JKCL-KABUM-11-DA-085: Difference between revisions

From Khyentse Lineage - A Tsadra Foundation Project
(Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=chos kyi blo gros bka' 'bum |collectiontitletib=ཆོས་ཀྱི་བ...")
 
No edit summary
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|citation=[['jam dbyangs mkhyen brtse chos kyi blo gros]]. ''''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 11: . Bir, H.P.: Khyentse Labrang, 2012.
|collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་
|collectiontitle=chos kyi blo gros bka' 'bum
|collectiontitle=chos kyi blo gros bka' 'bum
|collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་
|totalvolumes=12
|author='jam dbyangs mkhyen brtse chos kyi blo gros
|author='jam dbyangs mkhyen brtse chos kyi blo gros
|authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
|authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
|tibgenre=
|terma=No
|jkcloutline=Fifteen
|language=Tibetan
|language=Tibetan
|pagestatus=Temporary stub only
|volumenumber=011
|volumenumber=DA
|volnumtib=༡༡
|volyigtib=ད་
|totalvolumes=12
|beginfolioline=1a
|textnuminvol=085
|textnuminvol=085
|pdflink=File:JKCL-KABUM-11-DA-085.pdf
|pdflink=File:JKCL-KABUM-11-DA-085.pdf

Revision as of 11:07, 14 January 2022

Wylie title JKCL-KABUM-11-DA-085.pdf
Location chos kyi blo gros bka' 'bum
Volume 11, Text 85, Pages (Folios 1a to )
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. '. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 11: . Bir, H.P.: Khyentse Labrang, 2012.
Genre

1 Texts in this Section (sde tshan or chos tshan)

[edit]
ལྷ་རབ་ར་དབང་ངམ་གཉན་རྨི་ཁྲིའི་བསང་མཆོད་བཞུགས། །དབང་ཆེན་རྟ་ཡི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བསང་མཆོད་བྱ་བར་འདོད་པས། གསེར་སྐྱེམས་ཕུད་བསང་རྫས་དང་། ཤིང་རྩི་དུད་པ་འབུལ་བཞིན། རྃ་ཡྃ་ཁྃ། བསང་རྫས་མི་གཙང་དྲི་མ་བསྲེགས་གཏོར་བཀྲུས། །ཡེ་ཤེས་བདུད་རྩིའི་དུད་སྤྲིན་ཆེན་པོ་དང་། །ལྷན་ཅིག་སྦྱར་བའི་འདོད་རྒུའི་སྤྲིན་ཕུང་གིས། །ས་དང་བར་སྣང་ཐམས་ཅད་ཁྱབ་པར་གྱུར། །ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་སྤེལ། ཀྱཻ། ཁ་བ་ཅན་གྱི་ཡུལ་ལྗོངས་དག་པའི་ཞིང་། །སྡེ་བཞིའི་ནོར་འཛིན་དགེ་བཅུའི་སྨན་གྱི་ཚལ། །དམ་པའི་ཆོས་ཀྱི་ཀུ་ཅོ་དར་དིར་སྒྲོགས། །ཚ྄ེ༵་རིང་ནད་མེད་བདེ་སྐྱིད་ལྡན་པ་ཡི། །སྡ྄ེ༵་བཞི་གས྄༵ར་པའི་ལེགས་བྱས་མགྲོན་དུ་ཁུག །པ྄༵་ཞེས་ཡང་དག་ལྟ་བར་སྤྱོད་པའི་ཕུར། །འཇིག་རྟེན་སྐྱོངས་པའི་ལྷ་གཉ྄༵ན་རྨ྄ི༵་ཁྲ྄ི༵་རྒྱལ། །མཆེད་འཁོར་བཙུན་མོ་སྲས་ཡུམ་སྤྲུལ་པར་བཅས། །རྟག་ཆགས་དགྱེས་པར་རོལ་པའི་གཞལ་མེད་ཁང་། །བཀོད་ལེགས་འབྱོར་པ་རྒྱ་མཚོས་གཏམས་པ་དེར། །སུམ་རྩེན་དཔལ་ལ་འཁུ་བའི་གཟི་བརྗིད་ཀྱིས། །རྒྱ་འདྲེ་འབྱུང་པོ་ཟིལ་མནན་རིང་དུ་བསྐྲད། །རང་སྡེ་བསྲུང་བའི་དབུ་རྨོག་བཙན་པོ་ལ། །ཕྱོགས་ལས་རྣམ་པར་རྒྱལ་བའི་དར་འཕྲུ་བསྒྲེངས། །ཟླ་གཞོན་སྟོང་གི་ཉིང་ཁུས་བྱུག་པ་ལ། །པདྨ་རཱ་གའི་ཕོ་ཚོས་བྱུག་པས་མཛེས། །གཡས་ཀྱི་རལ་གྲི་སྔོ་སངས་མེ་འོད་འཕྲོ། །གཡོན་གྱི་ཞགས་པས་མ་རུང་འཆིང་ཞིང་འདྲེན། །དར་མདུང་དཀར་པོ་གྲུ་མོ་གཡོན་ལ་བརྟེན། །རྩེ་མོ་མཁའ་དབྱིངས་མཐོན་པོའི་དཀྱིལ་དུ་བསྙེགས། །རྟིང་པ་བརྡབ་ན་ས་གཞི་གྲུམ་པར་བྱེད། །རྟ་མཆོག་སྟེང་ན་དཔའ་བོ་རོལ་པའི་སྟབས། །གནམ་ལྕགས་ཁྲབ་ཆེན་གོ་ཆ་བཙན་པོ་བགོས། །འཁོར་ཚོགས་བྱེ་བ་འབུམ་སྡེའི་ཚོགས་བཅས་རྣམས། །བདུད་རྩི་བསང་གི་མཆོད་པ་ཆེན་པོ་ལ། །འདོད་པའི་ཡོན་ཏན་བསམ་མི་ཁྱབ་པར་འཆར། །དགྱེས་པའི་མཆོད་སྤྲིན་ཟད་མེད་གཏེར་ཆེན་གྱིས། །གནས་ཡུལ་ལོངས་སྤྱོད་ཉམས་པ་ཐམས་ཅད་གསོས། །རྫོགས་ལྡན་དང་པོའི་དགའ་སྟོན་གསར་པར་རྒྱས། །ལྷ་ཡི་འཁོན་དུ་གྱུར་པའི་རིགས་ཐམས་ཅད། །བཤགས་པར་བགྱི་ན་ཁྱོད་ཐུགས་འགལ་བ་རྣམས། །མཁའ་ལ་ན་བུན་དེངས་པ་ལྟར་གྱུར་ནས། །ལྷ་གཉན་དགྱེས་པའི་གད་མོ་སྒྲོགས་པ་དང་། །སྣོད་བཅུད་ཕྱྭ་གཡང་ནོར་བུའི་སྤྲིན་ཆེན་སྡུད། །མི་མཐུན་ཕྱོགས་ཀུན་ཞི་བའི་བདུད་རྩིའི་རྒྱུན། །འབེབས་པས་དུས་ཀྱི་རྒུད་པ་ཀུན་ཞི་ཞིང་། །མ་རུངས་ནག་ཕྱོགས་བདུད་ཀྱི་མགོ་བོ་བྲེག །སྙིང་ཁྲག་གློག་དམར་ལྗགས་ཀྱིས་རྔམ་པར་བཞེས། །མིང་ཙམ་མེད་ཅིང་རྩད་ནས་བརླག་པ་དང་། །ཡུལ་འདིར་བཙའ་སད་སེར་བའི་གནོད་པ་སྲུངས། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་མཆོག་བསྐྱེད། །ཀུན་ཀྱང་བདེ་དགེའི་དཔལ་ལ་རོལ་པ་དང་། །གཞི་བྱེས་ཀུན་ཏུ་སྲུངས་སྐྱོབས་སྡོང་གྲོགས་མཛོད། །སྲིད་པའི་ལྷ་གཉན་དབུ་འཕང་དགུང་དུ་བསྟོད། །དཀར་པོའི་ཕྱོགས་ཀྱིས་ལྷ་རྒྱལ་ཀི་བསྭ་སྒྲོགས། །བདུད་རིགས་རྣམས་ནི་ཆ་སྒྲ་དྲག་པོས་བཅོམ། །དགྲ་ལྷའི་བ་དན་ཕྱོགས་བརྒྱར་གཡོ་བ་ཡིས། །དུས་རྣམས་ཀུན་ཏུ་བཀྲ་ཤིས་དགེ་ལེགས་རྩོལ། །སྐྱེམས་ཕུད་གཏོར་མ་མཆོད་དོ། །ཅེས་པའང་ལྷ་གཉན་རྨི་ཁྲི་སོགས་ལ་སྒྲུབ་གནས་བྱས་ཏེ་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པ་རེ་ཁེ་ཨ་མདོ་གསེར་གྱི་བྱ་བྲལ་བའི་རིགས་ལ་སྐྱེས་པ། ༧འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཕྲིན་ལས་སྤྲུལ་མིང་འཛིན་པ་ཆོས་ཀྱི་བློ་གྲོས་པས་གཞི་བདག་ཆེན་པོའི་མདུན་དུ་སྦྱར་བ་ཤིན་ཏུ་དགེ་ཞིང་བཀྲ་ཤིས་ཞལ་དྲོ་བར་གྱུར་ཅིག །ཤུ་བྷཾ།། །། ༈ ཀྱཻ། ཡུལ་སྐྱོང་གཞི་བདག་ཆེ་གེ་འཁོར་བཅས་ལ། །བསང་དང་གསེར་སྐྱེམས་མཆོད་པ་འདི་འབུལ་བས། །ཡུལ་རིས་རྒྱལ་ཁམས་མཐའ་དག་བསྲུང་བ་དང་། །ལོ་ཕྱུགས་རྟག་ཏུ་ལེགས་པའི་ཕྲིན་ལས་མཛོད། །༧ཆོས་ཀྱི་བློ་གྲོས་པས་སོ།། །།
[edit]

lha rab ra dbang ngam gnyan rmi khri'i bsang mchod bzhugs/__/dbang chen rta yi rgyal po la phyag 'tshal lo/__/bsang mchod bya bar 'dod pas/__gser skyems phud bsang rdzas dang /__shing rtsi dud pa 'bul bzhin/__ra~M ya~M kha~M/__bsang rdzas mi gtsang dri ma bsregs gtor bkrus/__/ye shes bdud rtsi'i dud sprin chen po dang /__/lhan cig sbyar ba'i 'dod rgu'i sprin phung gis/__/sa dang bar snang thams cad khyab par gyur/__/nam mkha' mdzod kyi sngags rgya lan gsum gyis spel/__kyai/__kha ba can gyi yul ljongs dag pa'i zhing /__/sde bzhi'i nor 'dzin dge bcu'i sman gyi tshal/__/dam pa'i chos kyi ku co dar dir sgrogs/__/tshe?~X ring nad med bde skyid ldan pa yi/__/sde?~X bzhi gsa?~Xr pa'i legs byas mgron du khug__/pa?~X zhes yang dag lta bar spyod pa'i phur/__/'jig rten skyongs pa'i lha gnya?~Xn rmi?~X khri?~X rgyal/__/mched 'khor btsun mo sras yum sprul par bcas/__/rtag chags dgyes par rol pa'i gzhal med khang /__/bkod legs 'byor pa rgya mtshos gtams pa der/__/sum rtsen dpal la 'khu ba'i gzi brjid kyis/__/rgya 'dre 'byung po zil mnan ring du bskrad/__/rang sde bsrung ba'i dbu rmog btsan po la/__/phyogs las rnam par rgyal ba'i dar 'phru bsgrengs/__/zla gzhon stong gi nying khus byug pa la/__/pad+ma rA ga'i pho tshos byug pas mdzes/__/g.yas kyi ral gri sngo sangs me 'od 'phro/__/g.yon gyi zhags pas ma rung 'ching zhing 'dren/__/dar mdung dkar po gru mo g.yon la brten/__/rtse mo mkha' dbyings mthon po'i dkyil du bsnyegs/__/rting pa brdab na sa gzhi grum par byed/__/rta mchog steng na dpa' bo rol pa'i stabs/__/gnam lcags khrab chen go cha btsan po bgos/__/'khor tshogs bye ba 'bum sde'i tshogs bcas rnams/__/bdud rtsi bsang gi mchod pa chen po la/__/'dod pa'i yon tan bsam mi khyab par 'char/__/dgyes pa'i mchod sprin zad med gter chen gyis/__/gnas yul longs spyod nyams pa thams cad gsos/__/rdzogs ldan dang po'i dga' ston gsar par rgyas/__/lha yi 'khon du gyur pa'i rigs thams cad/__/bshags par bgyi na khyod thugs 'gal ba rnams/__/mkha' la na bun dengs pa ltar gyur nas/__/lha gnyan dgyes pa'i gad mo sgrogs pa dang /__/snod bcud phywa g.yang nor bu'i sprin chen sdud/__/mi mthun phyogs kun zhi ba'i bdud rtsi'i rgyun/__/'bebs pas dus kyi rgud pa kun zhi zhing /__/ma rungs nag phyogs bdud kyi mgo bo breg__/snying khrag glog dmar ljags kyis rngam par bzhes/__/ming tsam med cing rtsad nas brlag pa dang /__/yul 'dir btsa' sad ser ba'i gnod pa srungs/__/byams dang snying rje byang chub sems mchog bskyed/__/kun kyang bde dge'i dpal la rol pa dang /__/gzhi byes kun tu srungs skyobs sdong grogs mdzod/__/srid pa'i lha gnyan dbu 'phang dgung du bstod/__/dkar po'i phyogs kyis lha rgyal ki bswa sgrogs/__/bdud rigs rnams ni cha sgra drag pos bcom/__/dgra lha'i ba dan phyogs brgyar g.yo ba yis/__/dus rnams kun tu bkra shis dge legs rtsol/__/skyems phud gtor ma mchod do/__/ces pa'ang lha gnyan rmi khri sogs la sgrub gnas byas te grub pa'i go 'phang mthon por gshegs pa re khe a mdo gser gyi bya bral ba'i rigs la skyes pa/__7'jam dbyangs mkhyen brtse'i dbang po'i phrin las sprul ming 'dzin pa chos kyi blo gros pas gzhi bdag chen po'i mdun du sbyar ba shin tu dge zhing bkra shis zhal dro bar gyur cig__/shu b+haM//__//__!__kyai/__yul skyong gzhi bdag che ge 'khor bcas la/__/bsang dang gser skyems mchod pa 'di 'bul bas/__/yul ris rgyal khams mtha' dag bsrung ba dang /__/lo phyugs rtag tu legs pa'i phrin las mdzod/__/7chos kyi blo gros pas so//__//

Footnotes

Other Information