JKCL-KABUM-09-TA-042: Difference between revisions

From Khyentse Lineage - A Tsadra Foundation Project
JKCL-KABUM-09-TA-042
No edit summary
No edit summary
Line 10: Line 10:
|terma=No
|terma=No
|jkcloutline=Eleven
|jkcloutline=Eleven
|deity=seng gdong ma
|language=Tibetan
|language=Tibetan
|volumenumber=009
|volumenumber=009

Revision as of 15:42, 7 January 2022

Wylie title JKCL-KABUM-09-TA-042.pdf
Location chos kyi blo gros bka' 'bum
Volume 9, Text 42, Pages (Folios 1a to )
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. '. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 9: . Bir, H.P.: Khyentse Labrang, 2012.
Genre
Deity seng gdong ma

1 Texts in this Section (sde tshan or chos tshan)

573-574
སེང་གདོང་མའི་སྐོང་བ།
seng gdong ma'i skong ba
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
[edit]
སེང་གདོང་མའི་སྐོང་བ་བཞུགས་སོ། །བསྐང་རྫས་རྣམས་ལ་དམིགས་ནས། རྃ་ཡྃ་ཁྃ། སྐོང་བའི་གནས་མཆོག་འོག་མིན་ཞིང་། །ཕྱི་ནང་གསང་བའི་རྫས་རྣམས་ཀུན། །ཀུན་ཏུ་བཟང་པོའི་རྣམ་རོལ་ནི། །འཛད་མེད་ནམ་མཁའི་གཏེར་དུ་གྱུར། །ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབ། ཨོཾ་བཛྲ་སྥ་ར་ཎ་ཁཾ། གྱིས་རྒྱས་པར་སྤེལ། ཧཱུྃ་ཧྲཱིཿའོག་མིན་གསང་བ་མཆོག་གི་ཞིང་། །ཀུན་ཏུ་བཟང་མོའི་རོལ་པ་ལས། །རྣམ་འཕྲུལ་འགགས་པ་མེད་པའི་རྩལ། །ཇི་ལྟ་ཇི་སྙེད་སྣང་བ་ཀུན། །ཡེ་ཤེས་ཌཱ་ཀིའི་སྤྲིན་ཕུང་ཆེ། །གནས་གསུམ་དཔའ་བོ་མཁའ་འགྲོའི་ཚོགས། །བྱེ་བ་འབུམ་སྡེ་བསམ་ཡས་དང་། །ཁྱད་པར་གནས་ཡུལ་ཞིང་བཞུགས་པ། །ཕྲིན་ལས་རིགས་གྱུར་མཁའ་འགྲོ་མ། །རྡོ་རྗེ་རིན་ཆེན་པདྨ་དང་། །ལས་དང་དེ་བཞིན་གཤེགས་རིགས་ཀྱི། །དྷཱ་ཀི་སེང་གེའི་གདོང་པ་ཅན། །གཽ་རི་སིདྷ་དབང་མོ་དང་། །སྒོ་མ་གིང་ལང་ཕོ་ཉ་མོ། །རྣམ་འཕྲུལ་བགྲང་ལས་འདས་པ་ཡི། །དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀྱི། །ཐུགས་དམ་གཉན་པོ་བསྐང་བར་བགྱི། །ཧཱུྃ། ཐུགས་དམ་གཉན་པོ་བསྐང་བའི་རྫས། །ཕྱི་མཆོད་ཉེར་སྤྱོད་འདོད་ཡོན་ལྔ། །ནང་མཆོད་སྨན་གཏོར་རཀྟ་དང་། །གསང་མཆོད་སྦྱོར་སྒྲོལ་ཕྱག་རྒྱ་གར། །རྨད་བྱུང་བདེ་སྟོང་དེ་ཁོ་ནའི། །མཆོད་པ་བླ་ན་མེད་པས་བསྐང་། །མདོར་ན་སྣང་སྲིད་ཆོས་རྣམས་ཀུན། །ཀུན་བཟང་བདེ་སྟོང་རོལ་མོའི་སྤྲིན། །འཕྲོ་འདུའི་བཀོད་པ་ཇི་སྙེད་པས། །དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་། །བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱིས། །མི་ཤེས་གཏི་མུག་དབང་གྱུར་པས། །བཅས་དང་རང་བཞིན་ཉེས་པའི་ལས། །གནོང་འགྱོད་དྲག་པོས་མཐོལ་ཞིང་བཤགས། །གདོད་ནས་མ་བྱུང་མ་སྐྱེས་པའི། །ངང་དུ་བཤགས་བྱ་བཤགས་བྱེད་བྲལ། །དག་མཉམ་ཆེན་པོའི་ཀློང་དུ་ཨཱཿ། གཉིས་མེད་དོན་གྱི་ཚངས་པ་སྩོལ། །ཡིག་བརྒྱ་བརྗོད་དོ། །ཞེས་པའང་པདྨ་ཡེ་ཤེས་རྡོ་རྗེས་བྲིས་པའོ།། །།
[edit]

seng gdong ma'i skong ba bzhugs so/__/bskang rdzas rnams la dmigs nas/__ra~M ya~M kha~M/__skong ba'i gnas mchog 'og min zhing /__/phyi nang gsang ba'i rdzas rnams kun/__/kun tu bzang po'i rnam rol ni/__/'dzad med nam mkha'i gter du gyur/__/nam mkha' mdzod kyi sngags rgyas brlab/__oM badz+ra s+pha ra Na khaM/__gyis rgyas par spel/__hU~M hrIH'og min gsang ba mchog gi zhing /__/kun tu bzang mo'i rol pa las/__/rnam 'phrul 'gags pa med pa'i rtsal/__/ji lta ji snyed snang ba kun/__/ye shes DA ki'i sprin phung che/__/gnas gsum dpa' bo mkha' 'gro'i tshogs/__/bye ba 'bum sde bsam yas dang /__/khyad par gnas yul zhing bzhugs pa/__/phrin las rigs gyur mkha' 'gro ma/__/rdo rje rin chen pad+ma dang /__/las dang de bzhin gshegs rigs kyi/__/d+hA ki seng ge'i gdong pa can/__/gau ri sid+ha dbang mo dang /__/sgo ma ging lang pho nya mo/__/rnam 'phrul bgrang las 'das pa yi/__/dkyil 'khor lha tshogs thams cad kyi/__/thugs dam gnyan po bskang bar bgyi/__/hU~M/__thugs dam gnyan po bskang ba'i rdzas/__/phyi mchod nyer spyod 'dod yon lnga/__/nang mchod sman gtor rak+ta dang /__/gsang mchod sbyor sgrol phyag rgya gar/__/rmad byung bde stong de kho na'i/__/mchod pa bla na med pas bskang /__/mdor na snang srid chos rnams kun/__/kun bzang bde stong rol mo'i sprin/__/'phro 'du'i bkod pa ji snyed pas/__/dkyil 'khor lha tshogs thugs dam bskang /__/bdag cag rnal 'byor 'khor bcas kyis/__/mi shes gti mug dbang gyur pas/__/bcas dang rang bzhin nyes pa'i las/__/gnong 'gyod drag pos mthol zhing bshags/__/gdod nas ma byung ma skyes pa'i/__/ngang du bshags bya bshags byed bral/__/dag mnyam chen po'i klong du AH/__gnyis med don gyi tshangs pa stsol/__/yig brgya brjod do/__/zhes pa'ang pad+ma ye shes rdo rjes bris pa'o//__//

Footnotes

Other Information