DKR-KABUM-14-PHA-011: Difference between revisions
From Khyentse Lineage - A Tsadra Foundation Project
WikiBot2015 (talk | contribs) No edit summary |
WikiBot2015 (talk | contribs) No edit summary |
||
Line 1: | Line 1: | ||
{{ | {{Khyentse Metadata | ||
|classification=Tibetan Publications | |||
< | |subclass=Tibetan Texts | ||
|collectiontitle=dil mgo mkhyen brtse bka' 'bum | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|totalvolumes=25 | |||
|author=Khyentse, Dilgo | |||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=PHA | |||
|textnuminvol=011 | |||
|pdflink=File:DKR-KABUM-14-PHA-011.pdf | |||
}} | |||
{{Header}} | |||
<h1 style="font-size: 24px !important;">Tibetan Text</h1> | |||
<onlyinclude> | <onlyinclude> | ||
{{TibP|༄༅། །ན་མཿཤྲཱི་བཛྲ་དྷཱ་ར་ཡེ། སྟོང་དྲུག་ཐིག་ལེ་འདུས་པའི་ཨེ་དབྱིངས་སུ། །ལྔ་ལྡན་ཡེ་ཤེས་མི་ཤིགས་ཝཾ་གྱི་གཟུགས། །ཟུང་འཇུག་ངེས་པ་དོན་གྱི་རྡོ་རྗེ་སེམས། །འགྱུར་མེད་པདྨ་རྣམ་པར་རྒྱལ་གྱུར་ཅིག །མགོན་ཁྱོད་ཡེ་ཤེས་ནམ་མཁའི་ཁམས། །བློ་གྲོས་སྣང་བའི་འོད་བཀྱེ་བས། །རྡོ་རྗེའི་སྒྲ་དབྱངས་ལྷ་མོ་ཡི། །སྨྲ་བའི་པདྨོ་འཛུམ་པར་མཛོད། །དེ་ཡང་དུས་འཁོར་རྩ་རྒྱུད་ལས། །རྣམ་འབྱོར་ཐབས་ཀྱི་ལུས་ཀྱིས་མིན། །ཤེས་རབ་གཅིག་པུས་འགྱུར་མ་ཡིན། །ཐབས་དང་ཤེས་རབ་སྙོམ་འཇུག་ལ། །དེ་བཞིན་གཤེགས་པས་རྣལ་འབྱོར་གསུངས། །ཞེས་དང༌། རྒྱུད་རྡོ་རྗེའི་ཕྲེང་བ་ལས། ཨེ་ཝཾ་དེ་བཞིན་གཤེགས་པའི་རྒྱལ། །གཉིས་སུ་མེད་པའི་མཚོན་བྱེད་དང༌། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །གང་ལ་དེ་ཉིད་མངོན་པར་བརྗོད། །ཅེས་གསུངས་པ་ལྟར་ཐབས་ཤེས་རྡོ་རྗེ་སྡོམ་པ་རྣལ་འབྱོར་དུ་བྱེད་པ་དང༌། བླ་མེད་ཀྱི་རྒྱུད་སྡེའི་དགོངས་པ་མཐར་ཐུག་སྟེ། དེའི་དོན་ཅུང་ཟད་བཤད་ན་ཨེ་ཝཾ་ཞེས་པའི་སྒྲ་འདིས་འཁོར་འདས་ལམ་གསུམ་ཐམས་ཅད་བསྡུས་པ་སྟེ། འདི་ལ་མཚོན་བྱེད་རྟགས་ཀྱི་ཨེ་ཝཾ་ཡི་གེའི་གཟུགས་སུ་བཤད་པ་དང༌། མཚོན་བྱ་དོན་གྱི་ཨེ་ཝཾ་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་དང༌། གཉིས་སུ་དབྱེར་མེད་ཀྱང་དོན་ལ་ཆོས་ཅན་དང་ཆོས་ཉིད་དུ་དགོངས་པ་གཅིག་ཏུ་འབབ་སྟེ། མཚན་བརྗོད་ལས། སྟོང་པ་ཆེན་པོ་ཡི་གེ་ལྔ། །ཞེས་པའི་དོན། དང་པོ་ཝཾ་ཡིག་སྟོང་པ་ཆེན་པོ་འགྱུར་མེད་ལྔའི་བདག་ཉིད་ཅན་དུ་གསུངས་ཏེ་དེ་ཡང་གཞི་འཁོར་བའི་ཆོས། རྣམ་ཤེས། འདུ་བྱེད། ཚོར་བ། འདུ་ཤེས། གཟུགས་ཀྱི་ཕུང་པོ་དྲུག །ཡེ་ཤེས། ནམ་མཁའ། རླུང༌། མེ། ཆུ། ས་ཡི་ཁམས་དྲུག །ཡིད། རྣ་བ། སྣ། ལྕེ། མིག །ལུས་ཀྱི་དབང་པོ་དྲུག །ཡུལ་ཆོས་དང་སྒྲ། དྲི། རོ། གཟུགས། རེག་བྱ་སྟེ་ཡུལ་དྲུག །མཆོག་གི་དབང་པོ་དང༌། བྷ་ག །ངག །ལག་པ། རྐང་པ། བཤང་ལམ་གྱི་དབང་པོ་དྲུག །དྲི་ཆུ་འཛག་པ་དང༌། ཁུ་བ་འཕོ་བ། སྨྲ་བརྗོད། བྱ་བ་ལག་ཏུ་ལེན་པ། འགྲོ་བ། བཤང་བ་འདོར་བ་སྟེ་བྱ་བ་དྲུག །འབྲས་བུ་མྱ་ངན་ལས་འདས་པའི་ཆོས་དབྱིངས། བྱ་གྲུབ། མཉམ་ཉིད། སོར་རྟོག །མེ་ལོང་སྟེ་ཡེ་ཤེས་ལྔ་དང༌། གཞན་ཕྱོགས་དབུས། ཤར། ལྷོ། བྱང༌། ནུབ་སྟེ་ཕྱོགས་ལྔ་རྣམས། མཚོན་བྱེད་བརྡའི་ཡི་གེ་ལ་གྲི་གུག །ཨི་ཡིག་དབྱུག་པ། རྀ་ཡིག་ཚེག་དྲག །ཨུ་ཡིག་ཐིག་ལེ། ལྀ་ཡིག་ཐོད་པའི་རྣམ་པ་ཅན་གྱི་རི་མོ་ལྔ་རྣམས། ལྟེ་བ། མགོ །སུག་པོ། ཟླ་ཚེས་ཐིག་ལེ་ནཱ་ད་དང་བཅས་པའི་གཟུགས་སུ་གྲུབ་པའི་ལུས། བསམ་པའི་ངེས་པས་གསལ་བྱེད་ཀྱི་ལུས་ཅན་ཝཾ་ཡིག་རྩ་བའི་དབྱངས་ཅིག་ལ་ཨི་རྀ་ཨུ་ལྀའི་བདག་ཉིད་ཅན་དུ་རྫོགས་པ་བཞིན་དུ་ཕུང་ཁམས་སོགས་སོ་དྲུག་པོ་དེ་རྣམས་གཞན་ཡེ་ཤེས་ལྔའི་བདག་ཉིད་ཝཾ་ཡིག་འདིས་མཚོན་པའི་དོན་གཞོམ་དུ་མེད་པའི་བདག་ཉིད་ཅན་གྱི་རྡོ་རྗེ་འཛིན་པ་བདེ་བ་ཆེན་པོ་བསྟན་པའོ། །གཉིས་པ། ཐིག་ལེ་སྟོང་པ་ཡི་གེ་དྲུག །ཅེས་ཨེ་ཡིག་སྟོང་པ་འགྱུར་མེད་དྲུག་གི་བདག་ཉིད་བཤད་པ་ནི། སྟོང་པ་ཆེན་པོ་དེ་དག་ལ་རྫས་ཀྱི་ངོས་ནས་དབྱེ་བ་མེད་ཀྱང་དེ་དག་གི་སྣང་ཆ་སྒྲིབ་མེད་པ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཀྱི་ཆ་ནས་བཞག་སྟེ། དེའང་ཇི་ལྟ་བུ་ཞེ་ན། ཐིག་ལེ་སྟོང་པ་དངོས་ནི་མཁའ་ཁམས། རྣ་བའི་དབང་པོ། ཡུལ་སྒྲ། ལས་དབང་བྷ་ག་བྱ་བ་ཁུ་བ་འཕོ་བ་རྣམས་སྒྲིབ་མེད་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཆ་ཀ་སྡེའི་བདག་ཉིད་བརྗོད་མེད་མཚོན་པ་དབུས་ཀྱི་གྲི་གུག་གི་སྟེང་དུའོ། །ཐིག་སྟོང་གཉིས་པ་འདུ་བྱེད་ཀྱི་ཕུང་པོ། རླུང༌། སྣ། དྲི། ངག །སྨྲ་བརྗོད་ཀྱི་ཆ་རྣམས་སྒྲིབ་མེད་ཆ་ཙ་སྡེའི་རི་མོ་ཤར་གྱི་དབྱུག་པའི་ཤར་དུའོ། །ཐིག་སྟོང་གསུམ་པ་ཚོར་ཕུང༌། ས། ལྕེ། རོ། ལག་པ། ལེན་པ་རྣམས་སྒྲིབ་མེད་ཀྱི་ཆ་ཊ་སྡེའི་རི་མོ་ཚེག་དྲག་གི་ལྷོ་རུའོ། །ཐིག་སྟོང་བཞི་པ་འདུ་ཤེས། ཆུ། མིག །གཟུགས། རྐང་པ། འགྲོ་བ་རྣམས་སྒྲིབ་མེད་ཀྱི་ཆ་པ་སྡེའི་རི་མོ་བྱང་གི་ཐིག་ལེའི་བྱང་དུའོ། །ཐིག་ལེ་ལྔ་པ་གཟུགས། ས། ལུས། རེག་བྱ། བཤང་ལམ། བཤང་བ་འདོར་བ་སྒྲིབ་མེད་ཀྱི་ཆ་ཏ་སྡེའི་རི་མོ་ནུབ་ཀྱི་སྒོ་ཐོང་པའི་ནུབ་ཏུའོ། །ཐིག་སྟོང་དྲུག་པ་ཡེ་ཤེས། ཡིད། ཆོས་མཆོག་གི་དབང་པོ། དྲི་ཆུ་འཛག་པ་རྣམས་སྒྲིབ་མེད་ཀྱི་ཆ་ས་སྡེའི་བདག་ཉིད་བརྗོད་དུ་མེད་པའི་རི་མོ་མཚོན་པས་དབུས་ཀྱི་གྲི་གུག་གི་རྣམ་པའི་འོག་ཏུའོ། །དེ་ལྟར་ཐིག་སྟོང་འགྱུར་མེད་དྲུག་མཚོན་པར་བྱེད་པ་བརྗོད་མེད་ཀྱི་རི་མོ་དྲུག་ལས་གཉིས་གཉིས་ཕྱི་ནང་དུ་བྲིས་པས་ལོགས་གསུམ་དང༌། སྔ་ཕྱིའི་རྩེ་མོ་གཡས་གཡོན་རེག་པ་ཟུར་གསུམ་པའི་རྣམ་པར་བྲིས་པས། ཝཾ་ཡིག་གི་རྟེན་དུ་གྱུར་པའི་ཨེ་ཡིག་ཆོས་འབྱུང་གྲུ་གསུམ་པའི་རྣམ་པ་དང༌། གསལ་བྱེད་ཀྱི་ཚོགས་བཏུས་པ་ལས་ཨེ་ཡིག་གི་ལུས་སུ་རྫོགས་པ་སྟེ་ལུས་དང་བསམ་པའི་ངེས་པ་ལས་སོ། །དེ་ལྟ་བུའི་ཨེ་དང་ཝཾ་གཉིས་གདོད་ནས་ཟུང་འཇུག་ཡིན་ཀྱང་གཙོ་ཆེ་ཆུང་གི་དབྱེ་བས་བཤད་ན། སམྦྷུ་ཊི་ལས། ཨེ་ནི་ཤེས་རབ་ཅེས་བརྗོད་དེ། ཞེས་གསུངས་པས་ཝཾ་ཡིག་ལ་སྟོང་ཆེན་འགྱུར་མེད་ལྔའི་བདག་ཉིད་དུ་གསུངས་པས་སྟོང་པ་ཆེན་པོ་ཞེས་རྡུལ་དང་དངོས་པོའི་ཆོས་ལས་འདས་པས་སྟོང་པ་ཡིན་ཀྱང་དེའི་ཆོས་ཉིད་མཆོག་ཏུ་མི་འགྱུར་བའི་བདེ་བས་ཁྱབ་པས་ཆེན་པོའི་སྒྲས་བསྔགས་པ་སྟེ། བདེ་བ་དེའང་འཛག་བདེའི་འཕོ་འགྱུར་ཅན་མ་ཡིན་པ་སྡུག་བསྔལ་གྱི་ཟུག་རྔུ་ཡེ་ནས་མེད་པས་འགྱུར་མེད་ཅེས་དང༌། རྟག་ཏུ་བདེ་བའི་ཆོས་ཉིད་ལས་ཉམས་པ་མེད་པས། དོ་ཧ་ལས། བདེ་བ་ནམ་མཁའི་ཁམས་སུ་མི་ཤོང་ངོ༌། །ཞེས་གསུངས། གྲངས་ལྔ་རུ་ངེས་པ་ནི། ནམ་མཁའ་ས་ཆུ་མེ་རླུང་གི་དཀྱིལ་འཁོར་ལྔ། ནམ་མཁའ་ཟླ་ཉི་སྒྲ་གཅན་དུས་མེ་ལྔ། གཟུགས་སོགས་ཕུང་པོ་ལྔ། ནང་ལུས་ཀྱི་དབུས་མདུན་རྒྱབ་གཡས་གཡོན་ལྔ། རྒྱུ་རྒྱུད་གནས་སྐབས་བཞི་དང་ལྔ། རྩ་འཁོར་ལོ་ལྔ། རྩ་བ་ཡན་ལག་གི་རླུང་ལྔ་ལྔ། ལུས་ཀྱི་ཡན་ལག་ལྔ། དཀྱིལ་འཁོར་དབུས་དང་ཕྱོགས་མདོག་ལྔ། རྩིག་པ་ལྔ། མངོན་བྱང་ལྔ། སངས་རྒྱས་རིགས་ལྔ། ལུས་སེམས་ཀྱིས་དབྱེ་བའི་ཉིན་རྟགས་ལྔ། མཚན་རྟགས་ལྔ། འབྲས་བུ་ཡེ་ཤེས་ལྔ་རྣམས་མཚོན་པས་སོ། །གཉིས་པ་ཨེ་ནི་ཤེས་རབ་ཅེས་བརྗོད་དེ། ཞེས་གསུངས་པས། ཨེ་ཡིག་ཐིག་ལེ་སྟོང་པ་འགྱུར་མེད་དྲུག་གི་བདག་ཉིད་དུ་གསུངས་པའི་ཐིག་ལེ་ཞེས་པ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དེའི་ཀློང་ལས་འཁོར་འདས་ཐམས་ཅད་ནམ་ཡང་འདའ་བ་མེད་པར་ཟླུམ་པའི་དོན་དང༌། དེ་དག་རྫས་ཀྱི་ངོས་ནས་གང་དུའང་དབྱེར་མེད་པས་སྟོང་པ། འཕེལ་འགྲིབ་བྲི་གང་དང་བྲལ་བས་འགྱུར་མེད། དེའི་ཡིན་ལུགས་སྨྲ་བསམ་བརྗོད་པའི་སྤྱོད་ཡུལ་དུ་མི་གནས་པས་བརྗོད་དུ་མེད་པ། དྲུག་ཏུ་ངེས་པ་ནི་ཕུང་སོགས་སོ་དྲུག་དྲུག་ཚན་དུ་དབྱེ་བས་ཏེ། མདོར་ན་སྟོང་ཉིད་ལ་སྒྲིབ་པ་མེད་པའི་ཆས་ཨེ་འགྱུར་མེད་དྲུག་དང༌། དག་མ་དག་རྣམ་དབྱེར་མེད་པ་རོ་མཉམ་པའི་ཆས་ཝཾ་ཡིག་འགྱུར་མེད་ལྔ། དེ་གཉིས་གཅིག་ཏུ་འདྲེས་ཏེ་གདོད་ནས་འབྲེལ་བས་ཟུང་འཇུག་ཅེས་གཙོ་བོར་བཤད་ཅིང༌། དེ་དག་རེ་རེ་བཞིན་དངོས་མཚན་གྱི་ཆོས་ལས་འདས་པས་གཉེན་པོ་གང་གིས་ཀྱང་མི་ཤིགས་པ། སྟོབས་གང་གིས་ཀྱང་གཞོམ་དུ་མེད་པ་རྡོ་རྗེའི་ཆོས་བདུན་གྱི་མཚན་ཉིད་ལས་རྟག་ཏུ་ཉམས་པ་མེད་པས་རྡོ་རྗེ་འཛིན་པ་སོགས་མིང་གིས་བསྙད་མེད་གཏན་ལ་དབབ་བྱའི་མཐར་ཐུག་གི་ཟུང་འཇུག་ལ་ཆེན་པོའི་སྒྲ་ཐོབ་པའོ། །ཐབས་ཤེས་གཉིས་སུ་མེད་པའི་ཆོས་ཐམས་ཅད་དེའི་མཚོན་པའམ་གསལ་བར་བྱེད་པས་ཡི་གེ་ཞེས་བརྡར་བརྟགས་པ་སྟེ། ཡི་གེ་དེ་ཐམས་ཅད་ཀྱང་དབྱངས་གསལ་གཉིས་སུ་འདུས་པས་ཨེ་ཡིག་ལ་དབྱངས་དང༌། ཝཾ་ཡིག་ལ་གསལ་བྱེད་ཀྱི་ལུས་རྫོགས་ཤིང༌། རྟེན་གསལ་བྱེད་ལ་བརྟེན་པ་ཝཾ་ཡིག་ཟུང་འཇུག་རོ་མཉམ་དུ་བརྟེན་པ་རྣམས་མཚོན་བྱེད་རྟགས་ཀྱི་ཨེ་ཝཾ་ཞེས་རྒྱ་ཆེ་བའི་ངོས་ནས་བཤད་པའོ། །མཚོན་བྱ་དོན་གྱི་ཨེ་ཝཾ་ནི། བདེ་སྟོང་གི་ཡེ་ཤེས་ཏེ་དེ་གཉིས་གདོད་ནས་ཟུང་དུ་འཇུག་པའི་དབང་གིས་བདེ་བ་ཆེན་པོ་དེ་ཉིད་ཤེར་ཕྱིན་སྟོང་པ་ཉིད་དང༌། ཤེར་ཕྱིན་ཉིད་ཀུན་ཏུ་བཟང་པོ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཡིན་པས་ཟུང་འཇུག་ཏུ་བསྟན་པ་སྟེ། དེ་གཉིས་ཀྱང་གཟུང་བྱའི་ཤེས་བྱ་རྣམ་པ་ཐམས་ཅད་པའི་སྟོང་ཉིད་ཅེས་ཆོས་ཉིད་ཀྱི་སེམས་ཡིན་པའི་གནད་སྣང་ཙམ་མ་འགགས་པའི་ཤེས་བྱའི་རྣམ་པ་ཅི་ཡང་སྣང་དུ་རུང་ཡང་དོན་ལ་གང་དུའང་གྲུབ་པ་མེད་པས་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཅེས་གསུངས་ལ། དེ་ལ་པདྨ་དང་སེམས་དཔའ་ཆོས་འབྱུང༌། མཁའ་ཁམས། བདེ་བ་ཆེན་པོའི་ཐབས། སེང་གེའི་ཁྲི། བྷ་ག་ཞེས་པའི་སྒྲས་མཚོན་ནས་གསུངས་ལ། སྟོང་ཉིད་དེ་མངོན་དུ་བྱེད་པ་ལ་འགྱུར་མེད་ཀྱི་བདེ་བ་ཆེན་པོའི་ཡེ་ཤེས་ནི་འཛིན་པར་བྱེད་པའི་ཤེས་རབ་སྟེ་དེ་ལ་བདེ་བ་ཆེན་པོ། ལྷན་སྐྱེས། མཆོག་ཏུ་མི་འགྱུར་བའི་བདེ་བ། རྡོ་རྗེ། ཐིག་ལེ་ཆེན་པོ། དེ་ཁོ་ན་ཉིད། ཡེ་ཤེས་རྣམ་པར་དག་པའི་སེམས་སོགས་ཐ་སྙད་དུ་བཞག་པར་མཛད་ལ། དོན་དུ་ཨེ་ཡིག་ཀྱང་ཝཾ་ཡིག་གི་སྣང་ཆ་ཙམ་ཡིན་པས་དོན་ལ་ཆོས་ཐམས་ཅད་ཀྱི་རྩ་བ་སྟོང་ཆེན་འགྱུར་མེད་ལྔ་ལ་འདུས་པ་སྟེ་མདོར་ན་ཨེ་ཝཾ་དེའི་སྣང་ཆ་སྒྲིབ་པ་མེད་པའི་ཆ་ནས་འཁོར་བའི་མ་དག་པའི་སྣོད་བཅུད་ཀྱི་སྣང་བ་དང༌། རང་བཞིན་གྱི་ཆ་ནས་དག་པ་མྱང་འདས་འཆར་བ་ཡིན་ཀྱང་ཨེ་ཝཾ་གྱི་དོན་ལ་ནམ་ཡང་དག་མ་དག་གཉིས་སུ་འགྱུར་བ་མེད་པས་ཟབ་པའི་ཆས་བཤད་པའོ། །ཨེ་ཝཾ་གྱི་སྒྲ་དེས་མཚོན་པའི་ཡེ་ཤེས་དེ་གང་དུ་གནས་པ་སྣང་ཚུལ་གྱིས་དབྱེ་ན་ལུས་དངོས་པོའི་གནས་ལུགས་ལ་གནས། དེ་ལའང་བརྟེན་པ་བག་ཆགས་ཀྱི་ལུས། རྟེན་གཉུག་མའི་ལུས་ཕྲ་རགས་གཉིས་སུ་གསུངས་པས་ཕྱི་མ་ཉིད་རྡོ་རྗེའི་ལུས། ཞེས་པ་སྟེ་བརྟེན་པ་བག་ཆགས་ཀྱི་ལུས་དེའི་རྩ་རླུང་ཐིག་ལེའི་དྭངས་མ་གསུངས་ཀྱང་རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་ཤིང༌། རྒྱུད་དུ་ཁུ་བའི་སྒྲས་ཀུན་རྫོབ་བྱང་སེམས་ལས་གྲུབ་ཅིང་སྣང་བ། ཡེ་ཤེས་ཀྱི་ངོ་བོར་གྱུར་ཅིང་མཆོག་ཏུ་མི་འགྱུར་བའི་བདེ་བའི་རྟེན་ལ་གཉུག་མའི་ལུས་བྱ་བ་སྟེ། དེ་ཡང་རྟེན་བག་ཆགས་ཀྱི་ལུས་ལ་བརྟེན་པའོ། །དེ་ལ་བརྟེན་པའི་སེམས་དངོས་པོའི་གནས་ལུགས་མཚོན་བྱ་དོན་གྱི་ཨེ་ཝཾ་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་ཀྱི་རང་བཞིན་ནམ་གནས་ཚུལ་ལ་སེམས་དངོས་པོའི་གནས་ལུགས་སུ་གྲགས་པ་སྟེ་དེ་ལ་ཉན་ཐོས་བྱེ་བྲག་ཏུ་སྨྲ་བས་སྲིད་པ་དང་སྲིད་པའི་ཡོ་བྱད་ལ་མ་ཆགས་པའི་སེམས་བྱུང་འདོད་ཆུང་ཆོག་ཤེས་པ་ནི་འཕགས་པའི་རིགས་སུ་འདོད། མདོ་སྡེ་པས་སེམས་ཀྱི་ས་བོན་ལ་ཟག་མེད་ཀྱི་ཆོས་ཡེ་ཤེས་འབྱུང་རུང་གི་ནུས་པ་ལ་བཞེད། སེམས་ཙམ་པས་ཐོག་མ་མེད་པ་ནས་སེམས་རྒྱུད་ལ་གནས་པའི་ཟག་མེད་སྐྱེད་བྱེད་ཀྱི་ནུས་པ་ཆོས་ཉིད་ཀྱིས་ཐོབ་པ་ལ་བཞེད། དབུ་མའི་ལུགས་ལ་དྲི་བཅས་དེ་བཞིན་ཉིད་བདེ་བར་གཤེགས་པའི་རིགས་སུ་འདོད། རྡོ་རྗེ་ཐེག་པས་དེ་ལ་ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་སྐུ་ཡི་རྒྱུད་དུ་བཞག་སྟེ། ཕ་རྒྱུད་ལས་ཟབ་གསལ་གཉིས་མེད་ཆོས་ཀྱི་དབྱིངས། མ་རྒྱུད་ལས་བདེ་བ་ཆེན་པོའི་བདག་ཉིད་ཡེ་ཤེས་ཀྱི་སྐུ། གཉིས་མེད་ཀྱི་རྒྱུད་ལས་མི་ཤིགས་པའི་ཐིག་ལེ་ཆེན་པོ་ཟུང་འཇུག་ཨེ་ཝཾ་གྱི་རང་བཞིན་དུ་གསུངས་པའོ། །དེས་ན་སྤྱིར་ཤེས་བྱའི་ཆོས་ཐམས་ཅད་ཡི་གེས་ཉེ་བར་མཚོན་ཞིང༌། དེར་མ་ཟད་སངས་རྒྱས་ཀྱིས་ཆོས་བསྟན་པ་ཐམས་ཅད་ཀྱང་ཡི་གེ་དབྱངས་གསལ་གཉིས་ལ་མ་འདུས་པ་མེད་ཅིང༌། དབྱངས་གསལ་གྱི་ཡི་གེའང་བསྡུ་ན་ཨེ་ཝཾ་གཉིས་སུ་འདུས་པའི་ཕྱིར་ཨེ་ཝཾ་གཉིས་ནི་ཆོས་ཐམས་ཅད་ཀྱི་འབྱུང་གནས་ཏེ། དེ་བཞིན་གཤེགས་པས་ཆོས་བསྟན་པ་ཐམས་ཅད་ཆོས་ཉིད་དབྱིངས་ཨེ་ཡི་དགོངས་པ་ལས་མ་གཡོས་བཞིན་ཝཾ་ཡིག་རང་བཞིན་ཤུགས་ཀྱི་ཐུགས་རྗེའི་རང་མདངས་གཉིས་མེད་ཟུང་འཇུག་རྡོ་རྗེའི་གསུང་གི་ཆོ་འཕྲུལ་ལས་གདུལ་བྱའི་ཁམས་མོས་དང་མཐུན་པའི་ཆོས་སྒོ་མཐའ་ཀླས་པ་བསྟན་པའི་ཕྱིར་ཨེ་ཝཾ་གཉིས་ཆོས་ཕུང་བརྒྱད་ཁྲིའི་འབྱུང་གནས་སུ་གྱུར་ཅིང༌། ཁྱད་པར་རྡོ་རྗེ་ཐེག་པའི་རྒྱུད་སྡེ་ནི་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཆེན་རྡོ་རྗེ་བཙུན་མོ་དང༌། མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ཧེ་རུ་ཀ་གཉིས་སུ་མེད་པར་མཉམ་པར་སྦྱོར་བའི་བདག་ཉིད་ཅན་ཨེ་ཝཾ་གྱི་ཡི་གེ་གླེང་གཞིའི་སྒྲ་བཤད་ཁོ་ནས་བསྟན་པ་འབའ་ཞིག་ཡིན་ལ། གསང་སྔགས་སྔ་འགྱུར་གྱི་རྒྱུད་སྒྱུ་འཕྲུལ་ཐལ་བ་ལས། འདི་ཞེས་ཉེ་བར་མཚོན་པ་ནི། །ཨེ་སོགས་རྣམ་བཞིའི་དབྱིབས་ཅན་གནས། །སྐད་ཅེས་གསལ་བྱེད་མིང་ཅན་ལ། །ཐིག་ལེ་ཝཾ་དབྱིབས་ཅན་སྟོན་པའོ། །མ་ད་མ་ནུ་སྡོམ་བྱེད་ཡིད། །ལས་ཅན་རྣམ་ཤེས་དེ་དག་ལ། །གསལ་བར་གོ་བས་བཤད་པར་འདོད། །པ་ཏྲ་དོན་དམ་ངེས་པའི་རྒྱུད། །ཡཱ་ན་ཐེག་མཆོག་འདི་ཡིན་ནོ། །དུས་ནི་བསམ་གྱིས་མི་ཁྱབ་དུས། །ནཱ་མ་ཞེས་མིང་དེ་བྱའོ། །ཞེས་རྒྱུད་ཀྱི་གླེང་གཞི་ནང་ལྟར་ཐབས་ལམ་སྟེང་འོག་ལམ་གྱི་སྒོ་ནས་བཀོད་པ་བྱང་ཆུབ་སེམས་ཀྱི་གནས་ལུགས་རྩ་རླུང་ཐིག་ལེའི་འགྲོ་འོང་འཁོར་ལོ་བཞི་ལ་ཁྱབ་སྟེ་ཡབ་ཡུམ་མཁའ་གསང་སྦྱོར་བས་ཞུ་བདེའི་དཔེའི་བདེ་སྟོང་གཉིས་མེད་དོན་གྱི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་མངོན་དུ་བྱེད་ཚུལ་དང༌། གྲོལ་ལམ་ཡེ་ཤེས་ཆེན་པོའི་བཞུགས་ཚུལ་སྒྱུ་འཕྲུལ་རྒྱ་མཚོ་ལས། དྷརྨ་ཙཀྲ་ཆོས་ཀྱི་གནས། །འོད་བཞི་ཨེ་སོགས་དབྱིབས་སུ་གནས། །མི་ཤིགས་ཐིག་ལེ་ཝཾ་དབྱིབས་ཅན། །རང་ལ་བདེ་བས་བརྡས་བཤད་པའོ། །ཡེ་ཤེས་ནམ་མཁའི་གཟུགས་སུ་སྐྱེས། །པ་ར་མི་ཏ་དོན་ཟབ་མོ། །བདེ་བའི་དུས་ཉིད་མཐའ་བྲལ་ཕྱིར། །དུས་གསུམ་ཀུན་གྱི་ངོ་བོར་གནས། །ཞེས་སྙིང་ག་ཆོས་ཀྱི་འཁོར་ལོ། ཙིཏྟ་ཤའི་སྒྲོན་མེའི་ནང་དུ་གཉིས་སུ་མེད་པའི་ཡེ་ཤེས་ནམ་མཁའི་རང་བཞིན་འཕོ་འགྱུར་མེད་པ་མཐིང་ག་ཁྱབ་པ་ཆེན་པོ་འཆར་གཞི་ཡིན་པས་གཟུགས་སུ་མ་ཆད་ལ། འོད་ལྗང་གུ་གྲུ་གསུམ་ཨེ་སོགས་འོད་ལྔ་རང་ཤར་གྱི་རྟེན་ཐིག་ལེ་ཟླུམ་པོ་ཝཾ་དང་བཅས། རྣམ་ཤེས་ཚོགས་བརྒྱད་གནས་སུ་དག་པའི་ཡེ་ཤེས་ལྔ་ཡི་རྩལ་རྫོགས་པ་ནི། རྒྱལ་བའི་ཐུགས་ཀྱི་གསང་བ་ཞེས་པ་སྦས་དོན་རྒྱུད་ཀྱི་གླེང་གཞི་ལྟར་བཤད་པས། ནང་རྒྱུད་སྡེ་གསུམ་གྱི་ཟབ་དོན་ཐམས་ཅད་ཨེ་ཝཾ་གྱི་ཡི་གེས་རྗེས་སུ་མཚོན་ནུས་པས་སོ། །ཁམས་དེའི་རང་བཞིན་མ་རིག་ཅིང་འཁྲུལ་པའི་རྒྱུ་ནི་འགྱུར་བའི་བག་ཆགས་ཀྱིས་ཡིན་ལ། དེ་ལས་ཆོས་ཉིད་དེ་བཞིན་ཉིད་རང་གི་ངོ་བོ་ཡུལ་དང་ཡུལ་ཅན་ལྟར་སྣང་བ་འགག་པ་མེད་པའི་རྩལ་གྱིས་མ་རིག་སྟེ་འགྱུར་བའི་བག་ཆགས་ཀྱིས་རྟེན་འབྲེལ་བཅུ་གཉིས་སུ་འཆར་བས་བག་ཆགས་ལས་འཁོར་བ། འཁོར་བ་ལས་བག་ཆགས་འབྱུང་ཞིང་འཁོར་བའོ། །དེས་ན་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་གཅིག་གི་ཆོ་འཕྲུལ་ལས་འཁོར་འདས་ཐམས་ཅད་བྱུང་ཡང་ཡེ་ཤེས་ཉིད་ནི་འཁོར་འདས་གང་གི་ཡང་ཕྱོགས་སུ་མ་ལྷུང་བ་བསམ་གྱིས་མི་ཁྱབ་པའི་ཁྱད་པར་བཞི་དང་ལྡན་པ་སྟེ། དེ་ཉིད་རྟོགས་བྱ་མཐར་ཐུག་ཡིན་པས་དོན་གཏན་ལ་དབབ་པའི་ཕྱིར་མདོ་སྔགས་ཀྱི་ལམ་གྱི་རིམ་པ་མཐའ་ཡས་པ་གསུངས་ཤིང་བསྟན་པའོ། །མཚོན་བྱ་དོན་གྱི་ཨེ་ཝཾ་མཁའ་ལྟར་དག །མཚོན་བྱེད་རྟགས་ཀྱི་ཨེ་ཝཾ་འཁོར་འདས་ལམ། །ཀུན་ཀྱང་ཨེ་ཝཾ་སྒྲ་བཤད་འདིས་རྟོགས་ནས། །གདོད་ནས་འགྱུར་མེད་ཨེ་ཝཾ་མངོན་གྱུར་ཤོག །ཕྱི་ཡི་ཀླ་ཀློ་ཨེ་དབྱིངས་མཚོན་གྱིས་བསྒྲལ། །ནང་གི་ཀླ་ཀློ་ཝཾ་ཡིག་བདེ་བས་འདུལ། །གསང་བའི་ཀླ་ཀློ་ཟུང་འཇུག་རྡོ་རྗེའི་སར། །སྦྱོར་བས་དགེ་མཚན་བསྟན་འགྲོའི་དཔལ་གྱུར་ཅིག །ཅེས་དང་པོའི་སངས་རྒྱས་འགྱུར་མེད་ཀྱི་བདེ་ཆེན་རྡོ་རྗེ་སེམས་དཔའི་དཔྱིད་གྲུབ་ཞེ་ཆེན་པ་པདྨའི་མཚན་ཅན་གྱི་ཐུགས་སྲས་རྡོ་རྗེ་སྡོམ་པའི་ཨེ་ཝཾ་ནམ་མཁའི་ཡེ་ཤེས་ལ་ངེས་པ་བརྙེད་པའི་རིག་པ་འཛིན་པ་ཆོས་ཀྱི་རྒྱ་མཚོས་ཐུན་མོང་མ་ཡིན་པའི་ཐུགས་བརྩེའི་དབྱར་རྔས་བསྐུལ་བ་ལས་མི་ཤིགས་དབྱིངས་རིག་གི་ཨེ་ཝཾ་ལ་མོས་པ་ལམ་དུ་བྱེད་པའི་གུ་ཡངས་ཀྱི་ཡོ་གི་སངས་རྒྱས་པདྨ་དགྱེས་པས་རྗེས་སུ་བཟུང་བ་འོད་གསལ་རྡོ་རྗེ་ཐུགས་མཆོག་རྩལ་གྱིས་མཐའ་ཡི་རྒྱལ་ཁབ་ཨ་རིའི་བྱེ་བྲག་བཛྲ་དྷཱ་ཏུར་བྲིས་པས་འགྲོ་ཀུན་མཆོག་ཏུ་མི་འགྱུར་རྡོ་རྗེ་སེམས་དཔའི་བརྟུལ་ཞུགས་གྲུབ་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ། དགེའོ།། །།}} | |||
</onlyinclude> | </onlyinclude> | ||
{{TsagliCall}} | |||
</ | <headertabs/> | ||
== Footnotes == | |||
<references/> | |||
==Other Information== | |||
{{Footer}} | |||
[[Category:DKR-KABUM-Volume-14-PHA]] | [[Category:DKR-KABUM-Volume-14-PHA]] | ||
[[Category:Khyentse Lineage Project]] | [[Category:Khyentse Lineage Project]] | ||
Revision as of 12:40, 4 November 2022
🚧 This website is under continued development. We appreciate your patience!
Previous Text"PHA" is not a number. Back to Volume Page"PHA" is not a number.Next Text "PHA" is not a number.
Wylie title | ||
---|---|---|
Location | dil mgo mkhyen brtse bka' 'bum Volume Expression error: Unrecognized word "pha"., Text 11, Pages (Folios to ) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Citation | ||
Genre | "PHA" is not a number. |
"PHA" is not a number.