DKR-KABUM-02-KHA-017: Difference between revisions

From Khyentse Lineage - A Tsadra Foundation Project
(Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=dil mgo mkhyen brtse bka' 'bum |collectiontitletib=དིལ་མགོ་...")
 
No edit summary
Line 24: Line 24:
==Other Information==
==Other Information==
{{Footer}}
{{Footer}}
[[Category:DKR-KABUM-Volume-02-KHA]]
[[Category:DKR-KABUM-Volume-02-KHA]]
[[Category:DKR-KABUM-Volume-02-KHA]]
[[Category:Khyentse Lineage Project]]
[[Category:Khyentse Lineage Project]]

Revision as of 14:19, 3 November 2022

Wylie title DKR-KABUM-02-KHA-017.pdf
Location dil mgo mkhyen brtse bka' 'bum
Volume Expression error: Unrecognized word "kha"., Text 17, Pages (Folios to )
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation
Genre "KHA" is not a number.

"KHA" is not a number.

[edit]
བླ་མའི་རྣལ་འབྱོར་བྱིན་རླབས་སྲོག་ཏིག་གི་རྡོ་རྗེ་བཞི་ཡི་བྱིན་རླབས་བྱ་ཚུལ་ཡེ་ཤེས་བཅུད་ཀྱི་ཐིག་ལེ་བཞུགས། ན་མོ་གུ་རུ་ཛྙཱ་ན་བཛྲ་ཀཱ་ཡ། འདིར་བླ་མ་ལྟ་དགོངས་ཅན་དང༌། སློབ་མ་སྣོད་ལྡན་གྱི་རྟེན་འབྲེལ་ཚོགས་ན་ཏིང་འཛིན་ཁོ་ནས་རྡོ་རྗེ་བཞིས་དོན་གྱི་དབང་སྦྱིན་པའི་ཚུལ་ལ། བླ་སྒྲུབ་བྱིན་རླབས་སྲོག་ཏིག་གི་མཚན་སྔགས་བཟླས་པའི་བར་བཏང༌། སྣང་གྲགས་རིག་པ་བླ་མའི་རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་དུ་གདོད་ནས་རྫོགས་པར་ཤེས་པའི་དག་སྣང་དང་མ་བྲལ་བས་བླ་མ་ཆོས་ཉིད་ཀྱི་ངང་ལས་གཡོ་བ་མེད་པར་བཞུགས་པའི་མདུན་སློབ་མ་འཁོད་ལ་དད་མོས་རྩེ་གཅིག་པའི་ཡིད་ཀྱིས་དབྱངས་སྙན་པོས། ཨ་ཧོ། སྤྱི་བོ་བདེ་ཆེན་འཁོར་ལོའི་གཞལ་ཡས་ཀྱི་དབུས་ན། །དཔལ་ལྡན་བླ་མ་སྐུ་ཡི་རྡོ་རྗེ་དེ་བཞུགས་ཡོད། །སྣང་སྟོང་དབྱེར་མེད་ངང་ནས་གསོལ་བ་ཞིག་འདེབས་སོ། །ལུས་སྣང་སྤྲུལ་སྐུར་དག་པར་བྱིན་གྱིས་རང་རློབས་ཤིག །ཞེས་ལན་གསུམ་དུ་གསོལ་བ་བཏབ་པས། བླ་མས་ངོ་སྤྲོད་པ་ནི། བླ་མའི་སྐུ་ནི་ཡེ་ཤེས་སྐུ། །སྣང་སྲིད་བརྟན་གཡོ་ཀུན་ལ་ཁྱབ། །རྣམ་དག་གདན་གསུམ་འཁོར་ལོ་ཆེ། །སྣང་སྟོང་བུམ་པའི་དབང་མཆོག་གོ །ཞེས་བརྗོད་པའི་དོན་ལ་དཔོན་སློབ་གཉིས་ཀས་མཉམ་པར་བཞག །དབང་གི་རྟོགས་བརྗོད་ནི། ཞེས་བླ་མ་ཟག་མེད་རྡུལ་དང་བྲལ་བའི་ཡེ་ཤེས་ཀྱི་སྐུ་ནམ་མཁའི་གཟུགས་ཅན་གྱི་འཁོར་འདས་ཀུན་ཁྱབ་ཆེན་པོར་བཞུགས་ཀྱང་རྡུལ་དང་དངོས་པོའི་ཆོས་སུ་མི་གནས། ཟག་མེད་རྡོ་རྗེའི་སྐུ་ཡི་བ་སྤུ་རེ་རེ་ལ་ཞིང་དང་སྟོན་པའི་མཛད་པ་རབ་འབྱམས་སུ་སྟོན་པ་དང༌། སྐུ་གཅིག་གིས་བསམ་གྱིས་མི་ཁྱབ་པའི་ཞིང་ལ་ཁྱབ་པ་སོགས་ཆོ་འཕྲུལ་བསམ་ལས་འདས། དེར་མ་ཟད་མ་དག་པའི་ཁམས་ཀྱི་ཕུང་ཁམས་སྐྱེ་མཆེད་ཀྱང་བླ་མ་གདན་གསུམ་རྡོ་རྗེའི་གྲོང་ཁྱེར་ཆེན་པོར་ཡེ་རྫོགས་སུ་བཞུགས་པའི་དོན་ཤེས་པའི་བླ་མའི་སྐུ་རྡོ་རྗེའི་སྣང་སྟོང་འདུ་འབྲལ་མེད་པའི་དོན་རྟོགས་པ་ནི་ངེས་པ་དོན་གྱི་བུམ་པའི་དབང་བསྐུར་བའོ། །ཡང༌། མགྲིན་པ་ལོངས་སྤྱོད་འཁོར་ལོའི་པདྨོ་ཡི་དབུས་ན། །དཔལ་ལྡན་བླ་མ་གསུང་གི་རྡོ་རྗེ་དེ་བཞུགས་ཡོད། །གྲགས་སྟོང་དབྱེར་མེད་ངང་ནས་གསོལ་བ་རང་འདེབས་སོ། །རླུང་སྔགས་ལོངས་སྐུར་རྫོགས་པར་བྱིན་གྱིས་རང་རློབས་ཤིག །ལན་གསུམ་གསོལ་བ་བཏབ་ནས། བླ་མས། བླ་མའི་གསུང་ནི་རྡོ་རྗེའི་གསུང༌། །གྲགས་སྟོང་རྣམ་པ་ཐམས་ཅད་པ། །རླུང་སྔགས་མི་ཤིགས་ནཱ་དའི་སྒྲ། །གསལ་སྟོང་གསང་བའི་དབང་མཆོག་གོ །ཞེས་སྣོད་བཅུད་བརྟན་གཡོའི་སྒྲ་སྐད་ཐམས་ཅད་སྒྲར་གྲགས་པའི་དུས་ནས་ཆོས་ཉིད་སྐྱེ་མེད་ཀྱི་ངོ་བོ་ལས་མ་འདས། ཆོས་ཉིད་དེ་མཚོན་བྱེད་ཡི་གེ་ཨ་ནི་ཆོས་ཀྱི་སྒོ་བརྒྱད་ཁྲི་བཞི་སྟོང་གི་འབྱུང་གནས་ཡིན། དེར་མ་ཟད་ཕྱི་འབྱུང་བཞིའི་སྒྲ། ནང་སྐྱེ་འགྲོའི་ངག་ཚིག་ཐམས་ཅད་ཀྱང་ཨ་འབའ་ཞིག་གི་ཆོ་འཕྲུལ། ཨ་སྐྱེ་མེད་ཆོས་ཀྱི་དབྱིངས་ལས་གདངས་འགགས་མེད་ཀྱི་རོལ་པར་ཤར་བ་འདི་བླ་མ་གསུང་རྡོ་རྗེ་གསལ་སྟོང་རྣམ་པར་མི་རྟོག་པའི་དོན་ངོ་སྤྲད་པ་ལ་མཉམ་པར་བཞག་པ་ནི་ངེས་པ་དོན་གྱི་གསང་བའི་དབང་བསྐུར་བའོ། །ཡང༌། སྙིང་ག་ཆོས་ཀྱི་འཁོར་ལོའི་ཆུ་སྐྱེས་ཀྱི་དབུས་ན། །དཔལ་ལྡན་བླ་མ་ཐུགས་ཀྱི་རྡོ་རྗེ་དེ་བཞུགས་ཡོད། །རིག་སྟོང་དབྱེར་མེད་ངང་ནས་གསོལ་བ་རང་འདེབས་སོ། །རྟོག་ཚོགས་ཆོས་སྐུར་སྨིན་པར་བྱིན་གྱིས་རང་རློབས་ཤིག །ལན་གསུམ། བླ་མའི་ཐུགས་ནི་རྡོ་རྗེའི་ཐུགས། །ཅིར་སྣང་ཡེ་ཤེས་ཆེན་པོའི་རྩལ། །སྐྱེ་འགག་གནས་བྲལ་འཕོ་མེད་ཀྱི། །བདེ་སྟོང་ཡེ་ཤེས་དབང་མཆོག་གོ །ཞེས་བདེ་སྟོང་གཉིས་མེད་ཐུགས་རྡོ་རྗེའི་ཡེ་ཤེས་དག་པའི་སྣང་ཆ་ཚོགས་དྲུག་ཅིར་སྣང་ཟག་མེད་བདེ་བ་ཆེན་པོའི་རོལ་རྩེད་སྟེ། ཆོས་དབྱིངས་འཕོ་འགྱུར་མེད་པའི་དགོངས་པ་རྒྱུད་ལ་འདྲེན་པའི་ཕྱིར་ཐབས་ཀྱི་སྒྱུ་མ་རྡོ་རྗེ་བཙུན་མོའི་ཉེ་རྒྱུའི་དཔེའི་ཡེ་ཤེས་མངོན་དུ་བྱ་བ་ནི་བླ་མ་ཐུགས་རྗེ་བདེ་སྟོང་དེ་ཁོ་ན་ཉིད་ཀྱི་དོན་ལ་མཉམ་པར་ཞོག་ཅིག །ཡང༌། དག་སྣང་རྣམ་པར་དག་པའི་ཡེ་ཤེས་ཀྱི་ཀློང་ན། །སྐྱབས་ཀུན་འདུས་ཞལ་དྲིན་ཆེན་བླ་མ་དེ་བཞུགས་ཡོད། །རྩེ་གཅིག་གུས་པའི་ཡིད་ཀྱིས་གསོལ་བ་རང་འདེབས་སོ། །དུས་གསུམ་འདུ་འབྲལ་མེད་པར་བྱིན་གྱིས་རང་རློབས་ཤིག །ལན་གསུམ་རྗེས། བླ་མ་ཡེ་ཤེས་རྡོ་རྗེ་ཆེ། །གང་དུའང་མི་གནས་ཀུན་ལ་ཁྱབ། །དོན་གྱི་དེ་ཉིད་མངོན་གྱུར་ན། །རིག་སྟོང་བཞི་བའི་དབང་གི་མཆོག །དེ་ལྟ་བུའི་སྐུ་གསུང་ཐུགས་རྡོ་རྗེའི་བླ་མ་སྐུ་གསུམ་ཀྱང་རྒྱུད་ཐ་དད་དུ་ནམ་ཡང་མི་གནས་པ་དངོས་གཅིག་དུ་མའི་རོལ་པ་སྣང་གྲགས་རིག་པའི་ཆོ་འཕྲུལ་དུ་བསྟན་ཀྱང་དོན་དུ་གང་ལའང་མི་གནས་པ་ཐམས་ཅད་ལ་ཁྱབ་པ། སྣང་སྲིད་འཁོར་འདས་ཐམས་ཅད་ཀྱི་སྲོག་སྙིང༌། ཟབ་རྒྱས་ཐེག་པའི་སྒོ་རབ་འབྱམས་ཀྱི་སྐྱེལ་སོ། སངས་རྒྱས་འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱི་སྤྱོད་ཡུལ་མཐར་ཐུག་ངེས་པ་དོན་གྱི་བླ་མ་དགོངས་བརྒྱུད་རྡོ་རྗེའི་ཚིག་གི་ངོ་སྤྲད་པ་ཡིན་པས་ཤེས་པར་གྱིས་ཤིག །དེ་ལྟ་བུའི་ཡིན་ལུགས་མངོན་དུ་བྱེད་པ་ལ་ལམ་གྱི་ཡན་ལག་འདི་དག་ཚོགས་དགོས་པར་རྗེས་སུ་གདམས་པ་ཡིན་པས་སྙན་གཏོད་ཅིག །ཚུལ་ཁྲིམས་རྣམ་པར་དག་པ་ཡོན་ཏན་གྱི་ཞིང་ས། །ངེས་འབྱུང་བྱང་ཆུབ་སེམས་གཉིས་དམ་ཆོས་ཀྱི་སྙིང་པོ། །ཐོས་བསམ་སྒོམ་པ་མཐར་སོན་ཉམས་ལེན་གྱི་འཇུག་སྒོ། །རྩེ་གཅིག་ཟབ་ལམ་སྒོམ་པ་དོན་ལྡན་གྱི་བགྱི་བ། །སྣང་སྲིད་ལྷ་སྐུར་ཤར་བ་ཡེ་ཤེས་ཀྱི་རོལ་མོ། །རྩ་རླུང་དབུ་མར་ཐིམ་པ་གསང་ཆེན་གྱི་མྱུར་ལམ། །ཀ་དག་བསམ་བརྗོད་བྲལ་བ་གནས་ལུགས་ཀྱི་མཐར་ཐུག །ལྷུན་གྲུབ་སྣང་བཞིའི་ཉམས་ལེན་ཁྱད་པར་གྱི་གསེང་ལམ། །རྩེ་གཅིག་རྒྱུད་ལ་བསྟར་བའི་སྐལ་བཟང་གི་སྣང་བ། །གཟུང་འཛིན་འཁྲུལ་པའི་མུན་པ་ཆོས་དབྱིངས་སུ་ཐིམ་ནས། །འཕོ་ཆེན་འཇའ་ལུས་རྡོ་རྗེའི་གོ་འཕང་ལ་རོལ་པའི། །ངོ་མཚར་ཚེ་འདིར་འགྲུབ་པའི་སྨོན་ལམ་ཞིག་ཞུའོ། །ཞེས་ལམ་གྱི་སྔོན་འགྲོ་ངེས་འབྱུང་གི་ཚུལ་ཁྲིམས། ལམ་གྱི་གཞུང་ཤིང་བྱང་སེམས་ཀྱི་བསགས་སྦྱངས། ལམ་གྱི་འཇུག་སྒོ་ཐོས་བསམ་གྱི་ཤེས་རབ། ལམ་གྱི་བོགས་འབྱིན་རྟག་གུས་ཀྱི་བརྩོན་འགྲུས། ལམ་གྱི་དངོས་གཞི་བསྐྱེད་རྫོགས་ཀྱི་ཏིང་འཛིན། ལམ་གྱི་མཐར་ཐུག་ཀ་ལྷུན་གྱི་རྣལ་འབྱོར་ལ་བརྩོན་པ་མཐར་ཕྱིན་པས། ལམ་གྱི་འབྲས་བུ་སྐུ་བཞིའི་གོ་འཕང་མངོན་དུ་བྱེད་ནུས་པའི་མདོ་ཆིངས་སུ་གདམས་པའོ། །དེ་ལྟར་སྨིན་གྲོལ་གནད་དུ་ཐེབ་པ་ན། གདོད་ནས་བླ་མ་རང་ལ་རྫོགས། །གཉིས་སུ་མེད་པའི་རྡོ་རྗེ་སེམས། །འཁོར་འདས་ཀུན་གྱི་བྱེད་པོ་སྟེ། །རྟག་ཏུ་འདུ་འབྲལ་མེད་པའོ། །ཞེས་པ་ལྟར་དེ་དག་གིས་རྣམ་བཅས་གཟུགས་སྐུའི་བླ་མའི་བརྡ་ལ་བརྟེན་ནས། རྣམ་མེད་ཆོས་སྐུའི་བླ་མའི་དགོངས་བརྒྱུད་སད་པར་བྱེད་པ་དབང་གི་མཐར་ཐུག་རྨད་དུ་བྱུང་བའི་རྡོ་རྗེ་གསང་བའི་ཚིག་གོ །ཞེས་པའང་འོད་གསལ་ཡེ་ཤེས་ཀྱི་སྐུ་བརྙེས་ཀུན་གཟིགས་མཁྱེན་བརྩེའི་དབང་པོའི་དཔལ་ལྡན་བླ་མ་རྡོ་རྗེ་གསུམ་གྱི་གསོལ་འདེབས་རྡོ་རྗེའི་དོ་ཧ་མཇལ་བའི་བྱིན་རླབས་ཁོ་ནས་རིག་ཀློང་ལས་ཐོལ་བྱུང་དུ་སད་པ་བཞིན་ཐེག་པ་མཆོག་ལ་མོས་པས་སྤྱོད་པའི་གཏད་མེད་ཀུན་ཏུ་རྒྱུ་འོད་གསལ་ཐུགས་མཆོག་རྡོ་རྗེས་བལ་ཡུལ་མཆོད་རྟེན་ཆེན་པོ་བྱ་རུང་ཁ་ཤོར་གྱི་མདུན་ནས་ས་རྟ་ནག་ཟླའི་ཚེས་བཅུ་ལ་གྲུབ་པར་བྱས་པས་གྲུབ་སྲས་རྣལ་འབྱོར་མ་དྷརྨའི་རྒྱུད་ཆོས་ལ་འབྱོར་བའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ། དགེའོ།། །།
[edit]

bla ma'i rnal 'byor byin rlabs srog tig gi rdo rje bzhi yi byin rlabs bya tshul ye shes bcud kyi thig le bzhugs/__na mo gu ru dz+nyA na badz+ra kA ya/__'dir bla ma lta dgongs can dang*/__slob ma snod ldan gyi rten 'brel tshogs na ting 'dzin kho nas rdo rje bzhis don gyi dbang sbyin pa'i tshul la/__bla sgrub byin rlabs srog tig gi mtshan sngags bzlas pa'i bar btang*/__snang grags rig pa bla ma'i rdo rje gsum gyi dkyil 'khor du gdod nas rdzogs par shes pa'i dag snang dang ma bral bas bla ma chos nyid kyi ngang las g.yo ba med par bzhugs pa'i mdun slob ma 'khod la dad mos rtse gcig pa'i yid kyis dbyangs snyan pos/___a ho/__spyi bo bde chen 'khor lo'i gzhal yas kyi dbus na/__/dpal ldan bla ma sku yi rdo rje de bzhugs yod/__/snang stong dbyer med ngang nas gsol ba zhig 'debs so/__/lus snang sprul skur dag par byin gyis rang rlobs shig__/zhes lan gsum du gsol ba btab pas/__bla mas ngo sprod pa ni/__bla ma'i sku ni ye shes sku/__/snang srid brtan g.yo kun la khyab/__/rnam dag gdan gsum 'khor lo che/__/snang stong bum pa'i dbang mchog go_/zhes brjod pa'i don la dpon slob gnyis kas mnyam par bzhag__/dbang gi rtogs brjod ni/__zhes bla ma zag med rdul dang bral ba'i ye shes kyi sku nam mkha'i gzugs can gyi 'khor 'das kun khyab chen por bzhugs kyang rdul dang dngos po'i chos su mi gnas/__zag med rdo rje'i sku yi ba spu re re la zhing dang ston pa'i mdzad pa rab 'byams su ston pa dang*/__sku gcig gis bsam gyis mi khyab pa'i zhing la khyab pa sogs cho 'phrul bsam las 'das/__der ma zad ma dag pa'i khams kyi phung khams skye mched kyang bla ma gdan gsum rdo rje'i grong khyer chen por ye rdzogs su bzhugs pa'i don shes pa'i bla ma'i sku rdo rje'i snang stong 'du 'bral med pa'i don rtogs pa ni nges pa don gyi bum pa'i dbang bskur ba'o/___/yang*/__mgrin pa longs spyod 'khor lo'i pad+mo yi dbus na/__/dpal ldan bla ma gsung gi rdo rje de bzhugs yod/__/grags stong dbyer med ngang nas gsol ba rang 'debs so/__/rlung sngags longs skur rdzogs par byin gyis rang rlobs shig__/lan gsum gsol ba btab nas/__bla mas/__bla ma'i gsung ni rdo rje'i gsung*/__/grags stong rnam pa thams cad pa/__/rlung sngags mi shigs nA da'i sgra/__/gsal stong gsang ba'i dbang mchog go__/zhes snod bcud brtan g.yo'i sgra skad thams cad sgrar grags pa'i dus nas chos nyid skye med kyi ngo bo las ma 'das/__chos nyid de mtshon byed yi ge a ni chos kyi sgo brgyad khri bzhi stong gi 'byung gnas yin/__der ma zad phyi 'byung bzhi'i sgra/__nang skye 'gro'i ngag tshig thams cad kyang a 'ba' zhig gi cho 'phrul/__a skye med chos kyi dbyings las gdangs 'gags med kyi rol par shar ba 'di bla ma gsung rdo rje gsal stong rnam par mi rtog pa'i don ngo sprad pa la mnyam par bzhag pa ni nges pa don gyi gsang ba'i dbang bskur ba'o/___/yang*/__snying ga chos kyi 'khor lo'i chu skyes kyi dbus na/__/dpal ldan bla ma thugs kyi rdo rje de bzhugs yod/__/rig stong dbyer med ngang nas gsol ba rang 'debs so/__/rtog tshogs chos skur smin par byin gyis rang rlobs shig__/lan gsum/__bla ma'i thugs ni rdo rje'i thugs/__/cir snang ye shes chen po'i rtsal/__/skye 'gag gnas bral 'pho med kyi/__/bde stong ye shes dbang mchog go__/zhes bde stong gnyis med thugs rdo rje'i ye shes dag pa'i snang cha tshogs drug cir snang zag med bde ba chen po'i rol rtsed ste/__chos dbyings 'pho 'gyur med pa'i dgongs pa rgyud la 'dren pa'i phyir thabs kyi sgyu ma rdo rje btsun mo'i nye rgyu'i dpe'i ye shes mngon du bya ba ni bla ma thugs rje bde stong de kho na nyid kyi don la mnyam par zhog cig__/yang*/__dag snang rnam par dag pa'i ye shes kyi klong na/__/skyabs kun 'dus zhal drin chen bla ma de bzhugs yod/__/rtse gcig gus pa'i yid kyis gsol ba rang 'debs so/__/dus gsum 'du 'bral med par byin gyis rang rlobs shig__/lan gsum rjes/__bla ma ye shes rdo rje che/__/gang du'ang mi gnas kun la khyab/__/don gyi de nyid mngon gyur na/__/rig stong bzhi ba'i dbang gi mchog__/de lta bu'i sku gsung thugs rdo rje'i bla ma sku gsum kyang rgyud tha dad du nam yang mi gnas pa dngos gcig du ma'i rol pa snang grags rig pa'i cho 'phrul du bstan kyang don du gang la'ang mi gnas pa thams cad la khyab pa/__snang srid 'khor 'das thams cad kyi srog snying*/__zab rgyas theg pa'i sgo rab 'byams kyi skyel so/__sangs rgyas 'phags pa'i mnyam bzhag ye shes kyi spyod yul mthar thug nges pa don gyi bla ma dgongs brgyud rdo rje'i tshig gi ngo sprad pa yin pas shes par gyis shig__/de lta bu'i yin lugs mngon du byed pa la lam gyi yan lag 'di dag tshogs dgos par rjes su gdams pa yin pas snyan gtod cig__/tshul khrims rnam par dag pa yon tan gyi zhing sa/__/nges 'byung byang chub sems gnyis dam chos kyi snying po/__/thos bsam sgom pa mthar son nyams len gyi 'jug sgo/__/rtse gcig zab lam sgom pa don ldan gyi bgyi ba/__/snang srid lha skur shar ba ye shes kyi rol mo/__/rtsa rlung dbu mar thim pa gsang chen gyi myur lam/__/ka dag bsam brjod bral ba gnas lugs kyi mthar thug__/lhun grub snang bzhi'i nyams len khyad par gyi gseng lam/__/rtse gcig rgyud la bstar ba'i skal bzang gi snang ba/__/gzung 'dzin 'khrul pa'i mun pa chos dbyings su thim nas/__/'pho chen 'ja' lus rdo rje'i go 'phang la rol pa'i/__/ngo mtshar tshe 'dir 'grub pa'i smon lam zhig zhu'o/___/zhes lam gyi sngon 'gro nges 'byung gi tshul khrims/__lam gyi gzhung shing byang sems kyi bsags sbyangs/__lam gyi 'jug sgo thos bsam gyi shes rab/__lam gyi bogs 'byin rtag gus kyi brtson 'grus/__lam gyi dngos gzhi bskyed rdzogs kyi ting 'dzin/__lam gyi mthar thug ka lhun gyi rnal 'byor la brtson pa mthar phyin pas/__lam gyi 'bras bu sku bzhi'i go 'phang mngon du byed nus pa'i mdo chings su gdams pa'o/___/de ltar smin grol gnad du theb pa na/__gdod nas bla ma rang la rdzogs/__/gnyis su med pa'i rdo rje sems/__/'khor 'das kun gyi byed po ste/__/rtag tu 'du 'bral med pa'o/___/zhes pa ltar de dag gis rnam bcas gzugs sku'i bla ma'i brda la brten nas/__rnam med chos sku'i bla ma'i dgongs brgyud sad par byed pa dbang gi mthar thug rmad du byung ba'i rdo rje gsang ba'i tshig go__/zhes pa'ang 'od gsal ye shes kyi sku brnyes kun gzigs mkhyen brtse'i dbang po'i dpal ldan bla ma rdo rje gsum gyi gsol 'debs rdo rje'i do ha mjal ba'i byin rlabs kho nas rig klong las thol byung du sad pa bzhin theg pa mchog la mos pas spyod pa'i gtad med kun tu rgyu 'od gsal thugs mchog rdo rjes bal yul mchod rten chen po bya rung kha shor gyi mdun nas sa rta nag zla'i tshes bcu la grub par byas pas grub sras rnal 'byor ma d+harma'i rgyud chos la 'byor ba'i rgyur gyur cig__/sarba mang+ga laM/__dge'o//__//

Footnotes

Other Information