JKCL-KABUM-10-THA-062: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|citation=[['jam dbyangs mkhyen brtse chos kyi blo gros]]. ''''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 10: . Bir, H.P.: Khyentse Labrang, 2012.
|fulltitletib=ཀཿཐོག་པའི་བཤད་སྒྲུབ་ནོར་བུའི་ལྷུན་པོའི་བཅའ་ཡིག།
|fulltitle=kaH thog pa'i bshad sgrub nor bu'i lhun po'i bca' yig
|citation=[['jam dbyangs mkhyen brtse chos kyi blo gros]]. ''kaH thog pa'i bshad sgrub nor bu'i lhun po'i bca' yig''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 10: 475-531. Bir, H.P.: Khyentse Labrang, 2012.
|collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་
|collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་
|collectiontitle=chos kyi blo gros bka' 'bum
|collectiontitle=chos kyi blo gros bka' 'bum
|author='jam dbyangs mkhyen brtse chos kyi blo gros
|author='jam dbyangs mkhyen brtse chos kyi blo gros
|authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
|authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
|tibgenre=Pilgrimage Guides - gnas yig, Place or Sacred Site Guides - gnas bshad - skor tshad
|tibgenre=Monastics Regulations - bca' yig
|terma=No
|terma=No
|jkcloutline=Thirteen
|jkcloutline=Thirteen
Line 15: Line 17:
|volyigtib=ཐ་
|volyigtib=ཐ་
|totalvolumes=12
|totalvolumes=12
|textnuminvol=062
|pagenumbers=475-531
|totalpages=57
|beginfolioline=1a
|beginfolioline=1a
|textnuminvol=062
|endfolioline=29a4
|totalfolios=29
|multivolumework=No
|colophontib=།ཅེས་པའང་།  འཁོར་ལོའི་མགོན་པོ་ཐམས་ཅད་མཁྱེན་གཟིགས་ཆེན་པོ་དེ་ཉིད་ཀྱི་བཅའ་ཡིག་ཆེན་མོ་མཛད་བཞེད།  མཆོད་བརྗོད་བིཪྺ་ཏ་བཅས་ལྗགས་རྩོམ་གནང་བ་རྟེན་འབྲེལ་གྱི་མཛད་པ་འཕྲོ་ཅན་དུ་གྱུར་པ་སྐྱབས་མགོན་དགེ་རྩེའི་མཆོག་སྤྲུལ་རིན་པོ་ཆེས་བསྐུལ་བ་དང་སྡེ་སྣོད་རྒྱ་མཚོའི་དཔལ་གྱིས་འབྱོར་པ་མཁན་ལེགས་བཤད་འབྱོར་ལྡན་གྱིས་ཀྱང་གསུང་གི་བསྐུལ་བ་ལ་སྟེན་ཆོས་རྗེ་ཀཿཐོག་པ་ཆེན་པོ་དེ་ཉིད་ཀྱི་ཞབས་རྡུལ་སྤྱི་བོས་རེག་ཅིང་གང་གི་ཐུགས་རྗེ་ཚད་མེད་པའི་བཀའ་དྲིན་གྱིས་ཉེ་བར་འཚོ་བ་འཇམ་དབྱངས་མཁྱེན་རྩེའི་དབང་པོའི་ཕྲིན་ལས་ཀྱི་བྱེད་པོར་ཡིད་དམ་དུ་བཅའ་བ་འཇམ་དབྱངས་བློ་གྲོས་རྒྱ་མཚོ་དཔལ་བཟང་པོས་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་གྲྭ་ཆེན་པོར་བྲིས་པ་དགེ་ལེགས་འཕེལ།  རྣམ་པར་རྒྱལ་བར་གྱུར་ཅིག  །སརྦ་དཱ་ཀལྱཱ་ནཾ་བྷ་ཏུ།  མངྒ་ལཾ།  ཤུ་བྷཾ།།
|colophonwylie=/ces pa'ang /__'khor lo'i mgon po thams cad mkhyen gzigs chen po de nyid kyi bca' yig chen mo mdzad bzhed/__mchod brjod biR+Wa ta bcas ljags rtsom gnang ba rten 'brel gyi mdzad pa 'phro can du gyur pa skyabs mgon dge rtse'i mchog sprul rin po ches bskul ba dang sde snod rgya mtsho'i dpal gyis 'byor pa mkhan legs bshad 'byor ldan gyis kyang gsung gi bskul ba la sten chos rje kaHthog pa chen po de nyid kyi zhabs rdul spyi bos reg cing gang gi thugs rje tshad med pa'i bka' drin gyis nye bar 'tsho ba 'jam dbyangs mkhyen rtse'i dbang po'i phrin las kyi byed por yid dam du bca' ba 'jam dbyangs blo gros rgya mtsho dpal bzang pos kaHthog rdo rje gdan gyi chos grwa chen por bris pa dge legs 'phel/__rnam par rgyal bar gyur cig__/sarba dA kal+yA naM b+ha tu/__mang+ga laM/__shu b+haM//
|pdflink=File:JKCL-KABUM-10-THA-062.pdf
|pdflink=File:JKCL-KABUM-10-THA-062.pdf
}}
}}

Revision as of 13:23, 11 January 2022

ཀཿཐོག་པའི་བཤད་སྒྲུབ་ནོར་བུའི་ལྷུན་པོའི་བཅའ་ཡིག།
Wylie title kaH thog pa'i bshad sgrub nor bu'i lhun po'i bca' yig JKCL-KABUM-10-THA-062.pdf
Location chos kyi blo gros bka' 'bum
Volume 10, Text 62, Pages 475-531 (Folios 1a to 29a4)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. kaH thog pa'i bshad sgrub nor bu'i lhun po'i bca' yig. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 10: 475-531. Bir, H.P.: Khyentse Labrang, 2012.
Genre Monastics Regulations - bca' yig
Colophon

།ཅེས་པའང་། འཁོར་ལོའི་མགོན་པོ་ཐམས་ཅད་མཁྱེན་གཟིགས་ཆེན་པོ་དེ་ཉིད་ཀྱི་བཅའ་ཡིག་ཆེན་མོ་མཛད་བཞེད། མཆོད་བརྗོད་བིཪྺ་ཏ་བཅས་ལྗགས་རྩོམ་གནང་བ་རྟེན་འབྲེལ་གྱི་མཛད་པ་འཕྲོ་ཅན་དུ་གྱུར་པ་སྐྱབས་མགོན་དགེ་རྩེའི་མཆོག་སྤྲུལ་རིན་པོ་ཆེས་བསྐུལ་བ་དང་སྡེ་སྣོད་རྒྱ་མཚོའི་དཔལ་གྱིས་འབྱོར་པ་མཁན་ལེགས་བཤད་འབྱོར་ལྡན་གྱིས་ཀྱང་གསུང་གི་བསྐུལ་བ་ལ་སྟེན་ཆོས་རྗེ་ཀཿཐོག་པ་ཆེན་པོ་དེ་ཉིད་ཀྱི་ཞབས་རྡུལ་སྤྱི་བོས་རེག་ཅིང་གང་གི་ཐུགས་རྗེ་ཚད་མེད་པའི་བཀའ་དྲིན་གྱིས་ཉེ་བར་འཚོ་བ་འཇམ་དབྱངས་མཁྱེན་རྩེའི་དབང་པོའི་ཕྲིན་ལས་ཀྱི་བྱེད་པོར་ཡིད་དམ་དུ་བཅའ་བ་འཇམ་དབྱངས་བློ་གྲོས་རྒྱ་མཚོ་དཔལ་བཟང་པོས་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་གྲྭ་ཆེན་པོར་བྲིས་པ་དགེ་ལེགས་འཕེལ། རྣམ་པར་རྒྱལ་བར་གྱུར་ཅིག །སརྦ་དཱ་ཀལྱཱ་ནཾ་བྷ་ཏུ། མངྒ་ལཾ། ཤུ་བྷཾ།།

/ces pa'ang /__'khor lo'i mgon po thams cad mkhyen gzigs chen po de nyid kyi bca' yig chen mo mdzad bzhed/__mchod brjod biR+Wa ta bcas ljags rtsom gnang ba rten 'brel gyi mdzad pa 'phro can du gyur pa skyabs mgon dge rtse'i mchog sprul rin po ches bskul ba dang sde snod rgya mtsho'i dpal gyis 'byor pa mkhan legs bshad 'byor ldan gyis kyang gsung gi bskul ba la sten chos rje kaHthog pa chen po de nyid kyi zhabs rdul spyi bos reg cing gang gi thugs rje tshad med pa'i bka' drin gyis nye bar 'tsho ba 'jam dbyangs mkhyen rtse'i dbang po'i phrin las kyi byed por yid dam du bca' ba 'jam dbyangs blo gros rgya mtsho dpal bzang pos kaHthog rdo rje gdan gyi chos grwa chen por bris pa dge legs 'phel/__rnam par rgyal bar gyur cig__/sarba dA kal+yA naM b+ha tu/__mang+ga laM/__shu b+haM//

1 Texts in this Section (sde tshan or chos tshan)

[edit]
༄༅། ཀཿཐོག་པའི་བཤད་སྒྲུབ་ནོར་བུའི་ལྷུན་པོའི་བཅའ་ཡིག་བཞུགས། ། འདིར་ཐོག་མར་ཞུགས་སྐབས་གཞི་བྱེས་གང་ཡིན་ཀྱང་མི་གཞི་བཟང་ངན་སོགས་བརྟགས་དཔྱད་དང་དམ་བཅས་ཁས་བླངས་གི་བྲིས་ཐོལ་སོགས་ཞིབ་བཅའ་དངཿ ཆོས་འདུལ་རྒྱ་མཚོའི་སྙིང་པོ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་སྡོམ་རང་རང་གི་ཁས་བླངས་ཀྱི་ཐོབ་པ་མ་ཉམས་པ་མིག་གི་འབྲས་བུ་ལྟར་སྲུང་དགོས་ཏེ། བསྲུང་བྱའི་རྣམས་གྲངས་ཡང་བསྙེན་གནས་ཀྱི་ཁྲིམས་ཡན་ལག་བརྒྱད་ཡོངས་རྫོགས་དགེ་བསྙེན་གྱི་རྩ་བཞི་ཆང་ལྔ། དགེ་ཚུལ་གྱི་རྩ་བ་རགས་པ་བཅུ་དང་། ཞིབ་མོར་དབྱེ་ན་བླངས་འདས་སོ་གསུམ་དགེ་སློང་གི་བསླབ་བྱ་ལ་དགག་པའི་བསླབ་བྱ་དང་བསྒྲུབ་པའི་བསླབ་བྱ་གཉིས། དང་པོ་ལ། ཕམ་པ་བཞི། ལྷག་མ་བཅུ་གསུམ། སྤང་ལྟུང་སུམ་བཅུ། ལྟུང་བྱེད་འབའ་ཞིག་པ་དགུ་བཅུ། སོར་བཤགས་བཞི། ཉེས་བྱས་བརྒྱ་དང་བཅུ་གཉིས། གཉིས་པ་བསྒྲུབ་པའི་བསླབ་བྱ་བཞི་བཅུ་བདུན་རྣམས་ཏེ། རྒྱས་པར་འདུལ་གཞུང་ཆེན་པོ་རྣམས་སུ་ཤེས་ཤིང་། མདོར་ན་བཅས་པ་དང་། རྗེས་བཅས་གནང་བ་དང་། རྗེས་གནང་བཞིའི་དོན་གོ་བར་བྱས་ཏེ། དེ་ཡང་བྱིས་པ་ཉིད་དང་། མི་ཤེས་པ་དང་མ་གུས་པ་དང་བག་མེད་པ་དང་ལྟུང་བ་འབྱུང་པོའི་སྒོ་བཞི་པོ་ལ་བག་ཡོད་པར། དགེ་ཚུལ་སློང་གི་སྡོམ་པ་མ་ཐོབ་པ་ཡིན་ན་སྡོམ་པ་སྦྱིན་པ་མཛད་ནས། བསླབ་པ་ཀུན་གྱི་རྩ་བ་ཕམ་པའི་ཆོས་བཞི་པོ་ལ། དང་པོ། མི་ཚངས་སྤྱོད་པའི་ཕམ་པ་ནི་ཕོ་མོ་མ་ནིང་མི་དང་དུད་འགྲོ་སོགས་གང་གིས་གསོན་པོའི་ལུས་ཕྱེད་དུ་ལངས་པའི་རོ་ལྟ་བུའི་ཁ་བཤང་ལམ་ཟག་བྱེད་གསུམ་པོ་གང་རུང་དུ་ནོར་བུ་བཅུག་ཅིང་རེག་པ་ལས་བྱུང་བའི་བདེ་བ་རྫོགས་པར་ཉམས་སུ་མྱོང་ན་ཉམས་པ་བཅོམ་པ་ལྟ་བུའི་ཕམ་པར་འགྱུར་བ་དཔེར་ན་ཤིང་ཏཱ་ལའི་མགོ་བཅད་ན་སྔོན་པོ་འགྱུར་དུ་མི་རུང་ཞིང་འཕེལ་ཞིང་རྒྱས་པ་དང་ཡངས་པ་འགྱུར་དུ་མི་རུང་བ་བཞིན་སླར་གསོར་མི་རུང་པའི་ཆོས་ཅན་དུ་འགྱུར་བས་འདིར་བཞུགས་པ་རྣམས་བསླབ་པའི་གནས་འདི་དང་མི་འགའ་བར་བྱ་བ་ནི་བཅའ་ཁྲིམས་དང་པོའོ། །གཉིས་པ་མ་བྱིན་ལེན་གྱི་ཕམ་པ་ནི། གཞན་གྱི་དངོས་པོ་རིན་ཐང་ཚང་བ་རང་གི་དངོས་སུ་བརྐུས་པའམ། གཞན་ལ་སྐུར་བཅུག་པ་སྟེ་རིན་ཐང་གི་ཚད་ནི་ཀཪྴ་པ་ཎི་བཞི་ཆ་བསྐུས་ན་ཕམ་པའི་དངོས་གཞི་རྫོགས་པ་སྟེ་དེ་ཡང་མཁས་པ་རྣམས་ཀྱི་བཞེད་སྲོལ་མང་ཡང་ཀ་མ་ལའི་ཀ་རི་ཀའི་འགྲེལ་བཤད་ཀྱི་དགོངས་པ་ལྟར་དངུལ་ཞོ་གང་གི་ཚད་ཅན་མ་བྱིན་བླངས་ན་ཉམས་པར་འགྱུར་པས་དེ་དང་མི་འགའ་བ་ནི་བཅའ་ཁྲིམས་གཉིས་པའོ། །གསུམ་པ་སྲོག་གཅོད་ཀྱི་ཕམ་པ་ནི་ཤེས་བཞིན་དུ་མིའམ་མངལ་དུ་ཡོད་པའི་མེ་མེར་པོ་ལ་སོགས་མིར་ཆགས་པ་མཚོན་དུག་རིག་སྔགས་ཀྱིས་བསད་པའམ། གཞན་ལ་གསོད་དུ་བཅུག་ཀྱང་རུང་སྟེ། མཛོད་ལས། དམག་ལ་སོགས་པ་དོན་ཅིག་ཕྱིར། ཐམས་ཅད་བྱེད་པ་པོ་བཞིན་ལྡན། །ཞེས་པ་ལྟར་རང་གི་གསོད་དམ། གཞན་ལས་གསོད་དུ་བཅུག་གམ། དེ་འཆིར་འཇུག་གམ། འཆི་བའི་སྔགས་པ་བརྗོད་ཀྱང་རུང་དགེ་སློང་གང་ཉམས་པར་འགྱུར་བ་ནི། བཅས་པའི་ཁྲིམས་གསུམ་པའོ། །བཞི་པ་མི་ཆོས་བླ་མའི་རྫུན་སྨྲ་བའི་ཕམ་པ་ནི། མིའི་རྟེན་ལ་སྒྲུབ་པར་བྱ་བའི་ཆོས་མ་ཡིན་པ་དེ་དགེ་གོང་མའམ་བླ་མ་ལྟ་བུར་་གྱུར་པའི་ཡོན་ཏན་ཞིག་མ་ཐོབ་བཞིན་དུ་ཐོབ་ཅེས་སྨྲས་ཏེ། ལྷ་ཀླུ་འདྲེ་སྲིན་སོགས་མ་མཐོང་བཞིན་དུ་མཐོང་ཅེས་སྨྲས་བ་དང་། བདེན་བཞི་སོགས་ཤེས་པར་སྨྲ་བ་དང་། མ་མཁས་མཁས་བརྫུན། མ་རྟོགས་རྟོགས་རྫུན། མ་གྲུབ་གྲུབ་རྫུན་སོགས་ཀྱང་འདིའི་རང་བཞིན་ལས་མ་འདས་ཤིང་། ས་གའི་ལྷས། འདིར་ནི་སྒྲིབ་པ་རྣམ་པ་ལྔ། མི་རྣམས་ཀྱི་ནི་ཆོས་སུ་ཐོས། དེ་མ་ཟད་བླ་མའི་ཆོས་སུ་འདོད། ཅེས་པ། འདོད་པ་ལ་འདུན་པ། གནོད་སེམས། གཉིད་རྨུག་རྒོད་འགྱོད། ཐེ་ཚོམ་སྟེ་སྒྲིབ་པ་ལྔ་པོ་ནི་མི་རྣམས་ཀྱི་རང་བཞིན་གྱི་ཆོས་ཡིན་ལ། དེ་ཟད་ན་ཁམས་གོང་མའི་སེམས་ཐོབས་པ་སྟེ། དེ་ལྟ་བུའི་སྒྲིབ་པ་མ་ཟད་བར་གོང་མའི་ཡོན་ཏན་ཐོབ་པར། སྨྲ་བས་གཞན་བསླུ་བར་འདོད་པས་བརྫུན་སྨྲས་ན་ཉམས་པར་འགྱུར་བ་སྟེ་བཅའ་ཁྲིམས་བཞི་པའོ། །དེ་ཡང་གཞི་བསམ་སྦྱོར་བ་མཐར་ཐུག་བཞི་ཀ་ཚང་བ་ཕམ་པའི་དངོས་གཞི་དང་ཡན་ལག་སྣ་རེ་མ་ཚང་ན་སྦོམ་པོ། དེའང་ཡན་ལག་མང་ཉུང་གི་ལྕི་ཡང་གཉིས་སུ་ཡོད་དོ། །རྩ་བ་བཞི་པོ་འདི་དང་འོག་ཏུ་བཅས་པའི་ཆང་དང་ལྔ་པོ་སྔགས་ཀྱི་སྐབས་སུ་རྒྱུད་རྒྱལ་དུས་ཀྱི་འཁོར་ལོའི་བརྟུལ་ཞུགས་ཉེར་ལྔའི་ནང་གི་བསྲུང་བྱ་ལྔ་པོ་ཡིན་པས་སྔགས་ལ་ཞུགས་པས་ཀྱང་འཆོལ་ཉོག་ཏུ་སྤྱད་པར་བྱ་བ་མིན་ནོ། །ལྷག་མ་བཅུ་གསུམ་གྱི་དང་པོ་ཤིན་ཏུ་འབྱུང་ཉེ་བ་ཁུ་བ་འབྱིན་པའི་ལྷག་མ་འདིས་སྡོམ་པའི་ལྷག་མ་ཙམ་ལུས་ཤིང་ལུས་ཀྱི་སྟོབས་ཉམས་ཤེས་རབ་འཆལ་བ་དང་། བརྗེད་ངན་ཆེ་བ་གཟི་བརྗིད་ཉམས་པ་ཚེ་ཐུང་ནད་མང་རྒས་སླ་བ་དཀར་ཕྱོགས་ཀྱི་ལྷས་མི་སྐྱོབས་པ་སོགས་ཐུན་མོང་བ་དང་། སྔགས་རྡོ་རྗེ་ཐེག་པ་ལས་ཀུན་རྫོབ་ཀུནྡ་ལྟ་བུ་སྟེ། དོན་དམ་བདེ་བའི་གཟུགས་ཅན་ནོ། །ཞེས་དང་། རྟེན་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ཐིག་ལེ་སྤང་བས་བརྟེན་པ་དོན་ལམ་བྱང་ཆུབ་ཀྱི་སེམས་སྤང་ཤིང་ངོ་སྤངས་བས་ཚེ་འདི་ལ་མཆོག་ཐུན་གྱི་དངོས་གྲུབ་བཟང་པོའི་སྐལ་བ་ཆད་ངེས་པ་དང་། སྔགས་ཀྱི་རྒྱུད་ལས་རྩ་ལྟུང་ལྔ་པར་འགྱུར་བས་ཕྱི་མར་རྡོ་རྗེའི་དམྱལ་བར་ལྷུང་བ་འགྱུར་བ་སོགས་ཉེས་པ་བསམ་གྱི་མི་ཁྱབ་ཅིང་རྣམ་སྨིན་མི་ཟད་པ་ཉམས་སུ་མྱོང་བར་འགྱུར་བ་སྟེ་དཔལ་ལྡན་དུས་ཀྱི་འཁོར་ལོས་འགྲེལ་ཆེན་དྲི་མེད་འོད་ལས་དེ་ཁོ་ན་ཉིད་མི་ཤེས་པས་དབང་པོ་གཉིས་སྦྱོར་ཀྱི་བདེ་བས་སངས་རྒྱས་ཐོབ་པར་འདོད་པའི་བློས་ཁུ་བ་བཏང་ན་མདའ་སྟེེ་རྩ་བའི་ལྟུང་བ་ལྔ་པོར་འགྱུར་རོ། །ཞེས་འབྲས་དུས་གཟུགས་སྐུ་འགྲུབ་བྱེད་ཀྱི་རྒྱུ་ཉམས་པར་གསུངས་པ་དང་། འདི་ལས་དགེ་འདུན་གྱི་དབྱེན་དང་འབྱེད་པ་དང་། རྩོད་པ་སོགས་ཉེས་པ་བརྒྱ་ཕྲག་དུ་མིའི་ཚང་ཆེན་པོ་ཡིན་པས་འདི་དང་མི་འགལ་བར་བྱ་བ་ནི་བཅའ་ཁྲིམས་ལྔ་པའོ། །ལྷག་མ་གཞན་བུད་མེད་ཀྱི་ལུས་ཀྱི་ཆ་ཤས་ལ་རེག་པའམ་འཛིན་པའི་ལྷག་མ་སོགས་གཞན་རྣམས་ཀྱང་མི་འགལ་བར་བསྲུང་དགོས། འབྲུའི་ཆང་དང་། བཅོས་པའི་ཆང་། མྱོས་པར་འགྱུར་བ་བག་མེད་པའི་གནས་སུ་གསུང་སྟེ། །དྲན་ཉེར་ལས་ཆང་ནི་དུག་གི་ཚོགས་ཡིན་ཏེ། །ཆང་འཐུང་པ་ལ་བརྟེན་མི་བྱ། །ཆང་འཐུང་པ་ལ་བརྟེན་པ་ནི། །དགེ་བའི་ཆོས་རྣམས་ཉམས་པར་འགྱུར། །ཆང་འཐུང་པ་ལ་གནས་པའི་སྐྱོན། །ནོར་ཟད་ངན་པ་བརྗོད་བྱེད་ཅིང་། །ལེ་ལོ་ཤིན་ཏུ་བརྟན་པར་བྱེད། །དེ་ལྟ་བས་ན་དེ་སྤོངས་ཤིག །ཆང་གི་འདོད་ཆགས་བསྐྱེད་བྱེད་ཅིང་། །དེ་བཞིན་ཁྲོ་དང་གཏི་མུག་དག །ཡང་དང་ཡང་དུ་བསྐྱེད་བྱེད་པས། །དེ་ལྟ་བས་ན་ཆང་སྤོངས་ཤིག །ཆང་ནི་ཉེས་པ་ཀུན་གྱི་གཞི། །རྟག་པར་དོན་ཀུན་མེད་པར་བྱེད། །ངན་སོང་གསུམ་གྱི་ཐེམ་སྐས་ཡིན། །མུན་ནག་གནས་ནི་ཆེན་པོ་སྟེ། །ཆང་གི་སེམས་ཅན་དམྱལ་བར་འགྲོ། །ཅེས་སོགས་རྒྱ་ཆེར་གསུངས་པ་ལྟར་མི་དགེ་བ་ཐམས་ཅད་ཀྱི་འབྱུང་ཁུང་། དུག་གི་ནང་ནས་དུག་ཆེན་པོ། ངན་སོང་གསུམ་གྱི་ཐེམ་སྐས་ལེགས་ཚོགས་ཡོན་ཏན་ཐམས་ཅད་འགྲིབ་པའི་རྒྱུ་དང་སྟོན་པས་ཀྱང་ང་ཡི་ཉན་ཐོས་རྣམས་ཀྱི་ཆང་ནི་རྩྭ་རྩེའི་ཟིལ་པ་ཙམ་ཡང་བཏུང་བར་མི་བྱ་ཞེས་ཁྲིམས་བཅས་པ་བཞིན་དངོས་ལྐོག་གཉིས་ཀར་བཏུང་མི་ཆོག་ཅིང་། ཚོགས་ཆང་ཡང་དམ་ཚིག་གི་རྫས་ཉུང་ངུ་ལས་འཇོག་མི་ཆོག་པ་སྟེ་ཁྲིམས་དྲུག་པའོ། །ཁོང་ཁྲོ་འཁྲུགས་སློང་ནི་རྒྱུ་ཞེ་སྡང་གི་ཀུན་ནས་བསླང་བས་རྣམ་སྨིན་གྱི་དམྱལ་བར་འཕེན་ཏེ། ཞི་བ་ལྷས། ཞེ་སྡང་ལྟ་བུའི་སྡིག་པ་མེད། །བཟོད་པ་ལྟ་བུའི་དཀའ་ཐུབ་མེད། །དེ་བས་བཟོད་ལ་ནན་ཏན་དུ། །སྣ་ཚོགས་ཚུལ་གྱི་བསྒོམ་པ་བྱ། །ཅེས་པ་ལྟར། མཁན་པོ་དང་སློབ་དཔོན་སོགས་མཆོད་འོས་རྣམས་ལ་མ་གུས་པ་དང་ངན་སེམས་བསྐྱེད་ན་དེའི་གྲངས་ཀྱི་དམྱལ་བར་བསྐལ་པར་གནས་པ་གསུངས་ཏེ། ཞི་བ་ལྷས། གང་ཞིག་དེ་འདྲའི་རྒྱལ་སྲས་སྦྱིན་བདག་ལ། །གལ་ཏེ་ངན་སེམས་སྐྱེས་པར་ན། །ངན་སེམས་སྐྱེས་པའི་གྲངས་བཞིན་བསྐལ་པ་རུ། །དམྱལ་བར་གནས་པར་འགྱུར་ཞེས་ཐུབ་པས་གསུངས། །ཅེས་པ་ལྟར་མཁན་སློབ་སོགས་ལ་ངོ་ཚད་འཛུགས་གསུང་ཕྱིར་རྫོགས་སོགས་ཐུགས་སུན་བྱུངས་ན་ཉེས་པ་ཤིན་ཏུ་ལྕི་བ་དང་། གྲོགས་མཆེད་ནང་ཕན་ཚུན་དབྱེན་བཅོས་ཏེ་དངོས་ལྐོགས་ཀྱི་ཕྲ་མ་བྱེད་པ་དང་། ཚིག་རྩུབ་སྨྲ་བ་དང་། གནོད་པའི་སེམས་དང་ལྡན་པས་རྟག་ཏུ་མནར་སེམས་དང་། གཞི་བྱེས་དུམ་བུར་ཆད་ནས་ཤོག་བསྒྲིགས་བྱེད་པ་དང་། དགེ་འདུན་མི་བདེ་བའི་གཞི་ཡིན་ཅིང་། དེའི་ནང་ཕར་ཚུན་འབྱེད་པ་འགྱུར་ཞིང་། ལེགས་པ་ཞུགས་པ་སོགས་ཀྱི་དོན་དང་འགལ་བ་ཤིན་ཏུ་ཉེས་པ་ལྕི་བས་ཁོང་ཁྲོ་ཆེན་པོ་ཉེས་པ་བཤགས་མེད་དང་། ཆུང་ངུ་བྱུང་བ་ཙམ་ནས་བརྒྱ་ཕྱག་ལྔ་རེ་དང་མར་མེ་ཉེར་ལྔ་རེའི་ཆད། མཁན་པོ་གནས་བརྟན་དགེ་བསྐོས་སོགས་ཀྱི་ལན་གཉིས་ལན་གསུམ་གྱི་བར་དུ་བསྒོ་ཤིང་ཞི་བ་བྱེད་དགོས། དེས་ཀྱང་མ་ཞི་ན་ཉེས་པ་བཟློག་མེད་དང་། ཇི་སྐད་དུ། དགེ་འདུན་མཐུན་པ་བདེ་བ་སྟེ། །མཐུན་པ་རྣམས་ཀྱི་དཀའ་ཐུབ་བདེ། །ཞེས་དང་། དགེ་འདུན་མི་ཕྱེད་ཅེས་པའི་དོན་ཡིན་པས་ཐུགས་མཐུན་པ་ཁོ་ན་གལ་ཆེ་བ་སྟེ། བཅའ་ཁྲིམས་བདུན་པའོ། །དགེ་འདུན་གྱི་སྤྱི་ཁྲིམས་འདི་བདུན་པོ་གང་བྱུང་ན་དེ་མ་ཐག་མི་རྒྱུ་སོགས་ཀྱི་ངོར་མི་བཏང་པ་ཆོས་འདུལ་བ་ལྟར་གྱི་གནས་དབྱུང་དྲག་པོ་བྱ་སྟེ། ཕྱིར་འཛུག་གནས་མི་ཆོག །ཁ་འཛིངས་ཐབ་མོ་ཆུང་ངུ་ལན་གཅིག་ལ་མར་མེ་བརྒྱ་མཆོད་རེ་སྒྲུབ་དགོས། མི་ཚངས་སྤྱོད་ཀྱི་ཕམ་པའི་ཆར་བཏོགས་གཙུག་ལག་ཁང་གི་ནང་དང་གླིང་ནང་དང་། སྟེང་ཐོག་རྣམས་སུ་བུད་མེད་ཀྱི་རྒྱུ་འགྲུལ་མཐོ་དམན་དྲག་ཞན་སུ་ཡང་གཏན་ནས་འཛུག་མི་ཆོག །ཀློག་པའི་གཙུག་ལག་ཁང་གི་སྟེང་ཁ་གཉིས་བསྐྱིལ་དུ་སྐྱབས་རྗེ་རིན་པོ་ཆེ་ཞལ་བཞུགས་སྐབས་མཇལ་ཁ་ཞུ་བར་གསེར་ཁང་གི་ལྷོ་སྒོ་ནས་བཏང་སྲོལ་བཞིན་ཉེས་པ་མེད་ཅིང་། དེ་ལས་གཞན་དུ་འགལ་བ་བྱུང་ན་སྐྲ་སྣ་གཅོད་ཟེར་ཡང་སྐྲ་ངེས་པར་གཅོད་ནས་མར་མེ་བརྒྱ་མཆོད་གསུམ་རེ་ཆད་སྒྲུབ་དང་། ཚེས་བཅུ་དགུ་གཏོར་སོགས་དུས་ཆེན་སྐབས་ཁྲོམ་གསེབ་ཏུ་ཉུལ་བ་དང་ཁྲིམས་གྲོགས་མེད་པ་བུད་མེད་ལ་ཅིག་པུར་གཏམ་སྨྲ་བ་དང་མིག་གི་རིང་དུ་བལྟ་བ་འཛུམ་རྒོད་སོགས་དང་། བྲོ་གླུ་བཞད་གསུམ་དང་སྐྱེས་ཕོ་མོ་ཆགས་པའི་གཏམ་དང་། དགེ་བསྐོས་ལ་དགོངས་པ་མ་ཞུ་པར་ཕྱིར་འགྲོ་བ་བྱ་མི་ཆོག་ཅིང་དེ་རྣམས་དང་འགལ་ན་གང་བྱུང་ལ་མར་མེ་ཉེར་ལྔ་རེ་སྒྲུབ་རྒྱུ་དང་སོ་སོའི་གྲྭ་ཁང་ནང་དུ་སྐྱེས་པ་ཞག་སྡོད་གཏན་ནས་མི་ཆོག་གལ་ཏེ་བྱུང་ན་སྡོད་ཡུལ་སྡོད་མཁན་གཉིས་ཀར་མར་མེ་གཉིས་བརྒྱ་རེ་སྒྲུབ་དགོས་པ་སྡེ་ཁྲིམས་བརྒྱད་པའོ། །སྲོག་གཅོད་ཀྱི་ཆར་གཏོགས་དམག་འཁྲུགས་འཐབ་རྩོད་སོགས་ཀྱི་ངག་འཁྱལ་དང་། སྒྲུངས་པ་སོགས་ཆགས་སྡང་གི་གཞི་དང་། ཁྱད་པར་བཤས་ཉོ་གཤས་ཚོང་གི་དགེ་འདུན་སྤྱི་བྱེར་ནས་མི་ཆོག་ཅིང་། དགེ་འདུན་སྤྱི་ཡི་ཤ་ཉོ་དགོས་ན་རྣམ་གསུམ་དག་པའི་ཤ་ལ་ལོངས་སྤྱོད་པ་ལས་བསྔོ་ཤ་སོགས་གཏན་ནས་སྤོངས་ཤིང་། ཤ་འཚོང་བ་པོ་ལས་ཀྱང་ཆེད་དུ་བསྔོས་པ་ཡིན་མིན་ཞིབ་རྩད་བྱ་དགོས་པ་དང་། བུ་ལོན་ལྟ་བུ་ལོན་མི་ལོན་དུས་དགེ་བསྐོས་དང་མཛོད་པ་སོགས་ཞུ་བ་ལས་རང་ཤེད་ཀྱི་འཐབ་འཛིང་སོགས་བྱས་ན་མར་མེ་བརྒྱ་མཆོད་རེ་སྒྲུབ་དགོས་ཏེ། དེ་རྣམས་ནི་བཅའ་ཁྲིམས་དགུ་པའོ། །མ་བྱིན་ལེན་གྱི་ཆར་གཏོགས་དགེ་འདུན་སྤྱི་བྱེར་སུས་ཀྱང་གཡོ་སྒྱུས་ཀུན་ནས་བསླངས་ཏེ་བྲེ་སྲང་ལོག་པ་འཛུག་པ་དང་གཞན་ལས་བརྡུང་འཕྲོག་བཅོམ་གསུམ་གྱིས་བླངས་བ་དང་། དཀོན་མཆོག་གསུམ་གྱི་དཀོར་ལ་བག་མེད་དུ་ལོངས་སྤྱོད་པ་སྤང་ཤིང་། དགེ་འདུན་གྱི་སྤྱི་དཀོར་ཉར་ཚག །གྲྭ་གཉེར་རྣམས་ནས་གཏོང་བ་མཆོད་པ་འགྱེད་སོགས་ཇི་བྱས་ཚུར་འོང་ཕར་སོང་གི་ཐོ་ཞིབ་བཅའ་དང་། བརྗེ་མཚམས་སྐབས་དགེ་འདུན་ཐུགས་ཡིད་ཆེས་པའི་དག་ཐེར་ཞུ་རྒྱུ་དང་། ཉོ་ཚོང་བསྒྲིགས་གཏམ་སོགས་ཆོས་ར་ནང་བྱ་མི་ཆོག་པ་དང་། བོར་ཟེགས་ཆུད་ཟོས་བྱུང་ན་གྲྭ་གཉེར་རང་གི་དངོས་པོས་མཇལ་སྒྲུབ་དང་། རྙེད་པ་བགོ་བ་སྟོན་པའི་སྐུ་སྐལ་བཞག་ནས་ཐམས་ཅད་འདྲ་མཉམ་སུ་བསྒོ་བ་དང་། དཔེ་གཉེར་པ་དང་། མཆོད་དཔོན། དགེ་བསྐོས། མགོན་བླ་སོགས་ལས་ཚན་སོ་སོར་རྩིས་སྤྲོད་རྣམས་ཆག་གྲུམ་བུག་ཁྲལ། འཐོར་ཟེགས་བྱུང་ན་ཉམས་སྐྱོན་བཅོས་ཤིང་དེ་ཚབ་སྤུས་ལྡན་ཐོག་ལས་ཡིག་སྟོང་ལག་རྒྱུད་ཀྱི་རྩིས་སྤྲོད་ལེན་སོགས་གཏན་ནས་མི་ཆོག་ཅིང་། ཆོག་བཟོད་ཧམ་བསྒྱུར་གྱི་ཇི་མི་སྙོམ་དུ་མདོར་ན་རྒྱུ་དངོས་པོ་དེའི་རིན་ཐང་ཇི་གནས་ལོག་པོའི་ཉེས་ཆད་གཙང་སྒྲུབ་དགོས་པ་སྟེ་བཅའ་ཁྲིམས་བཅུ་པའོ། །བརྫུན་གྱི་ཆར་གཏོགས་དོན་མེད་ཀྱི་མི་མང་ལྷན་དུ་འཚོགས་ནས་ངག་རྐྱལ་སྣ་ཚོགས་པ་དང་། རྩེད་མོས་ཀུ་རེ། བཞད་གད། ཆོས་ལ་བརྙས་པའི་ཚིག་གི་དོན་འབྲེལ་མེད་ཀྱི་ཐལ་རྩོད་སོགས་སྤངས་ཤིང་། གླིང་སྟོད་ཤོད་ནས་གསུང་སྐད་ཆུང་ངུ་སྨྲ་བ་དང་སེ་གོལ་གྱི་བརྡའ་བྱེད་པ་ལས་འབོད་ལན་སོགས་སྐད་རྒྱངས་འུར་ཞོག་ཆེན་པོ་བྱེད་པ་དང་། གཙུག་ལག་ཏུ་ཞུགས་ནས་དགེ་བའི་གནད་དོན་སྨྲ་དགོས་ངེས་བྱུང་ན་ལས་ངག་སྨྲ་བ་སོགས་མི་ཆོག་ཅིང་། དེ་རྣམས་གང་བྱུང་ཉེས་པ་ཆེ་ཆུང་དང་བསྟུན་ནས་ཕྱག་བརྒྱ་ནས་བཅུ་ཡི་བར་དང་། གཙུག་ལག་ཁང་དང་ཚོགས་ལ་ཞུགས་ནས་ངག་ཤོར་བ་ལ་མར་མེ་རེའི་ཆད་པ་སྒྲུབ་དགོས་པ་སྟེ་བཅའ་ཁྲིམས་བཅུ་གཅིག་པའོ། །དགེ་འདུན་ལྷག་མའི་ཆར་གཏོགས་གྲྭ་ཁང་སོ་སོར་གྲྭ་པ་གཉིས་རེ་ལྷན་སྡོད་མི་ཆོག་ཅིང་ཕན་ཚུན་ཞག་མ་སྡོད་པ་དང་སྤོངས་ཤིང་མཚན་ཐུན་གྱི་སྐབས་ལ་དགེ་བསྐོས་ཐེངས་གསུམ་རེ་གླིང་ཉུལ་ངེས་པར་འགྲོ་ཤིང་། དགོན་པའི་ནང་ལ་འགྲོ་དགོས་བྱུང་ན་ཆོས་ཁྲིམས་ལ་དགོངས་པ་ཞུ་བ་ལས་བྱུང་རྒྱབ་ཏུ་འགྲོ་མི་ཆོག །དགོངས་པ་ཐོབ་ཀྱང་ཕྱི་རོལ་དུ་ཞག་སྡོད་མི་ཆོག་ཅིང་། མདོར་ན་སྨྲ་མ་སྤངས་ཏེ་སྐྱོར་སྦྱངས་སོགས་ཀྱི་སྐབས་ལས་གཞན་དུ་རང་རང་ཅིག་པུར་གནས་པ་ལ་གལ་ཆེ་སྟེ། ཀུན་མཁྱེན་བླ་མས་བྱིས་དང་འགྲོགས་པའི་ཉེས་པ་ཚད་མེད་དེ། །སྡིག་པ་འཕེལ་ཞིང་མི་དགེ་ངང་གིས་འགོ །དགེ་བ་འགྲིབ་ཅིང་རྩོད་དང་ཉོན་མོངས་སྐྱེ། །བྱིས་པ་མི་བཟོད་ནམ་ཡང་མགུ་བར་དཀའ། །དོན་མང་བྱ་བ་ལང་ཤིང་འདུ་འཛིན་གཡེངས། །མེ་དང་སྦྲུལ་དང་གཅན་གཟན་ཁྲོད་འདྲ་བའི། །བྱིས་པ་རྣམས་ལས་ཐག་རིང་བྱེ་བར་བྱ། །ཅེས་གསུངས་པ་ལྟར། གྲོགས་ངན་པ་དང་འགྲོགས་པའི་ཉེས་པ་ཚད་མེད་ཅིང་དཀར་པོའི་ཆོས་སྣང་བའི་སྒོ་ཐམས་ཅད་འགོགས་པར་འགྱུར་བས་སྤངས་པ་ཤིན་ཏུ་གནད་ཟབ་ཅིང་འདི་རྣམས་དང་འགལ་ན། ཉེས་ཆེ་ཆུང་དང་བསྟུན་ནས་ཕྱག་སྟོང་ནས་བརྒྱ་ཡི་བར། མར་མེ་བརྒྱ་ནས་ཉེར་ལྔའི་བར་གྱི་ཉེས་པ་བཤགས་དགོས་པ་སྟེ། བཅའ་ཁྲིམ་བཅུ་གཉིས་པའོ། །བྱོན་བཞུགས་ཐམས་ཅད་ལ་མགོ་རྐྱོག་ཅིང་བསྒྲིལ་བ་དང་རྐང་པ་སྒྲ་བཅས་དྲག་པོར་རྒྱུག་མཆོང་རྒྱབ་ལགལག་སྦྲེལ། འདམས་མཐོང་སོགས་སྤྱོད་ལམ་མི་མཛེས་པ་དང་རྒྱན་པོ་སྟེ་ཆོ་ལོ་བཀྱེ་བ་དང་། གཞན་གྱི་གླུ་བྲོ་བྱེད་ས་བལྟ་བ་རྣམས་སྤངས་ཤིང་། སོ་སོའི་གྲྭ་ཁང་དུ་ཉིན་བར་གཉིད་དང་གློ་ཉལ་སོགས་དང་། ཁྱིམ་པའི་གོས་དཀར་པོ་བགོ་བ་རིང་འགགས་ཤན་མེད་ཤམ་ཐབས་ལྕགས་རི་མེད་པ་དང་གློ་འདོགས་རིག་སོགས་དང་གྲི་མཚོན་ཆང་བ་དང་གཞན་གྱི་དངོས་རྫས་གཏམ་པོ་ཉར་ཚགས་རྣམས་མི་ཆོག །ཚོགས་བསྒྲིགས་ལ་ངག་རིང་བཅད། བཞུགས་སྟངས་དྲངས་པོར་གནས་ཤིང་། གསུངས་གདང་། ར་སྐད་ལུག་སྐད་གང་བྱུང་མིན་པའི་འདོན་བསྒྲིགས་ལྷོད་མཉེན་འབོལ་གསུམ་ལྡན་པ་དང་། ཕྱག་སྟབས་རོལ་ཆ་སོགས་གྲྭ་ས་གོང་མའི་ཕྱག་བཞེས་ལྟར་གྲྭ་འགྲིགས་ལས་སྣང་བ་གང་ཤར་གང་བྱུང་དེས་ཆོག་མི་བྱ་བ། འདིང་བ་ལྷུང་གཟེད་ཆོས་གོས་སོགས་དང་འབྲལ་བར་མི་བྱ་ཞིང་ཕྱི་དྲོའི་ཁ་ཟས་སྤངས་བ་སྤངས་ལྟུང་བྱིན་བརླབ་སོགས་ཀྱང་འགྲུབ་ན་བྱ་སྟེ་འདི་རྣམས་དང་འགལ་ན་ཕྱག་སྟོང་ནས་བཅུ་ཡི་བར། མར་མེ་བརྒྱ་ནས་བཅུ་ཡན་ཆོད་འོས་བསྟུན་གཅོད་དགོས་པ་སྟེ་བཅའ་ཁྲིམས་བཅུ་གསུམ་པའོ། །རང་རང་ལ་བཀའ་དྲིན་ཆེ་བའི་བླ་མ་དང་། དགེ་བའི་བཤེས་གཉེན་དང་། མཁན་པོ་དང་སློབ་དཔོན། གནས་བརྟན་རྒན་པོ་སོགས་མཆོད་འོས་ཀྱི་ཞིང་གོང་མ་རྣམས་ལ་བསྙེན་བཀུར་དང་། ཁྱད་པར་ཆོས་སྨྲ་བའི་བཤེས་གཉེན་དང་སྔགས་ཀྱི་རྡོ་རྗེ་སློབ་དཔོན་ལ་གུས་པ་བསྐྱེད་ཅིང་དམ་ཚིག་མ་ཉམས་པར་བསྲུང་བ་ཁོ་ན་གལ་ཆེ་སྟེ། སྡུད་པ་ལས་སངས་རྒྱས་ཆོས་རྣམས་དགེ་བའི་བཤེས་ལ་བརྟེན་ཏེ་ཞེས། ཡོན་ཏན་ཀུན་གྱི་མཆོག་མངའ་རྒྱལ་བས་དེ་སྐད་གསུངས་ཅེས་དང་། ཆོས་ཀྱི་རྒྱལ་པོ་ཀློང་ཆེན་པས། ཇི་ལྟ་ནད་པས་སྨན་པའི་རྒྱལ་པོ་དང་། །དམངས་ཀྱི་རྒྱལ་པོ་མགྲོན་པོས་སྐྱེལ་མ་དང་། །ཚོགས་པས་དེད་དཔོན་གྲུ་པ་མཉན་པ་སྟར། །ཉོན་མོངས་གཞིལ་ཕྱིར་ཉེས་ཀུན་གནོད་བྲལ་ཕྱིར། །སྐྱེ་ཤིའི་འཇིགས་ཕྱིར་དོན་གཉིས་ལྷུན་གྲུབ་ཕྱིར། །སྲིད་མཚོ་བརྒལ་ཕྱིར་བླ་མ་བརྟེན་པ་བྱ། །ཅེས་དང་། ཟླ་གསང་ཐིག་ལེ་ལས། དམ་ཚིག་སྡོམ་པ་ཉམས་པ་ལ། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །བྱིན་གྱིས་རློབས་པར་མི་མཛད་དོ། །སྤོས་དང་མེ་ཏོག་ལ་སོགས་པ། །ཕུལ་ཡང་བཞེས་པར་མི་འགྱུར་ཏེེ། །ནད་དང་དུག་དང་ཟབ་རྣམས་ཀྱི། །བསད་ནས་སེམས་ཅན་དམྱལ་བར་འགྲོ། ཞེས་དང་། །གང་ཕྱིར་རྡོ་རྗེ་འཛིན་པ་ཡི། །དངོས་གྲུབ་སློབ་དཔོན་རྗེས་འབྲང་གསུངས། །དེ་བས་དེ་ལ་བརྟན་པ་ནི། །རྩ་བའི་ལྟུང་བ་དང་པོར་བཤད། །ཅེས་གསུངས་པ་ཤིན་ཏུ་སྒོ་གསུམ་གུས་པ་ཆེན་པོས་དད་པ་དང་དམ་ཚིག་ངོས་ལྐོགས་མེད་པར་ཉེས་པ་གསུམ་གྱི་བསྟན་པར་བྱ་བ་ལས་བཀའ་བཅག །ཐུགས་སུན་འབྱིན་ན་འགལ་བ་ཆེན་པོ་སྟེ་གོང་དུ་སྨྲོས་པའི་གནས་དབྱུང་གི་ཉེས་ཆད་ལས་མ་འདས་ཤིང་། མཁན་སློབ་གིས་ཀྱང་ཐུགས་བརྩེ་བ་ཆེན་པོས་ཉེ་བར་སྐྱངས་ཤིང་ཕན་འདོགས་དགོས་ཏེ། འདུལ་བ་ལས། དེང་ཕྱིན་ཆད་ཁྱེད་ཀྱི་མཁན་པོ་ལ་ཕ་ཡི་འདུ་ཤེས་ཉེ་བར་བཞག་པར་བྱའོ། །མཁན་པོས་ཀྱང་ཁྱེད་ལ་བུ་ཡི་འདུ་ཤེས་ཉེ་བར་བཞག་པར་བྱའོ། །སོགས་བཀའ་རྩལ་བའི་གནས་འདི་ལས་མི་འདའ་བ་ཤིན་ཏུ་གལ་ཆེ་བ་དང་གྲོགས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་དང་། གནས་བརྟན་དང་། བར་མའི་རིགས། གསར་བུ་བ་རྣམས་དང་གུས་པ་དང་ཞེ་ས་དང་འཇིགས་པ་དང་བཅས་ཏེ། ཅིག་སེམས་ཅིག་གི་བསྲུང་བར་བྱ་དགོས་པ་ནི་བཅའ་ཁྲིམས་བཅུ་བཞི་པའོ། །དེ་རྣམས་ཀྱི་བསྲུང་བྱ་ཚུལ་ཁྲིམས་རྣམ་དག་དང་ཉམས་ལེན་སྤྱོད་པ་རྣམ་དག་ལ་གདམ་པའང་ཅི་རིགས་པ་སྟེ་མདོར་ན་གཤེ་ཡང་སླར་མི་གཤེ་ཁྲོ་ཀྱང་སླར་མི་ཁྲོ་སྟེ། རྟོག་ཀྱང་སླར་མི་རྟོག་མཚངས་འབྲུ་ཡང་སླར་མི་འབྲུ་བ་སྟེ་དགེ་སྦྱོང་བའི་ཆོས་བཞི་དང་། དགེ་འདུན་པ་རྣམས་ཀྱི་བྱ་བ་ནི་ཆོས་སྤྱོད་རྣམས་པ་བཅུ་ཡི་བདག་ཉིད་དེ། རྒྱབ་ཚབ་བྱམས་པས། ཡི་གེ་འབྲི་མཆོད་སྦྱིན་པ་དང་། །ཉན་དང་ཀློག་དང་འཛིན་པ་དང་། །འཆད་དང་ཁ་ཏོན་བྱེད་པ་དང་། །དེ་སེམས་པ་དང་སྒོམས་པ་སྟེ། །སྤྱོད་པ་འདི་བཅུའི་བདག་ཉིད་ནི། །བསོད་ནམས་ཕུང་པོ་དཔག་ཏུ་མེད། །ཅེས་པ་སྟེ། བཀའ་དང་བསྟན་དང་ལུང་དང་གདམ་ངག་གི་དཔེ་མེད་དུ་མི་རུང་བ་རྣམས་རིན་པོ་ཆེའི་ཁུ་བས་བྲི་བའམ་མཚལ་སྣག་སོགས་ཀྱི་དཀར་ཤོག་གི་དཔེ་ལ་རང་གི་བྲི་བ་དང་། གཞན་ལ་འབྲིར་བཅུག་པ་དང་སློབ་དཔོན་ཚད་མའི་གསུང་བ་རྒྱུན་ཟིན་ཐུན་བཏབ་པ་སོགས་དང་། ཤོག་བུ། སྣག་སྨྱུག་སོགས་གཞན་ལ་སྦྱིན་པ་གང་རུང་ངོ་། །མཆོད་པ་ནི་རང་གང་དུ་གནས་པའི་ཕྱོགས་ཕྱག་དར་དང་རྐྱང་ནུལ་ལེགས་པར་བྱ་དྲི་བཟང་པོའི་ཆགས་ཆགས་བཏབ། དཀོན་མཆོག་གི་རྟེན་ཅ་འབྱོར་པ་དང་། མཆོད་པའི་དངོས་པོ་རྣམས་བཀོད་ལེགས་གཙང་སྒྲ་དང་ལྡན་པས་མཛེས་ཤིང་ཡིད་དུ་འོང་བ་བཤམས། སྤོས་དྲི་ཞིམ་པོའི་བདུག་པ་བདུལ་ཏེ་བསག་སྦྱོང་གི་གནད་བསྡུས་པ་ཡན་ལག་བདུན་པ་དང་། མཎྜལ་སོགས་རྒྱས་བསྡུས་ཅི་རིགས་པ་དང་། ཉིན་དང་མཚན་མོ་ལན་གསུམ་དུ། །ཕུང་པོ་གསུམ་པ་འདོན་བྱ་ཞིང་། །རྒྱལ་དང་བྱང་ཆུབ་སེམས་བརྟེན་ནས། །ལྟུང་བའི་ལྷག་མ་དེ་ཞི་བྱ། །ཞེས་གསུངས་པ་ལྟར་བྱང་ཆུབ་ལྟུང་བཤགས་སོགས་ཀྱང་གདོན་སྐྱབས་གསུམ་སྔོན་དུ་འགྲོ་བའི་བྱང་ཆུབ་སེམས་བསྐྱེད་ཀྱི་སྡོམ་པ་བླངས་བ་སོགས་བྱ་དགོས་ཏེ། ཇོ་བོ་བཀའ་གདམ་པ་རྣམས་ཀྱི་ཕྱག་བཞེས་རྣམ་ཐར་ལྟ་བུ་ལ་མིག་བལྟོས་འཆའ་ནས་གཙང་སོང་ངེར་སྡོད་པ་གལ་ཆེ། སྦྱིན་པའང་གཏོང་བ་དང་། གཏོང་བ་ཆེན་པོ་དང་། ཤིན་ཏུ་བ་གསུམ་དུ་ཡོད་ཅིང་ཟང་ཟིང་དང་། ཆོས་དང་མི་འཇིགས་པ་སྦྱིན་པ་རྣམས་ཅི་ནུས་སུ་བསྒྲུབ་ཅིང་ཆོས་ཉན་སྐྱོར་གྱི་སྐབས་སུ་དམ་པ་གསུམ་གྱིས་ཟིན་པ་བྱས་ནས་ལྷ་ཀླུ་སོགས་འདུས་པའི་འཁོར་ལ་འཆད་པར་བསམ་པ་སོགས་གཙོ་བོར་ཆོས་ཀྱི་སྦྱིན་པ་གལ་ཆེ། ཟང་ཟིང་གི་སྦྱིན་པ་ལ་མཚོན་དང་དུག་དང་། སྡིག་པའི་ཁ་ཟས་སྦྱིན་པ་སོགས་མ་དག་པའི་སྦྱིན་པ་འགྱུར་བས་སྤངས་དགོས་པའོ། །ཆོས་ཉན་པ་ལ། ཆོས་ཐུན་དབུ་བཟུང་ཙམ་ནས་སེམས་བསྐྱེད་བཟང་པོས་ཟིན་པ་དང་། དངོས་གཞིའི་སྐབས་བླ་མ་ཐུབ་པ་ཆེན་པོ་ཡིན་སྙམས་པ་སོགས་དང་ལུས་ཀྱི་འདུག་སྟངས་དྲང་པོར་གནས་ཤིང་། རྣ་བས་ཆོས་ཀྱི་ཚིག་སྒྲ་ལ་སེམས་གཏོད། ཡིད་ཀྱི་དོན་གྱི་ཁྱད་པར་ལ་དཔྱོད་པ་སྟེ། མདོར་ན་དགའ་བ་དང་གུས་པ་དང་། དད་པ་དང་བཅས་ཏེ་ཆོས་ཉན་པའི་སྣད་ཀྱི་སྐྱོན་གསུམ་དྲི་མ་དྲུག་མི་འཛིན་པ་ལྔ་སོགས་སྤངས་ནས། ཕ་རོལ་དུ་ཕྱིན་པ་དྲུག་དང་འདུ་ཤེས་བཞི་དང་ལྡན་པའི་སྒོ་ནས་ལེགས་པར་བསྟན་པར་བྱ། ཀློག་པ་ན་ཆོས་བསྐུལ་དང་། བདུད་ཚར་གཅོད་པའི་སྔགས་རྣམས་བཀླག་ནས་བཀའ་དང་བསྟན་བཅོས་གང་བཀླག་ཀྱང་གསལ་དག་བརྟན་གསུམ་ལྡན་པས་ཀློག་པ་ནི་རང་གིས་ཀྱང་ངམ། གཞན་ལ་བཀླག་ཏུ་བཅུག་ཀྱང་རུང་ངོ་། །འཛིན་པའང་། སྤྱིར་ཤེས་བྱ་གང་སློབས་ཀྱང་བློ་ལ་བྱུང་བ་ཁོ་ན་གལ་ཆེ། དེ་ནས་འཇམ་པའི་དབྱངས་ས་སྐྱ་པཎྚྀ་ཏས། རིགས་པ་གླེགས་བམ་ལ་གནས་དང་། །མ་སྒྲུབ་པ་ཡི་གསང་སྔགས་རྣམས། །དགོས་པའི་དུས་སུ་བསླུ་བ་མང། །ཅེས་གསུངས་པ་ལྟར། གཞུང་གང་ཡིན་ཀྱང་རྩ་བ་བློ་ལ་ངེས་པ་དང་། འགྲེལ་བའི་དཀའ་གནད་རྣམས་དང་། གཞུང་དེའི་བསྡུས་དོན་སྤྱི་རྣམས་བློ་ལ་འཆར་བར་ཤིན་ཏུ་གལ་ཆེ། རྒྱུན་གྱི་ཚོགས་འདོན་ཆོས་སྤྱོད་རྣམས་བློ་ལ་ཐོན་ན་སྟབས་བདེ་ཞིང་མིག་སྔར་ཀྱང་མཛེས་ཁྲིགས་ཆེ་བས་དེས་ན་བློ་སྦྱོངས་ཁོ་ན་གལ་ཆེ། འཆད་པའི་སྐབས་ན་གཞན་ལ་ཕན་པའི་ལྷག་བསམ་དང་ལྡན་པས་བྲེལ་མྱུར་འཚམས་པོ་ཚིག་སྡབ་ལྡིབ་འཁྲུགས་པ་གོང་འོག་ནོར་བ་ཟློས་སྐྱོན་སོགས་སྤངས་ནས་ཉན་པ་པོའི་རྣ་བར་སྙན་ཅིང་མཛེས་པ་ཚིག་དོན་ལ་སྒྲོ་འདོགས་གཅོད་ནས་གཞུང་དོན་དཔྱིས་ཕྱིན་པ། མཚམས་རྣམས་སུ་སྐྱོ་བ་བསལ་ཆེད་ངོ་མཚར་བའི་གཏམ་རྒྱུད་སོགས་ཀྱི་སྤྲོ་བར་བྱ། འཇུག་བསྔོ་བས་མཚམས་སྦྱོར་བ་སོགས་བྱ། ཁ་ཏོན་བྱེད་པ་ནི་བཀའ་དང་བསྟན་བཅོས་རང་གི་བློར་ངེས་པ་དང་། མ་ངེས་ཀྱང་མི་བརྗེད་པའི་རྟེན་དུ་ཡང་ཡང་བསྐྱར་ཏེ་འདོན་པ་དང་། གཟུང་སྔགས་ཟབ་མོ་སྒྲོགས་པ་དང་། བསྟོད་པའི་ཚོགས་དང་། ཤེར་ཕྱིན་སོགས་སྒྲོགས་པ་རྣམས་དང་སྔགས་ཀྱི་ཆོ་ག་སོགས་ལ་ནན་ཏན་དུ་བྱ་བའོ། །དེ་སེམས་ནི་ཆོས་ཀྱི་ཚིག་ཐོས་པའི་དོན་ལ་བསམ་བྱུང་གི་ཤེས་རབ་ཀྱི་རྣམ་པར་དཔྱད་ནས་སྒྲོ་འདོགས་ཆོད་པར་བྱ་བ། སྔགས་ལ་ཞུགས་པས་བསྐྱེད་རྗོགས་ཀྱི་མན་ངག་དང་། རྒྱུད་དོན་ལ་ཞིབ་འགྲེལ་བྱེད་པ་གལ་ཆེ། སྒོམ་པ་ནི་ཐོས་བསམ་གྱི་དོན་ལ་དཔྱད་སྒོམ་དང་། འཇོག་སྒོམ་གང་ཡིན་ཀྱང་ཐེ་ཚོམ་མེད་པ་ཡིན་ལུགས་ཀྱི་དོན་ལ་རྣམ་པ་རྟོག་པས་མ་ཀྲུགས་པར་སེམས་རྩེ་གཅིག་ཏུ་ཤེས་རབ་ཀྱི་གསལ་ཆ་དང་བཅས་པས་གནས་པའོ། །དེ་ལྟར་ཆོས་སྤྱོད་བཅུ་པོ་དག་ལ་རྣམས་པར་བྱ་བ་ནི་བཅའ་ཁྲིམས་བཅོ་ལྔ་པའོ། །གཞན་ཡང་གོས་དང་ཟས་དང་གནས་མལ་སྨན་རྣམས་ཀྱང་བཟང་པོ་དོན་དུ་གཉེར་བ་འདོད་པ་བསོད་ནམས་ཀྱི་མཐའ་དང་། ངལ་ཞིང་དུལ་པའི་མཐའ་གཉིས་སྤངས་ནས་སྦྱང་པའི་ཡོན་ཏན་བཅུ་གཉིས་ལ་གནས་པ་ལྟ་བུའི་འདོད་ཆུང་ཆོག་ཤེས། ལྷག་པའི་བསམ་པ་གཡོ་སྒྱུ་མེད་པས་དྲང་པོར་གནས་པ་ལ་གདམས་པའོ། །འདུལ་བ་ལས། ཁྱེད་ཀྱི་བག་ཡོད་པར་སྒྲུབ་ཤིག་ཅེས་ཚིག་ཉུང་ལ་དོན་རྒྱ་ཆེ་བའི་གདམ་ངག་སྟེ། ཞི་བ་ལྷས། ཤེས་བཞིན་ཉམ་པའི་ཆམ་རྐུན་དག །དྲན་པ་ཉམས་པའི་རྗེས་འབྲང་ནས། །ཆོམ་པོས་བཅོམ་པ་ཇི་བཞིན་དུ། །སྒྲོན་མེ་ལག་པ་གཅེར་བུར་འགྲོ། །ཅེས་དང་། བསླབ་པ་བསྲུང་བར་འདོད་པ་ཡི། །དྲན་པ་དང་ནི་ཤེས་བཞིན་དག །རབ་ཏུ་བསྒྲིམ་ནས་བསྲུང་ཤིག་ཅེས། །བདག་གི་དེ་ལྟར་ཐལ་མོ་སྦྱར། །ཅེས་བྱང་ཆུབ་སེམས་དཔའ་ཆེན་པོ་ཤནྟ་དེ་ཝས་གདམ་ངག་བདུད་རྩིའི་སྙིང་ཁུ་ལྟ་བུ་འདི་རྣམས་གདམས་ངག་ཕལ་པ་བརྒྱ་ཡི་དོ་ཟླ་མེད་པས་ཀུན་གྱི་ཐུགས་ལ་གཞག་ནས་ཕྱག་ལེན་དུ་ཐེབས་པ་དང་རྒྱུ་བདེ་གཤེགས་སྙིང་པོ་དང་རྟེན་དལ་འབྱོར་མི་ལུས། རྐྱེན་དགེ་བའི་བཤེས་གཉེན་ཐམས་ཅད་འཛོམ་པའི་སྐབས་འདིར་དལ་འབྱོར་གྱི་ནོར་བུའི་གླིང་དུ་ཕྱིན་ནས་སྟོང་ལོག་ཏུ་མ་སོང་བ་དམ་ཆོས་བསམ་འཕེལ་དགེ་འབྱུང་དབང་གི་རྒྱལ་པོ་ལ་སྒོ་གསུམ་ཆིག་དྲིལ་དུ་བརྩོན་པས་བྱི་དོར་བྱེད་ཅིང་སྙིང་པོ་བླངས་པ་རིག་ཅིང་འཐད་པ་ཡིན་ནོ། །ད་ནི་རྟོགས་དོན་ལྟ་བ་རྣམ་དག་དང་འབྲེལ་བ་ཐོས་བསམ་བྱ་རྒྱུའི་མདོ་སྔགས་ཀྱི་བཀའ་དང་བསྟས་བཅོལ་ཀྱི་རྐང་གྲངས་འཆད་པ་ལ། དེ་ཡང་། ཇི་སྐད་དུ། ཆོས་རྣམས་ཐམས་ཅད་བཀའ་དང་བསྟན་བཅོས་གཉིས་སུ་འདུ། །ལེགས་པར་གསུངས་དང་དེ་ཡི་དགོངས་འགྲེལ་བ། །དེ་ཡི་དབང་གིས་ཤཱཀྱའི་བསྟན་པ་འདི། །འཇིགས་རྟེན་ཁམས་འདིར་ཡུན་རིང་གནས་པར་འགྱུར། །ཅེས་བཀའ་རྩལ་བ་ལྟར། ཆོས་འཁོར་རིམ་པ་གསུམ་དང་འབྲེལ་བའི་བརྗོད་བྱ་བསླབ་པ་གསུམ་བརྗོད་བྱེད་གསུང་རབ་ཡན་ལག་བཅུ་གཉིས་དེ་ཡང་སྡེ་སྣོད་གསུམ་མིང་ཚིག་ཡི་གེ་སིལ་བུ་དུ་མ་འདུས་པའི་རང་བཞིན་ཅན་ཐོག་མཐའ་བར་གསུམ་དང་དགེ་ཞིང་ཚིག་དོན་བཟང་ལ་མ་འདྲེས་པ་ཡོངས་སུ་རྫོགས་པ་དང་། དག་པ་དང་བྱང་བའི་བདག་ཉིད་ཅན་ནི་བཀའ་དང་། བསྟན་བཅོས་ནི་འཆོས་སྐྱོབས་ཀྱི་ཡོན་ཏན་གཉིས་དང་ལྡན་པ། ངན་པ་དྲུག་དང་བྲལ་ཞིང་། དོན་དང་ལྡན་པ་སྡུག་བསྔལ་སྤོངས་པ་སྒྲུབ་པ་ལྷུར་ལེན་པ་གསུམ་གྱི་བདག་ཉིད་ཅན་རེ་འདུལ་བ་ལ་སྣང་། མདོ་སྡེ་ལ་འཇུག །མངོན་པའི་ཆོས་ཉིད་ཀྱི་དོན་དང་མི་འགལ་བ་མཁས་གྲུབ་ལོ་པཎ་རྣམས་ཀྱི་ཐོས་བསམ་སྒོམ་པས་གཏན་ལ་དབབ་པ་ཞིག་ལ་རང་རེ་རྣམས་ཀྱང་ཐོས་བསམ་བྱ་བ་གལ་ཆེ། དེ་ལ་ཡང་གཞུང་ཆེན་གཅིག་གི་སྟེང་དུ་གཞུང་གཞན་གྱི་དོན་རྣམས་སྤོལ་ཏེ་ལོ་ཟླ་མང་པོ་བཤད་པས་ཅིག་ཤེས་ཀུན་གྲོལ་དུ་འོང་བའི་འཆད་ཚུལ་དང་། གཞུང་རྣམས་སོ་སོར་ཚིག་དོན་མཐར་ཆག་སུ་བཤད་པ་དང་། རྩ་བའི་འབྲུ་བརྣན་གཙོ་བོར་མི་བྱེད་པ་སྤྱི་དོན་ཐལ་ཕྲེང་གི་གཏན་ལ་དབབ་པའི་འཆད་ཚུལ་རྣམས་ལས། རང་ལུགས་གཞུང་སོ་སོའི་སྤྱི་དོན་རྣམ་པར་བཤད། ཚིག་དོན་ཞིབ་པར་བཀྲོལ། བརྒལ་ལན་ལུང་རིགས་ཀྱི་གཏན་ལ་འབེབས། བསྡུས་དོན་གྱི་ཁོག་དབུབ་པའི་སྒོ་ནས་འཆད་ཚུལ་ངོ་མཚར་རྨད་དུ་བྱུང་བའོ། །དེ་ཡང་བཤད་རྒྱུད་དང་ལུང་རྒྱུན་ཡོད་པ་རྣམས་བསྟན་པའི་རྒྱུན་མ་ནུབ་ཙམ་གྱི་དགོངས་པ་བདག་ཅག་གི་སྐྱབས་མགོན་ཀུན་གཟིགས་ཆོས་ཀྱི་རྒྱལ་པོ་དེ་ཉིད་ཀྱི་བཞེད་པར་སྦྱངས་ཤིང་ནན་ཏན་བྱེད་པའི་གཞུང་དང་། ཐོས་པས་བག་ཆགས་འཇོག་པའི་གཞུང་གཉིས་སུ་རྐང་གྲངས་མཛད་ཅིང་། དེ་ཡང་འཕགས་ཡུལ་མཁས་པའི་གཙུག་རྒྱན་ཆེན་པོ་རྣམས་ཀྱི་རྩ་བའི་གཞུང་དང་། དགོངས་འགྲེལ་རྣམས་བྱང་ཕྱོགས་བྷོ་ཊའི་ལྗོང་འདིར་བཤད་རྒྱུན་འདོགས་པའི་ཀ་ཆེན་བཅུ་ཞེས་རྣམ་སྣང་ལོ་ཙཱ་བའི་སྤྲུལ་པ་མ་ཧཱ་གུ་རུའི་རྡོ་རྗེའི་ལུང་གི་ལྟ་བ་རྣམ་པར་དག་པའི་ལུང་བརྟན་ཐོབ་པ་འཕགས་ཡུལ་མཁས་པའི་བཞེད་གཞུང་མཐའ་དག་དང་། བོད་སྔ་ཕྱིའི་བཞེད་པ་མཐའ་དག་མ་འདྲེས་ཐུགས་ལ་ལེགས་པར་བྱང་བ་སྨྲ་བའི་དབང་ཕྱུག་ཀུན་མཁྱེན་ཆེན་པོ་ཤཱནྟ་སྤུ་རིའི་ཞལ་ནས། གངས་ཅན་འགྲོ་མང་གཙུག་གི་ཁྲིར་འཁོད་པ། །སྤྱན་རས་གཟིགས་དབང་ས་སྐྱོང་སྤྲུལ་པའི་སྐུ། །སྔོན་གྱི་ཆོས་རྒྱལ་ལྷ་གཅིག་བཙན་པོ་དེས། །གངས་རིའི་ཁྲོད་ཀྱི་སྟོན་པ་དང་པོ་ཡིན། །གངས་ཅན་སྨྲ་བའི་སྲོལ་འབྱེད་སམྦྷོ་ཊཱ། །དགྲ་བགེགས་ལོག་འདྲེན་ཚར་གཅོད་བཛྲ་ཤྲྀས། །མདོ་སྔགས་བསྟན་པའི་གཞི་གྱུར་པ་གོར་ཞབས། །མཚུངས་བྲལ་བོད་ཀྱི་སྒྲ་བསྒྱུར་སྐ་ཅོག་ཞང་། །རྒྱལ་བས་ལུང་བསྟན་སྤྲུལ་པའི་ལོ་ཆེན་གཉིས། །གནས་ལྔ་རིགས་པའི་མཐར་སོན་ས་སྐྱ་པ། །ཡོངས་རྫོགས་བསྟན་པའི་མངའ་བདག་རིན་ཆེན་གྲུབ། །བྱང་ཕྱོགས་བཤད་རྒྱུན་འདེགས་པའི་ཀ་ཆེན་བཅུ། །དྲང་སྲོང་ཆེན་པོ་ཐམས་ཅད་གཟིགས་པ་ཡིས། །འགྲོ་ཀུན་བྱང་ཆེན་བཀྲི་བའི་ཐེམ་སྐས་སུ། །འཁོར་ལོ་རྣམས་གསུམ་རྒྱུད་སྡེ་བཞི་ལ་སོགས། །མདོ་སྔགས་ཆོས་ཀྱི་དྲིལ་ཆེན་འཛམ་གླིང་བསྒྲགས། །ལེགས་གསུང་འདུལ་བའི་ཕོ་བྲང་ནང་ཞུགས་ནས། །ཉིས་བརྒྱ་ལྔ་བཅུ་སྤང་བའི་ཚུལ་ཁྲིམས་དང་། །བཅུ་བདུན་བླང་བྱ་འཇུག་པའི་ཚུལ་ཁྲིམས་ཏེ། །འཁོར་ལོ་དང་པོའི་ལམ་གྱི་རིམ་པའོ། །འཕགས་པའི་ཡུལ་དུ་བསྡུ་བ་གཉིས་པའི་རྗེས། །མདོ་ལུང་དགོངས་འགྲེལ་གྱེས་པ་བཅོ་བརྒྱད་བྱུང་། །ཡོད་སྨྲའི་དགོངས་འབྲེལ་ཡོན་ཤག་རྣམ་གཉིས་དང་། །བཤེས་གཉེན་དྲུག་སོགས་འཕགས་ཡུལ་མཁས་རྣམས་སོ། །གངས་རིའི་ཁྲོད་འདིར་བཤད་སྲོལ་རྣམ་གསུམ་བྱུང་། །ཀུན་གྱི་བཀའ་བབས་བུ་སྟོན་རིན་ཆེན་གྲུབ། །ཁ་བ་ཅན་འདིར་འཕགས་མཆོག་གཉིས་པར་གྱུར། །ཐར་འདོད་རྣམས་ཀྱང་གྲོལ་དེའི་རྗེས་སུ་ཞུགས། །མཁྱེན་གསུམ་ཐོས་བསམ་སྐྱ་བ་འཛིན་མཁས་ཤིང་། །ཉམས་ལེན་སྦྱོར་བཞིའི་གཟིངས་ལ་བརྟེན་ན་ནི། །ཆོས་སྐུ་ལྷུན་པོའི་མཛེས་པ་བལྟ་བ་ཡིས། །འཁོར་ལོ་འབར་བའི་སྦས་དོན་ལོ་རིམ་དེས། །དག་ལྡན་གནས་སུ་མི་ཕམ་ཆོས་རྗེས་བཀྲལ། །འཕགས་པའི་ཡུལ་དུ་བཀའ་བབས་རྣམ་པར་དྲུག །རྒྱན་གྱི་དགོངས་འགྲེལ་བཤད་སྲོལ་རྣམ་མང་ཡང་། །གང་དེ་འགྲེལ་ལ་འཕགས་པའི་ཁྱད་པར་འཕགས། །དེ་དག་བཞེད་གཞུང་རྔོག་ལོའི་ཐུགས་འཚོར་བབས། །ཤེར་ཕྱིན་རྒྱས་མཛད་འབྲེ་ཨར་རྣམས་གཉིས་ཀྱིས། །འཆད་རྩོམ་ཉི་ཟླའི་འོད་ཟེར་འབུམ་ཕྲག་གིས། །གངས་ཅན་མུན་པའི་ནགས་ཁྲོད་གསལ་བར་མཛད། །རྟག་ཆད་མཐར་ལྟའི་ཡོངས་སུ་མ་བྱུང་ཞིང་། །ཟུང་འཇུག་ལྟ་བའི་ཐེམ་སྐས་ལ་འཛེགས་ནས། །ངེས་དོན་ཆོས་སྐུའི་ཁང་བཟང་བགྲོད་པ་ཡི། །འཁོར་ལོ་བར་པའི་དངོས་བསྟན་ལམ་རིམ་དེས། །རྒྱ་གར་ཡུལ་དུ་འཕགས་མཆོག་ཀླུ་ཡིས་བཀྲལ། །ལེགས་ལྡན་འབྱེད་དང་སངས་རྒྱས་བསྐྱངས་གཉིས་ཀྱིས། །ཀླུ་སྒྲུབ་ཞབས་ཀྱི་དགོངས་པ་འགྲེལ་ཚུལ་ལས། །འཕགས་པའི་ཡུལ་དུ་ཐལ་རང་སྲོལ་གཉིས་གྱེས། །གངས་རིའི་ཁྲོད་འདིར་དཔལ་ལྡན་ཕྱྭ་པ་ཡིས། །རང་རྒྱུད་མཁས་པའི་སྲོལ་ཆེན་དར་བར་མཛད། །བསྙེངས་བྲལ་ཟླ་བའི་ལེགས་བཤད་མ་ཉམས་པ། །གང་དེས་བཤད་སྲོལ་ཕུལ་བྱིན་པ་ཚབ་ལུགས། །ཀླུ་སྒྲུབ་དགོངས་པ་ས་གསུམ་འཕགས་པ་ཡི། །རིག་པས་བཀྲལ་བའི་ལེགས་བཤད་བདུད་རྩིའི་རྒྱུན། །གྲུབ་པའི་དབང་ཕྱུག་དཔལ་ལྡན་ཆོས་སྐྱོང་དང་། །འཇམ་དབྱངས་རྣམ་འཕྲུལ་ས་ཆེན་ཐུགས་མཚོར་བབས། །གཟུང་བའི་ཆོས་ཀུན་ནམ་ཡང་ཡོད་མིན་ཅིང་། །འཛིན་བྱེད་ཤེས་པའང་འཁྲུལ་བར་གདོན་མི་ཟ། །གཉིས་མེད་ཡེ་ཤེས་སྦྱང་གཞིར་བཞག་པ་སྟེ། །འཁོར་ལོ་ཐ་མའི་ལམ་གྱི་རིམ་པའོ། །མི་ཕམ་མགོན་དང་ཀླུ་སྒྲུབ་སྙིང་པོ་ཡིས། །བྱམས་པའི་ཆོས་བཞི་བསྟོད་ཚོགས་གཞུང་གིས་བཀྲལ། །ཐོགས་མེད་མཆེད་ཀྱི་གསུང་རབ་ཉི་འོད་ཀྱི། །འཁོར་ལོ་ཐ་མའི་ངེས་དོན་ཆོས་ཆེར་གསལ། །གངས་རིའི་ཁྲོད་འདིར་མི་ཕམ་རྒྱལ་བ་དང་། །ཐོགས་མེད་མཆེད་ཀྱི་གཞུང་བཟང་ངོ་མཚར་ཅན། །དབུ་སེམས་སོ་སོར་འགྲེལ་བྱེད་རྣམས་མང་ཡང་། །གང་དེ་དབུ་མའི་གཞུང་དུ་གདོན་མི་ཟ། །ཆོས་མངོན་རྒྱ་མཚོའི་བཀའ་བབས་འབན་རོག་ཐོ། །བྱམས་ཆེན་གཞུང་གི་ངེས་དོན་འགྲེལ་པ་ལ། །བཤད་དང་སྒྲུབ་པའི་བཀའ་བབས་རྣམ་པ་གཉིས། །དེ་དག་རིམ་བཞིན་རྔོག་དང་བཙན་ལ་བབས། །ཐོས་བསམ་སྒོམ་པས་སོ་སོར་ཁྱད་པར་འཕགས། །ཆོས་ཀུན་རིག་པའི་ལམ་ནས་ལེགས་དྲངས་ཏེ། །གནས་སྐབས་གསུང་རབ་ཀུན་ལ་ལྟ་བའི་མིག །མཐར་ཐུགས་ཀུན་མཁྱེན་སྒྲུབ་པའི་ལམ་གྱི་སྲོལ། །ཕྱོགས་གླང་གྲགས་པའི་རིང་ལུགས་བླ་ན་མེད། །འཕགས་པའི་ཡུལ་དུ་སྡེ་བདུན་དགོངས་འགྲེལ་ལ། །ལྷ་ཤག་བྲམ་ཟེ་རྒྱན་དང་ཆོས་མཆོག་སོགས། །ལ་ལ་དོན་ཉུང་ཚིག་གི་ཕྲེང་བ་དང་། །འགའ་ཞིག་དཔྱོད་ལྡན་མཁས་པས་བྱས་པའང་ཡོད། །ངོ་བོ་ཉིད་མེད་རྣལ་འབྱོར་སྤྱོད་པ་དང་། །འཇིག་རྟེན་གྲགས་སྡེའི་དབུ་མར་འགྲེལ་པ་ཡི། །གངས་རིའི་ཁྲོད་འདིར་བཤད་སྲོལ་རྣམ་པ་གསུམ། །ཀུན་ལས་ཁྱད་འཕགས་ས་སྐྱ་པ་ཡི་ལུགས། །སྡེ་སྣོད་མང་ཐོས་གྲགས་ལྡན་མཁས་རྣམས་ཀྱང་། །ལེགས་སྦྱར་མི་ཤེས་འཕགས་ཡུལ་མཁས་པའི་གཞུང་། །རང་བཞིན་རྐྱེན་དང་རྣམ་དབྱེའི་འཇུག་ཚུལ་སོགས། །གང་འཆད་དེ་ལ་སུ་ཞིག་དེ་སྟོན་བྱེད། །རྒྱལ་བའི་བཀའ་དང་དགོངས་འགྲེལ་བསྟན་བཅོས་ལ། །རྣམ་དཔྱོད་བརྩོན་པས་ཐོས་པའི་ཕ་མཐར་སོན། །ཐ་སྙད་གཙུག་ལག་སྨྲ་མཁན་བློ་ལྡན་དེ། །གཟུར་གནས་མཁས་མང་ཚོགས་པའི་མདུན་སར་མཛེས། །སྒྲ་སྙན་སྡེ་སྦྱོར་ཟློས་གར་མངོན་བརྗོད་སོགས། །ཐ་སྙད་གཙུག་ལག་ཉན་དང་འཆད་འདོད་ན། །སྐད་གཉིས་སྨྲ་བའི་གཙུག་རྒྱན་ཤངས་སྟོན་དང་། །བློ་བརྟན་གསུམ་པའི་བཤད་སྲོལ་རྨད་དུ་བྱུང་། །གཞི་ཐབས་མི་འཕྲོག་རྒྱུད་གསུམ་གཏན་དབབ་ནས། །སྦྱོར་དང་རྒྱལ་མཆོག་རྣམ་གཉིས་རྗོགས་རིམ་ལྔ། །ཐིག་ལེ་བཞི་སོགས་བསྐྱེད་རྫོགས་ལ་བསྒོམ་པ། །དཔལ་ལྡན་འདུས་པའི་ལམ་གྱི་རིམ་པའོ། །འདུས་པའི་རྒྱུད་ལ་ཀླུ་སྒྲུབ་ཡབ་སྲས་དང་། །ཡེ་ཤེས་ཞབས་ཀྱི་རིམ་པར་བཀྲལ་བ་ལ། །འཕགས་པའི་ཡུལ་དུ་འདུས་པ་འཕགས་ལུགས་དང་། །ཡེ་ཤེས་ཞབས་ལུགས་རྒྱ་བོད་མཁས་རྣམས་བཞེད། །ལོ་ཆེན་འགོས་དང་མར་རོང་ཆགས་དཔྱལ་དང་། །ལོ་ཆེན་རིན་བཟང་གཉོས་དང་རྭ་ལུགས་སོགས། །གངས་ཅན་འདིར་ཡང་འདུས་པའི་སྲོལ་རྣམས་བྱུང་། །འགོས་ལོའི་ལུགས་བཟང་བརྒྱུད་འཛིན་འོད་སྟོང་ཅན། ཕྱི་ནང་རང་ལུས་དཀྱིལ་འཁོར་ལྷ་ཡི་ཚོགས། །རྩ་ཡིག་བདུད་རྩི་དཔའ་བོ་རྣལ་འབྱོར་མ། །རིམ་པ་ལྔ་དང་རིམ་བཞིའི་རྣལ་འབྱོར་སོགས། །འཁོར་ལོ་སྡོམ་པའི་ལམ་གྱི་རིམ་པའོ། །རྣལ་འབྱོར་གསང་མཐའ་འཁོར་ལོ་སྡེ་མཆོག་རྒྱུད། །ལུ་ཧི་པ་དང་གྲུབ་ཆེན་དྲིལ་བུ་པ། །ནག་པོའི་ཞབས་ཀྱིས་རིམ་པར་བཀྲལ་བ་ལས། །འཕགས་པའི་ཡུལ་དུ་ལུ་དྲིལ་རྣམ་གསུམ་ལུགས། །གྲུབ་ཆེན་མལ་དང་མར་དོ་པུ་ཁྲང་པ། །རོང་གཡག་རྣམ་གཉིས་སྦལ་པའི་ལུགས་ལ་སོགས། །བདེ་མཆོག་སྲོལ་རྣམས་བོད་ཡུལ་ལྗོངས་སུ་བབས། །རྗེ་བཙུན་མལ་གྱིས་གཞུང་བསྒྱུར་གཏན་ལ་ཕབ། །རྒྱུར་གནས་སྤྱོད་དང་ལྟ་བ་རྒྱུད་སྡེ་བཞིན། །རིམ་ཞུགས་སྨིན་བྱེད་མཆོག་མཐུན་མངོན་རྟོགས་དང་། །གྲོགས་དང་འབྲས་བུ་རྣམ་གཉིས་ལ་སྦྱོར་བ། །དགྱེས་པ་རྡོ་རྗེའི་ལམ་གྱི་རིམ་པའོ། །དགྱེས་རྡོར་རྒྱུད་ལ་མཚོ་སྐྱེས་ནག་པོ་པ། །མི་ཐུབ་ཟླ་བ་རིན་ཆེན་འབྱུང་གནས་དང་། །ནཱ་རོ་པ་དང་མེ་ཏྲིའི་ལུགས་རྣམས་ཏེ། །འཕགས་པའི་ཡུལ་དུ་དགྱེས་རྡོར་སྲོལ་ཆེན་དྲུག །འབྲོག་འགོས་གྱི་ཇོ་མལ་དཔྱལ་རོམ་ལུགས་སོགས། །གངས་རིའི་ཁྲོད་འདིར་བཤད་སྲོལ་རྣམ་མང་ཡང་། །འབྲོག་མིའི་ལུགས་བཟང་དཔལ་ལྡན་ས་སྐྱ་པས། །བཤད་དང་སྒྲུབ་པའི་རྒྱལ་མཚན་རྩེ་ལ་བཀོད། །འཇིག་རྟེན་ཁམས་དང་ནང་ལུས་རྣམ་དག་དང་། །བཅུ་གཅིག་དབང་བསྐུར་ཐུན་མོང་དངོས་གྲུབ་དང་། །ལམ་མཆོག་དངོས་གྲུབ་ཚེ་འདིར་སྒྲུབ་བྱེད་དང་། །དཔལ་ལྡན་དུས་འཁོར་ལམ་གྱི་རིམ་པའོ། །ཐབས་ཤེས་གཉིས་མེད་ལུས་ཀྱི་འཁོར་ལོའི་རྒྱུད། །ཟླ་བཟང་ལ་སོགས་སྤྲུལ་པའི་ཆོས་རྒྱལ་བདུན། །འཇམ་དཔལ་གྲགས་སོགས་རིགས་ལྡན་ཉེར་ལྔ་དང་། །དུས་ཞབས་ས་དང་རྩི་ལུ་པཎ་ཆེན་གྱིས། །ཤམྦྷ་ལ་དང་འཕགས་པའི་ཡུལ་དུ་སྤེལ། །གྱི་ཇོ་ཙ་མའི་རཱ་འབྲོ་རྣམ་པ་གཉིས། །ཆག་དཔྱལ་རོང་པ་ཇོ་ཞལ་ལུགས་སོགས་ཀྱི། །གངས་ཅན་བསྟན་པའི་པད་ཚལ་གསལ་བར་མཛད། །རྭ་འབྲོའི་བཤད་སྲོལ་ཉི་ཟླའི་འོད་རིས་ཅན། །སློབ་དཔོན་དབང་བསྐུར་རང་རྒྱུད་སྨིན་བྱས་ནས། །བདག་མདུན་གཉིས་ཀ་དག་པའི་སྐུ་རུ་བསྐྱེད། །ཡེ་ཤེས་སྤྱན་དྲངས་དེ་ཉིད་ང་རྒྱལ་བཟུང་། རྣལ་འབྱོར་རྒྱུད་ཀྱི་ལམ་གྱི་རིམ་པའོ། །རྣལ་འབྱོར་རྒྱུད་ཀྱི་དགོངས་པ་འགྲེལ་པ་ལས། །སངས་རྒྱས་གསང་བ་ཤཱཀྱ་བཤེས་གཉེན་དང་། །ཡོངས་རྫོགས་པཎ་ཆེན་ཀུན་དགའ་སྙིང་པོ་སྟེ། །བཤེས་གཉེན་རྣམ་གསུམ་བསྟན་པའི་རྒྱན་དུ་ཤར། །དང་པོའི་སྲོལ་འབྱེད་ལོ་ཆེན་བརྒྱུད་པར་བཅས། །བར་དུ་དར་མཛོད་ཙྭ་སྣུར་འཛིམ་གསུམ་སོགས། །ཐ་མར་སྤེལ་མཛད་ཀུན་མཁྱེན་རིན་ཆེན་གྲུབ། །གང་འདི་སྙིགས་དུས་རྒྱལ་བ་གཉིས་པའོ། །ཆུ་དབང་སོགས་ཀྱིས་རང་རྒྱུད་སྨིན་བྱས་ནས། །མདུན་བསྐྱེད་ཐུགས་ཀར་ཡིག་འབྲུའི་ས་བོན་བཀོད། །རྗེ་དཔོན་ལྟར་བུ་དངོས་གྲུབ་ལེན་བྱེད་པ། །བྱ་བའི་རྒྱུད་ཀྱི་ལམ་གྱི་རིམ་པའོ། །རྡོ་རྗེ་དྲིལ་བུའི་དབག་གིས་སྨིན་བྱས་ནས། །བདག་མདུན་གཉིས་ཀའི་ཐུགས་ཀར་ཡིག་འབྲུ་བཀོད། །གྲོགས་པོ་ལྟར་བུ་དངོས་གྲུབ་ལེན་བྱེད་པ། །སྤྱོད་པའི་རྒྱུད་པའི་ལམ་གྱི་རིམ་པའོ། །བྱ་སྤྱོད་ཤི་རྟའི་སྲོག་འབྱེད་བྱང་ཆུབ་མཆོག །སངས་རྒྱས་གསང་བའི་བཤད་སྲོལ་ཕུན་སུམ་ཚོགས། །གངས་ཅན་འདིར་ཡང་བྱ་སྤྱོད་རྒྱུད་སྡེ་ལ། །ངོ་མཚར་བཤད་པའི་རྒྱུད་འཛིན་བགྲང་ཡས་བྱོན། འཕགས་པའི་ཡུལ་དང་གང་རིའི་ཁྲོད་འདིར་ཡང་། །མདོ་སྔགས་གཉིས་ཀྱི་འགྲོས་ཆེན་མ་འཁྲུལ་བ། །སྔོན་རབ་མཁས་པས་བཀྲལ་བའི་བཤད་སྲོལ་ཏེ། །ས་གསུམ་རྒྱལ་བ་ཀུན་གྱི་གཤེགས་བཞུགས་ཡིན། །ཅེས་གསུང་པ་ལྟར། ཐོག་མར་འཇམ་དབྱངས་རྣམ་འཕྲུལ་ཐོན་མི་སཾ་བྷོ་ཊཱས་༡ཡི་གེས་བརྡའ་ཆད་ཀྱི་གཞུང་མཛད། སྔ་དར་གྱི་དུས། བྷེ་༢་རོ་སྐ་༣་ཅོག་ཞང་པ་༤་སོགས་ཀྱི་མདོ་སྔགས་ཀྱི་ཆོས་བསྒྱུར་བཤད་འཆད་ཉན་གྱི་གཏན་ལ་དབབ། གནུབ་སངས་རྒྱས་ཡེ་ཤེས་༥སོགས་ཀྱིས་མདོ་དགོངས་འདུས་སྒྱུ་འཕྲུལ་གྱི་བཤད་རྒྱུན་སྤེལ། ཕྱི་དར་ལ་ལོ་ཆེན་རིན་༦་བཟང་དང་། རྔོག་བློ་ལྡན་ཤེས་རབ་༧་གཉིས་ཀྱི་མདོ་སྔགས་ཀྱི་ཆོས་དཔག་ཏུ་མེད་པ་བསྒྱུར་བཤད་མང་པོའི་སྲོལ་གཏོད། དེ་དག་དང་གཞན་ལས་འོངས་པའི་བཤད་རྒྱུན་མཐའ་དག་རྗེ་བཙུན་ས་སྐྱ་པ་༨ཁུ་དབོན་༩དང་། ཀུན་མཁྱེན་བུ་སྟོན་རིན་པོ་ཆེས་༡༠བཟུང་བ་སྟེ་མདོ་སྔགས་བཤད་རྒྱུན་གྱི་བཀའ་བབ་སྐྱེས་བུ་ཆེན་པོ་བཅུ་སྟེ་དེ་རྣམས་ཀྱི་རྗེས་སུ་འབྲངས་ནས་མདོ་སྔགས་ལེགས་པར་འཆད་ན་བསྟན་པ་རིན་པོ་ཆེར་བྱ་བ་བྱས་པ་ཡིན་ལ། དེ་མིན་གཞན་དུ་བྱིན་པའི་བློ་གྲོས་ཀྱི་བཀའ་དང་བསྟན་བཅོས་རང་སྟོབས་ཀྱིས་བཀྲལ་བ་ནི་ལོག་པའི་ལམ་དུ་འཕྱན་པ་མ་ལས་འདས་སོ། །དེ་ཡང་རྗེ་བཙུན་རེ་འདའ་བ། གཞོན་ནུ་བློ་གྲོས་ཡན་ལ་དབུ་ཕར་འདུལ་མཛོད་བཞི་འཆད་པས་བཀའ་བཞི་པ་དང་དེ་སྟེང་ཚད་མ་བསྣན་པ། བཀའ་ལྔ་པ་གཉིས་་གྲགས་ཆེ་ཞིང་། རྒྱལ་ཚབ་དར་མས་པུསྟི་བཅུ་ལ་བཤད་སྲོལ་གཏོད། ཕྱིན་ཆད་བཀའ་བཅུ་པ་གྲགས་ཆེ་བས། སྔར་གྱི་བཞི་པོའི་སྟེ་ཚད་མ་རྣམ་འགྲེལ་སོགས་གཞུང་ཅི་རིགས་བསྣན་པ་དང་། ས་ལུགས་སུ་ཕར་ཚད་གཉིས། འདུལ་མཛོད་གཉིས། དབུ་མ། སྡོམ་གསུམ་སྟེ་གཞུང་ལུགས་དྲུག་གི་གྲངས་ངེས་དང་། རབ་འབྱམས་ཞེས་པའི་མཚན་བསྒྲོགས་ཀྱང་བྱམས་ཆེན་རབ་འབྱམས་པ་སངས་རྒྱས་འཕེལ་མན་ཆད་ནས་བྱུང་བར་གྲགས་ཤིང་། དཀའ་ཕྱོགས་སུ་ནང་བརྟག་རྒྱུད་གསུམ་གྱི་བཤད་སྲོལ་དང་། རྙིང་ཕྱོགས་སུ་རྒྱ་གཞུང་ཆེན་པོ་རྣམས་དང་། རང་ལུགས་མན་ངག་ལྟ་ཕྲེང་། པདྨའི་ལམ་རིམ། སྒྱུར་འཕྲུལ་རྩ་བཤད་དང་། སྒྱུར་འཕྲུལ་ལམ་རིམ་ཆེ་ཆུང་སོགས་ཆོས་རྗེ་དམ་པའི་ཐོག །སྤྱི་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས་མཛོད་ཆེན་རྣམ་བདུན། ངལ་བསོ་སྐོར་གསུམ་མངའ་རིས་པཎ་ཆེན་གྱི་སྡོམ་གསུམ། ཀུན་མཁྱེན་ཕྱི་མའི་ཡོན་ཏན་མཛོད་སོགས་བཤད་རྒྱུན་རྒྱ་ཆེར་བཞུགས་པ་རྣམས་སྙིང་དུས་འདིར་མར་མེ་འཆི་ཁ་མར་ལྟར་བུ་གྱུར་པ་བསྟན་པ་མི་ནུས་པའི་བཙས་སུ་དགོངས་ཏེ། ཆོས་གྲྭ་ཆེན་པོ་འདི་ཉིད་དུ་རྒྱལ་བསྟན་རིས་མེད་ཀྱི་བཤད་སྒྲུབ་ཀྱི་རྒྱུན་བཟང་པོ་འཛུགས་ནས་བསྟན་པའི་གྲོག་རྩ་འཐུད་པར་བཞེད་པའི་དགོངས་ཟབ་བཞུགས་པ་དང་འབྲེལ། ཐོག་མར་སྦྱངས་ཤིང་ནན་ཏན་བྱེད་པའི་གཞུང་གི་སྐོར་ལ་འཇམ་དཔལ་གྱི་རིགས་གཏད་སྔོན་དུ་འགྲོ་བས་འཇམ་དཔལ་གྱི་བསྟོད་པ་གང་བློ་མའི་ལེགས་བཤད་ཀྱིས་སྒོ་ཡངས་པོར་ཕྱེས་ནས་བྱང་སྡོམ་འབོག་ཆོག་སྔོན་དུ་འགྲོ་བས་བྱང་ཆུབ་སེམས་པའི་སྤྱོད་པ་ལ་འཇུག་པ་རྩ་བ་དང་འགྲེལ་པ་ཐོག་མེད་དང་ཀུན་བསོད། ཤེར་འགྲེལ་ཀེ་ཏ་ཀ་རྒལ་ལན་དང་བཅས་པ། འདུལ་ལུང་སྡེ་བཞིའི་རྩ་བའི་ལུང་། སོར་ཐར་པའི་མདོ་བི་མའི་རྒྱ་ཆེར་འགྲེལ་དང་། དགེ་འདུན་གྲུབ་ཀྱི་ཊི་ཀི་མདོ་རྩ་མཚོ་སྣ་བའི་མཆན་ཊིག་དང་། འགྲེལ་པ་ཉི་མའི་འོད་ཟེར། མངོན་པ་འོག་མ་མཛོད་མི་ཕམ་མཆན་ཏྲིག་དང་མཆིམས་ཆེན་དང་དཔོན་སློབ་མཆན་འགྲེལ་མངོན་པ་གོང་མ། ཀུན་བརྒྱུད་དང་འགྲེལ་པ་ས་བཟང་། དབུ་མ་འཇུག་པ་མི་ཕམ་རིན་པོ་ཆེའི་མཆན་འགྲེལ་དང་གོ་རམ་སྤྱི་དོན་རྣམས་སྦྱར་དབུ་མ་རྩ་བ་མི་ཕམ་རིན་པོ་ཆེའི་མཆན་དང་འགྲེལ་པ་བུདྷ་པ་ལི་དབུ་མ་བཞི་བརྒྱ་པ་འགྲེལ་ངག་དབང་དཔལ་བཟང་གིས་མཛད་པ་དང་ལྟ་ངན་མུན་སེལ་རྣམས་སྦྱར། དབུ་མ་རྒྱན་ཀུན་མཁྱེན་མི་ཕམ་རིན་པོ་ཆེའི་འགྲེལ་ཚད་མ་རྣམ་འགྲེལ་དང་ཏྲིག་ཀ་མི་ཕམ་རིན་པོ་ཆེའི། ཚད་མ་རིགས་གཏེར་ངོར་དཔོན་སློབ་འཇམ་དབྱངས་བློ་གཏེར་དབང་པོས་མཆན། ཤེར་ཕྱིན་སྡུད་པ་མི་ཕམ་རིན་པོ་ཆེའི་འགྲེལ་མདོ་སྦྱར་དང་བཅས་པ་གོ་རམ་པའི་སྤྱི་དོན་སྦྱར། མངོན་རྟོགས་རྒྱན་མི་ཕམ་རིན་པོ་ཆེའི་མཆན་ཏྲིག་དང་། དཔལ་སྤྲུལ་སྤྱི་དོན་འབྲུ་འགྲེལ་མདོ་རྒྱན་མི་ཕམ་རིན་པོ་ཆེའི་འགྲེལ། མན་ངག་ལྟ་བའི་ཕྲེང་བ་གུ་རུ་རིན་པོ་ཆེའི་གསུངས། འགྲེལ་རོང་ཟོམ་ཆོས་བཟང་གཙང་སྟོན་རིན་པོ་ཆེའི་མཛད་པ་དང་། རྒྱུད་བླ་མ་མི་ཕམ་རྩ་མཆན་དང་། དོམ་ཏྲིག་འབྱེད་རྣམ་གཉིས་མི་ཕམ་རིན་པོ་ཆེའི་ཏྲི་ཀཱ་བཅས་ཀྱི་རྒྱ་གཞུང་རྣམས་རེ་ཞིག་རྫོགས་པ་དང་། སྔ་འགྱུར་རང་གཞུང་གི་ཐོག་མར་ཟབ་གསང་བསྟན་པའི་ཤིང་རྟ་ཆེན་པོ་ཤར་ཀཿཐོག་པ་དམ་པ་ཤེས་རབ་སེང་གེའམ་བདེ་གཤེགས་སྤོབ་པ་མཐའ་ཡས་ཀྱི་མཛད་པའི་ཐོག་ས་སྤྱི་ཅིང་པ་དང་། འགྲེལ་བུ་འབོར་བ་མཁས་གྲུབ་ཆེན་པོ་ཡེ་ཤེས་རྒྱལ་མཚན་གྱི་མཛད་པ་སྤྱི་དོན་ཤཱཀྱ་རྡོ་རྗེས་ཀུན་འདུས་རིག་པའི་སྒྲོན་མེ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་ཡིད་བཞིན་མཛོད་རྩ་འགྲེལ་ཆ་ལག་དང་བཅས་པ། མངའ་རིས་པཎ་ཆེན་རིན་པོ་ཆེའི་སྡོམ་གསུམ་རྣམ་ངེས་དང་འགྲེལ་ལོ་ཆེན་རིན་པོ་ཆེའི་མཛད་པ། ཀུན་མཁྱེན་ཕྱི་མའི་ཡོན་ཏན་རིན་པོ་ཆེའི་མཛོད། འགྲེལ་དགེ་མང་ཡོན་ཏན་རྒྱ་མཚོས་མཛད་པ། མི་ཕམ་རིན་པོ་ཆེའི་གཞུང་ངེས་ཤེས་རིན་པོ་ཆེའི་སྒྲོན་མེ། འགྲེལ་མཁན་ཆེན་ཀུན་བཟང་དཔལ་ལྡན་གྱི་མཛད་པ། མཁས་པའི་ཚུལ་ལ་འཇུག་པའི་སྒོ་ཞེས་བྱ་བའི་བསྟན་ཆེན་པོ། །བརྡའ་ཤན་འབྱེད་རང་མཆན་དོན་རྣམ་ངེས་ལྷག་བསམ་རྒྱལ་མཚན་གྱི་མཛད་པ། རྒྱུད་རྒྱལ་གསང་བ་སྙིང་པོའི་སྐོར་ལ་༤ལོ་དང་པོ་འགྲེལ་སྤར་ཁབ་སྐྱབས་རྗེའི་མཚན་དོན་དང་སྤྱི་དོན་ལེགས་བཤད་རོལ་མཚོ་ནན་ཏན་སྦྱངས་པ་དང་། སྤྱི་དོན་རིན་ཆེན་མཛོད་སྡེ། ལོ་གཉིས་པར་དགོང་རྒྱན་དང་ཞལ་ལུང་འདི་གཉིས་ནན་ཏན་སྦྱངས། ལོ་གསུམ་པར་གསུང་ཏྲིཀཱ་ཨོ་རྒྱན་ཆོས་གྲགས་ཀྱི་སྤྱི་དོན། ལོ་བཞི་པར་ནམ་མཁའ་༡དཔལ་བའི་རྒྱུད་འགྲེལ་དངུལ་དཀར་མེ་ལོང་དང་བཀའ་མཆིས་ཕུ་མ། ལོ་ལྔ་༣པར་ཕྱོགས་བཅུ་མུན་སེལ། སྤྱི་དོན་ཡིད་ཀྱི་མུན་སེལ་དང་། འོད་གསལ་སྙིང་པོ། དཀོན་མཆོག་འགྲེལ་བཅས། སངས་རྒྱས་གསང་བའི་ལམ་ཆེན་འགྲེལ་ཛྙཱ་ན་ཀེ་རུས་མཛད་པ་བཅས་ཀྱི་སྔགས་གཞུང་རེ་ཞིག་རྫོགས། གཉིས་པ་ཐོས་པས་བག་ཆགས་འཇོག་པའི་གཞུང་ལ་བཀའ་བསྟན་བཅོས་གཉིས་ལས་བཀའ་དྲི་མ་མེད་པའི་སྐོར་ནི་གཙུག་གཏོར་རྣམ་རྒྱལ་འགྲེལ་རྣམ་འཇོམས་མི་ཕམ་མཆན་འགྲེལ། གདུགས་དཀར་འགྲེལ་དགེ་ཕྱོགས་ཚེ་མདོ་འགྲེལ་ཏཱ་ར་ནཱ་ཐ། འདའ་དཀའ་ཡེ་ཤེས་མི་ཕམ་དོན་འགྲེལ་དང་རྒྱ་འགྲེལ་ཤེས་རབ་སྙིང་པོ་འགྲེལ་གཞུང་བརྒྱ་དངོས་གྲུབ་དཔལ་འབར། བྱང་ཆུབ་ལྟུང་བཤགས་ཇོ་ཏྲིག །བཟང་སྤྱོད་འགྲེལ་ལོ་ཆེན་དང་། འཇུ་གྲགས་རྒྱལ་གྱི་མཛད་པ། བྱམས་སྨོན་འགྲེལ་གྲགས་རྒྱལ། སྒྲོལ་མ་འགྲེལ་དགེ་འདུན་གྲུབ་དང་ཏཱ་ར་ནཱ་ཐ། དཀོན་མཆོག་རྗེས་དྲན་འགྲེལ་མི་ཕམ། མདོ་བརྟེན་འབྲེལ་སྙིང་པོ་དང་བཤེས་སྤྲིངས་མི་ཕམ་འགྲེལ། ས་ལུ་ལྗང་པའི་མདོ། འགྲེལ་བསྟན་བཟང་ཆོས་བཞི་པའི་མདོ་འགྲེལ་འཕགས་པ་ཐོག་མེད་བཅས། དགོངས་འགྲེལ་བསྟན་བཅོས་ཀྱི་སྐོར་ལ་ཤིང་རྟ་ཆེན་པོ་འཕགས་པ་ཀླུས་ཀཱ་རི་ཀ་རིག་ཚོགས་ལ་རྩོད་བཟློག་འགྲེལ་ས་ས་ཁུ། སྟོང་ཉིད་བདུན་བཅུ་འགྲེལ་དང་རིག་པ་དྲུག་བཅུ་པ་འགྲེལ་ཟླ་གྲགས། ཞིབ་མོ་རྣམས་འཐག་འགྲེལ་པ་ཁུ། རང་བཞིན་གསུམ་འཇུགབརྟེན་འབྲེལ་སྙིང་པོ་མི་ཕམ་མཆན་འགྲེལ། རིན་ཆེན་ཕྲེང་བ། རྒྱ་འགྲེལ་འཕགས་པ་ལྷའི་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་མི་ཕམ་མཆན་ཏྲིཀཟླ་གྲགས་ཀྱི་དབུ་མ་ཤེས་རབ་ལ་འཇུག་པ། ཤིང་རྟ་ཆེན་པོ་ཐོག་མེད་ཀྱི་མངོན་པ་ཀུན་བཏུས་འགྲེལ་པ་ས་བཟང་། སུམ་ཅུ་པ། ཉི་ཤུ་པ་ཐེག་བསྡུས་པ་རྣམ་མི་ཕམ་མཆན། ཕྱོགས་གླང་གི་ཚད་མ་ཀུན་བཏུས་མི་ཕམ་མཆན་ཏྲིཀཱ། ཤཀྱ་འོད་ཀྱི་དགེ་ཚུལ་གྱི་ཚིག་ལེ་དགྲ་བཅོམ་པ་ས་ག་ལྷའི་མེ་ཏོག་ཕྲེང་རྒྱུད། རོང་ཏྲིཀཱདཔའ་བོས་སྐྱེས་རབ་རང་བྱུང་རྡོ་རྗེའི་ཁ་སྐོངས་དང་བཅས། མི་ཕམ་རིན་པོ་ཆེའི་གྲུབ་པའི་རྒྱབ་ཆོས། ཞི་བ་ལྷའི་བསླབ་བཏུས་བི་མ་ལའི་སྐྱབས་འགྲོ་ཡན་ལག་དྲུག་པ། ཙཎྜ་གོ་མི་སྡོམ་པ་ཉི་ཤུ་པ། བླ་མ་ལྔ་བཅུ་པ། སློབ་དཔོན་ལེགས་ལྡན་འབྱེད་ཀྱི་དབུ་སྙིང་པོ། འགྲེལ་ཏོག་གེ་འབར་བ། བྷ་ཝེ་ལྷའི་བསམ་གཏན་ཆོས་སྒྲོན། ཀ་མ་ལ་ཤི་ལའི་སྒོམ་རིམ་ཐོ་བཙུན་གྲུབ་རྗེས་ཁྱད་པར་འཕགས་བསྟོད། བདེ་བྱེད་བདག་པོའི་ལྷ་ལས་ཕུལ་བྱུང་གཉིས་འགྲེལ་ཤེར་འབྱུང་། སྦྲུལ་ནག་སྟོང་སྣང་བ་ལྷར་སྒྲུབ། རོང་ཟོམ་པའི་ཐེག་ཆེན་ཚུལ་འཇུག །ཆོས་རྗེ་པཎྚི་ཏའི་མཁས་འཇུག །རབ་དབྱེ། ཐུབ་པའི་དགོངས་གསལ། ཆོས་རྗེ་དམ་པའི་འདྲ་མཐུན་ཁྱད་འཕགས། རྒྱལ་བ་ཀློང་ཆེན་པའི་ངལ་བསོ་སྐོར་གསུམ། རང་གྲོལ་སྐོར་གསུམ། གྲུབ་མཐའ་མཛོད། ཆོས་དབྱིངས་མཛོད་རྩ་འགྲེལ། ངོར་ཆེན་རིན་པོ་ཆེའི་བྱ་སྤྱོད་སྤྱི་རྣམས། མི་ཕམ་རིན་པོ་ཆེའི་བྱ་སྤྱོད་ཚུལ་གནས། བསམ་གཏན་ཕྱི་མའི་རྒྱུད་འགྲེལ། སྦྱིན་སྲེག་གི་ལམ་རིམ། རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱི་ཕུང་པོ་རབ་དབྱེ། མཉམ་མེད་དྭགས་པོའི་ཐར་རྒྱན། ཀརྨ་རང་བྱུང་རྡོ་རྗེའི་ཟབ་མོ་སྔགས་དོན། སྙིང་པོ་སྟོན་པ། རྣམ་ཤེས་དང་སེམས་འབྱེད་པ་རྣམས་ཀོང་སྤྲུལ་རིན་པོ་ཆེའི་འགྲེལ། ཞེ་ཆེན་རྒྱལ་ཚབ་བསྟན་བཅོས་རིན་པོ་ཆེའི་ངེས་དོན་སྒྲོན་མེ། དགྱེས་རྡོར་རྩ་རྒྱུད་འཇམ་མགོན་གུ་ཎའི་འགྲེལ། དུས་འཁོར་རྒྱུད་འགྲེལ་མི་ཕམ་ཐམས་ཅད་མཁྱེན་པའི་གསུངས་གསང་བ་འདུས་པའི་རྒྱུད་འགྲེལ། ཇོ་ནང་བདེ་མཆོག་རྒྱུད་འགྲེལ་རྗེ་བཙུན་གྲགས་པ། དུས་འཁོར་འགྲེལ་ཆེན་དྲི་མེད་འོད། མཚན་བརྗོད་རྒྱུད་འགྲེལ་བི་མ་དང་། དགའ་རབ་གསུངས་དགེ་འདུན་རྒྱ་མཚོ་དང་། ཚ་བ་རིན་ཆེན་རྣམ་རྒྱལ་འགྲེལ། སྒྱུར་འཕྲུལ་ཐུགས་ཐིག་དང་། དམ་ཚིག་གསལ་བཀྲ། མདོ་དགོངས་འདུས་རྩ་འགྲེལ་བཀའ་བརྒྱད་སྤྱི་དོན། ཡང་དག་གསང་འགྲེལ། ཕུར་པ་རྩ་དུམ་འགྲེལ་འབུམ་ནག་དང་རྗེ་གུ་ཎའི་འགྲེལ། རོག་གི་ཕུར་ཏྲིཀ་ཉི་མའི་འོད་ཟེར། བབ་དྲུག་ལས་བཞིའི་འགྲེལ། བདུད་རྩི་གསང་ནན་རྒྱུན་བཤགས་ཡན་ལག་བརྒྱད། དམ་བཅའ་ཉེར་བརྒྱད། བདེ་གཤེགས་སྤྱི་བཤགས། བརྗོད་མེད་དོན་བཤགས། རྒྱུད་ལུང་མན་ངག་གི་བཤགས་པ་སོ་སོའི་འགྲེལ་བཅས། མ་མོ་གསང་བ་ལས་ཀྱི་ཐིག་ལེ། བྱང་སེམས་བསྒོམ་པ་རྡོ་ལ་གསེར་ཞུན་རྣམས་མི་ཕམ་མཆན། སྒྲ་ཐལ་འགྱུར་རྩ་འགྲེལ། སྐྱབས་མགོན་ཚེ་དབང་མཆོག་གྲུབ་ཀྱི་པདྨའི་ལམ་རིམ་འགྲེལ་ཆེན། བསྐྱེད་རིམ་འོག་མིན་བགྲོད་པའི་ཐེམ་སྐས། ལམ་རིམ་ཡེ་ཤེས་སྙིང་པོ་རྩ་འགྲེལ། མཛོད་ལྔའི་ཤི་རྟ་བློ་གྲོས་མཐའ་ཡས་ཀྱི་བསྟན་བཅོས་ཆེན་པོ་ཤེས་བྱ་ཀུན་ཁྱབ་རྩ་འགྲེལ། མཐའ་མར་དགེ་བ་དོང་སྤྲུག་སྨོན་ལམ་དང་འགྲེལ་མི་ཕམ། ཀུན་མཁྱེན་པྲཉྫ་ར་སྨིའི་མདོ་སྔགས་སྨོན་ལམ་ཀུན་མཁྱེན་ཕྱི་མའི་ཏྲིཀ །རྒྱ་རོང་ནམ་སྤྲུལ་ཀུན་བཟང་ཐེག་མཆོག་རྡོ་རྗེའི་ཏྲི་ཀ །ཞལ་ནས་གསུངས་པའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པའི་འགྲེལ། སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་ཆོས་རྒྱལ་དགྱེས་པའི་ཞལ་ལུང་། འགྲེལ་ཟེ་ཆེན་རྒྱབ་ཚབ་རིན་པོ་ཆེ་འགྱུར་མེད་རྣམ་རྒྱལ་གྱི་མཛད་པ་རྣམ་བཤད་ལུང་གི་རྒྱུན་མ་ཆད་ཙམ་དུ་སྐབས་མཚམས་རྣམས་སུ་འགྲོ་གང་ཆེ་བྱ་དགོས་ཤིང་བོད་སྔ་ཕྱིའི་གཞུང་ཁུང་མ་འདི་རྣམས་དཔྱད་པ་གསུམ་གྱི་དག་པའི་གཞུང་བཟང་རྩོམ་པ་པོ་བསྟན་བཅོས་རྩོམ་པའི་རྒྱུ་གསུམ་ཚང་བ་འཕགས་ཆེན་གྱི་མཛད་པ་ཤ་སྟག་ཡིན་ཅིང་འཕགས་ཡུལ་ཤིང་རྟ་ཆེན་པོ་རྣམས་ཀྱི་གཞུང་དང་དབྱེར་མི་ཕྱེད་པ་སྟེ། རྒྱལ་ཚབ་བྱམས་པས། གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གི། དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད། །ཐར་པ་ཐོབ་པའི་ལམ་དང་རྗེས་འབྲེལ་བ། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླངས། །ཅེས་གསུང་པ་ལྟར་ཐེ་ཚོམ་མེད་པའི་གུས་པ་བརྟན་པོ་དང་ལྡན་པས་བསླབ་བརྩོན་ལ་འབད་པ་དང་། ཁྱད་པར་རང་གཞུང་གསེར་ས་ལི་ཏྲཾ་ལྟར་བུ་འདི་རྣམས་གལ་ཆུང་སྙོམ་བསྐུར་དུ་མི་བྱ་བར་ཁོག་པའི་སྙིང་ལྟར་གཅེས་སྤྲས་བྱ་དགོས་ཏེ། ཀུན་མཁྱེན་ཆེན་པོ་ཤེས་རབ་འོད་ཟེར་གྱིས། ཚད་ལྡན་གཞུང་བཞིན་འཆད་པའི་མཁས་རྣམས་ཀྱིས། །སྔོན་རབ་མཁས་པའི་བཤད་སྲོལ་གཞུངས་དྲངས་ནས། །འཆད་རྩོད་ཙོམ་པས་ཐུབ་བསྟན་བཟུང་བ་ན། །ཀུན་མཁྱེན་རྒྱལ་བའི་བསྟན་པ་གཉིས་ཤིག་འབྱུང་། །ཉན་བཤད་ཐུབ་བསྟན་འཛིན་པར་རློམ་རྣམས་ཀྱང་། །གཞན་གཞུང་འཇིགས་དང་རང་གཞུང་བསྒྲུབ་པའི་ཕྱིར། །ཁུང་མེད་ཚིག་ཕྲེང་སྦུ་བའི་ཟོལ་གྱིས་ནི། །རང་ཕྱོགས་འཁྱར་བའི་རྩོད་པས་ཐུབ་བསྟན་དཀྲུགས། །ལ་ལ་རྒྱལ་བའི་བཀའ་དང་དགོངས་འགྲེལ་གྱི། །ཚད་ལྡན་གཞུང་གི་ཉན་བཤད་ཀུན་དོར་ནས། །རང་རང་འདོད་པས་སྦྱར་བའི་གཞུང་ལུགས་ལ། །ཉན་བཤད་བགྱིད་པས་ཚེ་ལོ་འདའ་བ་མཚར། །ཅེས་གསུངས་པ་ཤིན་ཏུ་ཐུགས་གཟུ་བོར་གནས་པའི་གཏམ་སྤྱོད་ལྡན་རྣ་བའི་བདུད་རྩི་ཁོ་ན་ཡིན་པས། དེས་ན་འདིར་ཡང་གཞུང་ཚད་མ་མང་དུ་འཆད་ཉན་བྱེད་པའི་དགོས་པའང་དེ་འདྲ་ལ་དགོངས་པའོ། །སྔགས་ཕྱོགས་ཀྱི་རྒྱུད་དང་བསྟན་བཅོས་དང་། སྒྲུབ་མཆོད་གསུངས་རྒྱུ་རྣམས་ཀྱི་དབང་ལུང་ངེས་པར་ཐོབ་དགོས་ཏེ། རྒྱུད་ལས་གསང་སྔགས་རང་ཉིད་ལེན་པ་ནི། །ལུས་ཅན་དམྱལ་བ་འབའ་ཞིག་ཏུ། །ཞེས་དང་། གསང་སྙིང་ལས། སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་པ། །ཉན་པ་ལ་སོགས་རྩོམ་པ་ནི། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཅེས་གསུངས་པས་ནན་ཏན་དུ་བྱའོ། །དེ་ཡང་མང་དུ་ཐོས་པ་ནི། འཇིག་རྟེན་གྱི་རྒྱན་དམ་པ་གྱུར་པ་དང་། བསྟན་པ་རིན་པོ་ཆེའི་རྩ་ལག་དམ་པར་གྱུར་ཅིང་། གང་མང་དུ་ཐོས་པ་དེ་ཕྱོགས་ཐམས་ཅད་དུ་བློ་གྲོས་ཀྱི་ལུས་སྟོབས་རྒྱས་ཤིང་ཤེས་རབ་ཀྱི་སྤྱན་ཡངས་པ། གསུངས་རབ་ཐམས་ཅད་གདམ་པར་འཆར་བ་དང་རིས་མེད་པའི་བསྟན་པ་ལ་དག་སྣང་ཕྱོགས་མེད་དུ་འཕེལ་ཞིང་། ཀུན་གྱི་བཀུར་བསྟི་བསྟོད་སྔགས་ཀྱི་ཡུལ་དུ་གྱུར་ཅིང་སྐྱེས་བུ་དམ་པར་གྱུར་པ་དང་། རིམ་གྱི་རྣམ་པ་ཐམས་ཅད་མཁྱེན་པའི་དངོས་རྒྱུར་འགྲོ་བ་སོགས་ཕན་ཡོན་ཚད་མེད་པའི་བདག་ཉིད་དེ། ཆེད་དུ་བརྗོད་པའི་ཚོམ་ལས། ཐོས་པས་ཆོས་རྣམ་ཤེས་པར་འགྱུར། །ཐོས་པས་སྡིག་ལས་བཟློག་པར་འགྱུར། །ཐོས་པས་དོན་མ་ཡིན་པ་སྤོངས། །ཐོས་པས་མྱ་ངན་འདས་པ་ཐོབ། ཅེས་གསུངས་ཏེ། དེ་ཡང་རིམ་པ་བཞིན་ཕྱི་ནང་གི་གྲུབ་མཐའ་ཤེས་པས་བླང་དོར་གྱི་གནས་ཤེས། ཚུལ་ཁྲིམས་ཀྱི་བསླབ་པ་ཐོས་པས་ཉེས་སྤྱོད་ལས་བཟློག །སེམས་ཀྱི་བསླབ་པ་ཐོས་ནས་དོན་མེད་པའི་འདོད་པ་ཡོངས་སུ་སྤངས། ཤེས་རབ་ཀྱི་བསླབ་པ་ཐོས་ནས་ཟག་མེད་མངོན་དུ་བྱས་པའི་མྱང་འདས་ཐོབ་པ་སོགས་ཕན་ཡོན་མཐའ་ཡས་པ་དང་། ཇི་སྐད་དུ། ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན། །རྐུན་པོ་རྣམས་ཀྱི་མི་ཁྱེར་ནོར་གྱི་མཆོག །ཐབས་ཚུལ་མན་ངག་སྟོན་པའི་གྲོགས་ཀྱི་མཆོག །ཅེས་པ་དང་། སྡུད་པ་ལས། ཤེས་རབ་ཀྱིས་ནི་ཆོས་ཀྱི་རང་བཞིན་ཡོངས་ཤེས་ནས། །ཁམས་གསུམ་མ་ལུས་པ་ལས་མྱུར་དུ་འདའ་བར་འགྱུར། །ཞེས་སྲིད་པའི་ས་བོན་དུ་དྲུང་ནས་འབྱིན་པར་བྱེད་པ་དང་། མི་ཕམ་པས། རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་འཐོབ་མི་འགྱུར། །དེ་བས་གཞན་དག་ཚར་བཅད་རྗེས་སུ་བཟུང་ཕྱིར་དང་། །བདག་གི་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱ། །ཅེས་དང་། ཞི་བ་ལྷས། རྒྱལ་སྲས་རྣམས་ཀྱི་མི་བསླབ་པའི། །དངོས་དེ་གང་ཡང་ཡོད་མ་ཡིན། །དེ་ལྟར་གནས་པའི་མཁས་པ་ལ། །བསོད་ནམས་མི་འགྱུར་གང་ཡང་མེད། །ཅེས་དང་། ཆོས་རྗེ་ས་སྐྱ་པཎྚི་ཏས། རང་ལ་དགོས་པའི་བསྟན་བཅོས་འགའ། །ཉི་མ་རེ་ལ་ཚིག་རེ་བཟུང་། །གྲོང་མཁར་དང་ནི་སྦྲང་ཙི་ལྟར། །རིང་པོར་མི་ཐོགས་མཁས་པར་འགྱུར། ཅེས་དང་། རིག་པ་ནང་པར་འཆི་ཡང་བསླབ། །ཚེ་འདིར་མཁས་པར་མ་གྱུར་ཀྱང་། །སྐྱེ་བ་ཕྱི་མར་བཅོལ་བ་ཡི། །ནོར་ལ་རང་ཉིད་ལེན་དང་མཚུངས། །ཞེས་དང་། ཀུན་མཁྱེན་ཆོས་ཀྱི་རྒྱས་པོས། དེ་ཡི་ཕན་ཡོན་དྲན་དང་ཏིང་འཛིན་དང་། ཉོན་མོངས་རྙོགས་བྲལ་སྤོབས་པ་ཟད་མི་ཤེས། །ཆོས་མཛོད་འཛིན་དང་བདེ་གཤེགས་ཆོས་ཐོས་དང་། ལྷ་མའི་སྟོབས་ཅིང་གྲགས་དང་བསམ་པ་འགྲུབ། །ཚེ་རབས་ཀུན་ཏུ་ཆོས་དང་མི་འབྲལ་ཞིང་། །མྱུར་དུ་བདེ་གཤེགས་ཆོས་ཆར་འབེབས་པ་ཐོབ། །ཅེས་པ་གནས་སྐབས་མཐར་ཐུག་གི་ཐོས་པའི་ཕན་ཡོན། རྒྱ་ཆེར། གསུངས་པ་རྣམས་ལ་སྐལ་བཟང་བློ་གྲོས་དང་ལྡན་པ་དག་གི་འབད་པ་ཆེན་པོས་དམ་ཆོས་ཕྱོགས་མེད་ལ་ཐོས་བསམ་བྱེད་པ་ཁོ་ན་གལ་ཆེ་སྟེ། མེ་ཚོགས་པུ་གྲིའི་སོ་ཡང་བརྒལ་ནས་ནི། །ཕྱི་མཐར་ཐུག་གི་བར་དུ་དམ་ཆོས་བཟུངས། །ཞེས་གསུང་སྟེ་རྒྱལ་སྲས་ཆེན་པོ་རྣམས་ཀྱི་དམ་བཅའ་བའི་ཚིག་དོན་ལ་ནམ་ཡང་མི་གཡེལ་བར་བྱ་དགོས་ཤིང་། རང་ཅག་བློ་ཆུང་རྣམས་ཀྱི་རྗེ་བླ་མས་གཞུང་བརྒྱ་འཆད་ཉན་འཛུགས་པ་ལ་ཟུར་ཟ་བར་བྱེད་ཀྱང་མང་དུ་ཐོས་པ་ཐམས་ཅད་སྐྱོན་ཅན་དུ་འགྱུར་ན། སྔར་གྱི་གསར་སྙིང་གི་མཁས་གྲུབ་དམ་པ་མང་པོ་ཡང་སྐྱོན་ཅན་དུ་ཐལ་ལོ། །དེ་སྐད་དུའང་། རྗེ་བཙུན་སྒྲོལ་བའི་མགོན་པོས། ཕྱི་རབས་ཀྱི་གཏམ་ལ་མ་དགོས་ཤིང་། སྔར་གྱི་མཁས་པ་གྲུབ་ཐོབ་ཡིན། །དེང་སང་གི་མཁས་པ་མཁས་བརྫུན་ཏུ་འདུག །ཅེས་གསུངས་བཞིན་ནོ། དེ་ལྟར་ནན་ཏན་དུ་བྱེད་པའི་གཞུང་རྣམས་ཡང་ནས་ཡང་དུ་སྦྱོངས་པས་གོམ་པར་བྱ་དགོས་ཤིང་། གུས་སྦྱོར་དང་རྟག་སྦྱོར་གྱི་བརྩོན་འགྲུས་མེད་དུ་མི་རུང་སྟེ། །བརྩོན་འགྲུས་ལྡན་པ་འཇིག་རྟེན་ཀུན་གྱིས་བསྟོད། །བཙོན་འགྲུས་ལྡན་པ་མི་ཡི་བསམ་པ་འགྲུབ། །བརྩོན་འགྲུས་ལྡན་པ་ཡོན་ཏན་ཚོགས་འཕེལ་ཞིང་། བརྩོན་འགྲུས་ལྡན་པ་མྱ་ངན་འདའ་བར་འགྱུར། །ཅེས་རྒྱ་ཆེར་སྔགས་པའོ། །དེའང་འདིར་ཞུགས་པ་རྣམས་སྦྱོང་བ་ལ་བརྩོན་འགྲུས་བྱེད་མིན་མཁན་པོ་དང་ཆོས་ཁྲིམས་སོགས་ཀྱི་བརྟག་ནས་ལན་གསུམ་གྱི་བར་དུ་བསྒོས་ཀྱང་བསྒོ་བ་རྣར་གཟོན་གྱི་གསོང་བ་རྒྱ་འབྱམས་བྱེད་ན་གནས་ནས་དབྱུང་ཞིང་། དྲག་པོའི་ཁྲིམས་ཀྱི་ཚར་བཅད་པར་བྱ་བ་དང་། རྒྱུན་དུ་ནམ་ལངས་པ་དང་ཆོས་ཁྲིམས་ཀྱི་བརྡའ་བསྐུལ་ནས་ཐམས་ཅད་ཀྱི་མཆིལ་ལྷམ་ཕུད། གཟན་ཟླུམ་ཁྱེར་གྱིས་ཚོགས་ནས་སྔ་ཕྱི་མེད་པ་ལྷན་ཅིག་ཏུ་རྣམ་རྒྱལ་མའི་གཟུངས་དང་། བསམ་ལྷུན། སྒྲོམ་མ། སྡོམ་གསུམ་གསོ་སྦྱོངས་རྒྱུན་དུ་བསྡུས་པ་དང་། ཉ་སྟོང་གི་དུས་སུ་རྒྱས་པ་བཏོན། ཆོས་ཐུན་གྱི་བརྡའ་བྱུང་བ་དང་ཆོས་གྲྭ་འཚོགས་ཆོས་ཐུན་གྱི་གོང་དུ་མིང་ཡིག་བབ་པ་དེས་རྒྱུགས་འབུལ་ཞུས་ནས་ཆོས་འཆད་ཉན་ལ་འཇུག །རང་གི་དབང་པོ་རྣོ་བཏུལ་དང་བསྟུན་པའི་གཞུང་ཆེ་ཕྲ་གང་ཡིན་ལ་སྦྱངས་པ་གནད་དུ་ཕིག་པ་ཚར་ཁ་ཡར་རེ་སྦྱངས་བསམ་མཁན་ཡོད། ནན་ཏན་བྱེད་པའི་གཞུང་རྣམས་ལ་ཐོས་བསམ་སྤྱི་འགྲོ་མཐར་ཕྱིན་པ་དང་། གཞུང་གང་ལ་ནན་རྒྱུར་བྱེད་བསམ་པ་དེ་ལ་ལྷག་པར་སྦྱངས་ཏེ་མཁན་པོས་ཀྱང་སྐུ་ཚེགས་ལ་མི་གཟིགས་པར་ཉིན་རེ་ཆོས་ཐུན་མི་འདྲ་བ་གང་དགོས་གསུང་བ་དང་ཆོས་ཐུན་གྲོལ་ནས་གུང་ཚིག་བྱས་རྗེས་བརྡའ་བསྐུལ་ཏེ་ཆོས་རྭ་སྐྱོར་སྦྱངས་དང་ཐུན་བརྡའ་བྱུང་ནས་རང་རང་གྲྭ་ཁང་དུ་ཐུན་ལ་ཞུགས་ནས་དཔེ་ཆ་སྐྱོར། ཉི་ཐལ་ཙམ་ན་བརྡའ་བྱུང་བསྟུན་བ། སྔར་བཞིན་འཚོགས་ནས། རྣམ་རྒྱལ་གཟུངས་དང་། རྩ་གསུམ་དྲིལ་སྒྲུབ་ཀྱི་བསྐྱེད་བཟླས་སྔོན་དུ་འགྲོ་བས་རྡོ་རྗེའི་ཆོས་སྐྱོང་བའི་སྲུང་མ་རྣམས་ལ་གཏོར་བསྔོས་སྤྱི་བྱེར་གྱི་རིགས་དང་། ཟླ་བ་བྱུང་ངོ་ཅོག་གི་དགུ་གསུམ་ལ་དཔལ་ལྷ་མོའི་གསོལ་མཆོད་འབྲིང་པོ་ཟབ་རྒྱས་དང་། ཡར་མར་གྱི་ཚེས་བཅུ་གཉིས་ལ་རྩ་གསུམ་དྲིལ་སྒྲུབ་ཀྱི་ཚོགས་མཆོད་བྱ། གཏོར་བསྔོས་གྲོལ་རྗེས། སྐྱོར་དཔོན་གྱི་སྐྱོར་སྦྱང་དགོས་ན་བྱ། དགོངས་ཇ་བཞེས་འཕྲལ་མུན་རུབ་ཙམ་ན་ཐུན་བརྡའ་བསྐུལ་ཏེ་མར་མེ་གཏམ་དཔེ་སྐྱོར་དང་། བློ་བཤར་ཅི་རིག་པ་བྱས་ནས་བརྡའ་བྱུང་བ་དང་གྲོལ། སྔ་ཕྱིའི་ཚོགས་དང་གསོ་སྦྱོང་གཉིས་དུས་མཆོད་སོགས་ཆག་ན་མར་མེ་བཅུ་རེ་དང་ཡོན་ཁ་ཆག་ན་རྙེད་པ་ཆད་རྒྱུ་དང་། ཉིན་ཐུན་དང་མཚན་ཐུན་རྐང་ཆད་བྱུང་ན་བརྒྱ་ཕྱག་གསུམ་རེ་དང་མར་མེ་ཉི་ཤུ་རེའི་ཆད་པ་དང་། ཉིན་ཐུན་ལ་མི་གཉིས་རེ་ལྷན་དུ་སྡོད་ཡོད་ན་མར་མེ་གསུམ་རེ། མཚན་ཐུན་ཚུགས་ནས་ནམ་ལངས་བར་མི་གཉིས་ལྷན་སྡོད་བྱུང་ན་མར་མེ་བཅུ་གསུམ། བརྒྱ་ཕྱག་རེ་རབ་གསལ་ནས་ཐུན་གྱི་སྒོང་མགོ་བལྟས་བྱས་ན་མར་མེ་གསུམ་རེ། འདི་རྣམས་ཆོས་ཁྲིམས་ནས་ཐུན་སྒང་ལ་གླིང་ཉུལ་ལན་གཉིས་རེ་འགྲོ་བས་ཞིབ་གཏོགས་བྱ་དགོས་པ་དང་། ༣༽གཞུང་རེ་རེ་ཚར་ནས་སྤྱི་རྒྱུགས་སྤྲོད་ལེན་སྐབས་གྲྭ་ཚང་ཐམས་ཅད་འཚོགས་ནས་གསན་དགོས་ཤིང་། གལ་ཏེ་འགལ་ན་ཕྱག་བརྒྱ་ནས་ཉེར་ལྔ་ཡན་བབ་བསྟུན། མ་སྦྱངས་པའི་རྟགས་དང་འགྲེལ་བའི་རྒྱུགས་མ་ཕྲོད་ན་མར་མེ་བརྒྱ་མཆོད་ཀྱི་ཉེས་འཁྲི་དང་། སླར་ཞལ་བསྒོས་བྱ། དེ་ཡང་སྦྱངས་མ་སྦྱངས་མཁན་པོ་དང་། དགེ་བསྐོས་བསམ་ཡོད་རྣམས་ནས་ཞིབ་འཇུག་གི་དབྱེ་གསལ་ཞིབ་བཅའ་གནང་མོས་ལྟར་ངན་པའི་རྒྱབ་སྐྱོར་མཛད་མི་འོས་པ་དང་། གྲལ་དུ་བསླབ་པ་རྒན་གཞོན་གྱི་བསྒྲིགས་རིམ་དང་། ཟླ་བ་དགུ་པའི་ཚེས་བཅོ་ལྔ་ནས་གསུམ་པའི་བཅོ་ལྔ་བར་སྟོད་འབོག་གྱོན་པ་དང་། དཔྱིད་ཟླ་གསུམ་པའི་བཅོ་ལྔ་ནས་དགུ་པའི་བཅོ་ལྔ་བར་དཔུང་བཅད་དགོས། འདི་དང་འགལ་ན་བརྒྱ་ཕྱག་རེའི་ཉེས་ཆད་དང་། ཟླ་བ་གཉིས་རེའི་མཚམས་ཚེས་བརྒྱད་དབུ་སྐྲ་ལྷན་ཅིག་བསིལ། ཆན་པས་བྲེག་མི་ཆོག་ཚོགས་ནང་དུ་སྣ་རྭ་ཁྱེར་མི་རུང་། གཟན་སྣམ་ཐེར་གང་རུང་ལས། ག་ད་དང་། ཨ་ཐི་རས་སོགས་ཀྱི་གཟན་གྱོན་མི་ཆོག །ཕོར་པ་དངུལ་ཤན་དང་། དཀར་ཡོལ་གུ་ཤེལ་སོགས་བཞེས་སྤྱད་མ་ཡིན་སྤངས་ཤིང་། སྨིན་གླིང་བསྒྲིག་ཞལ་དང་། བསོད་ནམས་ལྡེར་མོ་གང་རུང་དགོས། ཞབས་ཆག་རྐོ་ལྷམ་ཡུ་བ་ཅན་གྱོན་མི་རུང་། འདི་རྣམས་དང་འགལ་བ་སྣ་རྭ་ཕོར་པ་ལྕོག་པ་དང་། གཞན་རྣམས་ལ་མར་མེ་བཅུ་ནས་གསུམ་གྱི་བར་ཉེས་པ་སྒྲུབ་དགོས་པ། བོད་ཟླ་བ་དང་པོའི་ཚེས་གཅིག་ལོ་གསར་དགའ་སྟོན་ལ་གྲྭ་གཉེར་ནས་མཆོད་པ་ཅི་འབྱོར་གྱི་སངས་གླིང་གནས་ཆོག་མཁྱེན་རྩེའི་ལྗག་བསྒྲིག་སྟེང་ནས་གསུངས། ཧོར་ཟླ་གསུམ་པའི་ཚེས་བཅུ་གཅིག་ནས་ས་ཆོག་དང་བཅོ་ལྔ་ལ་དངོས་གཞི་ཁེལ་བར་བྱས་ཏེ། དུས་འཁོར་སྒྲུབ་མཆོད་རྡུལ་ཚོན་ལ་བརྟེན་པ་ཉིན་༧ལ། ས་ཟླའི་ཚེས་ཉེར་གསུམ་ནས་རྒྱུད་ལུགས་འཇམ་དཔལ་སྒྲུབ་མཆོད་རྡུལ་ཚོན་ལ་བརྟེན་པ་ཉིན་བདུན་ལ། ཟླ་བ་ལྔ་ཧྲིལ་པོ་གསང་སྙིང་རྒྱུད་ཆོག་ཁམས་ལུགས་སྒྱུར་འཕྲུལ་ཞི་བའི་སྒྲུབ་མཆོད་རྡུལ་ཚོན་དང་འབྲེལ་བ་ཅན་ནང་རྒྱུད་ཀྱི་བཤད་པ་ཡང་འགྲོ་དགོས། གྲོལ་རྗེས་ལྗོངས་རྒྱུ་ཉིན་བདུན། ཟླ་བ་དྲུག་པའི་ཚེས་བཅུ་བཞི་དབྱར་གནས་བཅའ་ཡིག་ལྟར་ལ་དགག་དབྱེ་གྲོལ་རྗེས་ལྗོངས་རྒྱུ་ཉིན་གསུམ། ཟླ་བ་དགུ་པའི་ཚེས་བཞི་ལ་སྐྱབས་རྗེ་རིན་པོ་ཆེའི་འདས་མཆོད་རྡོར་སེམས་ཆོ་ག་མཆོད་པ་གཟབ་རྒྱས། རྒྱལ་ཟླ་ཚེས་བཅོ་བརྒྱད་ལ་ཀུན་མཁྱེན་དྲི་མེད་འོད་ཟེར་མངོན་པར་བྱང་ཆུབ་པའི་དུས་ཆེན་ལ་སྙིང་ཐིག་རྩ་གསུམ་ཚོགས་དང་མཆོད་པ་གཟབ་རྒྱས་དང་། སྐུ་མཆོད་འདི་གཉིས་ལ། ཚོགས་སུ་བཤད་པའི་མཎྜལ་གྱི་མཆོད་སྤྲིན་སྤྲོ་ནུས་པ་བྱུང་ན་ཤིན་ཏུ་ལེགས། ཟླ་བ་བཅུ་གཉིས་པའི་ཚེས་ཉེར་གསུམ་ནས་ཚེ་བདག་གཏོར་བཟློག་ཟོར་འཛིན་བསྙེན་སོང་ཞིག་དབུ་བཞུགས་བྱང་ལུགས་ཕྱག་བཞེས་གཟབ་རྒྱས། ཆོ་ག་འདི་རྣམས་ཀྱང་གདངས་དབྱངས་འབུད་བཀྲོལ་བཅའ་བཟོ་སོགས་ལ་དབུ་མཛོད་སོགས་ལས་མཚན་རྣམས་ཀྱིས་སྦྱོངས་བརྡར་དང་། འཚོགས་དུས་གདིང་ཆོས་རྩེ་ཞྭ། རྡོལ་དྲིལ་རྣམས་མ་འཛོམ་ན་བརྒྱ་ཕྱག་རེ་དང་། འཕྲལ་འཛོམ་དགོས་ཤིང་གསུང་གྲྭ་བསྒྲིག་པ་དང་། ཕྱག་སྟབས་སོགས་གང་ཅིར་དྭངས་བ་འདྲེན་ཐུབ་པ་དགོས། ༦༽འདུ་ཁང་ལ་ཕྱག་དར་དང་ཇ་འདྲེན་པས་དབྱར་སྔོ་ཕྱིས། ཡོན་ཆབ་བརྒྱ་ཚར་བཤམས་རྒྱུ་དང་། འདྲེན་པ་ཡང་དགེ་ཚུལ་རྣམས་དང་། དགེ་སློང་སྣམ་སྦྱར་མེད་པ་རྣམས་རོས་མོས་རྒྱུག་དགོས། ཕྱི་ཡི་ཀུན་དགའ་ར་བ་དང་རང་རང་གི་སྒོ་ཁོང་རྣམས་ཞག་ལྔ་རེ་ནས་ཕྱག་དར་མ་བྱས་ན་ཕྱག་བཅུ་རེ་དང་། གླིང་ཐོག་ཁ་བ་ཕྱག་རྒྱུ་ལ་སྐྱོར་དཔོན་དང་། དགེ་བསྐོས་དབུ་མཛད་ལས་ཐོགས་རྣམས་མ་གཏོག་ཚང་མས་ཕྱག་དགོས། གླིང་གཤགས་ནང་གི་ཆོས་ར་རྡོ་གཅལ་གྱི་རྡུལ་དང་ཁ་བ་རྒྱུད་སྡེའི་མ་ཆེན་ནས་འཕྱགས་རྒྱུ། གསེར་ཁང་རྡུལ་དང་ཁ་བ་ལྷ་གཉེར་ནས་འཕྱགས་དགོས། ༧༽དཔེ་གཉེར་ནས་དཔེ་ཆ་རྣམས་སྦྱངས་དུས་མ་གཏོགས་གཡར་མི་ཆོག །བརྫད་སྐྱོན་གཏོར་བརླག་མི་ཤོར་བའི་སྤྲོད་ལེན་ཞིབ་བཅའ་གལ་ཆེ། གལ་ཏེ་མ་ཚང་ན་དཔེ་བརླག་མཁན་དེའམ་དམིགས་བསལ་མེད་ན་དཔེ་གཉེར་ནས་མཇལ་དགོས་པ་དང་། གྲྭ་ཚང་སྤྱི་དགོན་ནང་ཉེ་སྐོར་བཏང་བཞུགས་འདྲེན་པ་དགེ་ཚུལ་དང་ཆབ་རིལ་བ་མ་ཆེན་རྣམས་བཏང་། ཤིང་པ་ནས་གྲྭ་པ་རེར་རྡུལ་སྡུད་སྤུས་ལྡན་ལོ་རེ་བཞིན་འབུལ་དགོས། ༨༽རྒྱུན་ཚོགས་དང་དུས་མཆོད་ལ་ནད་པ་དང་། ཤིན་ཏུ་མི་ཁོམ་པའི་རྒྱུ་རྐྱེན་ཤར་ཚེ་ཆོས་ཁྲིམས་ལ་དགོངས་ཞུས་ཀྱི་དགོངས་པ་གནང་འོས་མིན་སྐབས་ཕྱེད་ཅིང་ལེགས་པར་བརྟགས་ནས་བླངས་དོར་ལུང་སྟོན་ཤེས་དགོས་སོ། །༡༠༽འདིར་མ་འདུས་པའི་དགེ་འདུན་སྤྱི་ཁྲིམས་འཇོག་དགོས་ངེས་བྱུང་ན་མཁན་པོ་གནས་བརྟན་རྒན་པ་རྣམས་དང་དགེ་བསྐོས་རྣམས་ཐུགས་གྲོས་སྟེང་ཁྲིམས་བཅའ་འོས་པ་བཅས་མདོར་ན་ཀུན་ཆེན་པྲཛྙཱ་རསྨྲིས། ནེ་རྩོའི་འདོན་པས་མཁས་པ་རློམ་པ་དང་། །ཚུལ་ཆོས་སྤྱོད་པས་བཙུན་པར་ཆོས་པ་དང་། །སྟོང་པའི་འུད་ཀྱིས་བཟང་པོར་བརྫུ་བ་ཡི། །ཀློག་པ་བ་དེ་འཇིག་རྟེན་སྒྱུ་མ་མཁན། །འགྲོ་ཀུན་སྲིད་པའི་མཚོ་ལས་བསྒྲལ་བའི་ཕྱིར། །གཅིག་ཏུ་བསྟན་པ་འབའ་ཞིག་སྟེར་དགོངས་ནས། །རྣམ་དག་གཞུང་ལུགས་ཉན་དང་འཆད་པ་ཡི། །ཀློག་པ་བ་དེ་ལྷ་མིའི་མཆོད་གནས་ཡིན། །ཅེས་ལོག་པའི་ལམ་ལ་རྟོག་འཆོས་པའི་ཀློག་པ་བ་དང་ཡང་དག་པའི་བལྟ་སྤྱོད་ལ་ཞུགས་པའི་ཀློག་པ་བའི་མཚན་ཉིད་ཉུང་ངུའི་ཚུལ་གྱི་འདོམ་པ་མཛད་པ་དོན་ཐུགས་ལ་གཞུགས་པ་གསོལ་བ་འདེབས་པའོ། །ལྷར་བཅས་འཇིག་རྟེན་ཀུན་གྱི་རྒྱན། །ཚུལ་གནས་ལུང་རིག་འོད་འཕྲོ་བ། །རྣམ་དག་གཙུག་གི་ནོར་བུའི་ཕྲེང་། །བསྟན་འགྲོའི་འདོད་འབྱུང་བསམ་འཕེལ་དངོས། །གྲགས་པ་ཙམ་མིན་དོན་གྱིས་ལྕི། །མཁས་ཚུལ་གསུམ་གྱི་བྱ་བ་ཡི། །རྒྱལ་བསྟན་གསལ་བའི་འོད་དཀར་དེ། །གླིང་བཞིའི་མཚན་མོའི་མགོན་དུ་གྱུར། །ས་འདིར་བློ་གསལ་བྱེ་བ་བརྒྱའི། །བློ་ཡི་ཀུ་མུད་འབྱེད་གྱུར་ཅིང་། །སྤོབས་པའི་གཏེར་ཆེན་བརྒྱད་ལ་དབང་། །འཇམ་དཔལ་དཀྱིལ་འཁོར་མཆོག་གྲུབ་ཤོག །ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེ་ལྟར་ཀུན་མཁྱེན་ཐུབ་མཆོག་དོན་ཀུན་གྲུབ་པ་ཆེན་པོས་བསྟན་པ་རིན་པོ་ཆེ་སྙིགས་དུས་འདིར་གང་གི་འཛིན་འཆང་སྤེལ་བ་དེ་ནི་ཕན་ཡོན་ཚད་མེད་པ་སྟེ། ཏིང་འཛིན་རྒྱལ་པོ་ལས། བསྐལ་པ་བྱེ་བ་གངྒཱའི་བྱེ་སྙེད་དུ། །དད་པའི་སེམས་ཀྱི་ཟས་དང་སྐོམ་རྣམས་དང་། །གདུགས་དང་བ་དན་མར་མེའི་ཕྲེང་བ་ཡི། །སངས་རྒྱས་བྱེ་བ་ཁྲག་ཁྲིག་རིམ་གྲོར་བྱེད། །གང་ཞིག་དམ་ཆོས་རབ་ཏུ་འཇིག་པ་དང་། །བདེ་གཤེགས་བསླབ་པ་འགགས་པར་གྱུར་པའི་ཚེ། །ཉིན་མཚན་དུ་ནི་བསླབ་པ་ཅིག་སྤྱོད་པ། །དེ་ནི་དེ་བས་བསོད་ནམས་ཁྱད་པར་འཕགས། །ཅེས་བདེན་པའི་ཚིག་ཡང་དག་པས་བཀའ་སྩལ་བ་ལྟར། བདེ་བར་གཤེགས་པ་རྣམས་ཀྱི་གདུགས་འཚོབ་པ་དང་། ཆོས་ཀྱི་མཛོད་འཛིན་པ་དང་། གདུལ་བྱའི་ལྷག་མ་སྐྱོངས་བའི་རྒྱལ་སྲས་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོས་དགེ་འདུན་ལེགས་པར་ཞུགས་པ་རིག་པར་ཞུགས་པ་དྲང་པོར་དང་མཐུན་པར་ཞུགས་པ། ལྷ་མི་ཀུན་གྱི་མཆོད་གནས་ཕྱག་དང་བཀུར་བསྟི་སྟོབས་པའི་ཡུལ། བསོད་ནམས་ཀྱི་དཔལ་ཞིང་ཡོངས་སུ་སྦྱོངས་བ་ཆེན་པོའི་ཚོགས་ཀྱི་ཞིང་དམ་པར་གྱུར་པ་ལགས་ན། དེ་ཡང་བསྟན་དང་འགྲོ་བ་མཐའ་ཡས་པ་དང་། ཁྱད་པར་སྤུར་རྒྱལ་བོད་ཀྱི་ལྗོངས་འདིར་ཆོས་རྒྱལ་མེ་དབོན་རྣམས་ཀྱི་ཐུགས་བསྐྱེད་ཀྱི་ཤིང་རྟས་དྲངས་པའི་རྒྱལ་བསྟན་ཡོངས་རྫོགས་ཀྱི་ཕྱི་མོ་སྔ་འགྱུར་བཀའ་གཏེར་དག་སྣང་གི་བསྟན་པ་རིན་པོ་ཆེར་བཤད་པ་དང་སྒྲུབ་པའི་སྒོ་ནས་ཕྱོགས་ཀྱི་ཐ་གྲུ་ཐམས་ཅད་ཟླུམ་པོར་བཅིངས་ཤིང་། བསྟན་པའི་གདུགས་དང་རྒྱལ་མཚན་བ་དན་སྲིད་རྩེར་སྒྲེངས་བས་ཆུ་སྲིན་གྱི་རྒྱལ་མཚན་ཤིན་ཏུ་དམའ་བའི་གནས་སུ་བསྙལ་ཞིང་བདེ་གཤེགས་བསྟན་པའི་སེང་གེས་ལོག་རྟོག་ཝ་སྐྱེས་ཀྱི་རི་དྭགས་ཐམས་ཅད་བཅོམ་ནས་གང་གི་མཁྱེན་རབ་གཟི་བྱིན་ཉི་མ་འབུམ་ཕྲག་གི་འོད་ཀྱིས་ཀུན་ཏུ་རྨོངས་པའི་དགྲ་ཆེན་གྱི་སྙིང་ལ་མི་བདེ་བར་སྦྱིན་པར་མཛད་ཅིང་། ཡང་དག་པའི་བསྟན་པའི་པད་ཚལ་ཕྱོགས་བརྒྱར་རྒྱས་པ་དང་། ལེགས་བཤད་ཀྱི་སྦྲང་རྩིས་སྐལ་བཟང་བློ་གསལ་བུང་བའི་ཚོགས་རྣམས་ཀྱི་ལུས་སེམས་རྒྱས་པར་བྱེད་པས་སྙན་བརྗིད་ཀུན་ཏུ་དགའ་བའི་ཆོས་ཀྱི་སྒྲ་དབྱངས་དར་དིར་དུ་སྒྲོགས་པས་འཇིག་རྟེན་གྱི་རྒུད་པ་ཐམས་ཅད་མིང་གི་ཐ་མར་བྱས་ཤིང་རྫོགས་ལྡན་གསར་བའི་དགའ་སྟོན་ལ་ལོངས་སྤྱོད་པའི་ཐུགས་བསྐྱེད་བཟང་པོ་མཉམ་པ་མེད་པའི་བྱང་ཆུབ་ཀྱི་སེམས་བསམ་པ་ས་ལྟ་བུ་ནས། སྤྲིན་ཆེན་པོའི་དཔེས་མཚོན་པའི་བར་དུ་གོང་ནས་གོང་དུ་འཕེལ་བ་ལ་བསླབ་དགོས་ཤིང་། དེས་སྲིད་ཞི་གཉིས་ཀའི་མཐའ་ལ་མི་གནས་པའི་བྱང་ཆུབ་ཆེན་པོའི་གོ་འཕང་ཐོབ་པར་འགྱུར་བ་གདོན་མི་ཟ་བ་ཡིན་ཏེ། འཕགས་པ་ཀླུས། རི་དབང་རྒྱལ་པོ་ལྟར་བརྟན་དང་། །ཕྱོགས་མཐའ་གཏུགས་པའི་སྙིང་རྗེ་དང་། །གཉིས་ལ་མི་བརྟེན་ཡེ་ཤེས་ལགས། །ཅེས་དང་། ཞི་བ་ལྷས། དངོས་སམ་ཡང་ན་བརྒྱུད་ཀྱང་རུང་། །སེམས་ཅན་དོན་ལས་གཞན་མི་བྱ། །ཅེས་དང་། བསླབ་བཏུས་ལས། བདག་གི་ལུས་དང་ལོངས་སྤྱོད་དང་། །དུས་གསུམ་དགེ་བ་སྤེལ་བ་རྣམས། །སེམས་ཅན་ཀུན་ལ་བཏང་བ་དང་། །དེ་སྲུང་དག་པ་སྤེལ་བའོ། །ཞེས་བདག་ཏུ་འཛིན་པའི་གཞི་གསུམ་བཏང་བ་དང་། འགྱུར་བ་དང་། དག་པ་དང་། སྤེལ་བ་དང་། བཞིས་སེམས་ཅན་གྱི་དོན་སྒྲུབ་ཅིང་། ཇི་སྐད་དུ། གཞན་ཕན་ལས་ལ་མཐུ་མེད་ཀྱང་། །དེ་ཡི་བསམ་པ་རྟག་ཏུ་བྱ། །གང་ལ་བསམ་པ་དེ་ཡོད་པ། །དེ་ནི་དེ་ལ་དོན་གྱིས་ཞུགས། །ཅེས་གསུངས་པ་བཞིན། བསྟན་འགྲོར་ལྷག་པའི་བསམ་པ་ཟླ་བ་ཡར་ཚེས་ལྟ་བུ་བསྐྱེད་པ་ལ་མ་བསླབ་ཅིང་། ཐོས་བསམ་གྱི་བྱ་བ་རྫོགས་ནས་གྲོང་ནག་ཏུ་འཁྱམས་པ་དང་། དཀོར་རྗེས་སོགས་ཆོས་བརྒྱད་ཀྱི་སྒེག་མོས་བསླུ་བྲིད་རིང་དུ་བྱོས་ཏེ་རང་འདོད་ཀྱི་འཁྲི་བ་མེད་པར་དགོས། པྲཉྫཱ་རསྨིས་ཚེ་འདིའི་ཆེ་ཐབས་རྙེད་བཀུར་ལྷུར་བླངས་ནས། །ཕ་རོལ་བསྡུས་དང་ཕྲག་དོག་འགྲན་སེམས་ཀྱི། རང་ཉིད་བསྒོམ་དང་གཞན་ལ་འདོམ་ཀྱང་རུང་། །སྒོ་གསུམ་བྱ་བ་ཕལ་ཆེར་དོན་མེད་ཡིན། །ཅེས་གསུངས་པ་ལྟར་ཀུན་སློངས་དུག་ཅན་སྤངས་ནས་གཞན་དག་ལ་འཆད་སྤེལ་སོགས་ཅི་ནུས་དགོས་པ་དང་། མ་ནུས་ཀྱང་འགལ་བ་མེད་དེ། སོར་ཐར་པའི་མདོ་ལས། མང་དུ་ཐོས་པ་ནགས་ཀྱི་ནང་དག་ཏུ། །ལང་ཚོ་ཡོལ་བ་རྣམས་ཀྱི་གནས་པ་བདེ། །ཅེས་དང་། ཀུན་མཁྱེན་ཆེན་པོས། ཤེས་བྱ་ནམ་མཁའི་གཟའ་སྐར་འདྲ། །བསླབ་དགོས་གནས་ལ་ཟད་པ་མེད། །ད་རེས་འགྱུར་མེད་ཆོས་སྐུའི་རྫོགས། །མི་འགྱུར་བཙན་ས་བཟུང་ན་ལེགས། །ཅེས་དང་། ཤནྟ་པཱུ་རིས། རིག་པའི་གནས་ལ་ཐོས་བསམ་མཐར་ཕྱིན་ནས། །ཐོས་པའི་དོན་རྣམས་དོན་ཡོད་བྱ་བའི་ཕྱིར། །ཏིང་འཛིན་བསྒོམ་པའི་བྱ་བ་ལྷུར་བླངས་ནས། །དབེན་པའི་གནས་སུ་བདག་རྒྱུད་སྨིན་པར་མཛོད། །ཅེས་ལེགས་པར་འདོམ་འཚམ་པ་མཛད་པ་ལྟར་རྒྱལ་བ་གོང་མས་བསྟན་ཅིང་བསྔགས་པའི་དབེན་པའི་རི་ཁྲོད་དུ་ཐབས་སྙིང་རྗེ་ཆེན་པོ་དང་། ཤེས་རབ་སྟོང་པ་ཉིད་ཟུང་དུ་འཇུག་པའི་ལམ་ལ་བརྟེན་ནས་རྣམ་པར་གྲོལ་བའི་གོང་འཕང་དོན་དུ་གཉེར་དགོས་ཏེ། མདོ་ལས། ཐབས་དང་བཅས་པའི་ཤེས་རབ་ནི་ལམ་མོ། །ཤེས་རབ་དང་བཅས་པའི་ཐབས་ནི་ལམ་མོ་ཞེས་གསུངས་པ་ལྟར་ཐབས་ཤེས་ཟུང་འཇུག་གི་བསྐྱེད་རྫོགས་ཀྱི་ཉམས་ལེན་ཟབ་མོ་དང་། ཁྱད་པར་འོད་གསལ་རྡོ་རྗེ་སྙིང་པོ་འོད་ཟེར་བཀོད་པ་རྒྱན་གྱི་རོལ་མོ་མཐའ་ཡས་ཤིང་གསང་བ་བསམ་གྱི་མི་ཁྱབ་པའི་ཉམས་ལེན་ལ་གཞོམ་ནས་འཇའ་ལུས་རྡོ་རྗེའི་སྐུ་མཆོག་མངོན་དུ་གྱུར་ནས་འཁོར་བ་དོང་ནས་སྤྲུགས་ནུས་པ་ཞིག་མཛད་ན་དར་འབྱོར་ཐོབ་པ་དོན་ཡོད་དུ་བྱས་པ་ལེགས་སོ། །སླར་སྨྲས་པ། གང་ཞིག་ཟག་མེད་ཆོས་ཁམས་རྒྱ་མཚོར་དབང་འབྱོར་དཀོན་མཆོག་རིན་ཆེན་གསུམ། །གྲགས་པའི་དཔལ་གྱི་གཟི་འོད་འཕྲོ་བས་བསྐལ་བཟང་ཞིང་འདི་སྣང་བར་བྱས། །ཕྱོགས་བཅུའི་ཞིང་ནས་རྒྱལ་དང་དེ་སྲས་རྫུ་འཕྲུལ་སྟོབས་ཀྱིས་འདིར་ལྷག་སྟེ། །དགེ་ལེགས་ཤིས་པའི་རོལ་མོ་འཁྲོལ་དང་ཕན་བདེའི་མེ་ཏོག་ཆར་དུ་བསྙིལ། ༡། བསྟན་དང་འགྲོ་བའི་རིག་སྔགས་ཀྱིས་སྒྲུབ་ལྷ་མི་ཀུན་གྱི་མཆོད་སྡོང་ཆེ། །དམ་ཆོས་རིན་ཆེན་མཛོད་ཀྱི་གཏམ་ཤིང་བསླབ་གསུམ་བང་རིམ་མངོན་པར་མཐོ། །མཁྱེན་དང་བརྩེ་བའི་གསེར་དུགས་གཡས་འཁོར་ཐབས་ཤེས་ཉི་ཟླའི་ཏོག་གི་མཛེས། །གང་ལ་སྐྱབས་སོང་གང་ཡིན་དེ་ལ་བདུད་དང་བདུད་ཀྱི་གནོད་འཚེ་བྲལ། ༢། ཚུལ་འདིར་ཀུན་ཆེན་ཉི་མའི་ཤིང་རྟ་ཡི། །ཐུགས་བསྐྱེད་སྐྱ་རེངས་གསར་པའི་སྣང་བས་དྲོངས། །གཏི་མུག་ཀུན་གྱི་དགྲ་ཟླར་གྱུར་པ་ནི། །ཤེས་རབ་འོད་ཆེན་འཇིགས་མེད་སྟོབས་ལ་བསྟེན། ༣། གང་གི་སྙིང་ལ་ཞུགས་པའི་དེ་མ་ཐག །དེ་ལ་བློ་གྲོས་སྤྱན་སྟོང་རྣམ་པར་བཀྲ། །ལེགས་གསུང་དམ་ཆོས་ནོར་བུའི་མཛོད་ཁང་ལ། །ཅི་དགར་བལྟ་བའི་སྐལ་བཟང་འདི་ཀོ་རྨད། ༤། ཚུལ་ཁྲིམས་གཙང་མའི་ས་གཞི་ཡངས་པ་ལ། །བྱང་ཆུབ་སེམས་ཀྱི་བཻཌཱུའི་མྱུ་གུ་འཁྲུངས། །ཐོས་མང་ཐོས་ལྡན་ཐོས་བསམ་སྙེ་མ་རྒྱས། །མཐའ་ཡས་འགྲོ་རྣམས་ཉེར་འཚོའི་རྟེན་དུ་ངེས། ༥། དགེ་འདུན་མཐུན་པ་དོན་རྣམས་ཀུན་གྲུབ་ཅིང་། །མི་ཕྱེད་བདེན་པ་ཆེན་པོའི་བྱིན་བརླབས་ཀྱི། །བདེན་པའི་ཚིག་ཀྱང་མྱུར་དུ་འགྲུབ་པ་ཡི། །བསྟན་འགྲོའི་ལེགས་བྱས་གཡས་སུ་འཁྱིལ་བར་ཤོག༦། འདིར་འབད་འཇམ་མགོན་བླ་མའི་བཞེད་དོན་གྱི། །ཆ་ཤས་ཙམ་ཞིག་འགྲུབ་ལ་གེགས་མེད་པར། །མཆོག་ལྡན་རྒྱལ་བ་སྲས་བཅས་ཐུགས་རྗེ་ཡི། །ཕྱོགས་ལས་རྣམ་རྒྱལ་བཀྲ་ཤིས་དཔལ་ཐོབ་ཤོག༧། བཀྲ་ཤིས་གདུགས་དང་ཤེས་རབ་གསེར་ཉ་དགོས་འདོད་ཀུན་འབྱུང་བུམ་པ་བཟང་། །སྲིད་ཞིའི་འཇིགས་འཕྲོག་དཔལ་གྱི་བེའུ་མི་མཐུན་ཀུན་གཅོད་འཁོར་ལོ་དང་། །ཆགས་པ་ཀུན་བྲལ་པདྨ་དང་ནི་ཆོས་ཀྱི་དབྱངས་སྙན་གཡས་འཁྱིལ་དུང་། །ཕྱོགས་རྣམས་ཀུན་ལས་རྣམ་པར་རྒྱལ་བའི་མཚན་བཟང་བཀྲ་ཤིས་རྟགས་བརྒྱད་ཀྱི། །དུས་གསུམ་ཀུན་ཏུ་བཀྲ་ཤིས་གྲགས་པའི་སྙན་གྲགས་བཟང་པོའི་བཀྲ་ཤིས་ཤོག །ཅེས་པའང་། འཁོར་ལོའི་མགོན་པོ་ཐམས་ཅད་མཁྱེན་གཟིགས་ཆེན་པོ་དེ་ཉིད་ཀྱི་བཅའ་ཡིག་ཆེན་མོ་མཛད་བཞེད། མཆོད་བརྗོད་བིཪྺ་ཏ་བཅས་ལྗགས་རྩོམ་གནང་བ་རྟེན་འབྲེལ་གྱི་མཛད་པ་འཕྲོ་ཅན་དུ་གྱུར་པ་སྐྱབས་མགོན་དགེ་རྩེའི་མཆོག་སྤྲུལ་རིན་པོ་ཆེས་བསྐུལ་བ་དང་སྡེ་སྣོད་རྒྱ་མཚོའི་དཔལ་གྱིས་འབྱོར་པ་མཁན་ལེགས་བཤད་འབྱོར་ལྡན་གྱིས་ཀྱང་གསུང་གི་བསྐུལ་བ་ལ་སྟེན་ཆོས་རྗེ་ཀཿཐོག་པ་ཆེན་པོ་དེ་ཉིད་ཀྱི་ཞབས་རྡུལ་སྤྱི་བོས་རེག་ཅིང་གང་གི་ཐུགས་རྗེ་ཚད་མེད་པའི་བཀའ་དྲིན་གྱིས་ཉེ་བར་འཚོ་བ་འཇམ་དབྱངས་མཁྱེན་རྩེའི་དབང་པོའི་ཕྲིན་ལས་ཀྱི་བྱེད་པོར་ཡིད་དམ་དུ་བཅའ་བ་འཇམ་དབྱངས་བློ་གྲོས་རྒྱ་མཚོ་དཔལ་བཟང་པོས་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་གྲྭ་ཆེན་པོར་བྲིས་པ་དགེ་ལེགས་འཕེལ། རྣམ་པར་རྒྱལ་བར་གྱུར་ཅིག །སརྦ་དཱ་ཀལྱཱ་ནཾ་བྷ་ཏུ། མངྒ་ལཾ། ཤུ་བྷཾ།། །།
[edit]

@#/__kaHthog pa'i bshad sgrub nor bu'i lhun po'i bca' yig bzhugs/__/ 'dir thog mar zhugs skabs gzhi byes gang yin kyang mi gzhi bzang ngan sogs brtags dpyad dang dam bcas khas blangs gi bris thol sogs zhib bca' dngaH__chos 'dul rgya mtsho'i snying po lhag pa tshul khrims kyi bslab sdom rang rang gi khas blangs kyi thob pa ma nyams pa mig gi 'bras bu ltar srung dgos te/__bsrung bya'i rnams grangs yang bsnyen gnas kyi khrims yan lag brgyad yongs rdzogs dge bsnyen gyi rtsa bzhi chang lnga/__dge tshul gyi rtsa ba rags pa bcu dang /__zhib mor dbye na blangs 'das so gsum dge slong gi bslab bya la dgag pa'i bslab bya dang bsgrub pa'i bslab bya gnyis/__dang po la/__pham pa bzhi/__lhag ma bcu gsum/__spang ltung sum bcu/__ltung byed 'ba' zhig pa dgu bcu/__sor bshags bzhi/__nyes byas brgya dang bcu gnyis/__gnyis pa bsgrub pa'i bslab bya bzhi bcu bdun rnams te/__rgyas par 'dul gzhung chen po rnams su shes shing /__mdor na bcas pa dang /__rjes bcas gnang ba dang /__rjes gnang bzhi'i don go bar byas te/__de yang byis pa nyid dang /__mi shes pa dang ma gus pa dang bag med pa dang ltung ba 'byung po'i sgo bzhi po la bag yod par/__dge tshul slong gi sdom pa ma thob pa yin na sdom pa sbyin pa mdzad nas/__bslab pa kun gyi rtsa ba pham pa'i chos bzhi po la/__dang po/__mi tshangs spyod pa'i pham pa ni pho mo ma ning mi dang dud 'gro sogs gang gis gson po'i lus phyed du langs pa'i ro lta bu'i kha bshang lam zag byed gsum po gang rung du nor bu bcug cing reg pa las byung ba'i bde ba rdzogs par nyams su myong na nyams pa bcom pa lta bu'i pham par 'gyur ba dper na shing tA la'i mgo bcad na sngon po 'gyur du mi rung zhing 'phel zhing rgyas pa dang yangs pa 'gyur du mi rung ba bzhin slar gsor mi rung pa'i chos can du 'gyur bas 'dir bzhugs pa rnams bslab pa'i gnas 'di dang mi 'ga' bar bya ba ni bca' khrims dang po'o/__/gnyis pa ma byin len gyi pham pa ni/__gzhan gyi dngos po rin thang tshang ba rang gi dngos su brkus pa'am/__gzhan la skur bcug pa ste rin thang gi tshad ni kaR+sha pa Ni bzhi cha bskus na pham pa'i dngos gzhi rdzogs pa ste de yang mkhas pa rnams kyi bzhed srol mang yang ka ma la'i ka ri ka'i 'grel bshad kyi dgongs pa ltar dngul zho gang gi tshad can ma byin blangs na nyams par 'gyur pas de dang mi 'ga' ba ni bca' khrims gnyis pa'o/__/gsum pa srog gcod kyi pham pa ni shes bzhin du mi'am mngal du yod pa'i me mer po la sogs mir chags pa mtshon dug rig sngags kyis bsad pa'am/__gzhan la gsod du bcug kyang rung ste/__mdzod las/__dmag la sogs pa don cig phyir/__thams cad byed pa po bzhin ldan/__/zhes pa ltar rang gi gsod dam/__gzhan las gsod du bcug gam/__de 'chir 'jug gam/__'chi ba'i sngags pa brjod kyang rung dge slong gang nyams par 'gyur ba ni/__bcas pa'i khrims gsum pa'o/__/bzhi pa mi chos bla ma'i rdzun smra ba'i pham pa ni/__mi'i rten la sgrub par bya ba'i chos ma yin pa de dge gong ma'am bla ma lta bur gyur pa'i yon tan zhig ma thob bzhin du thob ces smras te/__lha klu 'dre srin sogs ma mthong bzhin du mthong ces smras ba dang /__bden bzhi sogs shes par smra ba dang /__ma mkhas mkhas brdzun/__ma rtogs rtogs rdzun/__ma grub grub rdzun sogs kyang 'di'i rang bzhin las ma 'das shing /__sa ga'i lhas/__'dir ni sgrib pa rnam pa lnga/__mi rnams kyi ni chos su thos/__de ma zad bla ma'i chos su 'dod/__ces pa/__'dod pa la 'dun pa/__gnod sems/__gnyid rmug rgod 'gyod/__the tshom ste sgrib pa lnga po ni mi rnams kyi rang bzhin gyi chos yin la/__de zad na khams gong ma'i sems thobs pa ste/__de lta bu'i sgrib pa ma zad bar gong ma'i yon tan thob par/__smra bas gzhan bslu bar 'dod pas brdzun smras na nyams par 'gyur ba ste bca' khrims bzhi pa'o/__/de yang gzhi bsam sbyor ba mthar thug bzhi ka tshang ba pham pa'i dngos gzhi dang yan lag sna re ma tshang na sbom po/__de'ang yan lag mang nyung gi lci yang gnyis su yod do/__/rtsa ba bzhi po 'di dang 'og tu bcas pa'i chang dang lnga po sngags kyi skabs su rgyud rgyal dus kyi 'khor lo'i brtul zhugs nyer lnga'i nang gi bsrung bya lnga po yin pas sngags la zhugs pas kyang 'chol nyog tu spyad par bya ba min no/__/lhag ma bcu gsum gyi dang po shin tu 'byung nye ba khu ba 'byin pa'i lhag ma 'dis sdom pa'i lhag ma tsam lus shing lus kyi stobs nyams shes rab 'chal ba dang /__brjed ngan che ba gzi brjid nyams pa tshe thung nad mang rgas sla ba dkar phyogs kyi lhas mi skyobs pa sogs thun mong ba dang /__sngags rdo rje theg pa las kun rdzob kun+da lta bu ste/__don dam bde ba'i gzugs can no/__/zhes dang /__rten kun rdzob byang chub sems kyi thig le spang bas brten pa don lam byang chub kyi sems spang shing ngo spangs bas tshe 'di la mchog thun gyi dngos grub bzang po'i skal ba chad nges pa dang /__sngags kyi rgyud las rtsa ltung lnga par 'gyur bas phyi mar rdo rje'i dmyal bar lhung ba 'gyur ba sogs nyes pa bsam gyi mi khyab cing rnam smin mi zad pa nyams su myong bar 'gyur ba ste dpal ldan dus kyi 'khor los 'grel chen dri med 'od las de kho na nyid mi shes pas dbang po gnyis sbyor kyi bde bas sangs rgyas thob par 'dod pa'i blos khu ba btang na mda' ste+e rtsa ba'i ltung ba lnga por 'gyur ro/__/zhes 'bras dus gzugs sku 'grub byed kyi rgyu nyams par gsungs pa dang /__'di las dge 'dun gyi dbyen dang 'byed pa dang /__rtsod pa sogs nyes pa brgya phrag du mi'i tshang chen po yin pas 'di dang mi 'gal bar bya ba ni bca' khrims lnga pa'o/__/lhag ma gzhan bud med kyi lus kyi cha shas la reg pa'am 'dzin pa'i lhag ma sogs gzhan rnams kyang mi 'gal bar bsrung dgos/__'bru'i chang dang /__bcos pa'i chang /__myos par 'gyur ba bag med pa'i gnas su gsung ste/__/dran nyer las chang ni dug gi tshogs yin te/__/chang 'thung pa la brten mi bya/__/chang 'thung pa la brten pa ni/__/dge ba'i chos rnams nyams par 'gyur/__/chang 'thung pa la gnas pa'i skyon/__/nor zad ngan pa brjod byed cing /__/le lo shin tu brtan par byed/__/de lta bas na de spongs shig__/chang gi 'dod chags bskyed byed cing /__/de bzhin khro dang gti mug dag__/yang dang yang du bskyed byed pas/__/de lta bas na chang spongs shig__/chang ni nyes pa kun gyi gzhi/__/rtag par don kun med par byed/__/ngan song gsum gyi them skas yin/__/mun nag gnas ni chen po ste/__/chang gi sems can dmyal bar 'gro/__/ces sogs rgya cher gsungs pa ltar mi dge ba thams cad kyi 'byung khung /__dug gi nang nas dug chen po/__ngan song gsum gyi them skas legs tshogs yon tan thams cad 'grib pa'i rgyu dang ston pas kyang nga yi nyan thos rnams kyi chang ni rtswa rtse'i zil pa tsam yang btung bar mi bya zhes khrims bcas pa bzhin dngos lkog gnyis kar btung mi chog cing /__tshogs chang yang dam tshig gi rdzas nyung ngu las 'jog mi chog pa ste khrims drug pa'o/__/khong khro 'khrugs slong ni rgyu zhe sdang gi kun nas bslang bas rnam smin gyi dmyal bar 'phen te/__zhi ba lhas/__zhe sdang lta bu'i sdig pa med/__/bzod pa lta bu'i dka' thub med/__/de bas bzod la nan tan du/__/sna tshogs tshul gyi bsgom pa bya/__/ces pa ltar/__mkhan po dang slob dpon sogs mchod 'os rnams la ma gus pa dang ngan sems bskyed na de'i grangs kyi dmyal bar bskal par gnas pa gsungs te/__zhi ba lhas/__gang zhig de 'dra'i rgyal sras sbyin bdag la/__/gal te ngan sems skyes par na/__/ngan sems skyes pa'i grangs bzhin bskal pa ru/__/dmyal bar gnas par 'gyur zhes thub pas gsungs/__/ces pa ltar mkhan slob sogs la ngo tshad 'dzugs gsung phyir rdzogs sogs thugs sun byungs na nyes pa shin tu lci ba dang /__grogs mched nang phan tshun dbyen bcos te dngos lkogs kyi phra ma byed pa dang /__tshig rtsub smra ba dang /__gnod pa'i sems dang ldan pas rtag tu mnar sems dang /__gzhi byes dum bur chad nas shog bsgrigs byed pa dang /__dge 'dun mi bde ba'i gzhi yin cing /__de'i nang phar tshun 'byed pa 'gyur zhing /__legs pa zhugs pa sogs kyi don dang 'gal ba shin tu nyes pa lci bas khong khro chen po nyes pa bshags med dang /__chung ngu byung ba tsam nas brgya phyag lnga re dang mar me nyer lnga re'i chad/__mkhan po gnas brtan dge bskos sogs kyi lan gnyis lan gsum gyi bar du bsgo shing zhi ba byed dgos/__des kyang ma zhi na nyes pa bzlog med dang /__ji skad du/__dge 'dun mthun pa bde ba ste/__/mthun pa rnams kyi dka' thub bde/__/zhes dang /__dge 'dun mi phyed ces pa'i don yin pas thugs mthun pa kho na gal che ba ste/__bca' khrims bdun pa'o/__/dge 'dun gyi spyi khrims 'di bdun po gang byung na de ma thag mi rgyu sogs kyi ngor mi btang pa chos 'dul ba ltar gyi gnas dbyung drag po bya ste/__phyir 'dzug gnas mi chog__/kha 'dzings thab mo chung ngu lan gcig la mar me brgya mchod re sgrub dgos/__mi tshangs spyod kyi pham pa'i char btogs gtsug lag khang gi nang dang gling nang dang /__steng thog rnams su bud med kyi rgyu 'grul mtho dman drag zhan su yang gtan nas 'dzug mi chog__/klog pa'i gtsug lag khang gi steng kha gnyis bskyil du skyabs rje rin po che zhal bzhugs skabs mjal kha zhu bar gser khang gi lho sgo nas btang srol bzhin nyes pa med cing /__de las gzhan du 'gal ba byung na skra sna gcod zer yang skra nges par gcod nas mar me brgya mchod gsum re chad sgrub dang /__tshes bcu dgu gtor sogs dus chen skabs khrom gseb tu nyul ba dang khrims grogs med pa bud med la cig pur gtam smra ba dang mig gi ring du blta ba 'dzum rgod sogs dang /__bro glu bzhad gsum dang skyes pho mo chags pa'i gtam dang /__dge bskos la dgongs pa ma zhu par phyir 'gro ba bya mi chog cing de rnams dang 'gal na gang byung la mar me nyer lnga re sgrub rgyu dang so so'i grwa khang nang du skyes pa zhag sdod gtan nas mi chog gal te byung na sdod yul sdod mkhan gnyis kar mar me gnyis brgya re sgrub dgos pa sde khrims brgyad pa'o/__/srog gcod kyi char gtogs dmag 'khrugs 'thab rtsod sogs kyi ngag 'khyal dang /__sgrungs pa sogs chags sdang gi gzhi dang /__khyad par bshas nyo gshas tshong gi dge 'dun spyi byer nas mi chog cing /__dge 'dun spyi yi sha nyo dgos na rnam gsum dag pa'i sha la longs spyod pa las bsngo sha sogs gtan nas spongs shing /__sha 'tshong ba po las kyang ched du bsngos pa yin min zhib rtsad bya dgos pa dang /__bu lon lta bu lon mi lon dus dge bskos dang mdzod pa sogs zhu ba las rang shed kyi 'thab 'dzing sogs byas na mar me brgya mchod re sgrub dgos te/__de rnams ni bca' khrims dgu pa'o/__/ma byin len gyi char gtogs dge 'dun spyi byer sus kyang g.yo sgyus kun nas bslangs te bre srang log pa 'dzug pa dang gzhan las brdung 'phrog bcom gsum gyis blangs ba dang /__dkon mchog gsum gyi dkor la bag med du longs spyod pa spang shing /__dge 'dun gyi spyi dkor nyar tshag__/grwa gnyer rnams nas gtong ba mchod pa 'gyed sogs ji byas tshur 'ong phar song gi tho zhib bca' dang /__brje mtshams skabs dge 'dun thugs yid ches pa'i dag ther zhu rgyu dang /__nyo tshong bsgrigs gtam sogs chos ra nang bya mi chog pa dang /__bor zegs chud zos byung na grwa gnyer rang gi dngos pos mjal sgrub dang /__rnyed pa bgo ba ston pa'i sku skal bzhag nas thams cad 'dra mnyam su bsgo ba dang /__dpe gnyer pa dang /__mchod dpon/__dge bskos/__mgon bla sogs las tshan so sor rtsis sprod rnams chag grum bug khral/__'thor zegs byung na nyams skyon bcos shing de tshab spus ldan thog las yig stong lag rgyud kyi rtsis sprod len sogs gtan nas mi chog cing /__chog bzod ham bsgyur gyi ji mi snyom du mdor na rgyu dngos po de'i rin thang ji gnas log po'i nyes chad gtsang sgrub dgos pa ste bca' khrims bcu pa'o/__/brdzun gyi char gtogs don med kyi mi mang lhan du 'tshogs nas ngag rkyal sna tshogs pa dang /__rtsed mos ku re/__bzhad gad/__chos la brnyas pa'i tshig gi don 'brel med kyi thal rtsod sogs spangs shing /__gling stod shod nas gsung skad chung ngu smra ba dang se gol gyi brda' byed pa las 'bod lan sogs skad rgyangs 'ur zhog chen po byed pa dang /__gtsug lag tu zhugs nas dge ba'i gnad don smra dgos nges byung na las ngag smra ba sogs mi chog cing /__de rnams gang byung nyes pa che chung dang bstun nas phyag brgya nas bcu yi bar dang /__gtsug lag khang dang tshogs la zhugs nas ngag shor ba la mar me re'i chad pa sgrub dgos pa ste bca' khrims bcu gcig pa'o/__/dge 'dun lhag ma'i char gtogs grwa khang so sor grwa pa gnyis re lhan sdod mi chog cing phan tshun zhag ma sdod pa dang spongs shing mtshan thun gyi skabs la dge bskos thengs gsum re gling nyul nges par 'gro shing /__dgon pa'i nang la 'gro dgos byung na chos khrims la dgongs pa zhu ba las byung rgyab tu 'gro mi chog__/dgongs pa thob kyang phyi rol du zhag sdod mi chog cing /__mdor na smra ma spangs te skyor sbyangs sogs kyi skabs las gzhan du rang rang cig pur gnas pa la gal che ste/__kun mkhyen bla mas byis dang 'grogs pa'i nyes pa tshad med de/__/sdig pa 'phel zhing mi dge ngang gis 'go__/dge ba 'grib cing rtsod dang nyon mongs skye/__/byis pa mi bzod nam yang mgu bar dka'/__/don mang bya ba lang shing 'du 'dzin g.yengs/__/me dang sbrul dang gcan gzan khrod 'dra ba'i/__/byis pa rnams las thag ring bye bar bya/__/ces gsungs pa ltar/__grogs ngan pa dang 'grogs pa'i nyes pa tshad med cing dkar po'i chos snang ba'i sgo thams cad 'gogs par 'gyur bas spangs pa shin tu gnad zab cing 'di rnams dang 'gal na/__nyes che chung dang bstun nas phyag stong nas brgya yi bar/__mar me brgya nas nyer lnga'i bar gyi nyes pa bshags dgos pa ste/__bca' khrim bcu gnyis pa'o/__/byon bzhugs thams cad la mgo rkyog cing bsgril ba dang rkang pa sgra bcas drag por rgyug mchong rgyab lagalag sbrel/__'dams mthong sogs spyod lam mi mdzes pa dang rgyan po ste cho lo bkye ba dang /__gzhan gyi glu bro byed sa blta ba rnams spangs shing /__so so'i grwa khang du nyin bar gnyid dang glo nyal sogs dang /__khyim pa'i gos dkar po bgo ba ring 'gags shan med sham thabs lcags ri med pa dang glo 'dogs rig sogs dang gri mtshon chang ba dang gzhan gyi dngos rdzas gtam po nyar tshags rnams mi chog__/tshogs bsgrigs la ngag ring bcad/__bzhugs stangs drangs por gnas shing /__gsungs gdang /__ra skad lug skad gang byung min pa'i 'don bsgrigs lhod mnyen 'bol gsum ldan pa dang /__phyag stabs rol cha sogs grwa sa gong ma'i phyag bzhes ltar grwa 'grigs las snang ba gang shar gang byung des chog mi bya ba/__'ding ba lhung gzed chos gos sogs dang 'bral bar mi bya zhing phyi dro'i kha zas spangs ba spangs ltung byin brlab sogs kyang 'grub na bya ste 'di rnams dang 'gal na phyag stong nas bcu yi bar/__mar me brgya nas bcu yan chod 'os bstun gcod dgos pa ste bca' khrims bcu gsum pa'o/__/rang rang la bka' drin che ba'i bla ma dang /__dge ba'i bshes gnyen dang /__mkhan po dang slob dpon/__gnas brtan rgan po sogs mchod 'os kyi zhing gong ma rnams la bsnyen bkur dang /__khyad par chos smra ba'i bshes gnyen dang sngags kyi rdo rje slob dpon la gus pa bskyed cing dam tshig ma nyams par bsrung ba kho na gal che ste/__sdud pa las sangs rgyas chos rnams dge ba'i bshes la brten te zhes/__yon tan kun gyi mchog mnga' rgyal bas de skad gsungs ces dang /__chos kyi rgyal po klong chen pas/__ji lta nad pas sman pa'i rgyal po dang /__/dmangs kyi rgyal po mgron pos skyel ma dang /__/tshogs pas ded dpon gru pa mnyan pa star/__/nyon mongs gzhil phyir nyes kun gnod bral phyir/__/skye shi'i 'jigs phyir don gnyis lhun grub phyir/__/srid mtsho brgal phyir bla ma brten pa bya/__/ces dang /__zla gsang thig le las/__dam tshig sdom pa nyams pa la/__/sangs rgyas byang chub sems dpa' rnams/__/byin gyis rlobs par mi mdzad do/__/spos dang me tog la sogs pa/__/phul yang bzhes par mi 'gyur te+e/__/nad dang dug dang zab rnams kyi/__/bsad nas sems can dmyal bar 'gro/__zhes dang /__/gang phyir rdo rje 'dzin pa yi/__/dngos grub slob dpon rjes 'brang gsungs/__/de bas de la brtan pa ni/__/rtsa ba'i ltung ba dang por bshad/__/ces gsungs pa shin tu sgo gsum gus pa chen pos dad pa dang dam tshig ngos lkogs med par nyes pa gsum gyi bstan par bya ba las bka' bcag__/thugs sun 'byin na 'gal ba chen po ste gong du smros pa'i gnas dbyung gi nyes chad las ma 'das shing /__mkhan slob gis kyang thugs brtse ba chen pos nye bar skyangs shing phan 'dogs dgos te/__'dul ba las/__deng phyin chad khyed kyi mkhan po la pha yi 'du shes nye bar bzhag par bya'o/__/mkhan pos kyang khyed la bu yi 'du shes nye bar bzhag par bya'o/__/sogs bka' rtsal ba'i gnas 'di las mi 'da' ba shin tu gal che ba dang grogs tshangs pa mtshungs par spyod pa rnams dang /__gnas brtan dang /__bar ma'i rigs/__gsar bu ba rnams dang gus pa dang zhe sa dang 'jigs pa dang bcas te/__cig sems cig gi bsrung bar bya dgos pa ni bca' khrims bcu bzhi pa'o/__/de rnams kyi bsrung bya tshul khrims rnam dag dang nyams len spyod pa rnam dag la gdam pa'ang ci rigs pa ste mdor na gshe yang slar mi gshe khro kyang slar mi khro ste/__rtog kyang slar mi rtog mtshangs 'bru yang slar mi 'bru ba ste dge sbyong ba'i chos bzhi dang /__dge 'dun pa rnams kyi bya ba ni chos spyod rnams pa bcu yi bdag nyid de/__rgyab tshab byams pas/__yi ge 'bri mchod sbyin pa dang /__/nyan dang klog dang 'dzin pa dang /__/'chad dang kha ton byed pa dang /__/de sems pa dang sgoms pa ste/__/spyod pa 'di bcu'i bdag nyid ni/__/bsod nams phung po dpag tu med/__/ces pa ste/__bka' dang bstan dang lung dang gdam ngag gi dpe med du mi rung ba rnams rin po che'i khu bas bri ba'am mtshal snag sogs kyi dkar shog gi dpe la rang gi bri ba dang /__gzhan la 'brir bcug pa dang slob dpon tshad ma'i gsung ba rgyun zin thun btab pa sogs dang /__shog bu/__snag smyug sogs gzhan la sbyin pa gang rung ngo /__/mchod pa ni rang gang du gnas pa'i phyogs phyag dar dang rkyang nul legs par bya dri bzang po'i chags chags btab/__dkon mchog gi rten ca 'byor pa dang /__mchod pa'i dngos po rnams bkod legs gtsang sgra dang ldan pas mdzes shing yid du 'ong ba bshams/__spos dri zhim po'i bdug pa bdul te bsag sbyong gi gnad bsdus pa yan lag bdun pa dang /__maN+Dal sogs rgyas bsdus ci rigs pa dang /__nyin dang mtshan mo lan gsum du/__/phung po gsum pa 'don bya zhing /__/rgyal dang byang chub sems brten nas/__/ltung ba'i lhag ma de zhi bya/__/zhes gsungs pa ltar byang chub ltung bshags sogs kyang gdon skyabs gsum sngon du 'gro ba'i byang chub sems bskyed kyi sdom pa blangs ba sogs bya dgos te/__jo bo bka' gdam pa rnams kyi phyag bzhes rnam thar lta bu la mig bltos 'cha' nas gtsang song nger sdod pa gal che/__sbyin pa'ang gtong ba dang /__gtong ba chen po dang /__shin tu ba gsum du yod cing zang zing dang /__chos dang mi 'jigs pa sbyin pa rnams ci nus su bsgrub cing chos nyan skyor gyi skabs su dam pa gsum gyis zin pa byas nas lha klu sogs 'dus pa'i 'khor la 'chad par bsam pa sogs gtso bor chos kyi sbyin pa gal che/__zang zing gi sbyin pa la mtshon dang dug dang /__sdig pa'i kha zas sbyin pa sogs ma dag pa'i sbyin pa 'gyur bas spangs dgos pa'o/__/chos nyan pa la/__chos thun dbu bzung tsam nas sems bskyed bzang pos zin pa dang /__dngos gzhi'i skabs bla ma thub pa chen po yin snyams pa sogs dang lus kyi 'dug stangs drang por gnas shing /__rna bas chos kyi tshig sgra la sems gtod/__yid kyi don gyi khyad par la dpyod pa ste/__mdor na dga' ba dang gus pa dang /__dad pa dang bcas te chos nyan pa'i snad kyi skyon gsum dri ma drug mi 'dzin pa lnga sogs spangs nas/__pha rol du phyin pa drug dang 'du shes bzhi dang ldan pa'i sgo nas legs par bstan par bya/__klog pa na chos bskul dang /__bdud tshar gcod pa'i sngags rnams bklag nas bka' dang bstan bcos gang bklag kyang gsal dag brtan gsum ldan pas klog pa ni rang gis kyang ngam/__gzhan la bklag tu bcug kyang rung ngo /__/'dzin pa'ang /__spyir shes bya gang slobs kyang blo la byung ba kho na gal che/__de nas 'jam pa'i dbyangs sa skya paN+T-i tas/__rigs pa glegs bam la gnas dang /__/ma sgrub pa yi gsang sngags rnams/__/dgos pa'i dus su bslu ba mang/__/ces gsungs pa ltar/__gzhung gang yin kyang rtsa ba blo la nges pa dang /__'grel ba'i dka' gnad rnams dang /__gzhung de'i bsdus don spyi rnams blo la 'char bar shin tu gal che/__rgyun gyi tshogs 'don chos spyod rnams blo la thon na stabs bde zhing mig sngar kyang mdzes khrigs che bas des na blo sbyongs kho na gal che/__'chad pa'i skabs na gzhan la phan pa'i lhag bsam dang ldan pas brel myur 'tshams po tshig sdab ldib 'khrugs pa gong 'og nor ba zlos skyon sogs spangs nas nyan pa po'i rna bar snyan cing mdzes pa tshig don la sgro 'dogs gcod nas gzhung don dpyis phyin pa/__mtshams rnams su skyo ba bsal ched ngo mtshar ba'i gtam rgyud sogs kyi spro bar bya/__'jug bsngo bas mtshams sbyor ba sogs bya/__kha ton byed pa ni bka' dang bstan bcos rang gi blor nges pa dang /__ma nges kyang mi brjed pa'i rten du yang yang bskyar te 'don pa dang /__gzung sngags zab mo sgrogs pa dang /__bstod pa'i tshogs dang /__sher phyin sogs sgrogs pa rnams dang sngags kyi cho ga sogs la nan tan du bya ba'o/__/de sems ni chos kyi tshig thos pa'i don la bsam byung gi shes rab kyi rnam par dpyad nas sgro 'dogs chod par bya ba/__sngags la zhugs pas bskyed rjogs kyi man ngag dang /__rgyud don la zhib 'grel byed pa gal che/__sgom pa ni thos bsam gyi don la dpyad sgom dang /__'jog sgom gang yin kyang the tshom med pa yin lugs kyi don la rnam pa rtog pas ma krugs par sems rtse gcig tu shes rab kyi gsal cha dang bcas pas gnas pa'o/__/de ltar chos spyod bcu po dag la rnams par bya ba ni bca' khrims bco lnga pa'o/__/gzhan yang gos dang zas dang gnas mal sman rnams kyang bzang po don du gnyer ba 'dod pa bsod nams kyi mtha' dang /__ngal zhing dul pa'i mtha' gnyis spangs nas sbyang pa'i yon tan bcu gnyis la gnas pa lta bu'i 'dod chung chog shes/__lhag pa'i bsam pa g.yo sgyu med pas drang por gnas pa la gdams pa'o/__/'dul ba las/__khyed kyi bag yod par sgrub shig ces tshig nyung la don rgya che ba'i gdam ngag ste/__zhi ba lhas/__shes bzhin nyam pa'i cham rkun dag__/dran pa nyams pa'i rjes 'brang nas/__/chom pos bcom pa ji bzhin du/__/sgron me lag pa gcer bur 'gro/__/ces dang /__bslab pa bsrung bar 'dod pa yi/__/dran pa dang ni shes bzhin dag__/rab tu bsgrim nas bsrung shig ces/__/bdag gi de ltar thal mo sbyar/__/ces byang chub sems dpa' chen po shan+ta de was gdam ngag bdud rtsi'i snying khu lta bu 'di rnams gdams ngag phal pa brgya yi do zla med pas kun gyi thugs la gzhag nas phyag len du thebs pa dang rgyu bde gshegs snying po dang rten dal 'byor mi lus/__rkyen dge ba'i bshes gnyen thams cad 'dzom pa'i skabs 'dir dal 'byor gyi nor bu'i gling du phyin nas stong log tu ma song ba dam chos bsam 'phel dge 'byung dbang gi rgyal po la sgo gsum chig dril du brtson pas byi dor byed cing snying po blangs pa rig cing 'thad pa yin no/__/da ni rtogs don lta ba rnam dag dang 'brel ba thos bsam bya rgyu'i mdo sngags kyi bka' dang bstas bcol kyi rkang grangs 'chad pa la/__de yang /__ji skad du/__chos rnams thams cad bka' dang bstan bcos gnyis su 'du/__/legs par gsungs dang de yi dgongs 'grel ba/__/de yi dbang gis shAkya'i bstan pa 'di/__/'jigs rten khams 'dir yun ring gnas par 'gyur/__/ces bka' rtsal ba ltar/__chos 'khor rim pa gsum dang 'brel ba'i brjod bya bslab pa gsum brjod byed gsung rab yan lag bcu gnyis de yang sde snod gsum ming tshig yi ge sil bu du ma 'dus pa'i rang bzhin can thog mtha' bar gsum dang dge zhing tshig don bzang la ma 'dres pa yongs su rdzogs pa dang /__dag pa dang byang ba'i bdag nyid can ni bka' dang /__bstan bcos ni 'chos skyobs kyi yon tan gnyis dang ldan pa/__ngan pa drug dang bral zhing /__don dang ldan pa sdug bsngal spongs pa sgrub pa lhur len pa gsum gyi bdag nyid can re 'dul ba la snang /__mdo sde la 'jug__/mngon pa'i chos nyid kyi don dang mi 'gal ba mkhas grub lo paN rnams kyi thos bsam sgom pas gtan la dbab pa zhig la rang re rnams kyang thos bsam bya ba gal che/__de la yang gzhung chen gcig gi steng du gzhung gzhan gyi don rnams spol te lo zla mang po bshad pas cig shes kun grol du 'ong ba'i 'chad tshul dang /__gzhung rnams so sor tshig don mthar chag su bshad pa dang /__rtsa ba'i 'bru brnan gtso bor mi byed pa spyi don thal phreng gi gtan la dbab pa'i 'chad tshul rnams las/__rang lugs gzhung so so'i spyi don rnam par bshad/__tshig don zhib par bkrol/__brgal lan lung rigs kyi gtan la 'bebs/__bsdus don gyi khog dbub pa'i sgo nas 'chad tshul ngo mtshar rmad du byung ba'o/__/de yang bshad rgyud dang lung rgyun yod pa rnams bstan pa'i rgyun ma nub tsam gyi dgongs pa bdag cag gi skyabs mgon kun gzigs chos kyi rgyal po de nyid kyi bzhed par sbyangs shing nan tan byed pa'i gzhung dang /__thos pas bag chags 'jog pa'i gzhung gnyis su rkang grangs mdzad cing /__de yang 'phags yul mkhas pa'i gtsug rgyan chen po rnams kyi rtsa ba'i gzhung dang /__dgongs 'grel rnams byang phyogs b+ho Ta'i ljong 'dir bshad rgyun 'dogs pa'i ka chen bcu zhes rnam snang lo tsA ba'i sprul pa ma hA gu ru'i rdo rje'i lung gi lta ba rnam par dag pa'i lung brtan thob pa 'phags yul mkhas pa'i bzhed gzhung mtha' dag dang /__bod snga phyi'i bzhed pa mtha' dag ma 'dres thugs la legs par byang ba smra ba'i dbang phyug kun mkhyen chen po shAn+ta spu ri'i zhal nas/__gangs can 'gro mang gtsug gi khrir 'khod pa/__/spyan ras gzigs dbang sa skyong sprul pa'i sku/__/sngon gyi chos rgyal lha gcig btsan po des/__/gangs ri'i khrod kyi ston pa dang po yin/__/gangs can smra ba'i srol 'byed sam+b+ho TA/__/dgra bgegs log 'dren tshar gcod badz+ra shr-is/__/mdo sngags bstan pa'i gzhi gyur pa gor zhabs/__/mtshungs bral bod kyi sgra bsgyur ska cog zhang /__/rgyal bas lung bstan sprul pa'i lo chen gnyis/__/gnas lnga rigs pa'i mthar son sa skya pa/__/yongs rdzogs bstan pa'i mnga' bdag rin chen grub/__/byang phyogs bshad rgyun 'degs pa'i ka chen bcu/__/drang srong chen po thams cad gzigs pa yis/__/'gro kun byang chen bkri ba'i them skas su/__/'khor lo rnams gsum rgyud sde bzhi la sogs/__/mdo sngags chos kyi dril chen 'dzam gling bsgrags/__/legs gsung 'dul ba'i pho brang nang zhugs nas/__/nyis brgya lnga bcu spang ba'i tshul khrims dang /__/bcu bdun blang bya 'jug pa'i tshul khrims te/__/'khor lo dang po'i lam gyi rim pa'o/__/'phags pa'i yul du bsdu ba gnyis pa'i rjes/__/mdo lung dgongs 'grel gyes pa bco brgyad byung /__/yod smra'i dgongs 'brel yon shag rnam gnyis dang /__/bshes gnyen drug sogs 'phags yul mkhas rnams so/__/gangs ri'i khrod 'dir bshad srol rnam gsum byung /__/kun gyi bka' babs bu ston rin chen grub/__/kha ba can 'dir 'phags mchog gnyis par gyur/__/thar 'dod rnams kyang grol de'i rjes su zhugs/__/mkhyen gsum thos bsam skya ba 'dzin mkhas shing /__/nyams len sbyor bzhi'i gzings la brten na ni/__/chos sku lhun po'i mdzes pa blta ba yis/__/'khor lo 'bar ba'i sbas don lo rim des/__/dag ldan gnas su mi pham chos rjes bkral/__/'phags pa'i yul du bka' babs rnam par drug__/rgyan gyi dgongs 'grel bshad srol rnam mang yang /__/gang de 'grel la 'phags pa'i khyad par 'phags/__/de dag bzhed gzhung rngog lo'i thugs 'tshor babs/__/sher phyin rgyas mdzad 'bre ar rnams gnyis kyis/__/'chad rtsom nyi zla'i 'od zer 'bum phrag gis/__/gangs can mun pa'i nags khrod gsal bar mdzad/__/rtag chad mthar lta'i yongs su ma byung zhing /__/zung 'jug lta ba'i them skas la 'dzegs nas/__/nges don chos sku'i khang bzang bgrod pa yi/__/'khor lo bar pa'i dngos bstan lam rim des/__/rgya gar yul du 'phags mchog klu yis bkral/__/legs ldan 'byed dang sangs rgyas bskyangs gnyis kyis/__/klu sgrub zhabs kyi dgongs pa 'grel tshul las/__/'phags pa'i yul du thal rang srol gnyis gyes/__/gangs ri'i khrod 'dir dpal ldan phywa pa yis/__/rang rgyud mkhas pa'i srol chen dar bar mdzad/__/bsnyengs bral zla ba'i legs bshad ma nyams pa/__/gang des bshad srol phul byin pa tshab lugs/__/klu sgrub dgongs pa sa gsum 'phags pa yi/__/rig pas bkral ba'i legs bshad bdud rtsi'i rgyun/__/grub pa'i dbang phyug dpal ldan chos skyong dang /__/'jam dbyangs rnam 'phrul sa chen thugs mtshor babs/__/gzung ba'i chos kun nam yang yod min cing /__/'dzin byed shes pa'ang 'khrul bar gdon mi za/__/gnyis med ye shes sbyang gzhir bzhag pa ste/__/'khor lo tha ma'i lam gyi rim pa'o/__/mi pham mgon dang klu sgrub snying po yis/__/byams pa'i chos bzhi bstod tshogs gzhung gis bkral/__/thogs med mched kyi gsung rab nyi 'od kyi/__/'khor lo tha ma'i nges don chos cher gsal/__/gangs ri'i khrod 'dir mi pham rgyal ba dang /__/thogs med mched kyi gzhung bzang ngo mtshar can/__/dbu sems so sor 'grel byed rnams mang yang /__/gang de dbu ma'i gzhung du gdon mi za/__/chos mngon rgya mtsho'i bka' babs 'ban rog tho/__/byams chen gzhung gi nges don 'grel pa la/__/bshad dang sgrub pa'i bka' babs rnam pa gnyis/__/de dag rim bzhin rngog dang btsan la babs/__/thos bsam sgom pas so sor khyad par 'phags/__/chos kun rig pa'i lam nas legs drangs te/__/gnas skabs gsung rab kun la lta ba'i mig__/mthar thugs kun mkhyen sgrub pa'i lam gyi srol/__/phyogs glang grags pa'i ring lugs bla na med/__/'phags pa'i yul du sde bdun dgongs 'grel la/__/lha shag bram ze rgyan dang chos mchog sogs/__/la la don nyung tshig gi phreng ba dang /__/'ga' zhig dpyod ldan mkhas pas byas pa'ang yod/__/ngo bo nyid med rnal 'byor spyod pa dang /__/'jig rten grags sde'i dbu mar 'grel pa yi/__/gangs ri'i khrod 'dir bshad srol rnam pa gsum/__/kun las khyad 'phags sa skya pa yi lugs/__/sde snod mang thos grags ldan mkhas rnams kyang /__/legs sbyar mi shes 'phags yul mkhas pa'i gzhung /__/rang bzhin rkyen dang rnam dbye'i 'jug tshul sogs/__/gang 'chad de la su zhig de ston byed/__/rgyal ba'i bka' dang dgongs 'grel bstan bcos la/__/rnam dpyod brtson pas thos pa'i pha mthar son/__/tha snyad gtsug lag smra mkhan blo ldan de/__/gzur gnas mkhas mang tshogs pa'i mdun sar mdzes/__/sgra snyan sde sbyor zlos gar mngon brjod sogs/__/tha snyad gtsug lag nyan dang 'chad 'dod na/__/skad gnyis smra ba'i gtsug rgyan shangs ston dang /__/blo brtan gsum pa'i bshad srol rmad du byung /__/gzhi thabs mi 'phrog rgyud gsum gtan dbab nas/__/sbyor dang rgyal mchog rnam gnyis rjogs rim lnga/__/thig le bzhi sogs bskyed rdzogs la bsgom pa/__/dpal ldan 'dus pa'i lam gyi rim pa'o/__/'dus pa'i rgyud la klu sgrub yab sras dang /__/ye shes zhabs kyi rim par bkral ba la/__/'phags pa'i yul du 'dus pa 'phags lugs dang /__/ye shes zhabs lugs rgya bod mkhas rnams bzhed/__/lo chen 'gos dang mar rong chags dpyal dang /__/lo chen rin bzang gnyos dang rwa lugs sogs/__/gangs can 'dir yang 'dus pa'i srol rnams byung /__/'gos lo'i lugs bzang brgyud 'dzin 'od stong can/__phyi nang rang lus dkyil 'khor lha yi tshogs/__/rtsa yig bdud rtsi dpa' bo rnal 'byor ma/__/rim pa lnga dang rim bzhi'i rnal 'byor sogs/__/'khor lo sdom pa'i lam gyi rim pa'o/__/rnal 'byor gsang mtha' 'khor lo sde mchog rgyud/__/lu hi pa dang grub chen dril bu pa/__/nag po'i zhabs kyis rim par bkral ba las/__/'phags pa'i yul du lu dril rnam gsum lugs/__/grub chen mal dang mar do pu khrang pa/__/rong g.yag rnam gnyis sbal pa'i lugs la sogs/__/bde mchog srol rnams bod yul ljongs su babs/__/rje btsun mal gyis gzhung bsgyur gtan la phab/__/rgyur gnas spyod dang lta ba rgyud sde bzhin/__/rim zhugs smin byed mchog mthun mngon rtogs dang /__/grogs dang 'bras bu rnam gnyis la sbyor ba/__/dgyes pa rdo rje'i lam gyi rim pa'o/__/dgyes rdor rgyud la mtsho skyes nag po pa/__/mi thub zla ba rin chen 'byung gnas dang /__/nA ro pa dang me tri'i lugs rnams te/__/'phags pa'i yul du dgyes rdor srol chen drug__/'brog 'gos gyi jo mal dpyal rom lugs sogs/__/gangs ri'i khrod 'dir bshad srol rnam mang yang /__/'brog mi'i lugs bzang dpal ldan sa skya pas/__/bshad dang sgrub pa'i rgyal mtshan rtse la bkod/__/'jig rten khams dang nang lus rnam dag dang /__/bcu gcig dbang bskur thun mong dngos grub dang /__/lam mchog dngos grub tshe 'dir sgrub byed dang /__/dpal ldan dus 'khor lam gyi rim pa'o/__/thabs shes gnyis med lus kyi 'khor lo'i rgyud/__/zla bzang la sogs sprul pa'i chos rgyal bdun/__/'jam dpal grags sogs rigs ldan nyer lnga dang /__/dus zhabs sa dang rtsi lu paN chen gyis/__/sham+b+ha la dang 'phags pa'i yul du spel/__/gyi jo tsa ma'i rA 'bro rnam pa gnyis/__/chag dpyal rong pa jo zhal lugs sogs kyi/__/gangs can bstan pa'i pad tshal gsal bar mdzad/__/rwa 'bro'i bshad srol nyi zla'i 'od ris can/__/slob dpon dbang bskur rang rgyud smin byas nas/__/bdag mdun gnyis ka dag pa'i sku ru bskyed/__/ye shes spyan drangs de nyid nga rgyal bzung /__rnal 'byor rgyud kyi lam gyi rim pa'o/__/rnal 'byor rgyud kyi dgongs pa 'grel pa las/__/sangs rgyas gsang ba shAkya bshes gnyen dang /__/yongs rdzogs paN chen kun dga' snying po ste/__/bshes gnyen rnam gsum bstan pa'i rgyan du shar/__/dang po'i srol 'byed lo chen brgyud par bcas/__/bar du dar mdzod tswa snur 'dzim gsum sogs/__/tha mar spel mdzad kun mkhyen rin chen grub/__/gang 'di snyigs dus rgyal ba gnyis pa'o/__/chu dbang sogs kyis rang rgyud smin byas nas/__/mdun bskyed thugs kar yig 'bru'i sa bon bkod/__/rje dpon ltar bu dngos grub len byed pa/__/bya ba'i rgyud kyi lam gyi rim pa'o/__/rdo rje dril bu'i dbag gis smin byas nas/__/bdag mdun gnyis ka'i thugs kar yig 'bru bkod/__/grogs po ltar bu dngos grub len byed pa/__/spyod pa'i rgyud pa'i lam gyi rim pa'o/__/bya spyod shi rta'i srog 'byed byang chub mchog__/sangs rgyas gsang ba'i bshad srol phun sum tshogs/__/gangs can 'dir yang bya spyod rgyud sde la/__/ngo mtshar bshad pa'i rgyud 'dzin bgrang yas byon/__'phags pa'i yul dang gang ri'i khrod 'dir yang /__/mdo sngags gnyis kyi 'gros chen ma 'khrul ba/__/sngon rab mkhas pas bkral ba'i bshad srol te/__/sa gsum rgyal ba kun gyi gshegs bzhugs yin/__/ces gsung pa ltar/__thog mar 'jam dbyangs rnam 'phrul thon mi saM b+ho TAs 1yi ges brda' chad kyi gzhung mdzad/__snga dar gyi dus/__b+he 2 ro ska 3 cog zhang pa 4 sogs kyi mdo sngags kyi chos bsgyur bshad 'chad nyan gyi gtan la dbab/__gnub sangs rgyas ye shes 5sogs kyis mdo dgongs 'dus sgyu 'phrul gyi bshad rgyun spel/__phyi dar la lo chen rin 6 bzang dang /__rngog blo ldan shes rab 7 gnyis kyi mdo sngags kyi chos dpag tu med pa bsgyur bshad mang po'i srol gtod/__de dag dang gzhan las 'ongs pa'i bshad rgyun mtha' dag rje btsun sa skya pa 8khu dbon 9dang /__kun mkhyen bu ston rin po ches 10bzung ba ste mdo sngags bshad rgyun gyi bka' bab skyes bu chen po bcu ste de rnams kyi rjes su 'brangs nas mdo sngags legs par 'chad na bstan pa rin po cher bya ba byas pa yin la/__de min gzhan du byin pa'i blo gros kyi bka' dang bstan bcos rang stobs kyis bkral ba ni log pa'i lam du 'phyan pa ma las 'das so/__/de yang rje btsun re 'da' ba/__gzhon nu blo gros yan la dbu phar 'dul mdzod bzhi 'chad pas bka' bzhi pa dang de steng tshad ma bsnan pa/__bka' lnga pa gnyis grags che zhing /__rgyal tshab dar mas pusti bcu la bshad srol gtod/__phyin chad bka' bcu pa grags che bas/__sngar gyi bzhi po'i ste tshad ma rnam 'grel sogs gzhung ci rigs bsnan pa dang /__sa lugs su phar tshad gnyis/__'dul mdzod gnyis/__dbu ma/__sdom gsum ste gzhung lugs drug gi grangs nges dang /__rab 'byams zhes pa'i mtshan bsgrogs kyang byams chen rab 'byams pa sangs rgyas 'phel man chad nas byung bar grags shing /__dka' phyogs su nang brtag rgyud gsum gyi bshad srol dang /__rnying phyogs su rgya gzhung chen po rnams dang /__rang lugs man ngag lta phreng /__pad+ma'i lam rim/__sgyur 'phrul rtsa bshad dang /__sgyur 'phrul lam rim che chung sogs chos rje dam pa'i thog__/spyi kun mkhyen chos kyi rgyal pos mdzod chen rnam bdun/__ngal bso skor gsum mnga' ris paN chen gyi sdom gsum/__kun mkhyen phyi ma'i yon tan mdzod sogs bshad rgyun rgya cher bzhugs pa rnams snying dus 'dir mar me 'chi kha mar ltar bu gyur pa bstan pa mi nus pa'i btsas su dgongs te/__chos grwa chen po 'di nyid du rgyal bstan ris med kyi bshad sgrub kyi rgyun bzang po 'dzugs nas bstan pa'i grog rtsa 'thud par bzhed pa'i dgongs zab bzhugs pa dang 'brel/__thog mar sbyangs shing nan tan byed pa'i gzhung gi skor la 'jam dpal gyi rigs gtad sngon du 'gro bas 'jam dpal gyi bstod pa gang blo ma'i legs bshad kyis sgo yangs por phyes nas byang sdom 'bog chog sngon du 'gro bas byang chub sems pa'i spyod pa la 'jug pa rtsa ba dang 'grel pa thog med dang kun bsod/__sher 'grel ke ta ka rgal lan dang bcas pa/__'dul lung sde bzhi'i rtsa ba'i lung /__sor thar pa'i mdo bi ma'i rgya cher 'grel dang /__dge 'dun grub kyi Ti ki mdo rtsa mtsho sna ba'i mchan Tig dang /__'grel pa nyi ma'i 'od zer/__mngon pa 'og ma mdzod mi pham mchan trig dang mchims chen dang dpon slob mchan 'grel mngon pa gong ma/__kun brgyud dang 'grel pa sa bzang /__dbu ma 'jug pa mi pham rin po che'i mchan 'grel dang go ram spyi don rnams sbyar dbu ma rtsa ba mi pham rin po che'i mchan dang 'grel pa bud+ha pa li dbu ma bzhi brgya pa 'grel ngag dbang dpal bzang gis mdzad pa dang lta ngan mun sel rnams sbyar/__dbu ma rgyan kun mkhyen mi pham rin po che'i 'grel tshad ma rnam 'grel dang trig ka mi pham rin po che'i/__tshad ma rigs gter ngor dpon slob 'jam dbyangs blo gter dbang pos mchan/__sher phyin sdud pa mi pham rin po che'i 'grel mdo sbyar dang bcas pa go ram pa'i spyi don sbyar/__mngon rtogs rgyan mi pham rin po che'i mchan trig dang /__dpal sprul spyi don 'bru 'grel mdo rgyan mi pham rin po che'i 'grel/__man ngag lta ba'i phreng ba gu ru rin po che'i gsungs/__'grel rong zom chos bzang gtsang ston rin po che'i mdzad pa dang /__rgyud bla ma mi pham rtsa mchan dang /__dom trig 'byed rnam gnyis mi pham rin po che'i tri kA bcas kyi rgya gzhung rnams re zhig rdzogs pa dang /__snga 'gyur rang gzhung gi thog mar zab gsang bstan pa'i shing rta chen po shar kaHthog pa dam pa shes rab seng ge'am bde gshegs spob pa mtha' yas kyi mdzad pa'i thog sa spyi cing pa dang /__'grel bu 'bor ba mkhas grub chen po ye shes rgyal mtshan gyi mdzad pa spyi don shAkya rdo rjes kun 'dus rig pa'i sgron me/__kun mkhyen chos kyi rgyal po'i yid bzhin mdzod rtsa 'grel cha lag dang bcas pa/__mnga' ris paN chen rin po che'i sdom gsum rnam nges dang 'grel lo chen rin po che'i mdzad pa/__kun mkhyen phyi ma'i yon tan rin po che'i mdzod/__'grel dge mang yon tan rgya mtshos mdzad pa/__mi pham rin po che'i gzhung nges shes rin po che'i sgron me/__'grel mkhan chen kun bzang dpal ldan gyi mdzad pa/__mkhas pa'i tshul la 'jug pa'i sgo zhes bya ba'i bstan chen po/__/brda' shan 'byed rang mchan don rnam nges lhag bsam rgyal mtshan gyi mdzad pa/__rgyud rgyal gsang ba snying po'i skor la 4lo dang po 'grel spar khab skyabs rje'i mtshan don dang spyi don legs bshad rol mtsho nan tan sbyangs pa dang /__spyi don rin chen mdzod sde/__lo gnyis par dgong rgyan dang zhal lung 'di gnyis nan tan sbyangs/__lo gsum par gsung trikA o rgyan chos grags kyi spyi don/__lo bzhi par nam mkha' 1dpal ba'i rgyud 'grel dngul dkar me long dang bka' mchis phu ma/__lo lnga 3par phyogs bcu mun sel/__spyi don yid kyi mun sel dang /__'od gsal snying po/__dkon mchog 'grel bcas/__sangs rgyas gsang ba'i lam chen 'grel dz+nyA na ke rus mdzad pa bcas kyi sngags gzhung re zhig rdzogs/__gnyis pa thos pas bag chags 'jog pa'i gzhung la bka' bstan bcos gnyis las bka' dri ma med pa'i skor ni gtsug gtor rnam rgyal 'grel rnam 'joms mi pham mchan 'grel/__gdugs dkar 'grel dge phyogs tshe mdo 'grel tA ra nA tha/__'da' dka' ye shes mi pham don 'grel dang rgya 'grel shes rab snying po 'grel gzhung brgya dngos grub dpal 'bar/__byang chub ltung bshags jo trig__/bzang spyod 'grel lo chen dang /__'ju grags rgyal gyi mdzad pa/__byams smon 'grel grags rgyal/__sgrol ma 'grel dge 'dun grub dang tA ra nA tha/__dkon mchog rjes dran 'grel mi pham/__mdo brten 'brel snying po dang bshes springs mi pham 'grel/__sa lu ljang pa'i mdo/__'grel bstan bzang chos bzhi pa'i mdo 'grel 'phags pa thog med bcas/__dgongs 'grel bstan bcos kyi skor la shing rta chen po 'phags pa klus kA ri ka rig tshogs la rtsod bzlog 'grel sa sa khu/__stong nyid bdun bcu 'grel dang rig pa drug bcu pa 'grel zla grags/__zhib mo rnams 'thag 'grel pa khu/__rang bzhin gsum 'jugabarten 'brel snying po mi pham mchan 'grel/__rin chen phreng ba/__rgya 'grel 'phags pa lha'i ye shes snying po kun las btus mi pham mchan trikazla grags kyi dbu ma shes rab la 'jug pa/__shing rta chen po thog med kyi mngon pa kun btus 'grel pa sa bzang /__sum cu pa/__nyi shu pa theg bsdus pa rnam mi pham mchan/__phyogs glang gi tshad ma kun btus mi pham mchan trikA/__shakya 'od kyi dge tshul gyi tshig le dgra bcom pa sa ga lha'i me tog phreng rgyud/__rong trikAdapa' bos skyes rab rang byung rdo rje'i kha skongs dang bcas/__mi pham rin po che'i grub pa'i rgyab chos/__zhi ba lha'i bslab btus bi ma la'i skyabs 'gro yan lag drug pa/__tsaN+Da go mi sdom pa nyi shu pa/__bla ma lnga bcu pa/__slob dpon legs ldan 'byed kyi dbu snying po/__'grel tog ge 'bar ba/__b+ha we lha'i bsam gtan chos sgron/__ka ma la shi la'i sgom rim tho btsun grub rjes khyad par 'phags bstod/__bde byed bdag po'i lha las phul byung gnyis 'grel sher 'byung /__sbrul nag stong snang ba lhar sgrub/__rong zom pa'i theg chen tshul 'jug__/chos rje paN+Ti ta'i mkhas 'jug__/rab dbye/__thub pa'i dgongs gsal/__chos rje dam pa'i 'dra mthun khyad 'phags/__rgyal ba klong chen pa'i ngal bso skor gsum/__rang grol skor gsum/__grub mtha' mdzod/__chos dbyings mdzod rtsa 'grel/__ngor chen rin po che'i bya spyod spyi rnams/__mi pham rin po che'i bya spyod tshul gnas/__bsam gtan phyi ma'i rgyud 'grel/__sbyin sreg gi lam rim/__rgyal sras gzhan phan mtha' yas kyi phung po rab dbye/__mnyam med dwags po'i thar rgyan/__karma rang byung rdo rje'i zab mo sngags don/__snying po ston pa/__rnam shes dang sems 'byed pa rnams kong sprul rin po che'i 'grel/__zhe chen rgyal tshab bstan bcos rin po che'i nges don sgron me/__dgyes rdor rtsa rgyud 'jam mgon gu Na'i 'grel/__dus 'khor rgyud 'grel mi pham thams cad mkhyen pa'i gsungs gsang ba 'dus pa'i rgyud 'grel/__jo nang bde mchog rgyud 'grel rje btsun grags pa/__dus 'khor 'grel chen dri med 'od/__mtshan brjod rgyud 'grel bi ma dang /__dga' rab gsungs dge 'dun rgya mtsho dang /__tsha ba rin chen rnam rgyal 'grel/__sgyur 'phrul thugs thig dang /__dam tshig gsal bkra/__mdo dgongs 'dus rtsa 'grel bka' brgyad spyi don/__yang dag gsang 'grel/__phur pa rtsa dum 'grel 'bum nag dang rje gu Na'i 'grel/__rog gi phur trika nyi ma'i 'od zer/__bab drug las bzhi'i 'grel/__bdud rtsi gsang nan rgyun bshags yan lag brgyad/__dam bca' nyer brgyad/__bde gshegs spyi bshags/__brjod med don bshags/__rgyud lung man ngag gi bshags pa so so'i 'grel bcas/__ma mo gsang ba las kyi thig le/__byang sems bsgom pa rdo la gser zhun rnams mi pham mchan/__sgra thal 'gyur rtsa 'grel/__skyabs mgon tshe dbang mchog grub kyi pad+ma'i lam rim 'grel chen/__bskyed rim 'og min bgrod pa'i them skas/__lam rim ye shes snying po rtsa 'grel/__mdzod lnga'i shi rta blo gros mtha' yas kyi bstan bcos chen po shes bya kun khyab rtsa 'grel/__mtha' mar dge ba dong sprug smon lam dang 'grel mi pham/__kun mkhyen prany+dza ra smi'i mdo sngags smon lam kun mkhyen phyi ma'i trika__/rgya rong nam sprul kun bzang theg mchog rdo rje'i tri ka__/zhal nas gsungs pa'i bkra shis kyi tshigs su bcad pa'i 'grel/__snga 'gyur bstan pa rgyas pa'i smon lam chos rgyal dgyes pa'i zhal lung /__'grel ze chen rgyab tshab rin po che 'gyur med rnam rgyal gyi mdzad pa rnam bshad lung gi rgyun ma chad tsam du skabs mtshams rnams su 'gro gang che bya dgos shing bod snga phyi'i gzhung khung ma 'di rnams dpyad pa gsum gyi dag pa'i gzhung bzang rtsom pa po bstan bcos rtsom pa'i rgyu gsum tshang ba 'phags chen gyi mdzad pa sha stag yin cing 'phags yul shing rta chen po rnams kyi gzhung dang dbyer mi phyed pa ste/__rgyal tshab byams pas/__gang zhig rgyal ba'i bstan pa 'ba' zhig gi/__dbang byas rnam g.yeng med yid can gyis bshad/__/thar pa thob pa'i lam dang rjes 'brel ba/__/de yang drang srong bka' bzhin spyi bos blangs/__/ces gsung pa ltar the tshom med pa'i gus pa brtan po dang ldan pas bslab brtson la 'bad pa dang /__khyad par rang gzhung gser sa li traM ltar bu 'di rnams gal chung snyom bskur du mi bya bar khog pa'i snying ltar gces spras bya dgos te/__kun mkhyen chen po shes rab 'od zer gyis/__tshad ldan gzhung bzhin 'chad pa'i mkhas rnams kyis/__/sngon rab mkhas pa'i bshad srol gzhungs drangs nas/__/'chad rtsod tsom pas thub bstan bzung ba na/__/kun mkhyen rgyal ba'i bstan pa gnyis shig 'byung /__/nyan bshad thub bstan 'dzin par rlom rnams kyang /__/gzhan gzhung 'jigs dang rang gzhung bsgrub pa'i phyir/__/khung med tshig phreng sbu ba'i zol gyis ni/__/rang phyogs 'khyar ba'i rtsod pas thub bstan dkrugs/__/la la rgyal ba'i bka' dang dgongs 'grel gyi/__/tshad ldan gzhung gi nyan bshad kun dor nas/__/rang rang 'dod pas sbyar ba'i gzhung lugs la/__/nyan bshad bgyid pas tshe lo 'da' ba mtshar/__/ces gsungs pa shin tu thugs gzu bor gnas pa'i gtam spyod ldan rna ba'i bdud rtsi kho na yin pas/__des na 'dir yang gzhung tshad ma mang du 'chad nyan byed pa'i dgos pa'ang de 'dra la dgongs pa'o/__/sngags phyogs kyi rgyud dang bstan bcos dang /__sgrub mchod gsungs rgyu rnams kyi dbang lung nges par thob dgos te/__rgyud las gsang sngags rang nyid len pa ni/__/lus can dmyal ba 'ba' zhig tu/__/zhes dang /__gsang snying las/__slob dpon mnyes par ma byas shing /__/dbang rnams thob par ma byas pa/__/nyan pa la sogs rtsom pa ni/__/'bras bu med cing brlag par 'gyur/__/ces gsungs pas nan tan du bya'o/__/de yang mang du thos pa ni/__'jig rten gyi rgyan dam pa gyur pa dang /__bstan pa rin po che'i rtsa lag dam par gyur cing /__gang mang du thos pa de phyogs thams cad du blo gros kyi lus stobs rgyas shing shes rab kyi spyan yangs pa/__gsungs rab thams cad gdam par 'char ba dang ris med pa'i bstan pa la dag snang phyogs med du 'phel zhing /__kun gyi bkur bsti bstod sngags kyi yul du gyur cing skyes bu dam par gyur pa dang /__rim gyi rnam pa thams cad mkhyen pa'i dngos rgyur 'gro ba sogs phan yon tshad med pa'i bdag nyid de/__ched du brjod pa'i tshom las/__thos pas chos rnam shes par 'gyur/__/thos pas sdig las bzlog par 'gyur/__/thos pas don ma yin pa spongs/__/thos pas mya ngan 'das pa thob/__ces gsungs te/__de yang rim pa bzhin phyi nang gi grub mtha' shes pas blang dor gyi gnas shes/__tshul khrims kyi bslab pa thos pas nyes spyod las bzlog__/sems kyi bslab pa thos nas don med pa'i 'dod pa yongs su spangs/__shes rab kyi bslab pa thos nas zag med mngon du byas pa'i myang 'das thob pa sogs phan yon mtha' yas pa dang /__ji skad du/__thos pa gti mug mun sel sgron me yin/__/rkun po rnams kyi mi khyer nor gyi mchog__/thabs tshul man ngag ston pa'i grogs kyi mchog__/ces pa dang /__sdud pa las/__shes rab kyis ni chos kyi rang bzhin yongs shes nas/__/khams gsum ma lus pa las myur du 'da' bar 'gyur/__/zhes srid pa'i sa bon du drung nas 'byin par byed pa dang /__mi pham pas/__rig pa'i gnas lnga dag la brtson par ma byas na/__/'phags mchog gis kyang thams cad mkhyen nyid 'thob mi 'gyur/__/de bas gzhan dag tshar bcad rjes su bzung phyir dang /__/bdag gi kun shes bya phyir de la de brtson bya/__/ces dang /__zhi ba lhas/__rgyal sras rnams kyi mi bslab pa'i/__/dngos de gang yang yod ma yin/__/de ltar gnas pa'i mkhas pa la/__/bsod nams mi 'gyur gang yang med/__/ces dang /__chos rje sa skya paN+Ti tas/__rang la dgos pa'i bstan bcos 'ga'/__/nyi ma re la tshig re bzung /__/grong mkhar dang ni sbrang tsi ltar/__/ring por mi thogs mkhas par 'gyur/__ces dang /__rig pa nang par 'chi yang bslab/__/tshe 'dir mkhas par ma gyur kyang /__/skye ba phyi mar bcol ba yi/__/nor la rang nyid len dang mtshungs/__/zhes dang /__kun mkhyen chos kyi rgyas pos/__de yi phan yon dran dang ting 'dzin dang /__nyon mongs rnyogs bral spobs pa zad mi shes/__/chos mdzod 'dzin dang bde gshegs chos thos dang /__lha ma'i stobs cing grags dang bsam pa 'grub/__/tshe rabs kun tu chos dang mi 'bral zhing /__/myur du bde gshegs chos char 'bebs pa thob/__/ces pa gnas skabs mthar thug gi thos pa'i phan yon/__rgya cher/__gsungs pa rnams la skal bzang blo gros dang ldan pa dag gi 'bad pa chen pos dam chos phyogs med la thos bsam byed pa kho na gal che ste/__me tshogs pu gri'i so yang brgal nas ni/__/phyi mthar thug gi bar du dam chos bzungs/__/zhes gsung ste rgyal sras chen po rnams kyi dam bca' ba'i tshig don la nam yang mi g.yel bar bya dgos shing /__rang cag blo chung rnams kyi rje bla mas gzhung brgya 'chad nyan 'dzugs pa la zur za bar byed kyang mang du thos pa thams cad skyon can du 'gyur na/__sngar gyi gsar snying gi mkhas grub dam pa mang po yang skyon can du thal lo/__/de skad du'ang /__rje btsun sgrol ba'i mgon pos/__phyi rabs kyi gtam la ma dgos shing /__sngar gyi mkhas pa grub thob yin/__/deng sang gi mkhas pa mkhas brdzun tu 'dug__/ces gsungs bzhin no/__de ltar nan tan du byed pa'i gzhung rnams yang nas yang du sbyongs pas gom par bya dgos shing /__gus sbyor dang rtag sbyor gyi brtson 'grus med du mi rung ste/__/brtson 'grus ldan pa 'jig rten kun gyis bstod/__/btson 'grus ldan pa mi yi bsam pa 'grub/__/brtson 'grus ldan pa yon tan tshogs 'phel zhing /__brtson 'grus ldan pa mya ngan 'da' bar 'gyur/__/ces rgya cher sngags pa'o/__/de'ang 'dir zhugs pa rnams sbyong ba la brtson 'grus byed min mkhan po dang chos khrims sogs kyi brtag nas lan gsum gyi bar du bsgos kyang bsgo ba rnar gzon gyi gsong ba rgya 'byams byed na gnas nas dbyung zhing /__drag po'i khrims kyi tshar bcad par bya ba dang /__rgyun du nam langs pa dang chos khrims kyi brda' bskul nas thams cad kyi mchil lham phud/__gzan zlum khyer gyis tshogs nas snga phyi med pa lhan cig tu rnam rgyal ma'i gzungs dang /__bsam lhun/__sgrom ma/__sdom gsum gso sbyongs rgyun du bsdus pa dang /__nya stong gi dus su rgyas pa bton/__chos thun gyi brda' byung ba dang chos grwa 'tshogs chos thun gyi gong du ming yig bab pa des rgyugs 'bul zhus nas chos 'chad nyan la 'jug__/rang gi dbang po rno btul dang bstun pa'i gzhung che phra gang yin la sbyangs pa gnad du phig pa tshar kha yar re sbyangs bsam mkhan yod/__nan tan byed pa'i gzhung rnams la thos bsam spyi 'gro mthar phyin pa dang /__gzhung gang la nan rgyur byed bsam pa de la lhag par sbyangs te mkhan pos kyang sku tshegs la mi gzigs par nyin re chos thun mi 'dra ba gang dgos gsung ba dang chos thun grol nas gung tshig byas rjes brda' bskul te chos rwa skyor sbyangs dang thun brda' byung nas rang rang grwa khang du thun la zhugs nas dpe cha skyor/__nyi thal tsam na brda' byung bstun ba/__sngar bzhin 'tshogs nas/__rnam rgyal gzungs dang /__rtsa gsum dril sgrub kyi bskyed bzlas sngon du 'gro bas rdo rje'i chos skyong ba'i srung ma rnams la gtor bsngos spyi byer gyi rigs dang /__zla ba byung ngo cog gi dgu gsum la dpal lha mo'i gsol mchod 'bring po zab rgyas dang /__yar mar gyi tshes bcu gnyis la rtsa gsum dril sgrub kyi tshogs mchod bya/__gtor bsngos grol rjes/__skyor dpon gyi skyor sbyang dgos na bya/__dgongs ja bzhes 'phral mun rub tsam na thun brda' bskul te mar me gtam dpe skyor dang /__blo bshar ci rig pa byas nas brda' byung ba dang grol/__snga phyi'i tshogs dang gso sbyong gnyis dus mchod sogs chag na mar me bcu re dang yon kha chag na rnyed pa chad rgyu dang /__nyin thun dang mtshan thun rkang chad byung na brgya phyag gsum re dang mar me nyi shu re'i chad pa dang /__nyin thun la mi gnyis re lhan du sdod yod na mar me gsum re/__mtshan thun tshugs nas nam langs bar mi gnyis lhan sdod byung na mar me bcu gsum/__brgya phyag re rab gsal nas thun gyi sgong mgo bltas byas na mar me gsum re/__'di rnams chos khrims nas thun sgang la gling nyul lan gnyis re 'gro bas zhib gtogs bya dgos pa dang /__3)gzhung re re tshar nas spyi rgyugs sprod len skabs grwa tshang thams cad 'tshogs nas gsan dgos shing /__gal te 'gal na phyag brgya nas nyer lnga yan bab bstun/__ma sbyangs pa'i rtags dang 'grel ba'i rgyugs ma phrod na mar me brgya mchod kyi nyes 'khri dang /__slar zhal bsgos bya/__de yang sbyangs ma sbyangs mkhan po dang /__dge bskos bsam yod rnams nas zhib 'jug gi dbye gsal zhib bca' gnang mos ltar ngan pa'i rgyab skyor mdzad mi 'os pa dang /__gral du bslab pa rgan gzhon gyi bsgrigs rim dang /__zla ba dgu pa'i tshes bco lnga nas gsum pa'i bco lnga bar stod 'bog gyon pa dang /__dpyid zla gsum pa'i bco lnga nas dgu pa'i bco lnga bar dpung bcad dgos/__'di dang 'gal na brgya phyag re'i nyes chad dang /__zla ba gnyis re'i mtshams tshes brgyad dbu skra lhan cig bsil/__chan pas breg mi chog tshogs nang du sna rwa khyer mi rung /__gzan snam ther gang rung las/__ga da dang /__a thi ras sogs kyi gzan gyon mi chog__/phor pa dngul shan dang /__dkar yol gu shel sogs bzhes spyad ma yin spangs shing /__smin gling bsgrig zhal dang /__bsod nams lder mo gang rung dgos/__zhabs chag rko lham yu ba can gyon mi rung /__'di rnams dang 'gal ba sna rwa phor pa lcog pa dang /__gzhan rnams la mar me bcu nas gsum gyi bar nyes pa sgrub dgos pa/__bod zla ba dang po'i tshes gcig lo gsar dga' ston la grwa gnyer nas mchod pa ci 'byor gyi sangs gling gnas chog mkhyen rtse'i ljag bsgrig steng nas gsungs/__hor zla gsum pa'i tshes bcu gcig nas sa chog dang bco lnga la dngos gzhi khel bar byas te/__dus 'khor sgrub mchod rdul tshon la brten pa nyin 7la/__sa zla'i tshes nyer gsum nas rgyud lugs 'jam dpal sgrub mchod rdul tshon la brten pa nyin bdun la/__zla ba lnga hril po gsang snying rgyud chog khams lugs sgyur 'phrul zhi ba'i sgrub mchod rdul tshon dang 'brel ba can nang rgyud kyi bshad pa yang 'gro dgos/__grol rjes ljongs rgyu nyin bdun/__zla ba drug pa'i tshes bcu bzhi dbyar gnas bca' yig ltar la dgag dbye grol rjes ljongs rgyu nyin gsum/__zla ba dgu pa'i tshes bzhi la skyabs rje rin po che'i 'das mchod rdor sems cho ga mchod pa gzab rgyas/__rgyal zla tshes bco brgyad la kun mkhyen dri med 'od zer mngon par byang chub pa'i dus chen la snying thig rtsa gsum tshogs dang mchod pa gzab rgyas dang /__sku mchod 'di gnyis la/__tshogs su bshad pa'i maN+Dal gyi mchod sprin spro nus pa byung na shin tu legs/__zla ba bcu gnyis pa'i tshes nyer gsum nas tshe bdag gtor bzlog zor 'dzin bsnyen song zhig dbu bzhugs byang lugs phyag bzhes gzab rgyas/__cho ga 'di rnams kyang gdangs dbyangs 'bud bkrol bca' bzo sogs la dbu mdzod sogs las mtshan rnams kyis sbyongs brdar dang /__'tshogs dus gding chos rtse zhwa/__rdol dril rnams ma 'dzom na brgya phyag re dang /__'phral 'dzom dgos shing gsung grwa bsgrig pa dang /__phyag stabs sogs gang cir dwangs ba 'dren thub pa dgos/__6)'du khang la phyag dar dang ja 'dren pas dbyar sngo phyis/__yon chab brgya tshar bshams rgyu dang /__'dren pa yang dge tshul rnams dang /__dge slong snam sbyar med pa rnams ros mos rgyug dgos/__phyi yi kun dga' ra ba dang rang rang gi sgo khong rnams zhag lnga re nas phyag dar ma byas na phyag bcu re dang /__gling thog kha ba phyag rgyu la skyor dpon dang /__dge bskos dbu mdzad las thogs rnams ma gtog tshang mas phyag dgos/__gling gshags nang gi chos ra rdo gcal gyi rdul dang kha ba rgyud sde'i ma chen nas 'phyags rgyu/__gser khang rdul dang kha ba lha gnyer nas 'phyags dgos/__7)dpe gnyer nas dpe cha rnams sbyangs dus ma gtogs g.yar mi chog__/brdzad skyon gtor brlag mi shor ba'i sprod len zhib bca' gal che/__gal te ma tshang na dpe brlag mkhan de'am dmigs bsal med na dpe gnyer nas mjal dgos pa dang /__grwa tshang spyi dgon nang nye skor btang bzhugs 'dren pa dge tshul dang chab ril ba ma chen rnams btang /__shing pa nas grwa pa rer rdul sdud spus ldan lo re bzhin 'bul dgos/__8)rgyun tshogs dang dus mchod la nad pa dang /__shin tu mi khom pa'i rgyu rkyen shar tshe chos khrims la dgongs zhus kyi dgongs pa gnang 'os min skabs phyed cing legs par brtags nas blangs dor lung ston shes dgos so/__/10)'dir ma 'dus pa'i dge 'dun spyi khrims 'jog dgos nges byung na mkhan po gnas brtan rgan pa rnams dang dge bskos rnams thugs gros steng khrims bca' 'os pa bcas mdor na kun chen pradz+nyA rasmris/__ne rtso'i 'don pas mkhas pa rlom pa dang /__/tshul chos spyod pas btsun par chos pa dang /__/stong pa'i 'ud kyis bzang por brdzu ba yi/__/klog pa ba de 'jig rten sgyu ma mkhan/__/'gro kun srid pa'i mtsho las bsgral ba'i phyir/__/gcig tu bstan pa 'ba' zhig ster dgongs nas/__/rnam dag gzhung lugs nyan dang 'chad pa yi/__/klog pa ba de lha mi'i mchod gnas yin/__/ces log pa'i lam la rtog 'chos pa'i klog pa ba dang yang dag pa'i blta spyod la zhugs pa'i klog pa ba'i mtshan nyid nyung ngu'i tshul gyi 'dom pa mdzad pa don thugs la gzhugs pa gsol ba 'debs pa'o/__/lhar bcas 'jig rten kun gyi rgyan/__/tshul gnas lung rig 'od 'phro ba/__/rnam dag gtsug gi nor bu'i phreng /__/bstan 'gro'i 'dod 'byung bsam 'phel dngos/__/grags pa tsam min don gyis lci/__/mkhas tshul gsum gyi bya ba yi/__/rgyal bstan gsal ba'i 'od dkar de/__/gling bzhi'i mtshan mo'i mgon du gyur/__/sa 'dir blo gsal bye ba brgya'i/__/blo yi ku mud 'byed gyur cing /__/spobs pa'i gter chen brgyad la dbang /__/'jam dpal dkyil 'khor mchog grub shog__/ces pa'ang bar skabs kyi tshigs su bcad pa'o/__/de ltar kun mkhyen thub mchog don kun grub pa chen pos bstan pa rin po che snyigs dus 'dir gang gi 'dzin 'chang spel ba de ni phan yon tshad med pa ste/__ting 'dzin rgyal po las/__bskal pa bye ba gang+gA'i bye snyed du/__/dad pa'i sems kyi zas dang skom rnams dang /__/gdugs dang ba dan mar me'i phreng ba yi/__/sangs rgyas bye ba khrag khrig rim gror byed/__/gang zhig dam chos rab tu 'jig pa dang /__/bde gshegs bslab pa 'gags par gyur pa'i tshe/__/nyin mtshan du ni bslab pa cig spyod pa/__/de ni de bas bsod nams khyad par 'phags/__/ces bden pa'i tshig yang dag pas bka' stsal ba ltar/__bde bar gshegs pa rnams kyi gdugs 'tshob pa dang /__chos kyi mdzod 'dzin pa dang /__gdul bya'i lhag ma skyongs ba'i rgyal sras sems dpa' chen po theg pa chen pos dge 'dun legs par zhugs pa rig par zhugs pa drang por dang mthun par zhugs pa/__lha mi kun gyi mchod gnas phyag dang bkur bsti stobs pa'i yul/__bsod nams kyi dpal zhing yongs su sbyongs ba chen po'i tshogs kyi zhing dam par gyur pa lags na/__de yang bstan dang 'gro ba mtha' yas pa dang /__khyad par spur rgyal bod kyi ljongs 'dir chos rgyal me dbon rnams kyi thugs bskyed kyi shing rtas drangs pa'i rgyal bstan yongs rdzogs kyi phyi mo snga 'gyur bka' gter dag snang gi bstan pa rin po cher bshad pa dang sgrub pa'i sgo nas phyogs kyi tha gru thams cad zlum por bcings shing /__bstan pa'i gdugs dang rgyal mtshan ba dan srid rtser sgrengs bas chu srin gyi rgyal mtshan shin tu dma' ba'i gnas su bsnyal zhing bde gshegs bstan pa'i seng ges log rtog wa skyes kyi ri dwags thams cad bcom nas gang gi mkhyen rab gzi byin nyi ma 'bum phrag gi 'od kyis kun tu rmongs pa'i dgra chen gyi snying la mi bde bar sbyin par mdzad cing /__yang dag pa'i bstan pa'i pad tshal phyogs brgyar rgyas pa dang /__legs bshad kyi sbrang rtsis skal bzang blo gsal bung ba'i tshogs rnams kyi lus sems rgyas par byed pas snyan brjid kun tu dga' ba'i chos kyi sgra dbyangs dar dir du sgrogs pas 'jig rten gyi rgud pa thams cad ming gi tha mar byas shing rdzogs ldan gsar ba'i dga' ston la longs spyod pa'i thugs bskyed bzang po mnyam pa med pa'i byang chub kyi sems bsam pa sa lta bu nas/__sprin chen po'i dpes mtshon pa'i bar du gong nas gong du 'phel ba la bslab dgos shing /__des srid zhi gnyis ka'i mtha' la mi gnas pa'i byang chub chen po'i go 'phang thob par 'gyur ba gdon mi za ba yin te/__'phags pa klus/__ri dbang rgyal po ltar brtan dang /__/phyogs mtha' gtugs pa'i snying rje dang /__/gnyis la mi brten ye shes lags/__/ces dang /__zhi ba lhas/__dngos sam yang na brgyud kyang rung /__/sems can don las gzhan mi bya/__/ces dang /__bslab btus las/__bdag gi lus dang longs spyod dang /__/dus gsum dge ba spel ba rnams/__/sems can kun la btang ba dang /__/de srung dag pa spel ba'o/__/zhes bdag tu 'dzin pa'i gzhi gsum btang ba dang /__'gyur ba dang /__dag pa dang /__spel ba dang /__bzhis sems can gyi don sgrub cing /__ji skad du/__gzhan phan las la mthu med kyang /__/de yi bsam pa rtag tu bya/__/gang la bsam pa de yod pa/__/de ni de la don gyis zhugs/__/ces gsungs pa bzhin/__bstan 'gror lhag pa'i bsam pa zla ba yar tshes lta bu bskyed pa la ma bslab cing /__thos bsam gyi bya ba rdzogs nas grong nag tu 'khyams pa dang /__dkor rjes sogs chos brgyad kyi sgeg mos bslu brid ring du byos te rang 'dod kyi 'khri ba med par dgos/__prany+dzA rasmis tshe 'di'i che thabs rnyed bkur lhur blangs nas/__/pha rol bsdus dang phrag dog 'gran sems kyi/__rang nyid bsgom dang gzhan la 'dom kyang rung /__/sgo gsum bya ba phal cher don med yin/__/ces gsungs pa ltar kun slongs dug can spangs nas gzhan dag la 'chad spel sogs ci nus dgos pa dang /__ma nus kyang 'gal ba med de/__sor thar pa'i mdo las/__mang du thos pa nags kyi nang dag tu/__/lang tsho yol ba rnams kyi gnas pa bde/__/ces dang /__kun mkhyen chen pos/__shes bya nam mkha'i gza' skar 'dra/__/bslab dgos gnas la zad pa med/__/da res 'gyur med chos sku'i rdzogs/__/mi 'gyur btsan sa bzung na legs/__/ces dang /__shan+ta pU ris/__rig pa'i gnas la thos bsam mthar phyin nas/__/thos pa'i don rnams don yod bya ba'i phyir/__/ting 'dzin bsgom pa'i bya ba lhur blangs nas/__/dben pa'i gnas su bdag rgyud smin par mdzod/__/ces legs par 'dom 'tsham pa mdzad pa ltar rgyal ba gong mas bstan cing bsngags pa'i dben pa'i ri khrod du thabs snying rje chen po dang /__shes rab stong pa nyid zung du 'jug pa'i lam la brten nas rnam par grol ba'i gong 'phang don du gnyer dgos te/__mdo las/__thabs dang bcas pa'i shes rab ni lam mo/__/shes rab dang bcas pa'i thabs ni lam mo zhes gsungs pa ltar thabs shes zung 'jug gi bskyed rdzogs kyi nyams len zab mo dang /__khyad par 'od gsal rdo rje snying po 'od zer bkod pa rgyan gyi rol mo mtha' yas shing gsang ba bsam gyi mi khyab pa'i nyams len la gzhom nas 'ja' lus rdo rje'i sku mchog mngon du gyur nas 'khor ba dong nas sprugs nus pa zhig mdzad na dar 'byor thob pa don yod du byas pa legs so/__/slar smras pa/__gang zhig zag med chos khams rgya mtshor dbang 'byor dkon mchog rin chen gsum/__/grags pa'i dpal gyi gzi 'od 'phro bas bskal bzang zhing 'di snang bar byas/__/phyogs bcu'i zhing nas rgyal dang de sras rdzu 'phrul stobs kyis 'dir lhag ste/__/dge legs shis pa'i rol mo 'khrol dang phan bde'i me tog char du bsnyil/__1/__bstan dang 'gro ba'i rig sngags kyis sgrub lha mi kun gyi mchod sdong che/__/dam chos rin chen mdzod kyi gtam shing bslab gsum bang rim mngon par mtho/__/mkhyen dang brtse ba'i gser dugs g.yas 'khor thabs shes nyi zla'i tog gi mdzes/__/gang la skyabs song gang yin de la bdud dang bdud kyi gnod 'tshe bral/__2/__tshul 'dir kun chen nyi ma'i shing rta yi/__/thugs bskyed skya rengs gsar pa'i snang bas drongs/__/gti mug kun gyi dgra zlar gyur pa ni/__/shes rab 'od chen 'jigs med stobs la bsten/__3/__gang gi snying la zhugs pa'i de ma thag__/de la blo gros spyan stong rnam par bkra/__/legs gsung dam chos nor bu'i mdzod khang la/__/ci dgar blta ba'i skal bzang 'di ko rmad/__4/__tshul khrims gtsang ma'i sa gzhi yangs pa la/__/byang chub sems kyi baiDU'i myu gu 'khrungs/__/thos mang thos ldan thos bsam snye ma rgyas/__/mtha' yas 'gro rnams nyer 'tsho'i rten du nges/__5/__dge 'dun mthun pa don rnams kun grub cing /__/mi phyed bden pa chen po'i byin brlabs kyi/__/bden pa'i tshig kyang myur du 'grub pa yi/__/bstan 'gro'i legs byas g.yas su 'khyil bar shog6/__'dir 'bad 'jam mgon bla ma'i bzhed don gyi/__/cha shas tsam zhig 'grub la gegs med par/__/mchog ldan rgyal ba sras bcas thugs rje yi/__/phyogs las rnam rgyal bkra shis dpal thob shog7/__bkra shis gdugs dang shes rab gser nya dgos 'dod kun 'byung bum pa bzang /__/srid zhi'i 'jigs 'phrog dpal gyi be'u mi mthun kun gcod 'khor lo dang /__/chags pa kun bral pad+ma dang ni chos kyi dbyangs snyan g.yas 'khyil dung /__/phyogs rnams kun las rnam par rgyal ba'i mtshan bzang bkra shis rtags brgyad kyi/__/dus gsum kun tu bkra shis grags pa'i snyan grags bzang po'i bkra shis shog__/ces pa'ang /__'khor lo'i mgon po thams cad mkhyen gzigs chen po de nyid kyi bca' yig chen mo mdzad bzhed/__mchod brjod biR+Wa ta bcas ljags rtsom gnang ba rten 'brel gyi mdzad pa 'phro can du gyur pa skyabs mgon dge rtse'i mchog sprul rin po ches bskul ba dang sde snod rgya mtsho'i dpal gyis 'byor pa mkhan legs bshad 'byor ldan gyis kyang gsung gi bskul ba la sten chos rje kaHthog pa chen po de nyid kyi zhabs rdul spyi bos reg cing gang gi thugs rje tshad med pa'i bka' drin gyis nye bar 'tsho ba 'jam dbyangs mkhyen rtse'i dbang po'i phrin las kyi byed por yid dam du bca' ba 'jam dbyangs blo gros rgya mtsho dpal bzang pos kaHthog rdo rje gdan gyi chos grwa chen por bris pa dge legs 'phel/__rnam par rgyal bar gyur cig__/sarba dA kal+yA naM b+ha tu/__mang+ga laM/__shu b+haM//___//

Footnotes

Other Information