཨཱཿཧཱུྃ། སློབ་མས་ཀྱང༌། ཨ་ཧོ་མ་ཧཱ་སུ་ཁ་ཧོ། ཞེས་བརྗོད་དེ་མྱངས་པས་རྣལ་འབྱོར་དབང་ཕྱུག་ཆེན་པོའི་མགྲིན་པ་ནས་གསུང་གི་བྱིན་རླབས་ཀྱི་ངོ་བོ་གཡས་རོ་མ་དང་རྗེས་སུ་འབྲེལ་བའི་རཀྟ་བྱང་སེམས་དམར་པོའི་རྒྱུན་བྱུང་བ་ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ། ངག་གི་དྲི་མ་དག །གསང་བའི་དབང་ཐོབ། གསུང་རྡོ་རྗེའི་བྱིན་རླབས་ཞུགས། ལམ་རང་ལུས་ཐབས་ལྡན་བསྒོམ་པ་ལ་དབང༌། འབྲས་བུ་གསུང་རྡོ་རྗེ་ལོངས་སྐུ་འགྲུབ་པའི་ནུས་བ་ཅན་རྒྱུད་ལ་བཞག་པའི་མོས་པ་མཛོད། ཡང་རྣལ་འབྱོར་དབང་ཕྱུག་ཆེན་པོའི་སྐུའི་གཡོན་དུ་བཞུགས་པའི་རིག་མ་གཏད་པར་མོས་ལ། དགའ་སྟེར་གནས་སྟེར་ལྷ་མོ་ནི། །སྣ་ཚོགས་གཟུགས་ཅན་ཡིད་འོང་མ། །ཁྱེར་ཅིག་ཁྱེར་ཅིག་སེམས་དཔའ་ཆེ། །ཁྱེར་ལ་མཆོད་པ་རྟག་ཏུ་གྱིས། །ཞེས་རིག་ཙཀ་གཏད། ཁྱེད་རང་རྣམས་ཧེ་རུ་ཀའི་སྐུར་གནས་གྱུར་པ་ལ། རིག་མ་རྡོ་རྗེ་རྣལ་འབྱོར་མའི་རྣམ་པར་གནས་པ་མཁའ་གསང་བྱིན་གྱིས་བརླབ་པ་ལ་སོགས་པའི་འདུ་ཤེས་གསུམ་གྱི་སྒོ་ནས་སྙོམས་པར་ཞུགས་པས། བྱང་སེམས་གནས་བཞིར་བབ་པས། ཡས་བབ་དང༌། ལྡོག་པའི་རིམ་པས་མས་བརྟན་གྱི་དགའ་བཞི་ཉམས་སུ་མྱོང་བ་རང་རིག་བདེ་སྟོང་བརྗོད་བྲལ་གྱི་ངང་དུ་མཉམ་པར་བཞག །རྣལ་འབྱོར་དབང་ཕྱུག་གི་སྨིན་མཚམས་ནས་ཐུགས་ཀྱི་བྱིན་རླབས་དབུ་མ་དང་རྗེས་སུ་འབྲེལ་བའི་ཁུ་ཁྲག་འདྲེས་པའི་བྱང་སེམས་བྱོན། ཁྱེད་རང་རྣམས་ཀྱི་སྨིན་མཚམས་སུ་ཐིམ། ཡིད་ཀྱི་དྲི་མ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཐུགས་རྡོ་རྗེའི་བྱིན་རླབས་ཞུགས། ལམ་གཞན་ལུས་ཤེས་རབ་ཕོ་ཉའི་ལམ་བསྒོམ་པ་ལ་དབང༌། འབྲས་བུ་ཆོས་སྐུ་འགྲུབ་པའི་ནུས་པ་རྒྱུད་ལ་བཞག་པར་མོས་མཛོད། དེ་ལྟར་དབང་གསུམ་པའི་སྐབས་སུ་ཉམས་སུ་མྱོང་བའི་དཔེའི་ཡེ་ཤེས་དེ་ཉིད། དོན་གྱི་གནས་ལུགས་རིག་པ་རང་བཞིན་གྱི་ངོ་བོ་འདུས་མ་བྱས་པ་འཁོར་འདས་ཐམས་ཅད་ཀྱི་སྲོག་ཏུ་གནས་པ་དེ་རང་ངོ་ཚུལ་བཞིན་ཤེས་པས་གློ་བུར་བག་ཆགས་ཀྱི་དྲི་མ་ཐམས་ཅད་རང་སངས་ཏེ། བྲལ་འབྲས་མངོན་དུ་བྱེད་པ་སྟེ། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་རང་རིག་གཅེར་མཐོང་དུ་ངོ་སྤྲད་པའི་མོས་པས་ལུས་གནད་ལྟ་སྟངས། སེམས་དུས་གསུམ་གྱི་རྣམ་རྟོག་གི་སྤྲོ་བསྡུས་མ་བསླད་པར་རང་རིག་བདེ་སྟོང་མ་བཅོས་པའི་ངང་དུ་མཉམ་པར་འཇོག་པར་ཞུ། ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང༌། །རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ། །རྡུལ་བྲལ་མཐར་ཕྱིན་ཞི་བ་ཉིད། །ཁྱོད་ཀྱི་ཕ་ནི་ཁྱོད་ཉིད་དོ། །དེས་སྒོ་གསུམ་གྱི་དྲི་མ་དག །དབང་བཞི་པ་ཐོབ། ཡེ་ཤེས་རྡོ་རྗེའི་བྱིན་བརླབ་ཞུགས། ལམ་ཕྱག་རྒྱ་ཆེན་པོ་སྒོམ་པ་ལ་དབང༌། འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་ཐོབ་པའི་ནུས་པ་ཁྱད་པར་ཅན་བཞག་པའི་མོས་པ་མཛོད། དེ་ནས་དོན་གྱི་དབང་བཞིའི་གནས་ལུགས་ངོ་སྤྲོད་པའི་ཚུལ་དུ་བླ་མ་རྣལ་འབྱོར་གྲུབ་པའི་དབང་ཕྱུག་ཆེན་པོའི་རང་གི་རྟོགས་པ་བརྗོད་པ་དོ་ཧ་རྡོ་རྗེའི་གླུ་ཡི་གདམས་ངག་འདི་ལྟར་བསྩལ་བའི་མོས་པ་མཛོད། ཀྱེ་ཧོཿརང་རིག་གཉུག་མ་ཆེ༔ འོད་གསལ་རྒྱུན་མི་ཆད་པ་ཡི༔ གཉུག་མ་གཤིས་ཀྱི་དེ་ཉིད་དབང༔ རང་ལ་འདུ་འབྲལ་མེད་པར་བཞུགས༔ ནམ་མཁའ་ལྟ་བུའི་ཆོས་ཉིད་ལ༔ འཁོར་འདས་ཐམས་ཅད་འུབ་ཀྱིས་ཆུབ༔ སྤང་བླང་མེད་པ་རྒྱ་རེ་ཆེ༔ དབྱེ་བསལ་མེད་པ་བག་རེ་བྲོ༔ བདག་དང་ཁྱོད་ལ་བཟང་ངན་མེད༔ ཐམས་ཅད་སངས་རྒྱས་དག་པ་ཆེ༔ ལྟོས་ཤིག་ལྟོས་ཤིག་སེམས་ལ་ལྟོས༔ མཐོང་བ་མེད་པའི་གཤིས་ལ་ལྟོས༔ ངོ་བོ་སྟོང་པ་ས་ལེ་བ༔ སྣང་བ་མ་འགག་ཅིར་ཡང་བཀྲ༔ དབྱེ་བསལ་མེད་པའི་ཆོས་ཉིད་འདི༔ ངེས་པ་དོན་གྱི་བུམ་དབང་ཡིན༔ གཤིས་ལ་སྒྲིབ་པས་མ་གོས་ཤིང༔ རང་རིག་འོད་གསལ་རྒྱུན་ཆད་མེད༔ རང་ངོ་རང་གིས་ཤེས་པ་འདི༔ ཡང་དག་གསང་བའི་དབང་སྐུར་ཡིན༔ བཅིངས་གྲོལ་མེད་པའི་ཡེ་ཤེས་ལ༔ ཅི་ཤར་བདེ་བ་ཆེན་པོ་སྟེ༔ འདུས་མ་བྱས་པའི་བདག་ཆེན་པོ༔ བརྟེན་པར་གྱིས་ཤིག་གསུམ་པའི་དབང༔ ཐ་མལ་ཤེས་པ་རྒྱ་ཡན་འདི༔ འདུ་བྱེད་བློ་ཡིས་རྟོགས་མི་ནུས༔ དཔེ་དང་ཚིག་ལས་འདས་པས་ན༔ དགོངས་པས་སད་བྱས་བཞི་པའོ༔ རང་སེམས་ལྷར་མཐོང་བསྐྱེད་རིམ་སྟེ༔ བདེ་གསལ་མི་རྟོག་རྫོགས་པའི་རིམ༔ གདམས་པ་གནད་ཀྱི་གཟེར་བུ་འདིས༔ སྨིན་གྲོལ་ཡོངས་སུ་རྫོགས་པའོ༔ ཞེས་གདམས་པ་བསྩལ་བ་དང༌། སླར་ཡང་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ་སྙམ་དུ་མོས་གུས་དྲག་པོ་བྱས་པའི་རྐྱེན་གྱིས། བླ་མ་གྲུབ་ཐོབ་རྣལ་འབྱོར་གྱི་དབང་ཕྱུག་སྐུ་འོད་ཕུང་གི་རྣམ་པར་ལྟེམས་ཀྱིས་ཞུ་ནས་ཁྱེད་རང་ལ་ཐིམ་པ་དང་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་པར་བཏབ་པ་བཞིན་ཐུགས་རྒྱུད་ལ་འཕོས་པའི་མོས་པ་མཛོད། རྒྱལ་བ་རིགས་ཐམས་ཅད་ཀྱི་ཁྱབ་བདག་དྲུག་པ་རྡོ་རྗེ་འཆང་ཆེན་པོ་ནས་བརྩམས་རྡོ་རྗེ་ཐེག་པ་གསང་སྔགས་ཀྱི་ལམ་ནས་མཆོག་གི་དངོས་གྲུབ་བརྙེས་པའི་གྲུབ་ཐོབ་ཕོ་མོའི་ཚོགས་ཐམས་ཅད་དང༌། ཁྱར་པར་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ས་ར་ཧ་པ་ལ་སོགས་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིས་རྡོ་རྗེའི་སློབ་མ་འདི་རྣམས་ལ་བྱིན་གྱིས་རློབས་ཤིག །ལུས་ལ་རྡོ་རྗེའི་སྐུ་ཡི་སྒོ་ནས་བྱིན་གྱིས་རློབས་ཤིག །ངག་ལ་རྡོ་རྗེའི་གསུང་གི་སྒོ་ནས་བྱིན་གྱིས་རློབས་ཤིག །ཡིད་ལ་རྡོ་རྗེའི་ཐུགས་ཀྱི་སྒོ་ནས་བྱིན་གྱིས་རློབས་ཤིག །ཡོན་ཏན་མི་ཟད་པ་རྒྱན་གྱི་འཁོར་ལོའི་སྒོ་ནས་བྱིན་གྱིས་རློབས་ཤིག །ཕྲིན་ལས་རྣམ་པ་བཞིའི་སྒོ་ནས་བྱིན་གྱིས་རློབས་ཤིག །གསང་བ་བསམ་གྱིས་མི་ཁྱབ་པའི་སྒོ་ནས་བྱིན་གྱིས་རློབས་ཤིག །ད་ལྟ་ཉིད་དུ་བྱིན་གྱིས་རློབས་ཤིག །མྱུར་བ་ཉིད་དུ་བྱིན་གྱིས་རློབས་ཤིག །སྟན་ཐོག་འདི་རུ་བྱིན་གྱིས་རློབས་ཤིག །ཛཿཧཱུྃ་བྃ་ཧོ། དེས་གྲུབ་པའི་དབང་ཕྱུག་ཆེན་པོ་མདའ་བསྣུན་ཞབས་ཀྱི་ཐུགས་སྒྲུབ་ཞི་བའི་ཐིག་ལེའི་དབང་བསྐུར་བྱིན་རླབས་ཀྱི་རིམ་པ་ལེགས་པར་གྲུབ་པ་ཡིན་པས་སྐུ་གསུང་ཐུགས་ཀྱི་དམ་ཚིག་སྤྱི་དང༌། ཁྱད་པར་བླ་མའི་རྣལ་འབྱོར་འབྲལ་མེད་གཡར་དམ་དུ་བཟུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་དང༌། གཏང་རག་མཎྜལ། ལུས་འབུལ། བསྔོ་བ་སོགས་སྤྱི་ལྟར་བྱའོ། །སློབ་མ་རྣམས་གྱེས་ཏེ། སློབ་དཔོན་གྱིས་ཚོགས་ལྷག་མ་མན་ཆད་ལས་རིམ་མཐར་དབྱུང་བས་གྲུབ་པའོ། །དབང་གྱུར་ཆོས་སྤྱན་ལྡན་རྣམས་དབྱིངས་སུ་མནལ། །བླུན་པོས་རྒྱལ་ཁམས་གང་ཚེ་ལམ་འདི་ཡང༌། །རང་བྲིས་རང་ཀློག་མི་བྱེད་ཀ་མེད་བྱུང༌། །ལེགས་ཚོགས་མཆིས་ན་བསྟན་འགྲོར་སྨན་གྱུར་ཅིག །ཅེས་པའང་མདོ་ཁམས་ཟུར་མང་བཀྲ་ཤིས་བདུད་རྩིའི་དིལ་ནས་དྲུང་པ་མཆོག་སྤྲུལ་གཟིམ་ཆུང་དུ་གཏེར་ཆེན་རོལ་རྡོར་མཆོག་སྤྲུལ་ལྔ་པ་ཀརྨ་དྲི་མེད་འོད་ཟེར་སོགས་ལ་སྨིན་གྲོལ་ཐོག་མར་འབུལ་སྐབས་འདི་བཞིན་ཆོག་ཁྲིགས་འོས་ཞེས་བཀའ་བསྩལ་བཞིན་ཡིད་ལ་བཅགས་ཀྱང་དུས་ཀྱི་འགྱུར་བས་འདུས་བྱས་མི་རྟག་པའི་བརྡ་སྟོན་གྱིས་རྒྱལ་ཁམས་ཆུ་བཞིན་ཉུལ་བས་བཏང་སྙོམས་སུ་ཐལ་བ་ན་ལོ་འདི་སྤྲིན་བར་གྱི་ཉི་ཞུར་བཞིན་གསལ་བའི་ཚེ་སླར་འབྲི་འདོད་བྱུང་བ་བཞིན་ལྷོ་ཕྱོགས་ནགས་མའི་ལྗོངས་སུ་སྤ་གྲོ་སྐྱེར་ཆུའི་མཐའ་འདུལ་གྱི་གཙུག་ལག་ཁང་ནས་དབུ་བརྩམས་སྤུང་ཐང་བདེ་བ་ཆེན་པོའི་ཕོ་བྲང་ནས་བླ་མ་བདེ་མཆོག་འཁོར་ལོའི་ཚོགས་སྒྲུབ་སྐབས་གྲུབ་པར་བགྱིས་པ་པོ་མངྒ་ལ་ཤྲཱི་བྷཱུ་ཏི་སྟེ་འབྲེལ་ཚད་གནས་ལུགས་ཕྱག་རྒྱ་ཆེན་པོའི་གྲོལ་ཚད་མངོན་དུ་འགྱུར་བའི་རྟེན་འབྱུང་དུ་གྱུར་ཅིག །སརྦ་དཱ་མངྒ་ལཾ། །དགེའོ།། །།}} | ༄༅། །ན་མོ་གུ་རུ་མ་ཧཱ་མུ་དྲ་ཡེ། གཙང་མའི་གནས་སུ་མཎྜལ་པདྨ་འདབ་བརྒྱད་ཀྱི་ལྟེ་བར་འབྲུའི་ཚོམ་བུ་གཅིག་བཀོད་པའི་སྟེང༌། བུམ་པ་མགུལ་ཆིངས་དཀར་པོ་ཅན་སོ་ལྔའི་རྫས་ཀྱིས་གཏམས་པ། ཐོད་ཆང་བདུད་རྩི་རིལ་བུ་དང་དངར་གསུམ་སྦྱར་བ། རིག་ཙཀ །བླ་གཏོར་རྒྱན་ལྡན་རྣམས་ལ་ཉེར་སྤྱོད་ཀྱིས་བསྐོར་བ་དང༌། ཚོགས་ཀྱི་དམ་རྫས་བཅས་འདུ་བྱ། སྒྲུབ་པ་པོའི་མདུན་དུ་འཐོར་ནས། ཌཱ་མ་རུ། རྡོར་དྲིལ། ནང་མཆོད་བཅས་འདུ་བྱས་ལ། ངེས་འབྱུང་དང་དད་མོས་དང༌། ཁྱད་པར་བདེ་སྟོང་ཕྱག་རྒྱ་ཆེན་པོའི་དགོངས་པ་ལས་མི་གཡོ་བའི་ངང་ནས། སྐྱབས་སེམས་ནི། ན་མོ༔ བླ་མ་སངས་རྒྱས་རིན་པོ་ཆེ༔ སྐྱབས་གནས་རྒྱ་མཚོའི་ཡེ་ཤེས་སྐུ༔ མཁྱེན་བརྩེ་ནུས་པའི་བདག་ཉིད་ལ༔ མི་ཕྱེད་དད་པས་སྐྱབས་སུ་མཆི༔ ལན་གསུམ། ཧོ༔ ནམ་མཁའ་མཉམ་པའི་སེམས་ཅན་རྣམས༔ མེད་སྣང་འཁོར་བའི་ཆོས་ལ་ཞེན༔ སྡུག་བསྔལ་མཚོ་ལས་བསྒྲལ་བའི་ཕྱིར༔ བྱང་ཆུབ་སྒྲུབ་པར་སེམས་བསྐྱེད་དོ༔ ལན་གསུམ། གནས་ཡོ་བྱིན་བརླབ་ནི། ཧཱུྃ་ཧྲཱིཿ སྣང་སྲིད་ཀུན་བཟང་རོལ་བའི་ཞིང༔ རྡོ་རྗེ་བདེ་བ་ཆེན་པོའི་དལ༔ ཟག་མེད་མཆོད་པའི་སྤྲིན་ཆེན་པོ༔ རང་བཞིན་ཉིད་དུ་ལྷུན་གྱིས་གྲུབ༔ ཨོཾ་ཛྙཱན་སརྦ་པཱུ་ཛ་ཨརྒྷཾ་ནས་ཤབྡ་ཨཱཿཧཱུྃ༔ དངོས་གཞི་རྟེན་བསྐྱེད་ནི། ཨཿ སྣང་སྲིད་བླ་མའི་དཀྱིལ་འཁོར་ཏེ༔ གདོད་ནས་དག་པ་ཆེན་པོའི་ཀློང༔ འོད་གསལ་རྒྱུན་མི་ཆད་པ་ཡི༔ སྣང་ཆ་སྐུ་དང་ཡེ་ཤེས་ཤར༔ ཚོགས་བརྒྱད་བསྒྲལ་བའི་དུར་ཁྲོད་ཆེ༔ ངོ་མཚར་རང་སྣང་དཔལ་གྱི་རི༔ ལྷུན་གྲུབ་ནགས་ཚལ་མེ་ཏོག་རྒྱས༔ ཡན་ལག་བརྒྱད་པའི་ཆུ་རྒྱུན་འབབ༔ དབུས་སུ་རྟོག་མེད་རོ་ཡི་སྟེང༔ སྟོང་ཉིད་ནམ་མཁའི་རྣལ་འབྱོར་པ༔ བྲམ་ཟེ་ཆེན་པོ་སྔོ་སངས་བརྗིད༔ གཅེར་བུ་ཡེ་ཤེས་གཟི་བྱིན་འབར༔ རབ་དཀར་དབུ་སྐྲའི་ཐོར་ཚུགས་ཅན༔ སྨ་ར་སྨིན་མ་སེ་ཁྱུག་གེ༔ ཞི་བའི་ལྟ་སྟངས་མི་གཡོ་བས༔ ཕྱག་གཉིས་མདའ་རྣོན་གསོར་ཞིང་བསྒྲིལ༔ ཞབས་ཟུང་ཕྱེད་པའི་སྐྱིལ་ཀྲུང་ཅན༔ རུས་པའི་ཕྱག་རྒྱ་ལྔ་ཡིས་བརྒྱན༔ གཡས་གཡོན་གསང་བ་ཡེ་ཤེས་དང༔ སྒྲོལ་མཛད་དཔའ་མོ་ཌཱ་ཀི་ཟུང༔ གཅེར་བུ་དར་གྱི་ཨང་རག་ཅན༔ རུས་པའི་ཕྱག་རྒྱ་ལྔ་ཡིས་བརྒྱན༔ གཞོན་ནུའི་ལང་ཚོ་རྒྱས་པའི་ཉམས༔ བདུད་རྩིའི་བྷནྡྷ་ཡབ་ལ་སྟོབ༔ འཛུམ་བཞད་རོལ་པའི་སྟབས་སུ་འཁོད༔ གཞན་ཡང་སངས་རྒྱས་བྱང་ཆུབ་སེམས༔ རབ་འབྱམས་དཔའ་བོ་རྣལ་འབྱོར་མ༔ རྒྱུད་སྡེ་དྲུག་གི་ཡི་དམ་ལྷ༔ གྲུབ་ཐོབ་ཕོ་མོ་བརྒྱད་ཅུ་བཞི༔ རྡུལ་གཅིག་སྟེང་ན་རྡུལ་ཇི་སྙེད༔ ཡེ་ཤེས་གཅིག་གི་རོལ་པ་ལས༔ རྣམ་འགྱུར་ཆ་ལུགས་མ་ངེས་པ༔ གང་འདུལ་སྒྱུ་མའི་གར་དུ་སྟོན༔ སྤྱན་འདྲེན་མཆོད་བསྟོད་གཞུང་དུ་མེད་ཀྱང་གསང་བ་གཞན་དང་སྒོ་བསྟུན་ན་གདུང་ཤུགས་སྤོས་རོལ་དབྱངས་དང་བཅས་ཏེ། དབྱིངས་བདེ་གསལ་མི་རྟོགས་གྲོང་ཁྱེར་ནས། །རྗེ་རྡོ་རྗེ་འཆང་ཆེན་འགྲོ་བའི་མགོན། །དེ་རང་ངོར་སྣང་བ་སྐྱབས་ཀྱི་གཙོ། །ཕ་དྲིན་ཆེན་རྩ་བའི་བླ་མ་ཉིད། །ཡུལ་དབུས་གྱུར་མ་ག་དྷ་ཡི་ལྷོ། །ལྗོངས་དཔལ་གྱི་རི་ཡི་ནགས་ཀླུང་དུ། །རྗེ་བྲམ་ཟེ་ཆེན་པོ་ས་ར་ཧ། །ཕོ་རྟོགས་ཤིང་གྲོལ་བ་བརྒྱད་ཅུ་དང༌། །མོ་རྟོགས་ཤིང་གྲོལ་བའི་སྲིང་མོ་བཞི། །ཡབ་ཧེ་རུ་ཀ་དཔལ་རྒྱུད་སྡེ་བཞི། །ཡུམ་གནས་གསུམ་མཁའ་འགྲོ་བཀའ་སྲུང་ཚོགས། །ཁྱེད་རྣམ་འཕྲུལ་མཁའ་ལ་སྤྲིན་བཞིན་གཏིབས། །བདག་མོས་པའི་གནས་འདིར་གཤེགས་སུ་གསོལ། །གནས་ཁང་འདི་རུ་བྱིན་ཕོབ་ལ། །འདིར་འདུས་རྣལ་འབྱོར་བདག་ཅག་ལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་མ་ཧཱ་གུ་རུ་ཙ་ཏུ་རཱ་ཤཱི་ཏི་སིདྡྷི་ལབྡྷ་ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨ། ཞེས་པས་སྤྱན་དྲང་པ་ཉིད། །གྲུབ་པ་ཆེན་པོའི་ཡེ་ཤེས་སྐུ། །མཁའ་ལྟར་ཁྱབ་ཀྱང་དག་པའི་ངོར། །ཆུ་ཟླ་བཞིན་དུ་མངོན་སྣང་བས། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཨོཾ་པདྨ་ཨཱ་ས་ན་སྟྭྃ། །ཡོན་ཏན་ཀུན་གྱི་གཏེར་གྱུར་པས། །གང་གི་མཚན་ཙམ་དྲན་པས་ཀྱང༌། །བདག་བློའི་རྒུད་པ་ཞི་མཛད་པ། །གྲུབ་པའི་དབང་ཕྱུག་ཁྱོད་ཕྱག་འཚལ། །གུ་རུ་ན་མོ་ཧཱུྃ། དྲི་མེད་ཡིད་འོང་ལྷ་ཡི་རྫས། །རྡོ་རྗེའི་འདོད་ཡོན་བསམ་མི་ཁྱབ། །བདེ་བ་ཆེན་པོའི་ལོངས་སྤྱོད་སྤྲིན། །གྲུབ་པའི་དབང་ཕྱུག་མཉེས་ཕྱིར་འབུལ། །ཨོཾ་ཨཱཿཧྲཱི་པྲ་ཝ་ར་སཏྐ་རཾ་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། བདུད་རྩི་ལྔ་ཡི་བཟའ་བ་ནི། །དངོས་གྲུབ་ཀུན་གྱི་དེ་ཉིད་མཆོག །སྒྲོན་མ་ལྔ་ཡི་བཟའ་བ་ནི། །སངས་རྒྱས་ཀུན་གྱི་དམ་ཚིག་གཙོ། །གྲུབ་པ་ཆེན་པོའི་རྣལ་འབྱོར་དབང༌། །འབུལ་ལོ་དངོས་གྲུབ་དགའ་སྟོན་སྩོལ། །པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁཱ་ཧི། སྙོམས་འཇུག་འཕོ་མེད་བདེ་ཆེན་ཐོབ། །རང་བཞིན་སྣང་བ་ཡོངས་དག་པ། །ཞུ་བདེའི་ཁམས་གསུམ་ཀུན་ཁྱབ་པ། །གསང་བའི་མཆོད་པས་མཉེས་པར་བགྱི། །ཨ་ནུ་རཀྟོ་མ་ཧཱ་སུ་ཁ་ཧོ། །འོད་གསལ་བསམ་མི་ཁྱབ་པའི་དབྱིངས། །མཆོད་པའི་བྱ་བྱེད་ཐམས་ཅད་ཀྱང༌། །ཡེ་ཤེས་གཅིག་གི་རོལ་མོ་སྟེ། །སྤྲོས་བྲལ་བདེ་བ་ཆེན་པོས་མཆོད། །དྷརྨ་དྷཱ་ཏུ་པཱུ་ཛ་ཧོ། བསྟོད་པ་ནི། གུ་རུ་ན་མོ་ཧཱུྃ། སྙིང་རྗེ་ཆེན་པོ་སེམས་ཆེན་པོ། །དམིགས་པ་ཆེན་པོ་བློ་ཆེན་པོ། །གོ་ཆ་ཆེན་པོ་མཚོན་ཆེན་པོ། །དཔའ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །དད་པ་ཆེན་པོ་གུས་ཆེན་པོ། །དམ་ཚིག་ཆེན་པོ་བརྟུལ་ཞུགས་ཆེ། །བརྩོན་འགྲུས་ཆེན་པོ་སྟོབས་ཆེན་པོ། །སྐྱེས་མཆོག་ཁྱོད་ལ་ཕྱག་འཚལ་བསྟོད། །ཤེས་རབ་ཆེན་པོ་ཐབས་ཆེན་པོ། །བདེ་བ་ཆེན་པོ་གསལ་བ་ཆེ། །སྟོང་པ་ཆེན་པོ་རྒྱ་ཆེན་པོ། །ཐུབ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །ཐེག་པ་ཆེན་པོ་ས་ཆེན་པོ། །ལམ་ཆེན་ཡེ་ཤེས་ཆེན་པོ་སྟེ། །ཡོན་ཏན་ཆེན་པོ་སྙན་གྲགས་ཆེ། །བདག་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །ཞིང་ཁམས་ཆེན་པོ་སྣང་བ་ཆེ། །རྫུ་འཕྲུལ་ཆེན་པོ་གདུལ་བྱ་ཆེ། །བྱིན་རླབས་ཆེན་པོ་དོན་ཆེན་པོ། །སྐྱབས་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །སྐུ་ཆེན་གཟི་བརྗིད་ཆེན་པོ་པ། །གསུང་དབྱངས་ཆེན་པོ་དགོད་པ་ཆེ། །མཁྱེན་པ་ཆེན་པོ་མཐུ་སྟོབས་ཆེ། །དཔའ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །བྲམ་ཟེའི་རིགས་ལས་གཉིས་རྟོག་ཆོད། །ཕྱག་རྒྱ་ཆེན་པོ་མཐར་ཐུག་རྟོགས། །དངོས་གྲུབ་མཆོག་བརྙེས་ས་ར་ཧ། །རྣལ་འབྱོར་དབང་ཕྱུག་ཞབས་ལ་འདུད། །བཟླས་པ་ལ་གསོལ་འདེབས་ཀྱི་ཚུལ་དུ། དཔལ་སངས་རྒྱས་ཐམས་ཅད་འདུས་པའི་སྐུ༔ རྗེ་བྲམ་ཟེ་ཆེན་པོ་ས་ར་ཧ༔ ཁྱེད་འོད་གསལ་དབུ་མའི་ཕོ་བྲང་ནས༔ དབྱིངས་ཆོས་སྐུའི་རྒྱལ་ས་ཟིན་ལགས་ཀྱང༔ བུ་མ་རྟོགས་འཁོར་བར་འཁྱམས་པའི་ཚེ༔ དོན་ཡིན་ལུགས་འཁྲུལ་པའི་སྣང་བས་བསྒྲིབས༔ གནད་འོད་གསལ་མ་རྟོགས་འཁོར་བར་འཁྱམས༔ རྗེ་ཁྱེད་ལས་རེ་ས་མ་མཆིས་པས༔ ཕ་ཐུགས་རྗེ་ཅན་གྱི་བླ་མ་ལ༔ ཡིད་གདུང་བས་འབོད་དོ་བཀའ་དྲིན་ཅན༔ སྟན་འདི་རུ་མཆོག་གི་དངོས་གྲུབ་སྩོལ༔ རྒྱུད་སྨིན་གྲོལ་མཛོད་ཅིག་གྲུབ་པའི་རྗེ༔ ཞེས་མོས་གུས་རྩེ་གཅིག་པས། ཨོཾ་ཨཱཿམ་ཧཱ་གུ་རུ་ས་ར་ཧ་ཛྙཱ་ན་སིདྡྷི་ཧཱུྃ། ཞེས་ཐུགས་ཡིད་བསྲེས་ཏེ་བཟླ། མན་ངག་གི་བཟླས་པ་སྤྲོ་ན། རྣལ་འབྱོར་དབང་ཕྱུག་ཐུགས་དབུས་སུ༔ ཡེ་ཤེས་སེམས་དཔའ་སྤྱན་རས་གཟིགས༔ སེམས་ཉིད་ངལ་གསོ་ཟླ་བའི་མདངས༔ ཕྱག་གཉིས་མཆོག་སྦྱིན་པད་དཀར་བསྣམས༔ སེམས་སྐྱིལ་པད་ཟླའི་སྟེང་ན་བཞུགས༔ ཐུགས་དབུས་ཉི་ཟླའི་གྭའུའི་སྦུབས༔ ཧྲཱིཿལ་ཡི་གེ་དྲུག་པས་བསྐོར༔ དེ་ལས་བྱུང་བའི་འོད་ཟེར་ཕྲེང༔ སྟོན་ཀའི་ཟླ་བ་ལྟ་བུ་འཕྲོས༔ སྲས་བཅས་རྒྱལ་བའི་ཐུགས་རྗེ་བསྐུལ༔ མཁའ་ཁྱབ་འགྲོ་བ་ཀུན་ལ་ཁྱབ༔ ལས་ཉོན་སྡུག་བསྔལ་མུན་པ་བསལ༔ ཀུན་ཀྱང་འཕགས་པའི་སྐུར་གྱུར་ཏེ༔ གསུང་མཆོག་ཆོས་ཀྱི་སྒྲ་དབྱངས་ཀྱིས༔ འཇིག་རྟེན་ཀུན་ཁྱབ་སྣང་སྲིད་ཀུན༔ འཕགས་པའི་སྐུ་གསུང་ཐུགས་མཆོག་གི༔ བདེ་ཆེན་ཡེ་ཤེས་རོལ་པ་ཡི༔ ཕྱག་རྒྱ་ཆེན་པོའི་དབྱིངས་སུ་སད༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཞེས་ཅི་ནུས་སུ་བཟླའོ། །རྗེས་ཚོགས་མཆོད་བྱ་བར་འདོད་ན་ཐབས་ཤེས་ཀྱི་རྫས་བྱིན་གྱིས་བརླབ་པ་ནི། བསང་སྦྱང༌། མ་དག་དྲི་སྦྱངས་ཡེ་ཤེས་བྷནྡྷའི་ནང༌། །ཚོགས་རྫས་དམ་ཡེ་དབྱེར་མེད་བདུད་རྩིའི་མཚོ། །འདོད་ཡོན་རྣམ་པ་དཔག་མེད་འཆར་བ་ཡི། །བླ་མེད་བླ་མའི་དཀྱིལ་འཁོར་མཉེས་བྱེད་གྱུར། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ། གནས་འོག་མིན་ཆོས་དབྱིངས་ཕོ་བྲང་ནས། །རིགས་ཀུན་གྱི་ཁྱབ་བདག་རྡོ་རྗེ་འཆང༌། །ཐབས་སྙིང་རྗེས་གང་འདུལ་སྐུར་བཞེངས་ནས། །འབྲས་ཟུང་འཇུག་བརྙེས་པའི་རྣལ་འབྱོར་པ། །རྗེ་བྲམ་ཟེ་ཆེན་པོ་ས་ར་ཧ། །འཁོར་གྲུབ་ཐོབ་ཕོ་མོ་ཐམས་ཅད་དང༌། །ལྷ་ཧེ་རུ་ཀ་དཔལ་ཡབ་དང་ཡུམ། །དཔལ་མགོན་པོ་ལྕམ་དྲལ་འཁོར་དང་བཅས། །རིགས་ཀྱི་ཅོད་པན་ལྡེམས་སེ་ལྡེམ། །དར་གྱི་ཅོད་པན་པུ་རུ་རུ། །རྒྱན་ཆ་མང་པོ་ཁྲ་ལ་ལ། །རོལ་མོ་མང་པོ་དི་རི་རི། །གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག །འཁོར་ཚོགས་འབུམ་སྡེ་ཤ་ར་ར། །སྒྱུ་མའི་རང་སྣང་ལྗེན་ནེ་ནེ། །གཏད་མེད་རིག་པ་ས་ལ་ལ། །བརྗོད་མེད་དབྱིངས་སུ་ཐ་ལ་ལ། །བདེ་བ་ཆེན་པོ་ཕྲི་ལི་ལི། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །གནས་མཆོག་འདི་རུ་བྱིན་ཕོབ་ལ། །སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །གུ་རུ་དེ་ཝ་ཌཱ་ཀི་ནི་ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨཿ ཚོགས་ཕུད་དཀྱིལ་འཁོར་དུ་ཕུལ་ལ། ཧོ། བླ་ན་མེད་པའི་དམ་ཚིག་རྫས། །ཡེ་ཤེས་བདུད་རྩི་འདོད་ཡོན་གཏེར། །རྩ་གསུམ་ལྷ་ཚོགས་རབ་འབྱམས་ལ། །འབུལ་གྱིས་དངོས་གྲུབ་མཐའ་དག་སྩོལ། །གུ་རུ་དེ་ཝ་ཌཱ་ཀི་ནི་ས་པ་རི་ཝ་ར་ག་ཎ་ཙཀྲ་པཱུ་ཛ་ཧོ། ཧཱུྃ། སྣང་སྲིད་སྒྱུ་མའི་བཀོད་པ་ལ། །གཏད་མེད་ཆོས་སྐུའི་དཀྱིལ་འཁོར་རྫོགས། །མཚན་འཛིན་བྲལ་བའི་དམ་ཚིག་རྫས། །ཡེ་ཤེས་མཆོག་གི་རོལ་པར་ཤར། །ངོ་མཚར་སྣང་སྟོང་ཚོགས་མཆོད་འདིས། །སྐུ་ཡི་དམ་ཚིག་ཉམས་ཆག་བཤགས། །གཟུང་འཛིན་ཉམས་པའི་དགྲ་བགེགས་སྒྲོལ། །སྐུ་ཡི་རྡོ་རྗེའི་ལྷ་ཚོགས་བསྐང༌། །ཐུགས་རྗེ་སྤྲུལ་སྐུའི་བྱིན་རླབས་སྩོལ། །འདོད་ཡོན་ཕྱི་ཡི་ཡུལ་ལྔའི་ཡུམ། །རྡོ་རྗེ་དབང་ལྔའི་དཔའ་བོས་སྦྱོར། །གཉིས་མེད་བདག་འཛིན་བླང་དོར་བྲལ། །བདེ་ཆེན་རོལ་པའི་ཚོགས་མཆོད་འདིས། །གསུང་གི་དམ་ཚིག་ཉམས་ཆག་བཤགས། །སྲེད་ལེན་འཁྲུལ་པའི་དགྲ་བགེགས་སྒྲོལ། །གསུང་གི་རྡོ་རྗེའི་ལྷ་ཚོགས་བསྐང༌། །རང་བཞིན་ལོངས་སྐུའི་དངོས་གྲུབ་སྩོལ། །རྡོ་རྗེའི་རྩ་རླུང་ཐིག་ལེའི་ཁམས། །བདེ་ཆེན་མཆོག་ཏུ་མི་འགྱུར་རྟེན། །ཐབས་ཤེས་སྡོམ་པ་ཆེན་པོ་ཡི། །ངོ་མཚར་རྨད་བྱུང་མཆོད་པ་ཆེས། །ཐུགས་ཀྱི་དམ་ཚིག་ཉམས་ཆག་བཤགས། །སྒོ་གསུམ་ཟག་ཕུང་དགྲ་བགེགས་སྒྲོལ། །ཐུགས་ཀྱི་རྡོ་རྗེའི་ལྷ་ཚོགས་བསྐང༌། །ངོ་བོ་ཆོས་སྐུའི་དངོས་གྲུབ་སྩོལ། །སྟོང་ཆེན་དབྱིངས་ཀྱི་བྷནྡྷ་རུ། །འོད་གསལ་ལྷུན་གྲུབ་དམ་རྫས་བཤམས། །ཟུང་འཇུག་ཟག་མེད་དབྱིངས་བརྡལ་བའི། །ཡེ་ཤེས་རང་སྣང་ཚོགས་མཆོད་འདིས། །ཡེ་ཤེས་དམ་ཚིག་ཉམས་ཆག་བཤགས། །སྣང་གསུམ་འཕོ་བའི་དགྲ་བགེགས་སྒྲོལ། །ཡེ་ཤེས་རྡོ་རྗེའི་ལྷ་ཚོགས་བསྐང༌། །ངོ་བོ་ཉིད་སྐུའི་དངོས་གྲུབ་སྩོལ། །དམན་པའི་ཡུལ་ལས་རབ་འདས་ཤིང༌། །རྒྱལ་བ་ཀུན་གྱི་དམ་ཚིག་མཆོག །དངོས་གྲུབ་ཀུན་གྱི་གཞིར་གྱུར་པ། །བདུད་རྩི་མཆོག་གིས་མཆོད་པར་བགྱི། །སྒྲིབ་པའི་དྲི་མ་ཀུན་སེལ་ཞིང༌། །རྟོག་པ་ཀུན་ལས་རྣམ་གྲོལ་བ། །བླ་ན་མེད་པའི་བྱང་ཆུབ་སེམས། །བདེ་བ་ཆེན་པོས་མཉེས་གྱུར་ཅིག །ཡིག་བརྒྱ་བཟླ། ནང་གི་སྲེག་བླུག་གི་ཚུལ་གྱིས་དམ་ཚིག་རྫས་ལ་རོལ། ལྷག་མ། ཨོཾ་ཨཱཿཧཱུྃ་པཉྩ་ཨ་མྲྀ་ཏ་ཧ་ཧོ་ཧྲཱིཿས་བྱིན་རླབས་བྱས་ལ། ཧོ། ལྷ་ཚོགས་དགྱེས་པའི་ལྷག་མ་འདི། །དཀྱིལ་འཁོར་མུ་རན་སྐྱོང་བ་ཡི། །ཌཱ་ཀི་དམ་ཅན་རྣམས་ལ་འབུལ། །རྡོ་རྗེའི་དངོས་གྲུབ་གྲོགས་མཛོད་ཅིག །ཨོཾ་ཨུཙྪིཥྚ་བྷ་ལིཾ་ཏ་བྷཀྵ་སི་སྭཱ་ཧཱ། ཧེ་རུ་ཀ་དཔལ་དཀྱིལ་འཁོར་དུ། །ཚོགས་ཀྱི་མཆོད་པ་ཕུལ་བ་ཡིས། །བདག་གཞན་འགྲོ་བ་མ་ལུས་པ། །དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག །མོས་གུས་རྩལ་གྱིས་སྣོད་དང་བཅུད། །བླ་མའི་ལྷ་ཚོགས་འོད་དུ་ཞུ། །གཉིས་མེད་བདེ་ཆེན་ཀློང་ཡངས་སུ། །གདོད་མ་ཉིད་ནས་འདུ་འབྲལ་མེད། །ཨ་ཨ་ཨ། སླར་ཡང་སྣང་གྲགས་རྟོག་པའི་ཚོགས། །བླ་མ་ལྷ་ཡི་ཞིང་དང་སྐུ། །རྡོ་རྗེ་སྔགས་དང་བདེ་སྟོང་གི། །ཡེ་ཤེས་ཉག་གཅིག་རོལ་པར་ཤར། །ཨོཾ་ཨཱཿཧཱུྃ། བསྔོ་སྨོན་ནི། སྐྱེ་ཞིང་སྐྱེ་བ་དག་ནི་ཐམས་ཅད་དུ། །རིགས་བཟང་བློ་གསལ་ང་རྒྱལ་མེད་པ་དང༌། །སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་ལྡན། །རྡོ་རྗེ་ཐེག་པའི་དམ་ཚིག་ལ་གནས་ཤོག །རྡོ་རྗེ་དྲིལ་བུ་ལ་སོགས་རྟག་ཏུ་བཅང༌། །ཟབ་དང་རྒྱ་ཆེའི་ཆོས་དོན་རྟོགས་པ་དང༌། །གོ་ཀུ་ཤུ་ཀྲ་ལ་སོགས་རྟག་བཟའ་ཞིང༌། །མཐར་ཐུག་བདེ་ཆེན་འགྲུབ་པའི་སྐལ་ལྡན་ཤོག །བདེ་གཤེགས་སྤྱན་སྔར་གནས་གསུམ་མཁའ་འགྲོ་ཡི། །དམ་བཅས་སྲུང་ཞིང་དངོས་གྲུབ་མཆོག་སྩོལ་བར། །ཐུགས་དམ་བཅས་ཤིང་རྟག་སྲུང་དངོས་གྲུབ་ནི། །རྣམ་གསུམ་ཚེ་འདི་ཉིད་ལ་མཐོང་བར་ཤོག །ཤིས་བརྗོད་ནི། ཆོས་དབྱིངས་དགོངས་པ་མཁའ་ལྟར་དག །དངོས་གྲུབ་འདོད་དགུའི་དཔལ་ལ་སྤྱོད། །གྲུབ་པ་ཆེན་པོ་འཇིག་རྟེན་རྒྱན། །འདུ་འབྲལ་མེད་པའི་བཀྲ་ཤིས་ཤོག །ཅེས་བརྗོད་རྡོ་རྗེའི་དོ་ཧ་ཀློག་པ་དང་དོན་ལ་སེམས་ཤིང༌། སྐལ་མཉམ་མོས་ལྡན་ལ་འཆད་པ་སོགས་བྱའོ། ༈ ཚུལ་འདིའི་བྱིན་རླབས་བྱེད་ན་གཙང་མའི་གནས་སུ་མཎྜལ་ཚོམ་བུ་གཅིག་མའི་སྟེང་རྣམ་བུམ་བཅུད་ལྡན། གཡས་སུ་གསང་ཐོད། གཡོན་དུ་རིག་ཙཀ །མདུན་དུ་གཏོར་མ། ཉེར་སྤྱོད་གཡས་བསྐོར། ཚོགས་ཀྱི་ཡོ་བྱད་དང༌། ལས་བུམ། རྡོར་དྲིལ། ཌཱ་མ་རུ་བཅས་འདུ་བྱས་ལ། ལས་གཞུང་བསྲང༌། སྣང་སྲིད་བླ་མའི་དཀྱིལ་འཁོར་དུ་ཤེས་པའི་དག་སྣང་ལས་བདག་མདུན་སོ་སོར་མ་བྱས་ཀྱང་རུང༌། བུམ་བཟླས་ཀྱང་དམིགས་གསལ་མི་དགོས། སྣང་གྲགས་རིག་པ་བླ་མའི་རྡོ་རྗེ་གསུམ་དུ་དག་པའི་ངེས་ཤེས་དང་བཅས་བཀའ་གཏེར་བླ་མེད་ཀྱི་དབང་བཞི་ཐོབ་ངེས་པའི་སློབ་མ་དད་མོས་དྲག་པོ་དང་ལྡན་པ་ཁྲུས་ནས་དབྱུང༌། ནང་དུ་འཁོད་པ་ལ། དེ་ལ་སྤྱིར་ཐེག་པ་ཆེན་པོའི་ལམ་གྱི་ཡོན་ཏན་ཐམས་ཅད་དགེ་བའི་བཤེས་གཉེན་བསྟེན་པ་ལ་རག་ལས་ཤིང༌། ཁྱད་པར་རྡོ་རྗེ་ཐེག་པའི་ལམ་གྱི་མངོན་རྟོགས་མཐའ་དག་བླ་མའི་བྱིན་རླབས་ལམ་དུ་བྱེད་པ་ལས་འབྱུང་བའི་ཚུལ། རྒྱུད་ལས། ཡོན་ཏན་རྒྱ་མཚོ་བླ་མ་ལ། །དད་པའི་ཡིད་ཀྱིས་མཆོད་བྱས་ན། །མཆོག་དང་ཐུན་མོང་ཐམས་ཅད་ནི། །དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། །ཞེས་གསུངས་པ་ལྟར་སྐལ་ལྡན་དབང་པོ་ཡང་རབ་འགའ་ཞིག་བླ་མའི་བྱིན་རླབས་ཀྱི་སྟོབས་ཀྱིས་སྐད་ཅིག་གིས་གྲོལ་བ་ཡང༌། བླ་མའི་ཐུགས་རྗེ་དང་སློབ་མའི་མོས་གུས་གཉིས་འཛོམ་པ་ལས་བྱུང་བ་ཡིན་ཏེ། འཕགས་བོད་དུ་སྔོན་བྱུང་བའི་གྲུབ་པའི་དབང་པོ་བརྡ་དང་དགོངས་པ་གཏད་པས་གྲོལ་བའི་ལོ་རྒྱུས་མང་དུ་བྱུང་བ་ལྟར། རྒྱ་གར་ནུབ་ཕྱོགས་སཽ་རཥྚའི་རྒྱལ་པོས་རང་གི་མ་ཡི་ཁ་ཆེམས་ལྟར་གཙུག་ལག་ཁང་བརྩིགས་ཏེ་ཡེ་ཤེས་མཁའ་འགྲོ་གཉིས་ཀྱིས་གྲོགས་བྱས་ཏེ་གྲུབ་ཐོབ་བརྒྱད་ཅུ་རྩ་བཞི་སྐད་ཅིག་གིས་བྱོན་སྟེ་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ནས་ཡུན་དུ་བཞུགས་པར་ཞུས་ཀྱང་མ་གནང༌། གྲུབ་ཐོབ་རེ་རེའི་རྡོ་རྗེའི་གླུ་བླང་ནས་གར་གཤེགས་ཆ་མེད་དུ་གཤེགས་པས། གྲུབ་བརྙེས་སོ་སོའི་སྐུ་བཞེངས་ཏེ་རང་རང་གི་དོ་ཧ་རྣམས་སོ་སོའི་མདུན་དུ་བཞག་སྟེ་མཆོད་པ་བྱས་པའི་ལོ་རྒྱུས་བཞིན་ཕྱག་རྒྱ་ཆེན་པོའི་གནས་ལུགས་སྒྲ་ཇི་བཞིན་དུ་རྟོགས་པས་རྡོ་རྗེའི་དོ་ཧ་བཞེངས་པ་འཕགས་བོད་མཁས་གྲུབ་ཀུན་གྱི་གཙུག་ནོར་བྲམ་ཟེ་ཆེན་པོ་ས་ར་ཧས་བདག་ཉིད་ལ་སྐལ་བཟང་གི་བཙས་སུ་གནང་བའི་བླ་མའི་རྣལ་འབྱོར་འོད་གསལ་གཉུག་མའི་ཐིག་ལེའི་བྱིན་རླབས་དང་དབང་གཞི་སྒྲུབ་པའི་དོན་དུ་མཎྜལ་ཕུལ། མདུན་གྱི་མཎྜལ་འདི་ཉིད་བདེ་ཆེན་ཡེ་ཤེས་ཀྱི་རང་སྣང་ལྷོ་ཕྱོགས་དཔལ་གྱི་རི་ནགས་ཚལ་དང་མེ་ཏོག་རབ་ཏུ་རྒྱས་ཤིང༌། ཚོར་བ་ཙམ་གྱིས་ཏིང་འཛིན་འབྱེད་ནུས་པའི་སྤོས་ཀྱི་དྲི་བསུང་འཐུལ་བ། བདུད་རྩིའི་ཆར་འབེབས་པའི་སྤྲིན་དང་ན་བུན་གཡོ་བའི་མགུལ་དུ་པད་ཟླ་བམ་རོའི་སྟེང་དུ་དཔལ་ས་ར་ཧ་པ་སྐུ་མདོག་སྔོ་སངས་བགྲེས་ཉམས་ཅན། དབུ་སྐྲ་ཐོར་ཅོག་དང་སྨར་སྨིན་སེ་ཁྱུག་གེ་བ། ཞབས་ཕྱེད་སྐྱིལ་གྱིས་བཞུགས་པ་དང༌། རས་དམར་པོའི་ཨང་རག་གསོལ་ནས། ཕྱག་གཉིས་ཀྱི་མདའ་བསྲིང་པའི་ཚུལ་གྱིས་ལྷན་སྐྱེས་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་མ་ནོར་དྲང་ཐད་སྟོན་པའི་བརྡ་མཚོན་ཅིང༌། སྐུའི་གཡས་གཡོན་དུ་ཞིང་གི་རྣལ་འབྱོར་མ་དཀར་སྔོན་སྨྱུག་མདའ་མཁན་མོའི་ཚུལ་གྱིས་བསྟེན་པ། འཁོར་དུ་རྣལ་འབྱོར་གྱི་དབང་ཕྱུག་བརྒྱད་ཅུ་རྩ་བཞི་སོགས་རྩ་བརྒྱུད་ཀྱི་བླ་མ། རྒྱུད་སྡེ་དྲུག་གི་ཡི་དམ། གནས་ཡུལ་གྱི་དཔའ་བོ་ཌཱ་ཀི་ཆོས་སྲུང་དང་བཅས་པས་བསྐོར་ཏེ་མངོན་སུམ་བཞིན་དུ་བཞུགས་པ་ཡིད་ཆེས་ཀྱི་དད་པ་རྩེ་གཅིག་པས་དབང་དང་བྱིན་རླབས་དངོས་གྲུབ་བསྩལ་དུ་གསོལ་སྙམ་པས་མཎྜལ་ཕུལ། དེ་ནས་ཁྱེད་རང་རྣམས་ལུས་ཞིང་རྡུལ་གྱི་གྲངས་དང་མཉམ་པར་སྤྲུལ་ཏེ་བླ་མའི་ཞབས་ཀྱི་པདྨོར་སྤྱི་བོས་གཏུགས་ཏེ་གུས་པས་ཕྱག་འཚལ་བའི་མོས་པས་ཐལ་མོ་སྦྱར་ཏེ་འདིའི་རྗེས་ཟློས་མཛོད། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །ལན་གསུམ། དེ་ལྟར་ཕྱག་བྱས་ཏེ་དད་མོས་དྲག་པོ་སྔོན་དུ་འགྲོ་བ་དང་བཅས། །སྐྱབས་ཡུལ་རྒྱ་མཚོ་བླ་མའི་སྐུ་གསུང་ཐུགས་ལ་རྫོགས་པས་རང་གཞན་སེམས་ཅན་ཐམས་ཅད་སྒོ་གསུམ་འཇུག་པ་གཅིག་དྲིལ་གྱིས་སྐྱབས་སུ་འགྲོ་བར་མོས་ལ་འདིའི་རྗེས་ཟློས་མཛོད། ན་མོཿ བླ་མ་སངས་རྒྱས་རིན་པོ་ཆེ་སོགས་ལན་གསུམ། མཁའ་མཉམ་གྱི་སེམས་ཅན་རྡོ་རྗེ་ཐེག་པའི་མྱུར་ལམ་ཟབ་མོར་འཇུག་སྟེ་སྲིད་ཞིའི་མཐའ་ལས་སྒྲོལ་ཕྱིར་བདེན་གཉིས་དབྱེར་མེད་དུ་སེམས་བསྐྱེད་བཞིན་གཡར་དམ་བཟུང་སྙམ་པས་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། ཧོཿ ནམ་མཁའ་མཉམ་པའི་སོགས། ལན་གསུམ། བསགས་སྦྱང་གི་སྙིང་པོ་ཡན་ལག་བདུན་གྱི་དམིགས་རྣམ་ཚིག་རྗེས་སུ་དོན་དྲན་བཞིན་པས་འདིའི་རྗེས་ཟློས་མཛོད། རང་སེམས་བླ་མར་རྟོགས་པས་གུས་ཕྱག་འཚལ། །ཚོགས་དྲུག་ཞེན་པ་བྲལ་བའི་མཆོད་པ་འབུལ། །གཉིས་འཛིན་ཨ་འཐས་རང་རིག་ཀློང་དུ་བཤགས། །ཐུགས་རྗེ་རྒྱུན་ཆད་མེད་ལ་ཡི་རང་ངོ༌། །ཁྱབ་བརྡལ་ཡེ་ཤེས་ཆོས་འཁོར་བསྐོར་དུ་གསོལ། །མཆོག་ཏུ་མི་འགྱུར་ཆོས་སྐུར་བཞུགས་གསོལ་འདེབས། །མཁའ་ཁྱབ་འགྲོ་ཀུན་སྐུ་གསུམ་ཐོབ་ཕྱིར་བསྔོ། །འཁོར་བ་དོང་སྤྲུགས་འགྲོ་དོན་འགྲུབ་པར་ཤོག །ལན་གསུམ། དེ་ནས་བྱིན་རླབས་ཀྱི་གཞི་འགོད་པའི་ཆེད་དུ་དམིགས་པ་འདི་ལྟར་དུ་མཛོད། བསངས་སྦྱངས་ཏེ། སྟོང་པའི་ངང་ལས་སྣོད་བཅུད་རྣམ་དག་འོག་མིན་རྡོ་རྗེ་དབྱིངས་ཀྱི་ཞིང་གི་བཀོད་པ་ལྷུན་གྱིས་རྫོགས་པའི་དབུས་སུ་པད་ཉིར་བམ་རོ་དམར་སེར་མགོ་བོ་གཡོན་དུ་བསྟན་པའི་སྟེང་རྣམ་ཀུན་མཆོག་ལྡན་རྒྱལ་ཡུམ་རྡོ་རྗེ་བཙུན་མོ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་སེར་མཚམས་སྤྲིན་གྱི་ཁ་དོག་ཅན། ཁྲོ་འཛུམ་སྒེག་ཆགས་ཀྱི་ཉམས་ལྡན་པའི་ཞལ་གཅིག་སྤྱན་གསུམ་བགྲད་པ། ལྗགས་འདྲིལ་ཞིང་ཚེམས་ཀྱི་མྱུ་གུ་ཡིད་ཙམ་མངོན་པ་གཅེར་བུ་ནུ་མ་བྷ་ག་རབ་ཏུ་རྒྱས་ཤིང་མཁྲེགས་པ། སྐེད་སྐབས་ཕྲ་ཞིང་ཕྱག་གཡས་གྲི་གུག་ཕྱར་ཞིང༌། གཡོན་ཀ་པཱ་ལ་ཁྲག་གིས་གང་བ་ཐུགས་ཀར་གཏོད་པ། ཞབས་གཡས་བསྐུམ་པའི་རྟིང་པ་བྷ་གར་གཏད་ཅིང༌། གཡོན་བརྐྱང་བའི་སོར་རྩེ་རོ་ཡི་སྙིང་གར་བརྫིས་པ། མཆན་ཁུང་གཡོན་དུ་རྡོ་རྗེའི་ཁ་ཊྭཱྃ་ག་འཆང་བ། དབུ་ལ་ཐོད་སྐམ་ལྔ་དང༌། སྤྱི་གཙུག་ཏུ་ཕག་ཞལ་ནག་པོ་གདོང་གྱེན་དུ་ཕྱོགས་པས་ངུར་བ། མི་མགོ་རློན་པའི་དོ་ཤལ་དང༌། རུས་པའི་ཕྱག་རྒྱ་ལྔས་བརྒྱན་པའི་དཔྲལ་མགྲིན་སྙིང་གར་ཨོཾ་དཀར། ཨཱཿདམར། ཧཱུྃ་མཐིང་གིས་མཚན་པ་ལས་འོད་ཟེར་བསམ་མི་ཁྱབ་པ་འཕྲོས་པས་སྐུ་གསུམ་དག་པའི་ཞིང་ཁམས་རབ་འབྱམས་ཁྱད་པར་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ། རྡོ་རྗེའི་གནས་ཡུལ་དུར་ཁྲོད་ཆེན་པོ་བརྒྱད་ལ་སོགས་པ་ནས་བླ་མ་བྲམ་ཟེ་ཆེན་པོ་ལ་ཕོ་རྟོགས་ཤིང་གྲོལ་བ་བརྒྱད་ཅུ། མོ་རྟོགས་ཤིང་གྲོལ་བ་བཞི་ལ་སོགས་རྡོ་རྗེའི་རྣལ་འབྱོར་ཕོ་མོ། ཡི་དམ་རྒྱུད་སྡེ་བཞི་དྲུག །གནས་གསུམ་དཔའ་བོ་མཁའ་འགྲོ། སངས་རྒྱས་བྱང་ཆུབ་སེམས་དཔའ་བསམ་གྱིས་མི་ཁྱབ་པ་ཁ་ཆར་བུ་ཡུག་འཚུབས་པ་བཞིན་བྱོན་ཏེ་སློབ་མའི་ལུས་ངག་ཡིད་གསུམ་ལ་རྡོ་ཚན་ལ་ཁ་བ་བབ་པ་བཞིན་ཐིམ་པར་བསམ་ལ་ཌཱ་དྲིལ་དབྱངས་དང༌། སྤོས་བཏུལ་ཞིང༌། གདུང་ཤུགས་དང་བཅས་ཏེ། ཧཱུྃ། དབྱིངས་བདེ་གསལ་མི་རྟོགས་ཕོ་བྲང་ཆེ། །སྐུ་གསུམ་གྱི་ཞིང་ཁམས་རབ་འབྱམས་དང༌། །ཁྱད་པར་དུ་འཛམ་གླིང་ཡུལ་གྱི་དབུས། །གནས་རྡོ་རྗེ་གདན་ནས་ཨུ་རྒྱན་ཡུལ། །དཔལ་དྷཱུ་མ་ཐ་ལའི་ཕྱོགས་མཚམས་སུ། །ས་རབ་ཏུ་དགའ་དང་དྲི་མ་མེད། །གནས་དང་ཉེ་བའི་གནས་ཡིན་ཏེ། །དེ་བཞིན་འོད་བྱེད་འོད་འཕྲོ་ལ། །ཞིང་དང་ཉེ་ཞིང་ཞེས་སུ་གྲགས། །སྦྱངས་དཀའ་བ་དང་མངོན་བྱེད་པ། །ཚནྡྷོ་ཉེ་བའི་ཚནྡྷོ་སྟེ། །རིང་དུ་སོང་དང་མི་གཡོ་བ། །འདུ་དང་ཉེ་བའི་འདུ་བ་དང༌། །ལེགས་པའི་བློ་གྲོས་ཆོས་ཀྱི་སྤྲིན། །འཐུང་སྤྱོད་ཉེ་བའི་འཐུང་སྤྱོད་སྟེ། །དཔེ་མེད་དཔེ་མེད་ཡེ་ཤེས་ཆེ། །རྡོ་རྗེ་འཛིན་དབང་ས་རྣམས་ལ། །དབང་བསྒྱུར་རྡོ་རྗེའི་བརྟུལ་ཞུགས་ཀྱིས། །བགྲོད་དེ་རྡོ་རྗེའི་རིགས་ཅན་གྱི། །དཔའ་བོ་དང་ནི་དཔའ་མོ་དང༌། །མཁའ་འགྲོ་དང་ནི་མཁའ་འགྲོ་མ། །ཚོམ་བུ་འབུམ་སྡེའི་ཚོགས་དང་བཅས། །རིགས་མ་ངེས་གདོལ་པ་གཡུང་པོའི་ཚུལ། །ཆས་མ་ངེས་སོ་ནམ་ཏིལ་བརྡུང་སོགས། །ཐབས་གང་འདུལ་བཀོད་པའི་བརྡ་ཐབས་ཀྱིས། །མ་འགྲོ་དྲུག་མཐོང་ཐོས་དྲན་པས་སྒྲོལ། །ཐུགས་འོད་གསལ་དགོངས་ཀློང་མཁའ་ལྟར་དག །གསུང་རྡོ་རྗེའི་དོ་ཧ་ཟབ་རྒྱས་སྒྲོག། །སྐུ་འཆི་མེད་གྲུབ་པའི་ཡེ་ཤེས་གཟུགས། །དད་མོས་པའི་གདུང་བས་བསྐུལ་ལགས་ན། །ཁྱོད་སྲིད་ཞི་ཀུན་ཁྱབ་ནམ་མཁའི་སྐུ། །རྩལ་སྙིང་རྗེས་གདུལ་དཀའ་སྒྲོལ་མཛད་པ། །བུ་གདུང་ཤུགས་ཅན་ལ་བྱིན་གྱིས་རློབས། །མཆོག་ཐུན་མོང་དངོས་གྲུབ་ད་སྩོལ་ཅིག །ཨོཾ་མ་ཧཱ་གུ་རུ་ཡོ་གི་ཤྭ་ར་དེ་ཝ་ཌཱ་ཀི་ནི་ས་པ་རི་ཝཱ་ར་ཛྙཱ་ན་ས་མ་ཡ་ཛཿཛཿ ཞེས་སྔགས་ཡང་ཡང་བརྗོད་པས་དབབ་ལ། ཏིཥྛ་བཛྲས་བརྟན་པར་བྱ། དེ་ནས་དངོས་གཞིའི་དབང་གི་དོན་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། སོགས་ལན་གསུམ། དེ་ལྟར་དད་མོས་ཀྱི་གདུང་ཤུགས་དྲག་པོས་གསོལ་བ་བཏབ་པའི་རྐྱེན་གྱིས་བླ་མ་བྲམ་ཟེ་ཆེན་པོའི་སྨིན་མཚམས་ནས་གདན་གསུམ་ཚང་བའི་དབང་ལྷ་སྤྲོས་ཏེ་རིན་པོ་ཆེའི་བུམ་པ་བདུད་རྩིའི་གང་བས་སྤྱི་བོ་ནས་མངོན་པར་དབང་སྐུར་བའི་མོས་པ་མཛོད། བུམ་པ་སྤྱི་བོར་བཞག་སྟེ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ཞེས་དབང་བསྐུར་ཏེ་བུམ་ཆུ་སྦྱིན། དེ་ལྟར་དབང་བསྐུར་བའི་ཆུ་རྒྱུན་གྱིས་ལུས་ཐམས་ཅད་གང་བ་དང༌། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོའི་དཔྲལ་བ་ནས་སྐུ་ཡི་བྱིན་རླབས་ཀྱི་རང་བཞིན་གཡོན་རྐྱང་མ་དང་རྗེས་སུ་འབྲེལ་བའི་ཀུནྡ་བྱང་སེམས་དཀར་པོའི་རྒྱུན་བྱུང་བ་ཁྱོད་རང་རྣམས་ཀྱི་དཔྲལ་བར་ཐིམ། ལུས་ཀྱི་དྲི་མ་དག །བུམ་པའི་དབང་ཐོབ། སྐུ་རྡོ་རྗེའི་བྱིན་རླབས་ཞུགས། ལམ་བསྐྱེད་རིམ་བསྒོམ་པ་ལ་དབང༌། འབྲས་བུ་སྤྲུལ་སྐུ་ཐོབ་པའི་ནུས་པ་ཁྱད་པར་ཅན་རྒྱུད་ལ་བཞག་པའི་མོས་པ་མཛོད། ཡང་བླ་མ་རྣལ་འབྱོར་གྱི་དབང་ཕྱུག་གསང་བའི་ཕྱག་རྒྱ་དང་སྙོམས་པར་ཞུགས་པའི་དགའ་བའི་སྒྲ་དང་ཐུགས་ཀའི་འོད་ཀྱིས་ཕྱོགས་བཅུའི་སངས་རྒྱས་རྣམས་སྤྱན་དྲངས། ཞལ་དུ་ཞུགས་རྗེས་སུ་ཆགས་པས་ཞུ། དཀར་དམར་བྱང་སེམས་བདུད་རྩིའི་རང་བཞིན་མཁའ་གསང་ནས་བབས། ཐོད་པའི་བདུད་རྩི་དང་རོ་གཅིག་པ་དེ་ལྕེ་སྟེང་དུ་མྱོང་བས་གསང་བའི་དབང་སྐུར་ཐོབ་པའི་མོས་པ་མཛོད་ཅིག །ཅེས་ཐོད་པར་གནས་པའི་ནང་མཆོད་ཁྱོར་བ་གཡོན་དུ་སྦྱིན་ལ། ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །བྱང་ཆུབ་སྲས་ལ་དབང་བསྐུར་ལྟར། །དེ་བཞིན་བྱང་ཆུབ་སེམས་རྒྱུན་གྱིས། །དེ་རིང་ཁྱོད་ལ་དབང་བསྐུར་རོ། །ཨོཾ་ཨཱཿཧཱུྃ། སློབ་མས་ཀྱང༌། ཨ་ཧོ་མ་ཧཱ་སུ་ཁ་ཧོ། ཞེས་བརྗོད་དེ་མྱངས་པས་རྣལ་འབྱོར་དབང་ཕྱུག་ཆེན་པོའི་མགྲིན་པ་ནས་གསུང་གི་བྱིན་རླབས་ཀྱི་ངོ་བོ་གཡས་རོ་མ་དང་རྗེས་སུ་འབྲེལ་བའི་རཀྟ་བྱང་སེམས་དམར་པོའི་རྒྱུན་བྱུང་བ་ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ། ངག་གི་དྲི་མ་དག །གསང་བའི་དབང་ཐོབ། གསུང་རྡོ་རྗེའི་བྱིན་རླབས་ཞུགས། ལམ་རང་ལུས་ཐབས་ལྡན་བསྒོམ་པ་ལ་དབང༌། འབྲས་བུ་གསུང་རྡོ་རྗེ་ལོངས་སྐུ་འགྲུབ་པའི་ནུས་བ་ཅན་རྒྱུད་ལ་བཞག་པའི་མོས་པ་མཛོད། ཡང་རྣལ་འབྱོར་དབང་ཕྱུག་ཆེན་པོའི་སྐུའི་གཡོན་དུ་བཞུགས་པའི་རིག་མ་གཏད་པར་མོས་ལ། དགའ་སྟེར་གནས་སྟེར་ལྷ་མོ་ནི། །སྣ་ཚོགས་གཟུགས་ཅན་ཡིད་འོང་མ། །ཁྱེར་ཅིག་ཁྱེར་ཅིག་སེམས་དཔའ་ཆེ། །ཁྱེར་ལ་མཆོད་པ་རྟག་ཏུ་གྱིས། །ཞེས་རིག་ཙཀ་གཏད། ཁྱེད་རང་རྣམས་ཧེ་རུ་ཀའི་སྐུར་གནས་གྱུར་པ་ལ། རིག་མ་རྡོ་རྗེ་རྣལ་འབྱོར་མའི་རྣམ་པར་གནས་པ་མཁའ་གསང་བྱིན་གྱིས་བརླབ་པ་ལ་སོགས་པའི་འདུ་ཤེས་གསུམ་གྱི་སྒོ་ནས་སྙོམས་པར་ཞུགས་པས། བྱང་སེམས་གནས་བཞིར་བབ་པས། ཡས་བབ་དང༌། ལྡོག་པའི་རིམ་པས་མས་བརྟན་གྱི་དགའ་བཞི་ཉམས་སུ་མྱོང་བ་རང་རིག་བདེ་སྟོང་བརྗོད་བྲལ་གྱི་ངང་དུ་མཉམ་པར་བཞག །རྣལ་འབྱོར་དབང་ཕྱུག་གི་སྨིན་མཚམས་ནས་ཐུགས་ཀྱི་བྱིན་རླབས་དབུ་མ་དང་རྗེས་སུ་འབྲེལ་བའི་ཁུ་ཁྲག་འདྲེས་པའི་བྱང་སེམས་བྱོན། ཁྱེད་རང་རྣམས་ཀྱི་སྨིན་མཚམས་སུ་ཐིམ། ཡིད་ཀྱི་དྲི་མ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཐུགས་རྡོ་རྗེའི་བྱིན་རླབས་ཞུགས། ལམ་གཞན་ལུས་ཤེས་རབ་ཕོ་ཉའི་ལམ་བསྒོམ་པ་ལ་དབང༌། འབྲས་བུ་ཆོས་སྐུ་འགྲུབ་པའི་ནུས་པ་རྒྱུད་ལ་བཞག་པར་མོས་མཛོད། དེ་ལྟར་དབང་གསུམ་པའི་སྐབས་སུ་ཉམས་སུ་མྱོང་བའི་དཔེའི་ཡེ་ཤེས་དེ་ཉིད། དོན་གྱི་གནས་ལུགས་རིག་པ་རང་བཞིན་གྱི་ངོ་བོ་འདུས་མ་བྱས་པ་འཁོར་འདས་ཐམས་ཅད་ཀྱི་སྲོག་ཏུ་གནས་པ་དེ་རང་ངོ་ཚུལ་བཞིན་ཤེས་པས་གློ་བུར་བག་ཆགས་ཀྱི་དྲི་མ་ཐམས་ཅད་རང་སངས་ཏེ། བྲལ་འབྲས་མངོན་དུ་བྱེད་པ་སྟེ། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་རང་རིག་གཅེར་མཐོང་དུ་ངོ་སྤྲད་པའི་མོས་པས་ལུས་གནད་ལྟ་སྟངས། སེམས་དུས་གསུམ་གྱི་རྣམ་རྟོག་གི་སྤྲོ་བསྡུས་མ་བསླད་པར་རང་རིག་བདེ་སྟོང་མ་བཅོས་པའི་ངང་དུ་མཉམ་པར་འཇོག་པར་ཞུ། ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང༌། །རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ། །རྡུལ་བྲལ་མཐར་ཕྱིན་ཞི་བ་ཉིད། །ཁྱོད་ཀྱི་ཕ་ནི་ཁྱོད་ཉིད་དོ། །དེས་སྒོ་གསུམ་གྱི་དྲི་མ་དག །དབང་བཞི་པ་ཐོབ། ཡེ་ཤེས་རྡོ་རྗེའི་བྱིན་བརླབ་ཞུགས། ལམ་ཕྱག་རྒྱ་ཆེན་པོ་སྒོམ་པ་ལ་དབང༌། འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་ཐོབ་པའི་ནུས་པ་ཁྱད་པར་ཅན་བཞག་པའི་མོས་པ་མཛོད། དེ་ནས་དོན་གྱི་དབང་བཞིའི་གནས་ལུགས་ངོ་སྤྲོད་པའི་ཚུལ་དུ་བླ་མ་རྣལ་འབྱོར་གྲུབ་པའི་དབང་ཕྱུག་ཆེན་པོའི་རང་གི་རྟོགས་པ་བརྗོད་པ་དོ་ཧ་རྡོ་རྗེའི་གླུ་ཡི་གདམས་ངག་འདི་ལྟར་བསྩལ་བའི་མོས་པ་མཛོད། ཀྱེ་ཧོཿརང་རིག་གཉུག་མ་ཆེ༔ འོད་གསལ་རྒྱུན་མི་ཆད་པ་ཡི༔ གཉུག་མ་གཤིས་ཀྱི་དེ་ཉིད་དབང༔ རང་ལ་འདུ་འབྲལ་མེད་པར་བཞུགས༔ ནམ་མཁའ་ལྟ་བུའི་ཆོས་ཉིད་ལ༔ འཁོར་འདས་ཐམས་ཅད་འུབ་ཀྱིས་ཆུབ༔ སྤང་བླང་མེད་པ་རྒྱ་རེ་ཆེ༔ དབྱེ་བསལ་མེད་པ་བག་རེ་བྲོ༔ བདག་དང་ཁྱོད་ལ་བཟང་ངན་མེད༔ ཐམས་ཅད་སངས་རྒྱས་དག་པ་ཆེ༔ ལྟོས་ཤིག་ལྟོས་ཤིག་སེམས་ལ་ལྟོས༔ མཐོང་བ་མེད་པའི་གཤིས་ལ་ལྟོས༔ ངོ་བོ་སྟོང་པ་ས་ལེ་བ༔ སྣང་བ་མ་འགག་ཅིར་ཡང་བཀྲ༔ དབྱེ་བསལ་མེད་པའི་ཆོས་ཉིད་འདི༔ ངེས་པ་དོན་གྱི་བུམ་དབང་ཡིན༔ གཤིས་ལ་སྒྲིབ་པས་མ་གོས་ཤིང༔ རང་རིག་འོད་གསལ་རྒྱུན་ཆད་མེད༔ རང་ངོ་རང་གིས་ཤེས་པ་འདི༔ ཡང་དག་གསང་བའི་དབང་སྐུར་ཡིན༔ བཅིངས་གྲོལ་མེད་པའི་ཡེ་ཤེས་ལ༔ ཅི་ཤར་བདེ་བ་ཆེན་པོ་སྟེ༔ འདུས་མ་བྱས་པའི་བདག་ཆེན་པོ༔ བརྟེན་པར་གྱིས་ཤིག་གསུམ་པའི་དབང༔ ཐ་མལ་ཤེས་པ་རྒྱ་ཡན་འདི༔ འདུ་བྱེད་བློ་ཡིས་རྟོགས་མི་ནུས༔ དཔེ་དང་ཚིག་ལས་འདས་པས་ན༔ དགོངས་པས་སད་བྱས་བཞི་པའོ༔ རང་སེམས་ལྷར་མཐོང་བསྐྱེད་རིམ་སྟེ༔ བདེ་གསལ་མི་རྟོག་རྫོགས་པའི་རིམ༔ གདམས་པ་གནད་ཀྱི་གཟེར་བུ་འདིས༔ སྨིན་གྲོལ་ཡོངས་སུ་རྫོགས་པའོ༔ ཞེས་གདམས་པ་བསྩལ་བ་དང༌། སླར་ཡང་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ་སྙམ་དུ་མོས་གུས་དྲག་པོ་བྱས་པའི་རྐྱེན་གྱིས། བླ་མ་གྲུབ་ཐོབ་རྣལ་འབྱོར་གྱི་དབང་ཕྱུག་སྐུ་འོད་ཕུང་གི་རྣམ་པར་ལྟེམས་ཀྱིས་ཞུ་ནས་ཁྱེད་རང་ལ་ཐིམ་པ་དང་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་པར་བཏབ་པ་བཞིན་ཐུགས་རྒྱུད་ལ་འཕོས་པའི་མོས་པ་མཛོད། རྒྱལ་བ་རིགས་ཐམས་ཅད་ཀྱི་ཁྱབ་བདག་དྲུག་པ་རྡོ་རྗེ་འཆང་ཆེན་པོ་ནས་བརྩམས་རྡོ་རྗེ་ཐེག་པ་གསང་སྔགས་ཀྱི་ལམ་ནས་མཆོག་གི་དངོས་གྲུབ་བརྙེས་པའི་གྲུབ་ཐོབ་ཕོ་མོའི་ཚོགས་ཐམས་ཅད་དང༌། ཁྱར་པར་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ས་ར་ཧ་པ་ལ་སོགས་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིས་རྡོ་རྗེའི་སློབ་མ་འདི་རྣམས་ལ་བྱིན་གྱིས་རློབས་ཤིག །ལུས་ལ་རྡོ་རྗེའི་སྐུ་ཡི་སྒོ་ནས་བྱིན་གྱིས་རློབས་ཤིག །ངག་ལ་རྡོ་རྗེའི་གསུང་གི་སྒོ་ནས་བྱིན་གྱིས་རློབས་ཤིག །ཡིད་ལ་རྡོ་རྗེའི་ཐུགས་ཀྱི་སྒོ་ནས་བྱིན་གྱིས་རློབས་ཤིག །ཡོན་ཏན་མི་ཟད་པ་རྒྱན་གྱི་འཁོར་ལོའི་སྒོ་ནས་བྱིན་གྱིས་རློབས་ཤིག །ཕྲིན་ལས་རྣམ་པ་བཞིའི་སྒོ་ནས་བྱིན་གྱིས་རློབས་ཤིག །གསང་བ་བསམ་གྱིས་མི་ཁྱབ་པའི་སྒོ་ནས་བྱིན་གྱིས་རློབས་ཤིག །ད་ལྟ་ཉིད་དུ་བྱིན་གྱིས་རློབས་ཤིག །མྱུར་བ་ཉིད་དུ་བྱིན་གྱིས་རློབས་ཤིག །སྟན་ཐོག་འདི་རུ་བྱིན་གྱིས་རློབས་ཤིག །ཛཿཧཱུྃ་བྃ་ཧོ། དེས་གྲུབ་པའི་དབང་ཕྱུག་ཆེན་པོ་མདའ་བསྣུན་ཞབས་ཀྱི་ཐུགས་སྒྲུབ་ཞི་བའི་ཐིག་ལེའི་དབང་བསྐུར་བྱིན་རླབས་ཀྱི་རིམ་པ་ལེགས་པར་གྲུབ་པ་ཡིན་པས་སྐུ་གསུང་ཐུགས་ཀྱི་དམ་ཚིག་སྤྱི་དང༌། ཁྱད་པར་བླ་མའི་རྣལ་འབྱོར་འབྲལ་མེད་གཡར་དམ་དུ་བཟུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་དང༌། གཏང་རག་མཎྜལ། ལུས་འབུལ། བསྔོ་བ་སོགས་སྤྱི་ལྟར་བྱའོ། །སློབ་མ་རྣམས་གྱེས་ཏེ། སློབ་དཔོན་གྱིས་ཚོགས་ལྷག་མ་མན་ཆད་ལས་རིམ་མཐར་དབྱུང་བས་གྲུབ་པའོ། །དབང་གྱུར་ཆོས་སྤྱན་ལྡན་རྣམས་དབྱིངས་སུ་མནལ། །བླུན་པོས་རྒྱལ་ཁམས་གང་ཚེ་ལམ་འདི་ཡང༌། །རང་བྲིས་རང་ཀློག་མི་བྱེད་ཀ་མེད་བྱུང༌། །ལེགས་ཚོགས་མཆིས་ན་བསྟན་འགྲོར་སྨན་གྱུར་ཅིག །ཅེས་པའང་མདོ་ཁམས་ཟུར་མང་བཀྲ་ཤིས་བདུད་རྩིའི་དིལ་ནས་དྲུང་པ་མཆོག་སྤྲུལ་གཟིམ་ཆུང་དུ་གཏེར་ཆེན་རོལ་རྡོར་མཆོག་སྤྲུལ་ལྔ་པ་ཀརྨ་དྲི་མེད་འོད་ཟེར་སོགས་ལ་སྨིན་གྲོལ་ཐོག་མར་འབུལ་སྐབས་འདི་བཞིན་ཆོག་ཁྲིགས་འོས་ཞེས་བཀའ་བསྩལ་བཞིན་ཡིད་ལ་བཅགས་ཀྱང་དུས་ཀྱི་འགྱུར་བས་འདུས་བྱས་མི་རྟག་པའི་བརྡ་སྟོན་གྱིས་རྒྱལ་ཁམས་ཆུ་བཞིན་ཉུལ་བས་བཏང་སྙོམས་སུ་ཐལ་བ་ན་ལོ་འདི་སྤྲིན་བར་གྱི་ཉི་ཞུར་བཞིན་གསལ་བའི་ཚེ་སླར་འབྲི་འདོད་བྱུང་བ་བཞིན་ལྷོ་ཕྱོགས་ནགས་མའི་ལྗོངས་སུ་སྤ་གྲོ་སྐྱེར་ཆུའི་མཐའ་འདུལ་གྱི་གཙུག་ལག་ཁང་ནས་དབུ་བརྩམས་སྤུང་ཐང་བདེ་བ་ཆེན་པོའི་ཕོ་བྲང་ནས་བླ་མ་བདེ་མཆོག་འཁོར་ལོའི་ཚོགས་སྒྲུབ་སྐབས་གྲུབ་པར་བགྱིས་པ་པོ་མངྒ་ལ་ཤྲཱི་བྷཱུ་ཏི་སྟེ་འབྲེལ་ཚད་གནས་ལུགས་ཕྱག་རྒྱ་ཆེན་པོའི་གྲོལ་ཚད་མངོན་དུ་འགྱུར་བའི་རྟེན་འབྱུང་དུ་གྱུར་ཅིག །སརྦ་དཱ་མངྒ་ལཾ། །དགེའོ།། །།}} | ||
</onlyinclude> | </onlyinclude> | ||
Line 46: | Line 49: | ||
==Other Information== | ==Other Information== | ||
{{Footer}} | {{Footer}} | ||
[[Category:DKR-KABUM-Volume-17-TSA]] | [[Category:DKR-KABUM-Volume-17-TSA]] | ||
[[Category:Khyentse Lineage Project]] | [[Category:Khyentse Lineage Project]] |
Revision as of 16:58, 7 December 2022
Wylie title | grub thob chen po sa ra ha'i thugs sgrub kyi smin grol chig rdzogs su 'bog tshul 'od gsal snang ba | |
---|---|---|
Location | dil mgo mkhyen brtse bka' 'bum Volume 17, Text 33, Pages 274-287 (Folios 1a to 14b1) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo) | |
Associated People | ས་ར་ཧ་ (Saraha) | |
Citation | Khyentse, Dilgo. Grub thob chen po sa ra ha'i thugs sgrub kyi smin grol chig rdzogs su 'bog tshul 'od gsal snang ba. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 17: 274-287. Delhi: Shechen Publications, 1994. | |
Genre | Empowerment Ritual - dbang chog - dbang skur | |
Cycle | གྲུབ་ཐོབ་ཆེན་པོ་ས་ར་ཧའི་ཐུགས་སྒྲུབ་ (grub thob chen po sa ra ha'i thugs sgrub) | |
Colophon |
།ཅེས་པའང་མདོ་ཁམས་ཟུར་མང་བཀྲ་ཤིས་བདུད་རྩིའི་དིལ་ནས་དྲུང་པ་མཆོག་སྤྲུལ་གཟིམ་ཆུང་དུ་གཏེར་ཆེན་རོལ་རྡོར་མཆོག་སྤྲུལ་ལྔ་པ་ཀརྨ་དྲི་མེད་འོད་ཟེར་སོགས་ལ་སྨིན་གྲོལ་ཐོག་མར་འབུལ་སྐབས་འདི་བཞིན་ཆོག་ཁྲིགས་འོས་ཞེས་བཀའ་བསྩལ་བཞིན་ཡིད་ལ་བཅགས་ཀྱང་དུས་ཀྱི་འགྱུར་བས་འདུས་བྱས་མི་རྟག་པའི་བརྡ་སྟོན་གྱིས་རྒྱལ་ཁམས་ཆུ་བཞིན་ཉུལ་བས་བཏང་སྙོམས་སུ་ཐལ་བ་ན་ལོ་འདི་སྤྲིན་བར་གྱི་ཉི་ཞུར་བཞིན་གསལ་བའི་ཚེ་སླར་འབྲི་འདོད་བྱུང་བ་བཞིན་ལྷོ་ཕྱོགས་ནགས་མའི་ལྗོངས་སུ་སྤ་གྲོ་སྐྱེར་ཆུའི་མཐའ་འདུལ་གྱི་གཙུག་ལག་ཁང་ནས་དབུ་བརྩམས་སྤུང་ཐང་བདེ་བ་ཆེན་པོའི་ཕོ་བྲང་ནས་བླ་མ་བདེ་མཆོག་འཁོར་ལོའི་ཚོགས་སྒྲུབ་སྐབས་གྲུབ་པར་བགྱིས་པ་པོ་མངྒ་ལ་ཤྲཱི་བྷཱུ་ཏི་སྟེ་འབྲེལ་ཚད་གནས་ལུགས་ཕྱག་རྒྱ་ཆེན་པོའི་གྲོལ་ཚད་མངོན་དུ་འགྱུར་བའི་རྟེན་འབྱུང་དུ་གྱུར་ཅིག །སརྦ་དཱ་མངྒ་ལཾ། །དགེའོ།། | |
/ces pa'ang mdo khams zur mang bkra shis bdud rtsi'i dil nas drung pa mchog sprul gzim chung du gter chen rol rdor mchog sprul lnga pa karma dri med 'od zer sogs la smin grol thog mar 'bul skabs 'di bzhin chog khrigs 'os zhes bka' bstsal bzhin yid la bcags kyang dus kyi 'gyur bas 'dus byas mi rtag pa'i brda ston gyis rgyal khams chu bzhin nyul bas btang snyoms su thal ba na lo 'di sprin bar gyi nyi zhur bzhin gsal ba'i tshe slar 'bri 'dod byung ba bzhin lho phyogs nags ma'i ljongs su spa gro skyer chu'i mtha' 'dul gyi gtsug lag khang nas dbu brtsams spung thang bde ba chen po'i pho brang nas bla ma bde mchog 'khor lo'i tshogs sgrub skabs grub par bgyis pa po mang+ga la shrI b+hU ti ste 'brel tshad gnas lugs phyag rgya chen po'i grol tshad mngon du 'gyur ba'i rten 'byung du gyur cig__/sarba dA mang+ga laM/___/dge'o// |