JKCL-KABUM-09-TA-001: Difference between revisions
No edit summary |
No edit summary |
||
Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|citation=[['jam dbyangs mkhyen brtse chos kyi blo gros]]. ''''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 9: . Bir, H.P.: Khyentse Labrang, 2012. | |fulltitletib=རྣལ་འབྱོར་མའི་གསང་སྔགས་ཉེ་སྙིང་དང་སྦྱར་བའི་རྡོ་རྗེའི་གླུ་ཌཱ་ཀི་དགྱེས་པའི་དབྱངས་སྙན་གྱི་འགྲེལ་ཆུང་། | ||
|fulltitle=rnal 'byor ma'i gsang sngags nye snying dang sbyar ba'i rdo rje'i glu DA ki dgyes pa'i dbyangs snyan gyi 'grel chung | |||
|citation=[['jam dbyangs mkhyen brtse chos kyi blo gros]]. ''rnal 'byor ma'i gsang sngags nye snying dang sbyar ba'i rdo rje'i glu DA ki dgyes pa'i dbyangs snyan gyi 'grel chung''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 9: 1-23. Bir, H.P.: Khyentse Labrang, 2012. | |||
|collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་ | |collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་ | ||
|collectiontitle=chos kyi blo gros bka' 'bum | |collectiontitle=chos kyi blo gros bka' 'bum | ||
|author='jam dbyangs mkhyen brtse chos kyi blo gros | |author='jam dbyangs mkhyen brtse chos kyi blo gros | ||
|authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | |authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | ||
|tibgenre=Vajra Songs - rdo rje'i glu | |tibgenre=Commentaries - 'grel pa, Vajra Songs - rdo rje'i glu | ||
|terma=No | |terma=No | ||
|jkcloutline=Nine | |jkcloutline=Nine | ||
Line 15: | Line 17: | ||
|volyigtib=ཏ་ | |volyigtib=ཏ་ | ||
|totalvolumes=12 | |totalvolumes=12 | ||
|textnuminvol=001 | |||
|pagenumbers=1-23 | |||
|totalpages=23 | |||
|beginfolioline=1a1 | |beginfolioline=1a1 | ||
| | |endfolioline=12a6 | ||
|totalfolios=12 | |||
|multivolumework=No | |||
|colophontib=།ཅེས་པའང་བསླབ་གསུམ་མཛོད་འཆང་དགེ་བའི་བཤེས་གཉེན་ངག་དབང་བསྟན་པ་དར་རྒྱས་ནས་བཀྲ་ཤིས་པའི་ལྷ་རྫས་སོགས་རྟེན་དང་བཅས་ཏེ་གསུང་བསྐུལ་ངོར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་རྗེ་བླ་མའི་ཉེ་སྙིང་གི་དོན་གླུ་ལ་འགྲེལ་ཆུང་གསལ་བྱེད་ཀྱི་ཚུལ་དུ་སྦྱར་བ་ལྷན་ཅིག་བྱེད་པོ་མཆོག་སྤྲུལ་རིན་པོ་ཆེ་བཀྲ་ཤིས་དཔལ་འབྱོར་གྱིས་མཛད་པ་འདིས་ཀྱང་རང་གཞན་ཐམས་ཅད་རྡོ་རྗེ་བཙུན་མོ་བླ་མ་རྣལ་འབྱོར་མས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །མངྒ་ལཾ།། | |||
|colophonwylie=/ces pa'ang bslab gsum mdzod 'chang dge ba'i bshes gnyen ngag dbang bstan pa dar rgyas nas bkra shis pa'i lha rdzas sogs rten dang bcas te gsung bskul ngor 'jam dbyangs chos kyi blo gros pas rje bla ma'i nye snying gi don glu la 'grel chung gsal byed kyi tshul du sbyar ba lhan cig byed po mchog sprul rin po che bkra shis dpal 'byor gyis mdzad pa 'dis kyang rang gzhan thams cad rdo rje btsun mo bla ma rnal 'byor mas rjes su 'dzin pa'i rgyur gyur cig__/mang+ga laM// | |||
|pdflink=File:JKCL-KABUM-09-TA-001.pdf | |pdflink=File:JKCL-KABUM-09-TA-001.pdf | ||
}} | }} | ||
Line 23: | Line 32: | ||
<onlyinclude> | <onlyinclude> | ||
{{TibP|༄༅། །རྣལ་འབྱོར་མའི་གསང་སྔགས་ཉེ་སྙིང་དང་སྦྱར་བའི་རྡོ་རྗེའི་གླུ་ཌཱ་ཀི་དགྱེས་པའི་དབྱངས་སྙན་གྱི་འགྲེལ་ཆུང་བཞུགས་སོ། ། | {{TibP|༄༅། །རྣལ་འབྱོར་མའི་གསང་སྔགས་ཉེ་སྙིང་དང་སྦྱར་བའི་རྡོ་རྗེའི་གླུ་ཌཱ་ཀི་དགྱེས་པའི་དབྱངས་སྙན་གྱི་འགྲེལ་ཆུང་བཞུགས་སོ། ། | ||
ཨོཾ་སྭསྟི། འགྱུར་མེད་མཆོག་ཏུ་བདེ་བ་ཆེ། །ལྷན་སྐྱེས་རྣལ་འབྱོར་མ་དཔལ་གཟུགས། །བླ་མ་རྡོ་རྗེ་བཙུན་མོ་ལ། །བཏུད་ནས་ཉེ་སྙིང་ཅུང་ཟད་དབྱེ། །དེ་ཡང་ཨིནྡྲ་བྷུ་ཏིའི་རྒྱ་གཞུང་ལས། ཡི་གེ་རེ་རེའི་དེ་ཁོ་ན། །འཕྲལ་དུ་ཡང་དག་ཡིད་ཆེས་བསྐྱེད། །བགེགས་རྣམས་ཐམས་ཅད་བརླག་པར་བྱེད། །གསང་སྔགས་དོན་ནི་བཤད་པར་བྱ། །ཞེས་པ་ལྟར། དཔལ་བདེ་མཆོག་ཉུང་ངུའི་རྒྱུད་ལས། བཀླག་པ་ཙམ་གྱིས་འགྲུབ་པར་འགྱུར་བའི་གསང་སྔགས་ཉེ་སྙིང་ཨོཾ་གསུམ་མའི་ཟབ་དོན་སྙིང་པོར་དྲིལ་བ་ཐམས་ཅད་མཁྱེན་གཟིགས་༧འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་མཛད་པའི་རྡོ་རྗེའི་གླུ་ཁ་སྦྱོར་ཌཱ་ཀི་བཞད་པའི་དབྱངས་སྙན་གྱི་དོན་འགྲེལ་ཤིན་ཏུ་ཉུང་ངུའི་འཆད་པ་ལ། མཚན་བཤད་པ། གཞུང་དོན་ནོ། །དང་པོ་མཚན་སྨོས་པ་ནི། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སོགས་ཏེ། བསམ་ཡས་རིགས་རྣམས་ཀུན་གྱི་ཁྱབ་བདག་ཌཱ་ཀི་བྱེ་བ་འབུམ་སྡེའི་རྗེ་མོ། སྒྲིབ་གསུམ་གྱི་དྲི་མས་གོས་པ་མེད་པས་བཙུ༷ན་ཞིང་། མཚན་རྟོག་གི་གཞོམ་དུ་མེད་པས་རྡོ༵་རྗེ༵་རིག་སྟོང་ཆོས་ཉིད་རྣལ༵་མ་སྐུ་བཞིའི་ངོ་བོར་དབང་འབྱོར༵་ཞིང་དུས་གསུམ་རྒྱལ་བ་བསྐྱེད་པའི་མ༵་ཅིག་ཡུམ་ཆེན་མོ་ལ་རྒྱུད་སྡེ་སྒོ་དྲུག་ཏུ་དབྱེ་བའི་རྣལ་འབྱོར་བླ་མེད་རྒྱུད་ཀྱི་རྒྱལ་པོ་གསང་བ་མཐའ་ཡི་སྔགས་རྒྱུད་ཀྱི་རྩེ་མོ་བདེ་མཆོག་ཉུང་ངུའི་རྒྱུད་ནས་བསྟན་པའི་ཉེ་སྙིང་བཀླགས་པས་གྲུབ་པ་དང་སྦྱར་བའི་སྒོ་ནས་རྣལ་འབྱོར་མ་ལ་མངོན་པར་བསྟོད་ཅིང་བསྔགས་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལ་བསྔགས་པར་འགྱུར་ཏེ། །ཇི་སྐད་དུ། ལྷ་ཉིད་སྔགས་ཀྱི་ཚུལ་གྱི་ནི། །སྒྲུབ་པ་པོ་ལ་མཆོག་སྟེར་བྱེད། །ཅེས་དང་། གལ་ཏེ་དངོས་གྲུབ་མཆོག་འདོད་ན། །ལྷ་དང་སྔགས་ཉིད་ཐ་དད་མེད། །ཅེས་ལྷ་སྔགས་དབྱེར་མེད་ཡིན་པའི་ཕྱིར། །ཅེས་སོ། །དེ་ལྟར་བསྔགས་པའི་རྡོ་རྗེའི་གླུ་སྟེ་ཡིད་དཔྱོད་ཀྱིས་མ་བསླད་པའི་རིག་སྟོང་ཆོས་ཉིད་རྡོ་རྗེའི་རང་སྒྲ་ཐོལ་བྱུང་དུ་བྱུང་བའི་གླུ་ཁ་སྦྱོར་ཡན་ལག་བདུན་དང་སྦྱར་བ་སྟེ། གང་གྲགས་པས། ལོངས་སྤྱོད་རྫོགས་དང་ཁ་སྦྱོར་བདེ་ཆེན་རང་བཞིན་མེད། །སྙིང་རྗེའི་ཡོངས་གང་རྒྱུན་མི་ཆད་དང་འགོག་པ་མེད། །ཡན་ལག་བདུན་དང་ལྡན་པའི་སངས་རྒྱས་འདི་ཉིད་ནི། །བདག་འདོད་ཚད་མས་ཡོངས་བསྒོས་བློ་ཅན་རྣམས་ཀྱང་འདོད། །ཅེས་སོ། །ཌཱ་ཀི་སྟེ་མཁའ་འགྲོ་རྣམས་དགྱེས་པར་བསྐྱེད་ཅིང་ཐུགས་དམ་བསྐུལ་བས་ཤིན་ཏུ་ཐུགས་དགྱེས་པ་ཆེན་པོས་བཞད་པའི་ང་རོ་བརྒྱད་དང་ལྡན་པའི་དབྱངས་སྙན་སྒྲོགས་པའོ། །དེའང་རང་གི་རྡོ་རྗེའི་ལུས་ཀྱི་རྩ་ཐིག་རླུང་གསུམ་དཔའ་བོ་ཌཱ་ཀིའི་གྲོང་ཁྱེར་ཆེན་པོ་སྟེ། རྣལ་འབྱོར་མ་ཀུན་སྤྱོད་ལས། །དེ་ནི་ཧེ་རུ་ཀ་དཔལ་སྤྲུལ། །དག་པ་ཆོས་ཀྱི་སྤྲུལ་པ་ནི། །ཕག་མོའི་གཟུགས་སུ་བསྟན་བ་ཡིན། །ཐབས་དང་ཤེས་རབ་སྦྱོར་བ་ལས། །འདི་ཉིད་དང་ནི་ཐམས་ཅད་འབྱུང་། །ཞེས་དང་། རྣལ་འབྱོར་མ་མཆོག་འབྱུང་བ་ནི། །རྩ་རྣམས་ཀུན་གྱི་གྲོང་ཁྱེར་མཆོག །སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི། །དབུས་མ་ཨ་ཝ་དྷཱུ་ཏིའོ། །དེ་ལྟར་ཕག་མོ་གཙོ་བོ་སྟེ། །གོ་འཕང་མཆོག་བཞིན་ཤེས་པར་བྱ། །ཞེས་གསུངས་པ་ལྟར་རྣལ་འབྱོར་བདག་གི་སྒོ་གསུམ་དད་གདོང་ནས་དབྱེར་མེད་པས་བསྟོད་བྱ་བསྟོད་བྱེད་གཉིས་སུ་མེད་པར་ཤེས་པའི་རྟོགས་གོམས་ཀྱི་བསྟོད་དབྱངས་སུ་སྒྲོགས་པ་བཞུགས་སོ། །ཞེས་པའོ། །གཉིས་པ་ལ། ཁ་སྦྱོར་ཡན་ལག་བདུན་གྱི་དང་པོ་ལོངས་སྤྱོད་རྫོགས་པ་ལོངས་སྐུའི་ཡན་ལག་གཙོ་བོར་བཤད་པས་སྐུ་གསུམ་གྱི་བདག་ཉིད་དུ་མདོར་བསྟན་པ་དང་། དེ་ཉིད་རྒྱས་པར་བཤད་པ་དང་། དོན་བསྡུ་བའོ། །དང་པོ་ནི། ཨོཾ་གྱི་རང་བཞིན་སོགས་ཏེ་ཨོཾ་གསུམ་གྱི་དོན་ནི་སྔགས་ཀྱི་མགོ་འདྲེན་པ་ལ་སོགས་པའི་དོན་བརྒྱད་ལ་འཇུག་པར་བཤད་ཀྱང་སྐབས་འདིར་ལྷན་ཅིག་སྐྱེས་པ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའི་ཡེ་ཤེས་སྟེར་བ་གཙོ་བོའི་དོན་དུ་བཟུང་ནས་བཤད་ན། ཨོ༵ཾ་ཕྱི་རང་བཞིན་འཁོར་འདས་བརྟན་གཡོ་ཀུན་གྱི་དབྱིངས་དེ་བཞིན་ཉིད་ནི་འདུས་མ་བྱས་པ་འགྱུར་བཅས་ཀྱི་ཆོས་ཉིད་ལས་འདས་པའི་འགྱུར་མེད་སྨྲ་བསམ་བརྗོད་བྲལ་སོ་སོའི་སྐྱེ་བོའི་ཤེས་བློའི་གཞལ་དུ་ལྟ་ཅི། འཕགས་པ་ས་བཅུ་པས་ཀྱང་ཇི་བཞིན་གཞལ་བ་ལས་འདས་པའི་ཆོས་ཉིད་གདོད་མའི་གཤིས་ལུགས་དེ་ཉིད་སྟོང་པ་ཕྱད་ཆད་དུ་སོང་བ་མ་ཡིན་པ་ཨོ༵ཾ་གྱི་རང་མདངས་སྟོང་ཆེན་དེ་ཉིད་ཟག་པ་དང་བཅས་པའི་སྒྲིབ་ཐོགས་ཐམས་ཅད་སྤངས་ཤིང་སླར་མི་སྐྱེ་བ་ཉིད་ཡིན་ཀྱང་འཁོར་འདས་ཤེས་བྱའི་རྣམ་པ་ཐམས་ཅད་པ་ཀུན་ཕྲ་རབ་རྡུལ་གྱི་ཆོས་ལས་འདས་པའི་ཟག་བྲལ་བདེ་བ་ཆེན་པོའི་མཆོག་དང་ལྡན་པའི་མི་འགྱུར་རྟག་པ་དམ་པའི་ཡེ་ཤེས་དེ་ཉིད་ཨོ༷ཾ་གྱི་ངོ་བོར་སྣང་བས་སྟོད་པའི་ཡེ་ཤེས་གཉིས་སུ་དབྱེར་མེད་ཅིང་འོག་མིན་གྱི་གནས་སུ་ས་བཅུ་པ་རྣམས་ལ་ཆོས་ཀྱི་ལོངས་སྤྱོད་ཡོངས་རྫོགས་ངེས་པ་ལྔ་ལྡན་ལྷན་སྐྱེས་རྡོ་རྗེ་རྣལ་འབྱོར་མ་རྟག་པ་རྒྱུན་གྱི་འཁོར་ལོའི་སྐུ་ཅན་དོན་གཉིས་ཕུན་སུམ་ཚོགས་པའི་དཔལ་དང་ཡོན་ཏན་དྲུག་ལྡན་བདག་ཉིད་ཆེན་པོ་སྟེ། བྱམས་པས། མཚན་ནི་སུམ་ཅུ་རྩ་གཉིས་དང་། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་འདི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཀྱིས། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །ཅེས་གསུངས་པ་ལྟར་གྱི་སྐུ་དེ་ནི་ཆོས་དབྱིངས་དོན་གྱི་འོག་མིན་མཁའ་སྤྱོད་རྡོ་རྗེ་བཙུན་མོའི་ཞིང་ན་བཞུགས་པའི་རྣལ་འབྱོར་དབང་མོ་དེ་ལས་གང་འདུལ་མཆོག་གི་སྤྲུལ་པའི་སྐུ་རིགས་ལྔའི་རྡོ་རྗེ་རྣལ་འབྱོར་མའི་རྣམ་རོལ་ཕྲ་རབ་རྡུལ་གྱི་གྲངས་དང་མཉམ་པར་ཁྱབ་པ་ལས་གཙོ་བོར་མ་ཆགས་པདྨའི་རིགས་སོ་སོར་རྟོགས་པའི་ཡེ་ཤེས་གསུང་རྡོ་རྗེ་རྣལ་འབྱོར་མའི་གཟུགས་སྐུ་ཤར་བ་སྟེ། དེ་སྐད་དུ་ཡང་ཨིནྡྲ་བྷཱུ་ཏིའི་རྒྱ་གཞུང་ལས། རྦ་རླབས་མེད་ཅིང་དྲི་མ་མེད། །ཉི་མ་ལྟ་བུའི་རྣམ་པ་ཅན། །ཆོས་ཀུན་རབ་ཏུ་མ་གནས་པ། །དངོས་དང་དངོས་མེད་རྣམ་པར་སྤངས། །ཞེས་དང་། ལོངས་སྤྱོད་ལམ་ནས་ལེགས་པ་ནི། །རྟེན་ཅིང་འབྲེལ་འབྱུང་ཡེ་ཤེས་ཏེ། །ཤིན་ཏུ་ལེགས་པའི་འོད་གསལ་བ། །འདི་ནི་ཟུང་འཇུག་ཞེས་བྱ་སྟེ། །ཞེས་དང་། །རང་རིག་བདེ་བའི་མཆོག་གྱུར་པ། །གཡས་པའི་ཡེ་ཤེས་རྒྱ་མཚོ་ཡི། །སྤྲུལ་པ་ལམ་ནི་དྲི་མ་མེད། །ཞེས་སོ། །དེ་སྐད་དུའང་། །རྡོ་རྗེ་འཆང་ཨ་ནན་བྷ་དྲས། །འདབས་བརྒྱའི་ལྟེ་བར་ཉིན་མོར་བྱེད་པའི་དབུས། །ཞལ་གཅིག་ཕྱག་གཉིས་འབར་བའི་སྤྱན་གསུམ་གཡོ། །པདྨ་རཱ་ག་ལྟར་དམར་རྗེ་བཙུན་མ། །མཁའ་སྤྱོད་ལོངས་སྤྱོད་རྫོགས་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་རྒྱས་བཤད་དྲུག་གི །དང་པོ་ཁ་སྦྱོར་བསྟན་པ་ནི། སརྦ་ཇི་སྙེད་སོགས་ཏེ། ས༷རྦ༷་ནི་མང་ཚིག་ཇི་སྙེད་པའམ་ཐམས་ཅད་པ་སྟེ། གོང་དུ་བསྟན་པའི་རང་བཞིན་མེད་པའི་ཆོས་དབྱིངས་སྟོང་པ་ཆེན་པོ་དེ་ལས་སྐྱེ་བ་མེད་ཀྱང་སྐྱེ་བའི་ཆོ་འཕྲུལ་དུ་སྣང་བའི་གསུང་མཆོག་པདྨའི་རིགས་གཙོ་ཆེ་བས་བསྡུས་པའི་རིགས་ནི་རི་རབ་ཀྱི་རྡུལ་གྱིས་གྲངས་དང་མཉམ་པའི་བསམ་གྱིས་མི་ཁྱབ་པ་དང་། བསྡུ་ན་བྱེ་བ་ཕྲག་ཕྱེད་དང་བཞི། དེ་སྟོང་ཕྲག་བདུན་ཅུ་རྩ་གཉིས། དེ་ལས་བསྡུ་ན་བདུན་ཅུ་རྩ་བདུན། དེ་ཉིད་སོ་བདུན། དེ་ཉིད་ཉི་ཤུ་རྩ་བཞི། དེ་བརྒྱད་དུ་བསྡུ། དེའང་མཁའ་འགྲོ་མ་ལྔ་ཡི་དཀྱིལ་འཁོར་དང་། དེ་ཡང་བསྡུ་ན་རྡོ་རྗེ་རྣལ་འབྱོར་མ་འདི་ཉིད་དུ་བསྡུ་བ་དང་། མདོར་ན་དཀྱིལ་འཁོར་རྒྱ་མཚོའི་སྤྲོ་བསྡུའི་བྱེད་པོར་སྣང་བའི་རྣལ་འབྱོར་མ་འདི་ནི་བུ༷དྡྷ་སྟེ༷་སངས་རྒྱས་ཞེས་བྱ་བ་སྦྱངས་བྱ་སྒྲིབ་གསུམ་གྱི་མུན་པ་ཐམས་ཅད་སངས་ཤིང་རྟོགས་བྱ་ཡེ་ཤེས་ཀྱི་སྣང་བ་མཆོག་ཏུ་རྒྱས་པའི་བདག་ཉིད་ཆེན་པོ་འདི་ལས་ཆགས་ཅན་དང་། ཆགས་བྲལ་གྱི་སྤྲུལ་པའི་སྐུ་ཞི་བ་དང་། ཁྲོ་བོ་ཁྲོ་མོའི་ཚུལ་བསྟན་པའི་མི་སློབ་པ་དང་། སློབ་པའི་བྱང་ཆུབ་སེམས་དཔའ་དང་ཉན་རང་། །སོ་སྐྱེའི་ཚུལ་བསྟན་པ་སྟེ་སྲས་དང་བཅས་པ་དང་། བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་བའི་རྫོགས་པའི་སངས་རྒྱས་ཀུན་བསྐྱེད་པ་དང་། སྤྲོ་བ་དང་སྡུད་པའི་བདག་ཉིད་ཅན་གྱིས་རྡོ་རྗེ་བཙུན་མོའི་བྷ་གར་རོལ་ཞིང་རྟག་ཏུ་དགྱེས་པར་བཞུགས་པའི་ཆོས་ཀྱི་འབྱུང་གནས་ཡུམ་ཆེན་མོ་གཅིག་པུ་སྟེ། ཇི་སྐད་དུ། ཆོས་དབྱིངས་ཤེས་རབ་ཕ་རོལ་ཕྱིན། །ཟག་མེད་བདེ་ཆེན་སྒྱུ་མའི་གཟུགས། །བདེ་གཤེགས་ཐམས་ཅད་བསྐྱེད་པའི་ཡུམ། །ཞེས་དང་། ང་ནི་སངས་རྒྱས་ཐམས་ཅད་ཀྱི། །ཡུམ་གྱི་གཟུགས་ཀྱིས་བསྐྱེད་པར་བྱེད། ཅེས་དང་། སཾམ་ཏྲ་ལས། དམིགས་མེད་གནས་སུ་ཤེས་རབ་དང་། །དམིགས་མེད་སྙིང་རྗེ་ཆེན་པོ་ཉིད། །རྡོ་རྗེ་རྡོ་རྗེ་སེམས་དཔའ་དཔལ། །རྫོགས་པའི་སངས་རྒྱས་བྱང་ཆུབ་ཉིད། །འདི་ནི་ཤེས་རབ་ཕ་རོལ་ཕྱིན། །ཕ་རོལ་ཕྱིན་པ་ཀུན་གྱི་དངོས། །མཉམ་ཉིད་བསམ་བྱ་ཉིད་དུ་གསུངས། །སངས་རྒྱས་སྐུ་མཆོག་བསྒོམ་པ་ཉིད། །ཞེས་པ་ལྟར་རོ། །ཌཱ་ཀི༷་ནཱི༷་ཡེ༷་ཤེ༷ས་ཏེ་མཁའ་འགྲོ་མ་ཞེས་བྱ་བ། རྡོ་རྗེ་གུར་ལས། ཌམ་བི་ཧ་ཡས་ག་མ་ནི། །སངས་རྒྱས་ཁམས་དང་རྣམ་པར་དག །ནམ་མཁའ་ཀུན་ཏུ་སྤྱོད་གྲུབ་པ། །མཁའ་འགྲོ་མ་ཞེས་བྱ་བར་བརྗོད། །ཅེས་གསུངས་པ་ལྟར། རྣལ་འབྱོར་མ་ཡི་རྒྱུད་འདི་ལས་སྲིད་ཞིའི་བརྟན་གཡོ་ཐམས་ཅད་མཁའ་འགྲོ་མ་དྲྭ་བ་སྡོམ་པའི་དཀྱིལ་འཁོར་འབའ་ཞིག་ལས་གཞན་དུ་མ་མཆིས་ཤིང་། ཤེས་རབ་སྟོང་ཉིད་རྣལ་འབྱོར་མའི་གཟུགས་སུ་ཤར་བ་དེ་ཀུན་ཀྱང་བདེ་ཆེན་ཧེ་རུ་ཀ་དཔལ་དང་། ཁ་སྦྱོར་ཟག་མེད་བདེ་མཆོག་སྒྱུ་མའི་རོལ་རྩེད་ཀྱི་ཉམས་བརྒྱས་རྣམ་པར་སྒེག་པའི་ཚུལ་གོང་དུ་བསྟན་པ་བཞིན་ནོ། །རྗེ་རྡོ་རྗེ་འཆང་གིས། ཆགས་ཅན་སྐྱེས་བུས་གདུལ་བར་བྱ་བའི་ཕྱིར། །བརྟན་གཡོའི་བདག་པོ་ཧེ་རུ་ཀ་དཔལ་དང་། །གཉིས་མེད་ཡེ་ཤེས་གར་གྱིས་རོལ་མཛད་པ། །མཁའ་སྤྱོད་ཁ་སྦྱོར་ཆེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ། །གསུམ་པ་བདེ་བ་ཆེན་པོའི་དོན་ནི། བཛྲ་ནམ་མཁའི་སོགས་ཏེ། རྡོ་རྗེ་རྩེ་མོ་ལས། སྲ་ཞིང་སྙིང་པོ་ཁོང་སྟོང་མེད། །བཅད་དང་གཞིག་པར་བྱ་བ་མེད། །བསྲེག་པར་བྱར་མེད་འཇིག་མེད་པས། །སྟོང་ཉིད་རྡོ་རྗེར་བརྗོད་པར་བྱ། །ཞེས་པ་ལྟར། དེ་ཡང་བ༷ཛྲ༷་ནི་རྡོ་རྗེ་སྟེ་གཟུང་འཛིན་གྱི་མཚན་རྟོག་གིས་མི་ཕྱེད་ཅིང་། རྟོག་ཚོགས་ཀྱི་རྡུལ་ཐམས་ཅད་དང་བྲལ་བའི་ནམ་མཁའ་སྟོང་པའི་དཀྱིལ་ལྟར་རྣམ་པར་དག་པའི་ཐུགས་རྒྱུད་ཅན་གྱི་རྡོ་རྗེ་རྣལ་འབྱོར་མ་དེ་ནི་ཝ༷་རྞ༷་ནཱི༷་ཡེ༷་ནི་ཁ་དོག་མ་སྟེ་རྡོ་རྗེའི་རིགས་ཅན་མ་ཞེས་བཤད་ལ། དེ་ནི་རང་བཞིན་གྱིས་འོད་གསལ་ཡེ་ཤེས་ཁ་དོག་རྣམ་པ་སྣ་ཚོགས་པ་དུ་མར་འཆར་ཞིང་འཆར་བའི་ངོ་བོ་སྤྲོས་མཚན་ལས་འདས་པ་རྣམ་པའི་རང་གདངས་དེ་ནི་ཞི་མ་ཁྲོ་ཆགས་ཁམས་གསུམ་གྱི་སྲེད་པའི་འཆིང་བ་དང་འཕགས་པ་སློབ་པའི་ས་ལས་རྣམ་པར་འདས་པའི་རྣམ་མེད་ཡེ་ཤེས་ཕྱག་རྒྱའི་གཟུགས་སུ་ཤར་བ་ལ་རྣམ་བཅས་བདེ་བ་ཆེན་པོས་འཁྱུད་པའི་བརྟན་གཡོ་སྟེ་འཁོར་འདས་སྣོད་བཅུད་ཀུན་ལ་ཁྱབ་པར་འཕྲོ་བའི་དཔལ་ལྡན་མཁའ་སྤྱོད་དབང་མོར་བསྟོད་པའོ། །ཇི་སྐད་དུ། ཡེ་ཤེས་ཐིག་ལེ་ལས། སྟོང་པ་ལ་ནི་ཐམས་ཅད་འབྱུང་། །ཞེས་དང་། སྡོམ་འབྱུང་ལས། རྣམ་པ་སྣ་ཚོགས་དྲི་མེད་པའི། །དཀྱིལ་འཁོར་དག་ནི་འཕྲོ་བར་སྣང་། ཞེས་དང་། བདེ་མཆོག་རྩ་རྒྱུད་ལས། འཇིག་རྟེན་ཕྱི་རོལ་དེ་བཞིན་གནས། ཞེས་དང་། བརྟག་གཉིས་ལས། ཇི་ལྟར་ཕྱི་རོལ་དེ་བཞིན་ནང་། །ཞེས་སོ། །བསྟོད་པ་ལས། ཉིད་ཐུགས་ཟག་པ་མེད་པའི་བདེ་བ་ཆེ། །འགྱུར་མེད་དགའ་བ་གྱ་ནོམ་བླ་ན་མེད། །རྒྱུན་མི་འཆད་པ་བདེ་བའི་རོས་གང་མ། །མཁའ་སྤྱོད་བདེ་བ་ཆེ་ལ་ཕྱག་འཚལ་བསྟོད། །ཞེས་སོ། །གསུམ་པ་རང་བཞིན་མེད་པ་ནི། བཛྲ་གཟུང་འཛིན་སོགས་ཏེ་བ༷ཛྲ༷་ནི་བློ་རྟོག་གཟུང་འཛིན་གྱི་མཚན་མའི་ཆོས་ཀྱིས་མ་ཕྱེད་མི་ཕྱེད་ཕྱེད་པར་མི་འགྱུར་བའི་རང་བཞིན་གཞིར་གནས་གཉུག་མའི་ཡེ་ཤེས་བྲི་གང་བསལ་བཞག་འཕོ་འགྱུར་བྲལ་བ་དེ་ནི་བཻ༷་རོ༷་ཙ༷་ནི༷་ཡེ༷་སྟེ་རྣམ་པར་སྣང་མཛད་མ་ཞེས་བྱ་བར་འགྱུར་ལ། དེ་ལྟ་བུའི་དེ་བཞིན་གཤེགས་པའི་སྐུ་ཡི་རིགས་ཀྱི་རྣམ་པར་སྣང་མཛད་ཆེན་པོ་དེ་ནི་རང་བཞིན་བདེན་པར་གྲུབ་པ་མེད་པའི་རྣ་མཐར་སྒོ་བཞིའི་བདག་ཉིད་ཅན་གྱི་སྟོང་ཉིད་ཆེན་པོ་སྟེ། བརྟག་གཉིས་ལས། ངོ་བོས་གཟུགས་མེད་མཐོང་བ་པོ། །སྒྲ་མེད་ཐོས་པ་པོ་ཡང་མེད། །དྲི་མེད་སྣོམ་པ་པོ་ཡང་མེད། །རོ་མེད་མྱོང་བ་པོ་ཡང་མེད། །རེག་མེད་རེག་པ་པོ་ཡང་མེད། །སེམས་མེད་སེམས་ལས་བྱུང་བའང་མེད། །ཅེས་དང་། སྒོམ་པ་པོ་མེད་བསྒོམ་པའང་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །སྤྲོས་པ་མེད་པའི་རང་བཞིན་ལས། །སྔགས་དང་ལྷ་ནི་ཡང་དག་གནས། །ཞེས་པ་ལྟར། ཉི་ཚེའི་སྟོང་པ་རྣམས་ཀྱིས་རབ་ཏུ་དབེན་པའི་སྟོང་པ་ཆེན་པོའི་རང་གདངས་འོད་གསལ་ལྷན་སྐྱེས་རྣལ་འབྱོར་མ་མཆོག་གི་རྣམ་པར་གཅིག་ཉིད་གནས་ཡུལ་ཉེར་བཞི། ཡུལ་སོ་གཉིས་ལ་སོགས་པ་ཞིང་སྐྱེས་ཀྱི་རྡོ་རྗེ་རྣལ་འབྱོར་མ་དུ་མར་སྣང་བར་མཛད་ཅིང་། བདེ་སྟོང་དབྱེར་མེད་མཆོག་གི་དཔལ་དང་ལྡན་པའི་མཁའ་སྤྱོད་དབང་མོར་འདོད་དོ་ཞེས་པ་སྟེ། ཨ་བྷི་དྷ་ན་ལས། ཕག་མོའི་གཟུགས་ནི་ཐམས་ཅད་པས། །སྤྲོས་དང་བྲལ་བས་སྡོམ་པའོ། །ཞེས་དང་། རང་བཞིན་བདག་མེད་གཅིག་པུ་སྟེ། །མཁའ་མཉམ་རྣལ་འབྱོར་གཟུགས་ཅན་དོན། །ཞེས་གསུངས་པ་ལྟར་རོ། །རྗེ་རྡོ་རྗེ་འཆང་གིས། རྣམ་དག་ཆོས་དབྱིངས་སྤྲོས་བྲལ་ནམ་མཁའི་ངང་། །མཐའ་ཡས་ཡོན་ཏན་མང་པོའི་ཉེར་མཛེས་པ། །རྣམ་པ་ཀུན་གྱི་མཆོག་དང་རབ་ལྡན་མ། །མཁའ་སྤྱོད་རང་བཞིན་མེད་ལ་ཕྱག་འཚལ་ལོ། །ཞེས་སོ། །བཞི་པ་སྙིང་རྗེའི་བདག་ཉིད་ཆེན་པོ་བསྟན་པ་ནི། ཧཱུྃ་ནི་རང་བཞིན་སོགས་ཏེ་ཧཱུྃ་ནི༷་སྡུག་བསྔལ་འཇོམས་པ་ལ་སོགས་པ་དོན་དུ་མ་ལ་འཇུག་པ་སྟེ་བཤད་མ་ཐག་པ་ལྟར་གཟོད་ནས་སྤྲོས་མཚན་ལས་འདས་ཀྱང་ཧཱུྃ་གི༷་རང་གདངས་དམིགས་མེད་བརྩེ་བ་ཆེན་པོའི་རྒྱུ་དང་མི་རྒྱུའི་འགྲོ་བ་རྣམས་ལ་རྗེས་སུ་ཆགས་པའི་སྙིང་རྗེ་ཆེན་པོའི་རོས་ཐུགས་རྒྱུད་ཡོངས་སུ་གང་སྟེ། དམིགས་མེད་གནས་སུ་ཤེས་རབ་དང་། །དམིགས་མེད་སྙིང་རྗེ་ཆེན་པོ་ཉིད། །བློ་དང་ལྷན་ཅིག་གཅིག་གྱུར་པ། །ནམ་མཁའ་ནམ་མཁའ་ཇི་ལྟ་བའོ། །ཞེས་སོ། །ཧཱུྃ་གི༷་བྱེད་ལས་སམ་ཕྲིན་ལས་ནི་སེམས་ཅན་རྣམས་ཁམས་གསུམ་གྱི་སྡུག་བསྔལ་སྤྱི་དང་བྱེ་བྲག །ཁྱད་པར་ཁུ་རྡུལ་རླུང་གསུམ་གྱི་སྒྲིབ་པ་ལས་སྐྱོབས་པའི་ཟུང་འཇུག་རྣམ་ཀུན་མཆོག་ལྡན་རྡོ་རྗེ་བཙུན་མོ་སྐུ་གསུམ་རྣམ་དབྱེར་མེད་པའི་དཔལ་དང་ལྡན་པའི་ཡེ་ཤེས་ཀྱི་སྣང་བརྙན་མཁའ་སྤྱོད་དབང་མོར་འདུད་དོ། །དེ་སྐད་དུའང་། རྗེ་ཨ་ནཱ་ན་ཏས། གང་གི་རང་བཞིན་རྣམ་པར་མི་རྟོག་ཀྱང་། །ཐུགས་རྗེ་ཆེན་པོས་སེམས་ཅན་མ་ལུས་པ། །ཡིད་བཞིན་ནོར་ལྟར་དགོས་འདོད་ཀུན་སྩོལ་མ། །མཁའ་སྤྱོད་སྙིང་རྗེས་ཡོངས་གང་ལ་ཕྱག་འཚལ། །ཞེས་སོ། །ལྔ་པ་རྒྱུན་མི་ཆད་པའི་དོན་ནི། ཕཊ་ཀྱི་མཚན་གཞི་སོགས་ཏེ། ཕཊྲ་ནི་དགས་པའམ་ཁོས་ཤིག་སྟེ་བདུད་དང་སྡུག་བསྔལ་འཇོམས་པའི་དོན་དུ་བཤད་ལ། དེ་ཡང་ཕཊྲ་ནི་གཟུང་འཛིན་གཅོད་པར་བྱེད་པའི་ཐབས་ཤེས་དབྱེར་མེད་ཀྱི་མཚན་གཞི་སྟོང་པ་ཆེན་པོ་སྲིད་ཞིའི་སྤྲོས་མཐའ་ཐམས་ཅད་བྲལ་བཞིན་དུ་ཕཊ་ཀྱི་མཚན་ཉིད་གསལ་བ་སྟོང་དང་རྟེན་འབྱུང་དབྱེར་མི་ཕྱེད་ཅིང་སྣང་ཆ་འགག་པ་མེད་ཅིང་ཐུགས་རྗེ་ཆེན་པོར་བྱིངས་ལས་རང་ཤར་བའི་ཚུལ་གྱིས་ཕཊ་ཀྱི་མཚོན་བྱེད་ནི་གཞི་དུས་ཀྱི་ལྷན་སྐྱེས་རྣལ་འབྱོར་མ་སྟེ། བྱམས་པས། གང་གིས་སྲིད་པ་ཇི་སྲིད་པར། །འགྲོ་ལ་ཕན་པ་སྣ་ཚོགས་དག །མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆད། །ཅེས་དང་། དེ་ཉིད་ལས་མེ་ལོང་དང་བྱད་ཀྱི་གཟུགས་བརྙན་བཞིན་གནས་ཡུལ་ཞིང་སྐྱེས་ཀྱི་དཔའ་བོ་རྣལ་འབྱོར་མ་སྤྲུལ་པའི་སྐུ། གཞན་ཡང་རིགས་ལས་སྐྱེས་པ་དང་། ལས་ལས་སྐྱེས་པའི་དཔའ་བོ་རྣལ་འབྱོར་མའི་ཚོགས་དང་། ཕྱི་ནང་གཉིས་དབྱེར་མེད་དུ་སྡོམ་པའི་རྣལ་འབྱོར་པས་སྣོད་བཅུད་དག་པ་རབ་འབྱམས་སུ་ཤེས་པའི་ལྟ་བའི་གདིང་དང་ལྡན་པས་སྔགས་ལས་སྐྱེས་པའི་རྣལ་འབྱོར་མ་སོགས་མདོར་ན་དུས་གསུམ་རྒྱུན་མི་ཆད་པར་འཆར་བའི་སྣང་སྟོང་དབྱེར་མེད་དོན་གཉིས་ཕུན་སུམ་ཚོགས་པའི་དཔལ་དང་ལྡན་པའི་མཁའ་སྤྱོད་དབང་མོར་འདུད་དོ། །དེ་སྐད་དུའང་། རྗེ་བླ་མས། སྲིད་དང་ཞི་བའི་མཐའ་དང་བྲལ་བ་ཡི། །མི་གནས་མྱ་ངན་འདས་པའི་ས་བརྙེས་ནས། །རྒྱུན་ཆད་མེད་པ་འགྲོ་བའི་དོན་མཛད་པ། །མཁའ་སྤྱོད་རྒྱུན་ཆད་མེད་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ། །དྲུག་པ་འགོག་པ་མེད་པའི་དོན་ནི། སྭཱ་ཧཱ་མཁའ་དང་སོགས་ཏེ་སྭཱ༷་ཧཱ༷་ནི་གཞི་ཚུགས་ཞེས་པའི་དོན་ཡིན་ཏེ་ནམ་མཁའི་མཐའ་དང་མཉམ་པའི་ཡིད་ཅན་རྒྱ་མཚོ་ཀུན་ལ་སྲིད་ཞིའི་དགེ་ལེགས་ཀྱི་སྒོ་བརྒྱ་འབྱེད་ཅིང་གནས་སྐབས་ཕན་པ་དང་མཐར་ཐུག་བདེ་བའི་འདོད་དགུ་ཡིད་བཞིན་དུ་སྩོལ་བ་ལ་དཔག་བསམ་ཤིང་དང་བུམ་བཟང་ལྟར་འབད་མེད་སྟེར་བའི་ཕྲིན་ལས་འགོག་པ་མེད་པ་སྟེ། འཇུག་པ་ལས། ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་འགྱུར་ཞིང་། །ཡིད་བཞིན་ནོར་བུ་ཇི་བཞིན་རྣམ་མི་རྟོག །འགྲོ་གྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག །འདི་ནི་སྤྲོས་དང་བྲལ་ལ་སྣང་བར་འགྱུར། །ཞེས་པ་ལྟར། སྲིད་ཞིའི་མཐའ་གཉིས་ལ་མི་གནས་པའི་འགོག་པ་མེད་པའི་སྐུ་དང་ཡེ་ཤེས་ཀྱི་ཕྲིན་ལས་སྣང་བར་མཛད་པའི་དྲན་པ་ཙམ་གྱིས་སྲིད་ཞིའི་འཇིགས་འཕྲོག་མ་རིག་པའི་ཚ་གདུང་སེལ་བར་མཛད་ཅིང་། རིམ་གཉིས་ལམ་ལ་བརྩོན་པའི་རྣལ་འབྱོར་པ་བདག་གི་སྐྱབས་གཅིག་མཆོག་ཐུན་དངོས་གྲུབ་ཀྱི་དཔལ་དང་ལྡན་པ་བླ་མ་མཁའ་སྤྱོད་དབང་མོར་གུས་པས་འདུད་དོ། །བསྟོད་པ་ལས། དམིགས་མེད་སྙིང་རྗེ་གཞན་གྱི་དབང་གྱུར་པས། །འཁོར་བ་ཇི་སྲིད་གནས་པ་དེ་སྲིད་དུ། །མྱ་ངན་མི་འདའ་རྟག་པར་རབ་བཞུགས་མ། །མཁའ་སྤྱོད་འགོག་པ་མེད་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ། །གསུམ་པ་ཕོ་ཉ་གསུམ་གྱི་དོན་མདོར་བསྡུས་ཏེ་དངོས་གྲུབ་སྩོལ་བར་བསྐུལ་བའམ་ཞུ་བ་ནི། ཨ་ཧོ་ཅིར་སྣང་སོགས་ཏེ་ངོ་མཚར་བ་དང་དགྱེས་པ་སོགས་ཀྱི་དོན་ལ་འཇུག་པ་སྟེ། རང་སྣང་དག་པ་རབ་འབྱམས་རྣམ་ཐར་སྒོ་གསུམ་མཚོན་པའི་ཆོས་འབྱུང་གི་ཀློང་ན་བརྟན་གཡོའི་དངོས་པོ་ཀུན་སྔགས་སྐྱེས་རྣལ་འབྱོར་དགའ་མར་ཤར་བས་ཞིང་ལས་སྐྱེས་པའི་དཔའ་བོ་ཌཱ་ཀི་རི་རབ་ཀྱི་རྡུལ་གྱི་གྲངས་དང་མཉམ་པའི་ཚོགས་དང་བཛྲ་ཨ་ར་ལི་ཡི་སྦྱོར་བས་དྭངས་པའི་ཆགས་མེད་ཆགས་པའི་ཚུལ་དུ་བསྟན་པའི་བདེ་བ་ཆེན་པོའི་སྒྱུ་མའི་གར་གྱི་རྩེད་འཇོའི་ཐབས་ཤེས་བསྐྱེད་རྫོགས་ཀྱི་ལམ་ཁྱད་པར་ཅན་གྱི་དྲངས་པ་དང་། ཁྱད་པར་དཔལ་ལྡན་བླ་མའི་བྱིན་རླབས་སྙིང་དབུས་སུ་འབེབས་པ་ལས་སད་པའི་རང་སྣང་དོན་གྱི་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་བཀོད་པ་འབྱམས་ཀླས་པར་བཞུགས་པའི་རང་བཞིན་དོན་གྱི་ལྷན་སྐྱེས་རྡོ་རྗེ་རྣལ་འབྱོར་མ་དཔལ་ཚེ་འདི་ཉིད་ལ་ཐེ་ཚོམ་མེད་པའི་ངེས་ཤེས་བརྟན་པོ་དང་ལྡན་པའི་སྔགས་ཀྱི་ཚིག་དོན་ཟབ་མོའི་བསྐུལ་བ་ལས་བརྗོད་མེད་བརྗོད་པ་ཀུན་གྱི་གཞིར་གྱུར་པའི་བྃ་ཡིག་ལྷ་ཡི་གཟུགས་སུ་ཤར་བ་ཆོས་ཉིད་ཀྱི་མིག་དྲི་མ་མེད་པ་ཐོབ་པ་ལས་ཆུ་བུར་མིག་གི་དབང་པོའི་སྒོ་ཤིན་ཏུ་ཡོངས་སུ་དག་པས་མཐོང་བ་དང་། གསུང་གི་སྒྲ་ཐོས་པ་དང་། ཐུགས་ཀྱི་ཡེ་ཤེས་མངོན་སུམ་སྟེར་བའི་དངོས་གྲུབ་མཆོག་གི་སྐལ་པ་དེ་ལོ་དང་ཟླ་བར་མ་འགྱང་བར་དེང་འདིར་ད་ལྟ་ཉིད་དུ་ཡིད་སྨོན་ཙམ་དུ་མ་ལུས་པ་རང་རང་གི་བསྐལ་བ་དང་འཚམས་པར་མངོན་སུམ་དུ་སྩོལ་ཅིག་ཅེས་པའོ། །དེ་ཡང་དངོས་གྲུབ་ནི་ཞི་སོགས་དམན་པའི་དངོས་གྲུབ་དང་། འབྲིང་གྲུབ་པ་ཆེན་པོ་བརྒྱད། འབྲིང་གི་མཆོག་མཁའ་སྤྱོད་ཅེས་བྱ་བ་ཆེ་འབྲིང་ཆུང་གསུམ་ལས། ཆེན་པོ་ནི་སངས་རྒྱས་ཀྱིས་སྐུ་གསུམ་ཡན་ལག་བདུན་ལྡན་གྱི་གོ་འཕང་བརྙེས་པ་དང་། འབྲིང་མཁའ་སྤྱོད་ཅེས་བྱ་བ་རྫུ་འཕྲུལ་གྱིས་ནམ་མཁའ་ལ་རྒྱུ་ཞིང་སྤྱོད་ཡུལ་དུ་བྱེད་པ། ལུས་འགྲེས་རྒུད་དང་བྲལ་ཞིང་། ཚེ་ཉི་ཟླ་དང་མཉམ་པ། ཅི་བསམ་པའི་ལོངས་སྤྱོད་ནམ་མཁའ་ལས་ལེན་པ་སངས་རྒྱས་ཀྱི་ཞིང་ཀུན་ཏུ་སྤྲུལ་སྐུ་ལས་ཆོས་ཉན་ཏེ་དཔའ་བོ་མཁའ་འགྲོ་རྣམས་དང་སྐལ་བ་མཉམ་དུ་སྤྱོད་པ་དང་མཁའ་སྤྱོད་ཆུང་ངུ་འདོད་གཟུགས་ཀྱི་རྟེན་ལ་སྔགས་གྲུབ་པའི་འབྲས་བུའི་ཞིང་དང་ལོངས་སྤྱོད་སོགས་ཕུན་སུམ་ཚོགས་པ་སྟེ། རྟེན་དེ་ཉིད་ལ་རིག་པ་འཛིན་པ་དང་། འཁོར་ལོའི་སྒྱུར་བ་སོགས་སུ་སྐྱེ་བ་དང་། འཚང་རྒྱ་བར་གང་རུང་དུ་འགྱུར་བ་དང་གཞན་ཡང་མཁའ་འགྲོ་སྤྱི་འགྲུབ་པའི་རྟགས་འདུ་བ་གསུམ་དང་། འབར་བ་གསུམ་སོགས་ཀྱི་རྟགས་ཀྱང་འབྱུང་བ་ཡིན་ནོ། །དེ་ནས་གསང་སྔགས་མཐའ་བཞིའི་བཤད་པའི་དབང་དུ་བྱས་ན། ཐུན་མོང་སྤྱི་ཡི་དོན་དང་། ཡི་གེའི་དོན་དང་། སྦས་དོན་དང་། མཐར་ཐུག་གི་དོན་ཅི་རིགས་སྔར་ཡང་བཤད་ཟིན་ལ། ཁྱད་པར་སྦས་དོན་བསྐྱེད་རིམ་དང་སྦྱར་ན་སྐུ་གསུམ་ཡེ་ཤེས་ལྔ་ལྡན་གྱི་སངས་རྒྱས་མཁའ་འགྲོ་ཐམས་ཅད་རྡོ་རྗེ་སྣ་ཚོགས་མདངས་ལྡན་རྡོ་རྗེ་རྣམ་སྣང་མཛད་ལས་བདུད་དང་མཚན་རྟོག་གཞོམ་པའི་སྐུ་ཅན་དེ་ཉིད་སྒྲུབ་བྱེད་རྣལ་འབྱོར་བཅུ་གཅིག་གི་ལམ་ལ་བརྩོན་པས་གཞི་དུས་ཀྱི་ངོ་བོ་ཡེ་དག་གི་རྣལ་འབྱོར་མ་དཔལ་སྦྱངས་གཞིའམ་ཀུན་བརྟགས་གློ་བུར་གྱི་དྲི་མས་སྒྲིབ་པའི་ཆ་ནས་སྦྱང་བྱ་སྦྱོང་བྱེད་བསྐྱེད་རྫོགས་ཀྱི་ལམ་རིམ་གཞི་དུས་ཀྱི་རྣལ་འབྱོར་མ་མངོན་དུ་གྱུར་པ་སྦྱང་འབྲས་ཏེ་གཞི་ལམ་འབྲས་གསུམ་དབྱེར་མེད་ཀྱི་རྣལ་འབྱོར་མ་མངོན་སུམ་དུ་གྱུར་བའོ། །བདག་བྱིན་རླབས་ཀྱི་སྦས་དོན་དང་སྦྱར་ན། ཨོཾ་གསུམ་རྩ་རླུང་ཐིག་གསུམ་དང་དབུ་རྐྱང་རོ་གསུམ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་འཁོར་ལོའི་རྩ་འདབས་ཀྱི་རླུང་ཐིག་ཌཱ་ཀི་ཐམས་ཅད། བཛྲ་ཝརྞ་ནཱི་ཡེ་ནི་དབུ་མའི་མར་སྣེའི་ལྟེ་འོག་གི་གཏུམ་མོ་ཉི་མའི་རང་བཞིན། བཛྲ་བཻ་རོ་ནི་དབུ་མའི་ཡར་སྣ་ཐབས་མཆོག་རྣམ་པར་སྣང་མཛད་རི་བོང་འཛིན་པའི་གཟུགས་ཅན། ཧཱུྃ་ཕཊ་ནི་འབར་འཛག་གི་སྦྱོར་བས་བདེ་དྲོད་མི་རྟོག་གསུམ་གྱིས་གཟུང་འཛིན་གྱི་རྟོག་པ་གཞོམ་པའོ། །དཀྱིལ་འཁོར་འཁོར་ལོའི་སྦས་དོན་དང་སྦྱར་ན། ཨོཾ་གསུམ་ཡར་ཐབས་ཡབ་ཀྱི་སྒོ་གསུམ། སརྦ་བུདྡྷ་སོགས་ཤེས་རབ་རིག་མ། བཛྲ་ཝརྞ་སོགས་རྒྱུད་ཡོངས་སུ་དག་པའི་རིག་མ་བཅུ་དྲུག་ལང་ཚོས་མྱོས་པའི་མདོག་ལྟར་གསལ་ཞིང་ཞལ་ནས་ཙནྡ་ས་མཆོག་དང་ཨུཏྤལ་ལའི་དྲི་བསུང་འཐུལ་བའི་མདངས་ལྡན་མ། བཛྲ་བཻ་རོ་ཙ་ནཱི་ཡེ་ཉེ་རྒྱུས་སྤྱོད་པ་ལ་བརྟེན་ཡབ་ཡུམ་འདུ་ཤེས་གསུམ་གྱི་སྙོམས་འཇུག་དགའ་བའི་རོལ་རྩེད་ཀྱི་ཐིག་ལེ་ལུགས་འབྱུང་ལྡོག་ལས་བྱང་ཆུབ་སེམས་ཀྱི་ཐིག་ལེའི་འོད་ཆེན་རབ་ཏུ་རྣམ་པར་སྣང་མཛད་མ། འཁོར་ལོའི་དབུས་སུ་དྭངས་མར་བརྟན་ཅིང་འགྲོས་བཞི་ཐིམ་ནས་མཐར་ཐུག་གཙུག་ཏོར་གྱི་རྩེ་མོར་ཐིམ་པས་རྡོ་རྗེའི་ས་མཆོག་མངོན་དུ་འགྱུར་བ་སྟེ། རྒྱུད་ལས་ཨེ་ཡི་ཆ་བྱད་བཟང་པོ་གང་། །དབུས་སུ་བྃ་གྱིས་རྣམ་པར་བརྒྱན། །བདེ་བ་ཐམས་ཅད་ཀྱི་ནི་གནས། །སངས་རྒྱས་རིན་ཆེན་ཟ་མ་ཏོག །ཅེས་སོ། །བཞི་པའི་སྦས་དོན་མཐར་ཐུག་དང་སྦྱར་ན། ཨོཾ་གསུམ་རྡུལ་བྲལ་དྭངས་མའི་འོད་གསལ་གཞོམ་མེད་ཐིག་ལེ་ཆེན་པོ་ནི་སྒྲུབ་གཞི། སརྦ་བུདྡྷ་སོགས་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་ཐུགས་ཀྱི་གསང་བ་རང་བྱུང་ཡེ་ཤེས། བཛྲ་ཝརྞ་སོགས་ལྷན་སྐྱེས་གཉུག་མ་བདེ་བ་ཆེན་པོའི་ཡེ་ཤེས་འོད་ཀྱི་ཐིག་ལེ་དེ་ནི་བརྟན་གཡོ་ཀུན་གྱི་སྲོག་ཡེ་ཤེས་ལྔ་ཡི་རང་བཞིན་མཆོག་ཏུ་གསལ་ཞིང་འཚེར་བ་རྡུལ་བྲལ་བྃ་ཡིག་གི་རྣམ་པར་གནས་པ། བཛྲ་བེ་རོ་ཙ་ནཱི་ཡེ་དེ་ལྟར་བླ་མའི་མན་ངག་གི་གནད་དུ་བསྣུན་པས། འཇམ་དཔལ་སྒྱུ་དྲྭ་ལས། འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་སྣང་བ་ལམ་མེ་བ། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །གཟི་བརྗིད་ཆེན་པོ་འོད་གསལ་བ། །ཞེས་དང་། མུན་པ་ལ་ནི་མར་མེ་ལྟར། །ཞེས་དང་། རྒྱུད་སཾ་བུ་ཏྲ་ལས། རིག་མའི་སྐྱེས་བུ་གྲུབ་པ་ནི། གང་དུ་ཡང་མི་འགྲོ། གང་དུའང་མི་གནས་པ། ཐོག་མ་དང་། ཐ་མ་དང་། དབུས་དང་བྲལ་བ། གཉིས་སུ་མེད་པ། གནས་གསུམ་དུ་སྣང་བ། ཐམས་ཅད་དུ་སོན་པ་ཐམས་ཅད་མཁྱེན་པ་ཐམས་ཅད་པ། ཐམས་ཅད་ཀྱི་དོན་ཐམས་ཅད། སེམས་ཅན་ཐམས་ཅད་ཀྱི་སེམས་ལ་གནས་པ། སྡིག་པ་ཐམས་ཅད་ལས་རྣམ་པར་གྲོལ་བ། ཡོན་ཏན་ཐམས་ཅད་ཀྱི་བརྒྱན་པར་བྱས་པ། ཐམས་ཅད་དང་ལྡན་པ། ཞི་བ། མཉམ་པ་མེད་པ། རྟག་པར་མཛད་པ། མགོན་པོ་སྐྱོབས་པ། ཀུན་ཏུ་རྟོག་པ་སྤངས་བ། དབྱིབས་དང་ཁ་དོག་དང་བྲལ་བ། རྒྱལ་བའི་སྤྱོད་ཡུལ་མ་ཡིན་པ། རྒྱལ་པོ་སྤྱོད་པར་དཀའ་བའི་ཕྱིར་རྡོ་རྗེ་ཉོན་མོངས་པའི་ཉེ་བར་གདུང་བ་ལས་གྲོལ་བའི་ཕྱིར་ཟླ་བ། དོགས་པ་མེད་པའི་ཕྱིར་སེང་གེ། གཏིང་དཔག་དཀའ་བའི་ཕྱིར་ཆུ་ཡི་ཕུང་པོའོ། །དེ་ལྟར་དཔེ་སྣ་ཚོགས་ཀྱིས་རྣལ་འབྱོར་མ་རྣམས་ཀྱིས་དཔེར་བྱའོ། །ཞེས་གཉིས་སུ་མེད་པའི་ཡེ་ཤེས་གསལ་ཞིང་རྒྱས་པར་བསྟན་པའོ། །དེ་ལྟར་རིམ་པ་གཉིས་ཀྱི་ལམ་ལ་བརྩོན་པས་དགྲ་གསུམ་སོད། འཕྲང་གསུམ་སྒྲོལ། བདུད་བཞི་བཅོམ། འཇའ་ལུས་དྭངས་མའི་སྐུ་མཆོག་མངོན་དུ་མཛད་པས་སྲིད་གསུམ་ཐམས་ཅད་འོག་མིན་རྡོ་རྗེ་བཙུན་མོ་མཁའ་སྤྱོད་དག་པའི་ཞིང་ཆེན་པོར་སྒྲོལ་བར་མཛད་པའི་ཕྲིན་ལས་འཛད་པ་མེད་པར་འཁོར་བ་ཇི་སྲིད་གནས་ཀྱི་བར་རྟག་ཁྱབ་ལྷུན་གྲུབ་ཏུ་འབྱུང་བ་སྟེ། དེ་ལྟར་དབང་བཞིའི་ལམ་གྱི་སྦས་དོན་མདོ་ཙམ་ཞར་བྱུང་དུ་སྨྲོས་པའོ། །དེ་ལྟར་གསང་སྔགས་ཀྱི་རྒྱལ་པོ་འདི་བཟླས་པའི་ཕན་ཡོན་ནི་བདེ་མཆོག་ཉུང་ངུའི་རྒྱུད་ལེའུ་ཞེ་བདུན་པ་ལས། དེ་ནས་མཁའ་འགྲོ་མ་ཡི་རིག་པ་ཆེན་པོ་བཟླས་ནས་རིགས་ཐམས་ཅད་དབང་དུ་བྱེད་པར་འགྱུར་རོ། །རྟག་ཏུ་བཟླས་བརྗོད་བྱས་ན་དཔལ་ཆེན་པོ་བསྐྱེད་པར་འགྱུར་ཞེས་ཕག་མོའི་ཉེ་སྙིང་ལ་བརྟེན་པའི་ལས་ཚོགས་གསུངས། ལེའུ་ཞེ་བརྒྱད་པ་ལས། དེ་ནས་གཞན་ཡང་བཤད་བྱ་སྟེ། །མཁའ་འགྲོ་ཀུན་གྱི་བདེ་བའི་མཆོག །སྙིང་པོའི་རྣལ་འབྱོར་མ་ཀུན་གྱིས། །འདོད་པའི་ལས་ཀུན་སྒྲུབ་པ་པོ། །གང་ཞིག་དྲན་པ་ཙམ་གྱིས་ནི། །འཇིག་རྟེན་གསུམ་པོ་གཡོ་བྱེད་ཅིང་། །རྗེས་སུ་དྲན་པ་ཙམ་གྱིས་ཀྱང་། །ཡང་དག་དངོས་གྲུབ་རིམ་གྱིས་སྟེར། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནི་ཡེ་བཛྲ་ཝརྞ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། །སྔགས་འདི་བཟླས་པས་འགྲུབ་པ་སྟེ། །ལས་རྣམས་ཀུན་བྱེད་དགེ་བ་ཡིན། །མཁའ་འགྲོ་རྣལ་འབྱོར་མ་རྣམས་དང་། །ཁཎྜ་རོ་ཧི་ལཱ་མ་སོགས། །མཁའ་འགྲོ་མ་ནི་ཐམས་ཅད་ཀྱིས། །སྔགས་ནི་འདི་ཉིད་ཡིན་པར་བཤད། །ས་འོག་ཡང་ན་མཐོ་རིས་སམ། །དེ་བཞིན་མི་ཡུལ་དག་ཏུ་ཡང་། །ལས་ནི་གང་དག་ཡོད་པ་རྣམས། །བཀླག་པས་དེ་དག་ཐམས་ཅད་འགྲུབ། །འདི་ལས་ཤིན་ཏུ་མངོན་གྱུར་གང་། །འཇིག་རྟེན་གསུམ་ན་ཅི་ཡང་མེད། །གང་ཕྱིར་འདི་ནི་བླ་མེད་པ། །ལས་རྣམས་ཐམས་ཅད་སྒྲུབ་བྱེད་ཡིན། །མཁའ་འགྲོ་མ་ནི་ཀུན་གྱི་གནས། །མདོར་བཤད་རྒྱས་པ་མ་ཡིན་ནོ། །ཞེས་དང་། ཨིནྡྲ་བྷུ་ཏིའི་རྒྱ་གཞུང་ལས། དེ་ལྟར་ངེས་ཤེས་རྣལ་འབྱོར་པས། །གང་ཞིག་བློ་ལྡན་རྟག་ཏུ་སློབ། །འགྲུབ་པར་འགྱུར་བ་ཐེ་ཚོམ་མེད། །བསོད་ནམས་དམན་པའི་མི་ཡིས་ཀྱང་། །ཐེ་ཚོམ་མེད་པར་དེ་ཡིས་འགྲུབ། །ཞེས་པ་ལྟར་དོན་དེ་དག་ལ་དགོངས་ནས་ཚར་ཆེན་རྡོ་རྗེ་འཆང་ཆེན་པོས་ཀྱང་། ཧེ་རུ་ཀ་དཔལ་རྒྱུད་ཀྱི་རྒྱལ་པོ་ལས། །རྡོ་རྗེ་བཙུན་མོ་ཉེ་བའི་སྙིང་པོ་མཆོག །བཀླག་པས་འགྲུབ་ཅེས་གསུང་པའི་བདེན་པ་སྐྱོང་། །ཞེས་གསུངས་པ་སོགས་འཕགས་བོད་ཀྱི་མཁས་གྲུབ་རིག་འཛིན་རྣམས་ཀྱིས་རྒྱ་ཆེར་བསྔགས་པ་ལྟར་དད་མོས་རྩེ་གཅིག་པས་བཟླ་བར་བྱས་ན་དངོས་གྲུབ་འབྱུང་བ་ལ་ཐེ་ཚོམ་མེད་པའི་ངེས་ཤེས་ཡང་དག་པའོ། །ཞར་བྱུང་བརྩམས་པ་པོས་སྨོས་པ་ནི། ཅེས་པའང་བག་ཡོད་ཀྱི་ལེའུ་སོགས་གོ་སླའོ། །སྔགས་དོན་ཤིན་ཏུ་རྒྱས་པ་ནི་ཨིནྡྲ་བྷུ་ཏིས་རྒྱ་གཞུང་མཆན་དང་བཅས་པ་ལས་ཤེས་པར་བྱའོ། །མཆོག་ཏུ་མི་འགྱུར་བདེ་ཆེན་གྱི། །ཡེ་ཤེས་རྣལ་འབྱོར་དཔལ་མོའི་སྔགས། །ཟབ་དོན་བཤད་པའི་ཏམྦུ་རས། །དངོས་གྲུབ་མཆོག་གི་སྐལ་ལྡན་ཤོག | ཨོཾ་སྭསྟི། འགྱུར་མེད་མཆོག་ཏུ་བདེ་བ་ཆེ། །ལྷན་སྐྱེས་རྣལ་འབྱོར་མ་དཔལ་གཟུགས། །བླ་མ་རྡོ་རྗེ་བཙུན་མོ་ལ། །བཏུད་ནས་ཉེ་སྙིང་ཅུང་ཟད་དབྱེ། །དེ་ཡང་ཨིནྡྲ་བྷུ་ཏིའི་རྒྱ་གཞུང་ལས། ཡི་གེ་རེ་རེའི་དེ་ཁོ་ན། །འཕྲལ་དུ་ཡང་དག་ཡིད་ཆེས་བསྐྱེད། །བགེགས་རྣམས་ཐམས་ཅད་བརླག་པར་བྱེད། །གསང་སྔགས་དོན་ནི་བཤད་པར་བྱ། །ཞེས་པ་ལྟར། དཔལ་བདེ་མཆོག་ཉུང་ངུའི་རྒྱུད་ལས། བཀླག་པ་ཙམ་གྱིས་འགྲུབ་པར་འགྱུར་བའི་གསང་སྔགས་ཉེ་སྙིང་ཨོཾ་གསུམ་མའི་ཟབ་དོན་སྙིང་པོར་དྲིལ་བ་ཐམས་ཅད་མཁྱེན་གཟིགས་༧འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་མཛད་པའི་རྡོ་རྗེའི་གླུ་ཁ་སྦྱོར་ཌཱ་ཀི་བཞད་པའི་དབྱངས་སྙན་གྱི་དོན་འགྲེལ་ཤིན་ཏུ་ཉུང་ངུའི་འཆད་པ་ལ། མཚན་བཤད་པ། གཞུང་དོན་ནོ། །དང་པོ་མཚན་སྨོས་པ་ནི། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སོགས་ཏེ། བསམ་ཡས་རིགས་རྣམས་ཀུན་གྱི་ཁྱབ་བདག་ཌཱ་ཀི་བྱེ་བ་འབུམ་སྡེའི་རྗེ་མོ། སྒྲིབ་གསུམ་གྱི་དྲི་མས་གོས་པ་མེད་པས་བཙུ༷ན་ཞིང་། མཚན་རྟོག་གི་གཞོམ་དུ་མེད་པས་རྡོ༵་རྗེ༵་རིག་སྟོང་ཆོས་ཉིད་རྣལ༵་མ་སྐུ་བཞིའི་ངོ་བོར་དབང་འབྱོར༵་ཞིང་དུས་གསུམ་རྒྱལ་བ་བསྐྱེད་པའི་མ༵་ཅིག་ཡུམ་ཆེན་མོ་ལ་རྒྱུད་སྡེ་སྒོ་དྲུག་ཏུ་དབྱེ་བའི་རྣལ་འབྱོར་བླ་མེད་རྒྱུད་ཀྱི་རྒྱལ་པོ་གསང་བ་མཐའ་ཡི་སྔགས་རྒྱུད་ཀྱི་རྩེ་མོ་བདེ་མཆོག་ཉུང་ངུའི་རྒྱུད་ནས་བསྟན་པའི་ཉེ་སྙིང་བཀླགས་པས་གྲུབ་པ་དང་སྦྱར་བའི་སྒོ་ནས་རྣལ་འབྱོར་མ་ལ་མངོན་པར་བསྟོད་ཅིང་བསྔགས་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལ་བསྔགས་པར་འགྱུར་ཏེ། །ཇི་སྐད་དུ། ལྷ་ཉིད་སྔགས་ཀྱི་ཚུལ་གྱི་ནི། །སྒྲུབ་པ་པོ་ལ་མཆོག་སྟེར་བྱེད། །ཅེས་དང་། གལ་ཏེ་དངོས་གྲུབ་མཆོག་འདོད་ན། །ལྷ་དང་སྔགས་ཉིད་ཐ་དད་མེད། །ཅེས་ལྷ་སྔགས་དབྱེར་མེད་ཡིན་པའི་ཕྱིར། །ཅེས་སོ། །དེ་ལྟར་བསྔགས་པའི་རྡོ་རྗེའི་གླུ་སྟེ་ཡིད་དཔྱོད་ཀྱིས་མ་བསླད་པའི་རིག་སྟོང་ཆོས་ཉིད་རྡོ་རྗེའི་རང་སྒྲ་ཐོལ་བྱུང་དུ་བྱུང་བའི་གླུ་ཁ་སྦྱོར་ཡན་ལག་བདུན་དང་སྦྱར་བ་སྟེ། གང་གྲགས་པས། ལོངས་སྤྱོད་རྫོགས་དང་ཁ་སྦྱོར་བདེ་ཆེན་རང་བཞིན་མེད། །སྙིང་རྗེའི་ཡོངས་གང་རྒྱུན་མི་ཆད་དང་འགོག་པ་མེད། །ཡན་ལག་བདུན་དང་ལྡན་པའི་སངས་རྒྱས་འདི་ཉིད་ནི། །བདག་འདོད་ཚད་མས་ཡོངས་བསྒོས་བློ་ཅན་རྣམས་ཀྱང་འདོད། །ཅེས་སོ། །ཌཱ་ཀི་སྟེ་མཁའ་འགྲོ་རྣམས་དགྱེས་པར་བསྐྱེད་ཅིང་ཐུགས་དམ་བསྐུལ་བས་ཤིན་ཏུ་ཐུགས་དགྱེས་པ་ཆེན་པོས་བཞད་པའི་ང་རོ་བརྒྱད་དང་ལྡན་པའི་དབྱངས་སྙན་སྒྲོགས་པའོ། །དེའང་རང་གི་རྡོ་རྗེའི་ལུས་ཀྱི་རྩ་ཐིག་རླུང་གསུམ་དཔའ་བོ་ཌཱ་ཀིའི་གྲོང་ཁྱེར་ཆེན་པོ་སྟེ། རྣལ་འབྱོར་མ་ཀུན་སྤྱོད་ལས། །དེ་ནི་ཧེ་རུ་ཀ་དཔལ་སྤྲུལ། །དག་པ་ཆོས་ཀྱི་སྤྲུལ་པ་ནི། །ཕག་མོའི་གཟུགས་སུ་བསྟན་བ་ཡིན། །ཐབས་དང་ཤེས་རབ་སྦྱོར་བ་ལས། །འདི་ཉིད་དང་ནི་ཐམས་ཅད་འབྱུང་། །ཞེས་དང་། རྣལ་འབྱོར་མ་མཆོག་འབྱུང་བ་ནི། །རྩ་རྣམས་ཀུན་གྱི་གྲོང་ཁྱེར་མཆོག །སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི། །དབུས་མ་ཨ་ཝ་དྷཱུ་ཏིའོ། །དེ་ལྟར་ཕག་མོ་གཙོ་བོ་སྟེ། །གོ་འཕང་མཆོག་བཞིན་ཤེས་པར་བྱ། །ཞེས་གསུངས་པ་ལྟར་རྣལ་འབྱོར་བདག་གི་སྒོ་གསུམ་དད་གདོང་ནས་དབྱེར་མེད་པས་བསྟོད་བྱ་བསྟོད་བྱེད་གཉིས་སུ་མེད་པར་ཤེས་པའི་རྟོགས་གོམས་ཀྱི་བསྟོད་དབྱངས་སུ་སྒྲོགས་པ་བཞུགས་སོ། །ཞེས་པའོ། །གཉིས་པ་ལ། ཁ་སྦྱོར་ཡན་ལག་བདུན་གྱི་དང་པོ་ལོངས་སྤྱོད་རྫོགས་པ་ལོངས་སྐུའི་ཡན་ལག་གཙོ་བོར་བཤད་པས་སྐུ་གསུམ་གྱི་བདག་ཉིད་དུ་མདོར་བསྟན་པ་དང་། དེ་ཉིད་རྒྱས་པར་བཤད་པ་དང་། དོན་བསྡུ་བའོ། །དང་པོ་ནི། ཨོཾ་གྱི་རང་བཞིན་སོགས་ཏེ་ཨོཾ་གསུམ་གྱི་དོན་ནི་སྔགས་ཀྱི་མགོ་འདྲེན་པ་ལ་སོགས་པའི་དོན་བརྒྱད་ལ་འཇུག་པར་བཤད་ཀྱང་སྐབས་འདིར་ལྷན་ཅིག་སྐྱེས་པ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའི་ཡེ་ཤེས་སྟེར་བ་གཙོ་བོའི་དོན་དུ་བཟུང་ནས་བཤད་ན། ཨོ༵ཾ་ཕྱི་རང་བཞིན་འཁོར་འདས་བརྟན་གཡོ་ཀུན་གྱི་དབྱིངས་དེ་བཞིན་ཉིད་ནི་འདུས་མ་བྱས་པ་འགྱུར་བཅས་ཀྱི་ཆོས་ཉིད་ལས་འདས་པའི་འགྱུར་མེད་སྨྲ་བསམ་བརྗོད་བྲལ་སོ་སོའི་སྐྱེ་བོའི་ཤེས་བློའི་གཞལ་དུ་ལྟ་ཅི། འཕགས་པ་ས་བཅུ་པས་ཀྱང་ཇི་བཞིན་གཞལ་བ་ལས་འདས་པའི་ཆོས་ཉིད་གདོད་མའི་གཤིས་ལུགས་དེ་ཉིད་སྟོང་པ་ཕྱད་ཆད་དུ་སོང་བ་མ་ཡིན་པ་ཨོ༵ཾ་གྱི་རང་མདངས་སྟོང་ཆེན་དེ་ཉིད་ཟག་པ་དང་བཅས་པའི་སྒྲིབ་ཐོགས་ཐམས་ཅད་སྤངས་ཤིང་སླར་མི་སྐྱེ་བ་ཉིད་ཡིན་ཀྱང་འཁོར་འདས་ཤེས་བྱའི་རྣམ་པ་ཐམས་ཅད་པ་ཀུན་ཕྲ་རབ་རྡུལ་གྱི་ཆོས་ལས་འདས་པའི་ཟག་བྲལ་བདེ་བ་ཆེན་པོའི་མཆོག་དང་ལྡན་པའི་མི་འགྱུར་རྟག་པ་དམ་པའི་ཡེ་ཤེས་དེ་ཉིད་ཨོ༷ཾ་གྱི་ངོ་བོར་སྣང་བས་སྟོད་པའི་ཡེ་ཤེས་གཉིས་སུ་དབྱེར་མེད་ཅིང་འོག་མིན་གྱི་གནས་སུ་ས་བཅུ་པ་རྣམས་ལ་ཆོས་ཀྱི་ལོངས་སྤྱོད་ཡོངས་རྫོགས་ངེས་པ་ལྔ་ལྡན་ལྷན་སྐྱེས་རྡོ་རྗེ་རྣལ་འབྱོར་མ་རྟག་པ་རྒྱུན་གྱི་འཁོར་ལོའི་སྐུ་ཅན་དོན་གཉིས་ཕུན་སུམ་ཚོགས་པའི་དཔལ་དང་ཡོན་ཏན་དྲུག་ལྡན་བདག་ཉིད་ཆེན་པོ་སྟེ། བྱམས་པས། མཚན་ནི་སུམ་ཅུ་རྩ་གཉིས་དང་། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་འདི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཀྱིས། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །ཅེས་གསུངས་པ་ལྟར་གྱི་སྐུ་དེ་ནི་ཆོས་དབྱིངས་དོན་གྱི་འོག་མིན་མཁའ་སྤྱོད་རྡོ་རྗེ་བཙུན་མོའི་ཞིང་ན་བཞུགས་པའི་རྣལ་འབྱོར་དབང་མོ་དེ་ལས་གང་འདུལ་མཆོག་གི་སྤྲུལ་པའི་སྐུ་རིགས་ལྔའི་རྡོ་རྗེ་རྣལ་འབྱོར་མའི་རྣམ་རོལ་ཕྲ་རབ་རྡུལ་གྱི་གྲངས་དང་མཉམ་པར་ཁྱབ་པ་ལས་གཙོ་བོར་མ་ཆགས་པདྨའི་རིགས་སོ་སོར་རྟོགས་པའི་ཡེ་ཤེས་གསུང་རྡོ་རྗེ་རྣལ་འབྱོར་མའི་གཟུགས་སྐུ་ཤར་བ་སྟེ། དེ་སྐད་དུ་ཡང་ཨིནྡྲ་བྷཱུ་ཏིའི་རྒྱ་གཞུང་ལས། རྦ་རླབས་མེད་ཅིང་དྲི་མ་མེད། །ཉི་མ་ལྟ་བུའི་རྣམ་པ་ཅན། །ཆོས་ཀུན་རབ་ཏུ་མ་གནས་པ། །དངོས་དང་དངོས་མེད་རྣམ་པར་སྤངས། །ཞེས་དང་། ལོངས་སྤྱོད་ལམ་ནས་ལེགས་པ་ནི། །རྟེན་ཅིང་འབྲེལ་འབྱུང་ཡེ་ཤེས་ཏེ། །ཤིན་ཏུ་ལེགས་པའི་འོད་གསལ་བ། །འདི་ནི་ཟུང་འཇུག་ཞེས་བྱ་སྟེ། །ཞེས་དང་། །རང་རིག་བདེ་བའི་མཆོག་གྱུར་པ། །གཡས་པའི་ཡེ་ཤེས་རྒྱ་མཚོ་ཡི། །སྤྲུལ་པ་ལམ་ནི་དྲི་མ་མེད། །ཞེས་སོ། །དེ་སྐད་དུའང་། །རྡོ་རྗེ་འཆང་ཨ་ནན་བྷ་དྲས། །འདབས་བརྒྱའི་ལྟེ་བར་ཉིན་མོར་བྱེད་པའི་དབུས། །ཞལ་གཅིག་ཕྱག་གཉིས་འབར་བའི་སྤྱན་གསུམ་གཡོ། །པདྨ་རཱ་ག་ལྟར་དམར་རྗེ་བཙུན་མ། །མཁའ་སྤྱོད་ལོངས་སྤྱོད་རྫོགས་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་རྒྱས་བཤད་དྲུག་གི །དང་པོ་ཁ་སྦྱོར་བསྟན་པ་ནི། སརྦ་ཇི་སྙེད་སོགས་ཏེ། ས༷རྦ༷་ནི་མང་ཚིག་ཇི་སྙེད་པའམ་ཐམས་ཅད་པ་སྟེ། གོང་དུ་བསྟན་པའི་རང་བཞིན་མེད་པའི་ཆོས་དབྱིངས་སྟོང་པ་ཆེན་པོ་དེ་ལས་སྐྱེ་བ་མེད་ཀྱང་སྐྱེ་བའི་ཆོ་འཕྲུལ་དུ་སྣང་བའི་གསུང་མཆོག་པདྨའི་རིགས་གཙོ་ཆེ་བས་བསྡུས་པའི་རིགས་ནི་རི་རབ་ཀྱི་རྡུལ་གྱིས་གྲངས་དང་མཉམ་པའི་བསམ་གྱིས་མི་ཁྱབ་པ་དང་། བསྡུ་ན་བྱེ་བ་ཕྲག་ཕྱེད་དང་བཞི། དེ་སྟོང་ཕྲག་བདུན་ཅུ་རྩ་གཉིས། དེ་ལས་བསྡུ་ན་བདུན་ཅུ་རྩ་བདུན། དེ་ཉིད་སོ་བདུན། དེ་ཉིད་ཉི་ཤུ་རྩ་བཞི། དེ་བརྒྱད་དུ་བསྡུ། དེའང་མཁའ་འགྲོ་མ་ལྔ་ཡི་དཀྱིལ་འཁོར་དང་། དེ་ཡང་བསྡུ་ན་རྡོ་རྗེ་རྣལ་འབྱོར་མ་འདི་ཉིད་དུ་བསྡུ་བ་དང་། མདོར་ན་དཀྱིལ་འཁོར་རྒྱ་མཚོའི་སྤྲོ་བསྡུའི་བྱེད་པོར་སྣང་བའི་རྣལ་འབྱོར་མ་འདི་ནི་བུ༷དྡྷ་སྟེ༷་སངས་རྒྱས་ཞེས་བྱ་བ་སྦྱངས་བྱ་སྒྲིབ་གསུམ་གྱི་མུན་པ་ཐམས་ཅད་སངས་ཤིང་རྟོགས་བྱ་ཡེ་ཤེས་ཀྱི་སྣང་བ་མཆོག་ཏུ་རྒྱས་པའི་བདག་ཉིད་ཆེན་པོ་འདི་ལས་ཆགས་ཅན་དང་། ཆགས་བྲལ་གྱི་སྤྲུལ་པའི་སྐུ་ཞི་བ་དང་། ཁྲོ་བོ་ཁྲོ་མོའི་ཚུལ་བསྟན་པའི་མི་སློབ་པ་དང་། སློབ་པའི་བྱང་ཆུབ་སེམས་དཔའ་དང་ཉན་རང་། །སོ་སྐྱེའི་ཚུལ་བསྟན་པ་སྟེ་སྲས་དང་བཅས་པ་དང་། བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་བའི་རྫོགས་པའི་སངས་རྒྱས་ཀུན་བསྐྱེད་པ་དང་། སྤྲོ་བ་དང་སྡུད་པའི་བདག་ཉིད་ཅན་གྱིས་རྡོ་རྗེ་བཙུན་མོའི་བྷ་གར་རོལ་ཞིང་རྟག་ཏུ་དགྱེས་པར་བཞུགས་པའི་ཆོས་ཀྱི་འབྱུང་གནས་ཡུམ་ཆེན་མོ་གཅིག་པུ་སྟེ། ཇི་སྐད་དུ། ཆོས་དབྱིངས་ཤེས་རབ་ཕ་རོལ་ཕྱིན། །ཟག་མེད་བདེ་ཆེན་སྒྱུ་མའི་གཟུགས། །བདེ་གཤེགས་ཐམས་ཅད་བསྐྱེད་པའི་ཡུམ། །ཞེས་དང་། ང་ནི་སངས་རྒྱས་ཐམས་ཅད་ཀྱི། །ཡུམ་གྱི་གཟུགས་ཀྱིས་བསྐྱེད་པར་བྱེད། ཅེས་དང་། སཾམ་ཏྲ་ལས། དམིགས་མེད་གནས་སུ་ཤེས་རབ་དང་། །དམིགས་མེད་སྙིང་རྗེ་ཆེན་པོ་ཉིད། །རྡོ་རྗེ་རྡོ་རྗེ་སེམས་དཔའ་དཔལ། །རྫོགས་པའི་སངས་རྒྱས་བྱང་ཆུབ་ཉིད། །འདི་ནི་ཤེས་རབ་ཕ་རོལ་ཕྱིན། །ཕ་རོལ་ཕྱིན་པ་ཀུན་གྱི་དངོས། །མཉམ་ཉིད་བསམ་བྱ་ཉིད་དུ་གསུངས། །སངས་རྒྱས་སྐུ་མཆོག་བསྒོམ་པ་ཉིད། །ཞེས་པ་ལྟར་རོ། །ཌཱ་ཀི༷་ནཱི༷་ཡེ༷་ཤེ༷ས་ཏེ་མཁའ་འགྲོ་མ་ཞེས་བྱ་བ། རྡོ་རྗེ་གུར་ལས། ཌམ་བི་ཧ་ཡས་ག་མ་ནི། །སངས་རྒྱས་ཁམས་དང་རྣམ་པར་དག །ནམ་མཁའ་ཀུན་ཏུ་སྤྱོད་གྲུབ་པ། །མཁའ་འགྲོ་མ་ཞེས་བྱ་བར་བརྗོད། །ཅེས་གསུངས་པ་ལྟར། རྣལ་འབྱོར་མ་ཡི་རྒྱུད་འདི་ལས་སྲིད་ཞིའི་བརྟན་གཡོ་ཐམས་ཅད་མཁའ་འགྲོ་མ་དྲྭ་བ་སྡོམ་པའི་དཀྱིལ་འཁོར་འབའ་ཞིག་ལས་གཞན་དུ་མ་མཆིས་ཤིང་། ཤེས་རབ་སྟོང་ཉིད་རྣལ་འབྱོར་མའི་གཟུགས་སུ་ཤར་བ་དེ་ཀུན་ཀྱང་བདེ་ཆེན་ཧེ་རུ་ཀ་དཔལ་དང་། ཁ་སྦྱོར་ཟག་མེད་བདེ་མཆོག་སྒྱུ་མའི་རོལ་རྩེད་ཀྱི་ཉམས་བརྒྱས་རྣམ་པར་སྒེག་པའི་ཚུལ་གོང་དུ་བསྟན་པ་བཞིན་ནོ། །རྗེ་རྡོ་རྗེ་འཆང་གིས། ཆགས་ཅན་སྐྱེས་བུས་གདུལ་བར་བྱ་བའི་ཕྱིར། །བརྟན་གཡོའི་བདག་པོ་ཧེ་རུ་ཀ་དཔལ་དང་། །གཉིས་མེད་ཡེ་ཤེས་གར་གྱིས་རོལ་མཛད་པ། །མཁའ་སྤྱོད་ཁ་སྦྱོར་ཆེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ། །གསུམ་པ་བདེ་བ་ཆེན་པོའི་དོན་ནི། བཛྲ་ནམ་མཁའི་སོགས་ཏེ། རྡོ་རྗེ་རྩེ་མོ་ལས། སྲ་ཞིང་སྙིང་པོ་ཁོང་སྟོང་མེད། །བཅད་དང་གཞིག་པར་བྱ་བ་མེད། །བསྲེག་པར་བྱར་མེད་འཇིག་མེད་པས། །སྟོང་ཉིད་རྡོ་རྗེར་བརྗོད་པར་བྱ། །ཞེས་པ་ལྟར། དེ་ཡང་བ༷ཛྲ༷་ནི་རྡོ་རྗེ་སྟེ་གཟུང་འཛིན་གྱི་མཚན་རྟོག་གིས་མི་ཕྱེད་ཅིང་། རྟོག་ཚོགས་ཀྱི་རྡུལ་ཐམས་ཅད་དང་བྲལ་བའི་ནམ་མཁའ་སྟོང་པའི་དཀྱིལ་ལྟར་རྣམ་པར་དག་པའི་ཐུགས་རྒྱུད་ཅན་གྱི་རྡོ་རྗེ་རྣལ་འབྱོར་མ་དེ་ནི་ཝ༷་རྞ༷་ནཱི༷་ཡེ༷་ནི་ཁ་དོག་མ་སྟེ་རྡོ་རྗེའི་རིགས་ཅན་མ་ཞེས་བཤད་ལ། དེ་ནི་རང་བཞིན་གྱིས་འོད་གསལ་ཡེ་ཤེས་ཁ་དོག་རྣམ་པ་སྣ་ཚོགས་པ་དུ་མར་འཆར་ཞིང་འཆར་བའི་ངོ་བོ་སྤྲོས་མཚན་ལས་འདས་པ་རྣམ་པའི་རང་གདངས་དེ་ནི་ཞི་མ་ཁྲོ་ཆགས་ཁམས་གསུམ་གྱི་སྲེད་པའི་འཆིང་བ་དང་འཕགས་པ་སློབ་པའི་ས་ལས་རྣམ་པར་འདས་པའི་རྣམ་མེད་ཡེ་ཤེས་ཕྱག་རྒྱའི་གཟུགས་སུ་ཤར་བ་ལ་རྣམ་བཅས་བདེ་བ་ཆེན་པོས་འཁྱུད་པའི་བརྟན་གཡོ་སྟེ་འཁོར་འདས་སྣོད་བཅུད་ཀུན་ལ་ཁྱབ་པར་འཕྲོ་བའི་དཔལ་ལྡན་མཁའ་སྤྱོད་དབང་མོར་བསྟོད་པའོ། །ཇི་སྐད་དུ། ཡེ་ཤེས་ཐིག་ལེ་ལས། སྟོང་པ་ལ་ནི་ཐམས་ཅད་འབྱུང་། །ཞེས་དང་། སྡོམ་འབྱུང་ལས། རྣམ་པ་སྣ་ཚོགས་དྲི་མེད་པའི། །དཀྱིལ་འཁོར་དག་ནི་འཕྲོ་བར་སྣང་། ཞེས་དང་། བདེ་མཆོག་རྩ་རྒྱུད་ལས། འཇིག་རྟེན་ཕྱི་རོལ་དེ་བཞིན་གནས། ཞེས་དང་། བརྟག་གཉིས་ལས། ཇི་ལྟར་ཕྱི་རོལ་དེ་བཞིན་ནང་། །ཞེས་སོ། །བསྟོད་པ་ལས། ཉིད་ཐུགས་ཟག་པ་མེད་པའི་བདེ་བ་ཆེ། །འགྱུར་མེད་དགའ་བ་གྱ་ནོམ་བླ་ན་མེད། །རྒྱུན་མི་འཆད་པ་བདེ་བའི་རོས་གང་མ། །མཁའ་སྤྱོད་བདེ་བ་ཆེ་ལ་ཕྱག་འཚལ་བསྟོད། །ཞེས་སོ། །གསུམ་པ་རང་བཞིན་མེད་པ་ནི། བཛྲ་གཟུང་འཛིན་སོགས་ཏེ་བ༷ཛྲ༷་ནི་བློ་རྟོག་གཟུང་འཛིན་གྱི་མཚན་མའི་ཆོས་ཀྱིས་མ་ཕྱེད་མི་ཕྱེད་ཕྱེད་པར་མི་འགྱུར་བའི་རང་བཞིན་གཞིར་གནས་གཉུག་མའི་ཡེ་ཤེས་བྲི་གང་བསལ་བཞག་འཕོ་འགྱུར་བྲལ་བ་དེ་ནི་བཻ༷་རོ༷་ཙ༷་ནི༷་ཡེ༷་སྟེ་རྣམ་པར་སྣང་མཛད་མ་ཞེས་བྱ་བར་འགྱུར་ལ། དེ་ལྟ་བུའི་དེ་བཞིན་གཤེགས་པའི་སྐུ་ཡི་རིགས་ཀྱི་རྣམ་པར་སྣང་མཛད་ཆེན་པོ་དེ་ནི་རང་བཞིན་བདེན་པར་གྲུབ་པ་མེད་པའི་རྣ་མཐར་སྒོ་བཞིའི་བདག་ཉིད་ཅན་གྱི་སྟོང་ཉིད་ཆེན་པོ་སྟེ། བརྟག་གཉིས་ལས། ངོ་བོས་གཟུགས་མེད་མཐོང་བ་པོ། །སྒྲ་མེད་ཐོས་པ་པོ་ཡང་མེད། །དྲི་མེད་སྣོམ་པ་པོ་ཡང་མེད། །རོ་མེད་མྱོང་བ་པོ་ཡང་མེད། །རེག་མེད་རེག་པ་པོ་ཡང་མེད། །སེམས་མེད་སེམས་ལས་བྱུང་བའང་མེད། །ཅེས་དང་། སྒོམ་པ་པོ་མེད་བསྒོམ་པའང་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །སྤྲོས་པ་མེད་པའི་རང་བཞིན་ལས། །སྔགས་དང་ལྷ་ནི་ཡང་དག་གནས། །ཞེས་པ་ལྟར། ཉི་ཚེའི་སྟོང་པ་རྣམས་ཀྱིས་རབ་ཏུ་དབེན་པའི་སྟོང་པ་ཆེན་པོའི་རང་གདངས་འོད་གསལ་ལྷན་སྐྱེས་རྣལ་འབྱོར་མ་མཆོག་གི་རྣམ་པར་གཅིག་ཉིད་གནས་ཡུལ་ཉེར་བཞི། ཡུལ་སོ་གཉིས་ལ་སོགས་པ་ཞིང་སྐྱེས་ཀྱི་རྡོ་རྗེ་རྣལ་འབྱོར་མ་དུ་མར་སྣང་བར་མཛད་ཅིང་། བདེ་སྟོང་དབྱེར་མེད་མཆོག་གི་དཔལ་དང་ལྡན་པའི་མཁའ་སྤྱོད་དབང་མོར་འདོད་དོ་ཞེས་པ་སྟེ། ཨ་བྷི་དྷ་ན་ལས། ཕག་མོའི་གཟུགས་ནི་ཐམས་ཅད་པས། །སྤྲོས་དང་བྲལ་བས་སྡོམ་པའོ། །ཞེས་དང་། རང་བཞིན་བདག་མེད་གཅིག་པུ་སྟེ། །མཁའ་མཉམ་རྣལ་འབྱོར་གཟུགས་ཅན་དོན། །ཞེས་གསུངས་པ་ལྟར་རོ། །རྗེ་རྡོ་རྗེ་འཆང་གིས། རྣམ་དག་ཆོས་དབྱིངས་སྤྲོས་བྲལ་ནམ་མཁའི་ངང་། །མཐའ་ཡས་ཡོན་ཏན་མང་པོའི་ཉེར་མཛེས་པ། །རྣམ་པ་ཀུན་གྱི་མཆོག་དང་རབ་ལྡན་མ། །མཁའ་སྤྱོད་རང་བཞིན་མེད་ལ་ཕྱག་འཚལ་ལོ། །ཞེས་སོ། །བཞི་པ་སྙིང་རྗེའི་བདག་ཉིད་ཆེན་པོ་བསྟན་པ་ནི། ཧཱུྃ་ནི་རང་བཞིན་སོགས་ཏེ་ཧཱུྃ་ནི༷་སྡུག་བསྔལ་འཇོམས་པ་ལ་སོགས་པ་དོན་དུ་མ་ལ་འཇུག་པ་སྟེ་བཤད་མ་ཐག་པ་ལྟར་གཟོད་ནས་སྤྲོས་མཚན་ལས་འདས་ཀྱང་ཧཱུྃ་གི༷་རང་གདངས་དམིགས་མེད་བརྩེ་བ་ཆེན་པོའི་རྒྱུ་དང་མི་རྒྱུའི་འགྲོ་བ་རྣམས་ལ་རྗེས་སུ་ཆགས་པའི་སྙིང་རྗེ་ཆེན་པོའི་རོས་ཐུགས་རྒྱུད་ཡོངས་སུ་གང་སྟེ། དམིགས་མེད་གནས་སུ་ཤེས་རབ་དང་། །དམིགས་མེད་སྙིང་རྗེ་ཆེན་པོ་ཉིད། །བློ་དང་ལྷན་ཅིག་གཅིག་གྱུར་པ། །ནམ་མཁའ་ནམ་མཁའ་ཇི་ལྟ་བའོ། །ཞེས་སོ། །ཧཱུྃ་གི༷་བྱེད་ལས་སམ་ཕྲིན་ལས་ནི་སེམས་ཅན་རྣམས་ཁམས་གསུམ་གྱི་སྡུག་བསྔལ་སྤྱི་དང་བྱེ་བྲག །ཁྱད་པར་ཁུ་རྡུལ་རླུང་གསུམ་གྱི་སྒྲིབ་པ་ལས་སྐྱོབས་པའི་ཟུང་འཇུག་རྣམ་ཀུན་མཆོག་ལྡན་རྡོ་རྗེ་བཙུན་མོ་སྐུ་གསུམ་རྣམ་དབྱེར་མེད་པའི་དཔལ་དང་ལྡན་པའི་ཡེ་ཤེས་ཀྱི་སྣང་བརྙན་མཁའ་སྤྱོད་དབང་མོར་འདུད་དོ། །དེ་སྐད་དུའང་། རྗེ་ཨ་ནཱ་ན་ཏས། གང་གི་རང་བཞིན་རྣམ་པར་མི་རྟོག་ཀྱང་། །ཐུགས་རྗེ་ཆེན་པོས་སེམས་ཅན་མ་ལུས་པ། །ཡིད་བཞིན་ནོར་ལྟར་དགོས་འདོད་ཀུན་སྩོལ་མ། །མཁའ་སྤྱོད་སྙིང་རྗེས་ཡོངས་གང་ལ་ཕྱག་འཚལ། །ཞེས་སོ། །ལྔ་པ་རྒྱུན་མི་ཆད་པའི་དོན་ནི། ཕཊ་ཀྱི་མཚན་གཞི་སོགས་ཏེ། ཕཊྲ་ནི་དགས་པའམ་ཁོས་ཤིག་སྟེ་བདུད་དང་སྡུག་བསྔལ་འཇོམས་པའི་དོན་དུ་བཤད་ལ། དེ་ཡང་ཕཊྲ་ནི་གཟུང་འཛིན་གཅོད་པར་བྱེད་པའི་ཐབས་ཤེས་དབྱེར་མེད་ཀྱི་མཚན་གཞི་སྟོང་པ་ཆེན་པོ་སྲིད་ཞིའི་སྤྲོས་མཐའ་ཐམས་ཅད་བྲལ་བཞིན་དུ་ཕཊ་ཀྱི་མཚན་ཉིད་གསལ་བ་སྟོང་དང་རྟེན་འབྱུང་དབྱེར་མི་ཕྱེད་ཅིང་སྣང་ཆ་འགག་པ་མེད་ཅིང་ཐུགས་རྗེ་ཆེན་པོར་བྱིངས་ལས་རང་ཤར་བའི་ཚུལ་གྱིས་ཕཊ་ཀྱི་མཚོན་བྱེད་ནི་གཞི་དུས་ཀྱི་ལྷན་སྐྱེས་རྣལ་འབྱོར་མ་སྟེ། བྱམས་པས། གང་གིས་སྲིད་པ་ཇི་སྲིད་པར། །འགྲོ་ལ་ཕན་པ་སྣ་ཚོགས་དག །མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆད། །ཅེས་དང་། དེ་ཉིད་ལས་མེ་ལོང་དང་བྱད་ཀྱི་གཟུགས་བརྙན་བཞིན་གནས་ཡུལ་ཞིང་སྐྱེས་ཀྱི་དཔའ་བོ་རྣལ་འབྱོར་མ་སྤྲུལ་པའི་སྐུ། གཞན་ཡང་རིགས་ལས་སྐྱེས་པ་དང་། ལས་ལས་སྐྱེས་པའི་དཔའ་བོ་རྣལ་འབྱོར་མའི་ཚོགས་དང་། ཕྱི་ནང་གཉིས་དབྱེར་མེད་དུ་སྡོམ་པའི་རྣལ་འབྱོར་པས་སྣོད་བཅུད་དག་པ་རབ་འབྱམས་སུ་ཤེས་པའི་ལྟ་བའི་གདིང་དང་ལྡན་པས་སྔགས་ལས་སྐྱེས་པའི་རྣལ་འབྱོར་མ་སོགས་མདོར་ན་དུས་གསུམ་རྒྱུན་མི་ཆད་པར་འཆར་བའི་སྣང་སྟོང་དབྱེར་མེད་དོན་གཉིས་ཕུན་སུམ་ཚོགས་པའི་དཔལ་དང་ལྡན་པའི་མཁའ་སྤྱོད་དབང་མོར་འདུད་དོ། །དེ་སྐད་དུའང་། རྗེ་བླ་མས། སྲིད་དང་ཞི་བའི་མཐའ་དང་བྲལ་བ་ཡི། །མི་གནས་མྱ་ངན་འདས་པའི་ས་བརྙེས་ནས། །རྒྱུན་ཆད་མེད་པ་འགྲོ་བའི་དོན་མཛད་པ། །མཁའ་སྤྱོད་རྒྱུན་ཆད་མེད་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ། །དྲུག་པ་འགོག་པ་མེད་པའི་དོན་ནི། སྭཱ་ཧཱ་མཁའ་དང་སོགས་ཏེ་སྭཱ༷་ཧཱ༷་ནི་གཞི་ཚུགས་ཞེས་པའི་དོན་ཡིན་ཏེ་ནམ་མཁའི་མཐའ་དང་མཉམ་པའི་ཡིད་ཅན་རྒྱ་མཚོ་ཀུན་ལ་སྲིད་ཞིའི་དགེ་ལེགས་ཀྱི་སྒོ་བརྒྱ་འབྱེད་ཅིང་གནས་སྐབས་ཕན་པ་དང་མཐར་ཐུག་བདེ་བའི་འདོད་དགུ་ཡིད་བཞིན་དུ་སྩོལ་བ་ལ་དཔག་བསམ་ཤིང་དང་བུམ་བཟང་ལྟར་འབད་མེད་སྟེར་བའི་ཕྲིན་ལས་འགོག་པ་མེད་པ་སྟེ། འཇུག་པ་ལས། ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་འགྱུར་ཞིང་། །ཡིད་བཞིན་ནོར་བུ་ཇི་བཞིན་རྣམ་མི་རྟོག །འགྲོ་གྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག །འདི་ནི་སྤྲོས་དང་བྲལ་ལ་སྣང་བར་འགྱུར། །ཞེས་པ་ལྟར། སྲིད་ཞིའི་མཐའ་གཉིས་ལ་མི་གནས་པའི་འགོག་པ་མེད་པའི་སྐུ་དང་ཡེ་ཤེས་ཀྱི་ཕྲིན་ལས་སྣང་བར་མཛད་པའི་དྲན་པ་ཙམ་གྱིས་སྲིད་ཞིའི་འཇིགས་འཕྲོག་མ་རིག་པའི་ཚ་གདུང་སེལ་བར་མཛད་ཅིང་། རིམ་གཉིས་ལམ་ལ་བརྩོན་པའི་རྣལ་འབྱོར་པ་བདག་གི་སྐྱབས་གཅིག་མཆོག་ཐུན་དངོས་གྲུབ་ཀྱི་དཔལ་དང་ལྡན་པ་བླ་མ་མཁའ་སྤྱོད་དབང་མོར་གུས་པས་འདུད་དོ། །བསྟོད་པ་ལས། དམིགས་མེད་སྙིང་རྗེ་གཞན་གྱི་དབང་གྱུར་པས། །འཁོར་བ་ཇི་སྲིད་གནས་པ་དེ་སྲིད་དུ། །མྱ་ངན་མི་འདའ་རྟག་པར་རབ་བཞུགས་མ། །མཁའ་སྤྱོད་འགོག་པ་མེད་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ། །གསུམ་པ་ཕོ་ཉ་གསུམ་གྱི་དོན་མདོར་བསྡུས་ཏེ་དངོས་གྲུབ་སྩོལ་བར་བསྐུལ་བའམ་ཞུ་བ་ནི། ཨ་ཧོ་ཅིར་སྣང་སོགས་ཏེ་ངོ་མཚར་བ་དང་དགྱེས་པ་སོགས་ཀྱི་དོན་ལ་འཇུག་པ་སྟེ། རང་སྣང་དག་པ་རབ་འབྱམས་རྣམ་ཐར་སྒོ་གསུམ་མཚོན་པའི་ཆོས་འབྱུང་གི་ཀློང་ན་བརྟན་གཡོའི་དངོས་པོ་ཀུན་སྔགས་སྐྱེས་རྣལ་འབྱོར་དགའ་མར་ཤར་བས་ཞིང་ལས་སྐྱེས་པའི་དཔའ་བོ་ཌཱ་ཀི་རི་རབ་ཀྱི་རྡུལ་གྱི་གྲངས་དང་མཉམ་པའི་ཚོགས་དང་བཛྲ་ཨ་ར་ལི་ཡི་སྦྱོར་བས་དྭངས་པའི་ཆགས་མེད་ཆགས་པའི་ཚུལ་དུ་བསྟན་པའི་བདེ་བ་ཆེན་པོའི་སྒྱུ་མའི་གར་གྱི་རྩེད་འཇོའི་ཐབས་ཤེས་བསྐྱེད་རྫོགས་ཀྱི་ལམ་ཁྱད་པར་ཅན་གྱི་དྲངས་པ་དང་། ཁྱད་པར་དཔལ་ལྡན་བླ་མའི་བྱིན་རླབས་སྙིང་དབུས་སུ་འབེབས་པ་ལས་སད་པའི་རང་སྣང་དོན་གྱི་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་བཀོད་པ་འབྱམས་ཀླས་པར་བཞུགས་པའི་རང་བཞིན་དོན་གྱི་ལྷན་སྐྱེས་རྡོ་རྗེ་རྣལ་འབྱོར་མ་དཔལ་ཚེ་འདི་ཉིད་ལ་ཐེ་ཚོམ་མེད་པའི་ངེས་ཤེས་བརྟན་པོ་དང་ལྡན་པའི་སྔགས་ཀྱི་ཚིག་དོན་ཟབ་མོའི་བསྐུལ་བ་ལས་བརྗོད་མེད་བརྗོད་པ་ཀུན་གྱི་གཞིར་གྱུར་པའི་བྃ་ཡིག་ལྷ་ཡི་གཟུགས་སུ་ཤར་བ་ཆོས་ཉིད་ཀྱི་མིག་དྲི་མ་མེད་པ་ཐོབ་པ་ལས་ཆུ་བུར་མིག་གི་དབང་པོའི་སྒོ་ཤིན་ཏུ་ཡོངས་སུ་དག་པས་མཐོང་བ་དང་། གསུང་གི་སྒྲ་ཐོས་པ་དང་། ཐུགས་ཀྱི་ཡེ་ཤེས་མངོན་སུམ་སྟེར་བའི་དངོས་གྲུབ་མཆོག་གི་སྐལ་པ་དེ་ལོ་དང་ཟླ་བར་མ་འགྱང་བར་དེང་འདིར་ད་ལྟ་ཉིད་དུ་ཡིད་སྨོན་ཙམ་དུ་མ་ལུས་པ་རང་རང་གི་བསྐལ་བ་དང་འཚམས་པར་མངོན་སུམ་དུ་སྩོལ་ཅིག་ཅེས་པའོ། །དེ་ཡང་དངོས་གྲུབ་ནི་ཞི་སོགས་དམན་པའི་དངོས་གྲུབ་དང་། འབྲིང་གྲུབ་པ་ཆེན་པོ་བརྒྱད། འབྲིང་གི་མཆོག་མཁའ་སྤྱོད་ཅེས་བྱ་བ་ཆེ་འབྲིང་ཆུང་གསུམ་ལས། ཆེན་པོ་ནི་སངས་རྒྱས་ཀྱིས་སྐུ་གསུམ་ཡན་ལག་བདུན་ལྡན་གྱི་གོ་འཕང་བརྙེས་པ་དང་། འབྲིང་མཁའ་སྤྱོད་ཅེས་བྱ་བ་རྫུ་འཕྲུལ་གྱིས་ནམ་མཁའ་ལ་རྒྱུ་ཞིང་སྤྱོད་ཡུལ་དུ་བྱེད་པ། ལུས་འགྲེས་རྒུད་དང་བྲལ་ཞིང་། ཚེ་ཉི་ཟླ་དང་མཉམ་པ། ཅི་བསམ་པའི་ལོངས་སྤྱོད་ནམ་མཁའ་ལས་ལེན་པ་སངས་རྒྱས་ཀྱི་ཞིང་ཀུན་ཏུ་སྤྲུལ་སྐུ་ལས་ཆོས་ཉན་ཏེ་དཔའ་བོ་མཁའ་འགྲོ་རྣམས་དང་སྐལ་བ་མཉམ་དུ་སྤྱོད་པ་དང་མཁའ་སྤྱོད་ཆུང་ངུ་འདོད་གཟུགས་ཀྱི་རྟེན་ལ་སྔགས་གྲུབ་པའི་འབྲས་བུའི་ཞིང་དང་ལོངས་སྤྱོད་སོགས་ཕུན་སུམ་ཚོགས་པ་སྟེ། རྟེན་དེ་ཉིད་ལ་རིག་པ་འཛིན་པ་དང་། འཁོར་ལོའི་སྒྱུར་བ་སོགས་སུ་སྐྱེ་བ་དང་། འཚང་རྒྱ་བར་གང་རུང་དུ་འགྱུར་བ་དང་གཞན་ཡང་མཁའ་འགྲོ་སྤྱི་འགྲུབ་པའི་རྟགས་འདུ་བ་གསུམ་དང་། འབར་བ་གསུམ་སོགས་ཀྱི་རྟགས་ཀྱང་འབྱུང་བ་ཡིན་ནོ། །དེ་ནས་གསང་སྔགས་མཐའ་བཞིའི་བཤད་པའི་དབང་དུ་བྱས་ན། ཐུན་མོང་སྤྱི་ཡི་དོན་དང་། ཡི་གེའི་དོན་དང་། སྦས་དོན་དང་། མཐར་ཐུག་གི་དོན་ཅི་རིགས་སྔར་ཡང་བཤད་ཟིན་ལ། ཁྱད་པར་སྦས་དོན་བསྐྱེད་རིམ་དང་སྦྱར་ན་སྐུ་གསུམ་ཡེ་ཤེས་ལྔ་ལྡན་གྱི་སངས་རྒྱས་མཁའ་འགྲོ་ཐམས་ཅད་རྡོ་རྗེ་སྣ་ཚོགས་མདངས་ལྡན་རྡོ་རྗེ་རྣམ་སྣང་མཛད་ལས་བདུད་དང་མཚན་རྟོག་གཞོམ་པའི་སྐུ་ཅན་དེ་ཉིད་སྒྲུབ་བྱེད་རྣལ་འབྱོར་བཅུ་གཅིག་གི་ལམ་ལ་བརྩོན་པས་གཞི་དུས་ཀྱི་ངོ་བོ་ཡེ་དག་གི་རྣལ་འབྱོར་མ་དཔལ་སྦྱངས་གཞིའམ་ཀུན་བརྟགས་གློ་བུར་གྱི་དྲི་མས་སྒྲིབ་པའི་ཆ་ནས་སྦྱང་བྱ་སྦྱོང་བྱེད་བསྐྱེད་རྫོགས་ཀྱི་ལམ་རིམ་གཞི་དུས་ཀྱི་རྣལ་འབྱོར་མ་མངོན་དུ་གྱུར་པ་སྦྱང་འབྲས་ཏེ་གཞི་ལམ་འབྲས་གསུམ་དབྱེར་མེད་ཀྱི་རྣལ་འབྱོར་མ་མངོན་སུམ་དུ་གྱུར་བའོ། །བདག་བྱིན་རླབས་ཀྱི་སྦས་དོན་དང་སྦྱར་ན། ཨོཾ་གསུམ་རྩ་རླུང་ཐིག་གསུམ་དང་དབུ་རྐྱང་རོ་གསུམ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་འཁོར་ལོའི་རྩ་འདབས་ཀྱི་རླུང་ཐིག་ཌཱ་ཀི་ཐམས་ཅད། བཛྲ་ཝརྞ་ནཱི་ཡེ་ནི་དབུ་མའི་མར་སྣེའི་ལྟེ་འོག་གི་གཏུམ་མོ་ཉི་མའི་རང་བཞིན། བཛྲ་བཻ་རོ་ནི་དབུ་མའི་ཡར་སྣ་ཐབས་མཆོག་རྣམ་པར་སྣང་མཛད་རི་བོང་འཛིན་པའི་གཟུགས་ཅན། ཧཱུྃ་ཕཊ་ནི་འབར་འཛག་གི་སྦྱོར་བས་བདེ་དྲོད་མི་རྟོག་གསུམ་གྱིས་གཟུང་འཛིན་གྱི་རྟོག་པ་གཞོམ་པའོ། །དཀྱིལ་འཁོར་འཁོར་ལོའི་སྦས་དོན་དང་སྦྱར་ན། ཨོཾ་གསུམ་ཡར་ཐབས་ཡབ་ཀྱི་སྒོ་གསུམ། སརྦ་བུདྡྷ་སོགས་ཤེས་རབ་རིག་མ། བཛྲ་ཝརྞ་སོགས་རྒྱུད་ཡོངས་སུ་དག་པའི་རིག་མ་བཅུ་དྲུག་ལང་ཚོས་མྱོས་པའི་མདོག་ལྟར་གསལ་ཞིང་ཞལ་ནས་ཙནྡ་ས་མཆོག་དང་ཨུཏྤལ་ལའི་དྲི་བསུང་འཐུལ་བའི་མདངས་ལྡན་མ། བཛྲ་བཻ་རོ་ཙ་ནཱི་ཡེ་ཉེ་རྒྱུས་སྤྱོད་པ་ལ་བརྟེན་ཡབ་ཡུམ་འདུ་ཤེས་གསུམ་གྱི་སྙོམས་འཇུག་དགའ་བའི་རོལ་རྩེད་ཀྱི་ཐིག་ལེ་ལུགས་འབྱུང་ལྡོག་ལས་བྱང་ཆུབ་སེམས་ཀྱི་ཐིག་ལེའི་འོད་ཆེན་རབ་ཏུ་རྣམ་པར་སྣང་མཛད་མ། འཁོར་ལོའི་དབུས་སུ་དྭངས་མར་བརྟན་ཅིང་འགྲོས་བཞི་ཐིམ་ནས་མཐར་ཐུག་གཙུག་ཏོར་གྱི་རྩེ་མོར་ཐིམ་པས་རྡོ་རྗེའི་ས་མཆོག་མངོན་དུ་འགྱུར་བ་སྟེ། རྒྱུད་ལས་ཨེ་ཡི་ཆ་བྱད་བཟང་པོ་གང་། །དབུས་སུ་བྃ་གྱིས་རྣམ་པར་བརྒྱན། །བདེ་བ་ཐམས་ཅད་ཀྱི་ནི་གནས། །སངས་རྒྱས་རིན་ཆེན་ཟ་མ་ཏོག །ཅེས་སོ། །བཞི་པའི་སྦས་དོན་མཐར་ཐུག་དང་སྦྱར་ན། ཨོཾ་གསུམ་རྡུལ་བྲལ་དྭངས་མའི་འོད་གསལ་གཞོམ་མེད་ཐིག་ལེ་ཆེན་པོ་ནི་སྒྲུབ་གཞི། སརྦ་བུདྡྷ་སོགས་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་ཐུགས་ཀྱི་གསང་བ་རང་བྱུང་ཡེ་ཤེས། བཛྲ་ཝརྞ་སོགས་ལྷན་སྐྱེས་གཉུག་མ་བདེ་བ་ཆེན་པོའི་ཡེ་ཤེས་འོད་ཀྱི་ཐིག་ལེ་དེ་ནི་བརྟན་གཡོ་ཀུན་གྱི་སྲོག་ཡེ་ཤེས་ལྔ་ཡི་རང་བཞིན་མཆོག་ཏུ་གསལ་ཞིང་འཚེར་བ་རྡུལ་བྲལ་བྃ་ཡིག་གི་རྣམ་པར་གནས་པ། བཛྲ་བེ་རོ་ཙ་ནཱི་ཡེ་དེ་ལྟར་བླ་མའི་མན་ངག་གི་གནད་དུ་བསྣུན་པས། འཇམ་དཔལ་སྒྱུ་དྲྭ་ལས། འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་སྣང་བ་ལམ་མེ་བ། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །གཟི་བརྗིད་ཆེན་པོ་འོད་གསལ་བ། །ཞེས་དང་། མུན་པ་ལ་ནི་མར་མེ་ལྟར། །ཞེས་དང་། རྒྱུད་སཾ་བུ་ཏྲ་ལས། རིག་མའི་སྐྱེས་བུ་གྲུབ་པ་ནི། གང་དུ་ཡང་མི་འགྲོ། གང་དུའང་མི་གནས་པ། ཐོག་མ་དང་། ཐ་མ་དང་། དབུས་དང་བྲལ་བ། གཉིས་སུ་མེད་པ། གནས་གསུམ་དུ་སྣང་བ། ཐམས་ཅད་དུ་སོན་པ་ཐམས་ཅད་མཁྱེན་པ་ཐམས་ཅད་པ། ཐམས་ཅད་ཀྱི་དོན་ཐམས་ཅད། སེམས་ཅན་ཐམས་ཅད་ཀྱི་སེམས་ལ་གནས་པ། སྡིག་པ་ཐམས་ཅད་ལས་རྣམ་པར་གྲོལ་བ། ཡོན་ཏན་ཐམས་ཅད་ཀྱི་བརྒྱན་པར་བྱས་པ། ཐམས་ཅད་དང་ལྡན་པ། ཞི་བ། མཉམ་པ་མེད་པ། རྟག་པར་མཛད་པ། མགོན་པོ་སྐྱོབས་པ། ཀུན་ཏུ་རྟོག་པ་སྤངས་བ། དབྱིབས་དང་ཁ་དོག་དང་བྲལ་བ། རྒྱལ་བའི་སྤྱོད་ཡུལ་མ་ཡིན་པ། རྒྱལ་པོ་སྤྱོད་པར་དཀའ་བའི་ཕྱིར་རྡོ་རྗེ་ཉོན་མོངས་པའི་ཉེ་བར་གདུང་བ་ལས་གྲོལ་བའི་ཕྱིར་ཟླ་བ། དོགས་པ་མེད་པའི་ཕྱིར་སེང་གེ། གཏིང་དཔག་དཀའ་བའི་ཕྱིར་ཆུ་ཡི་ཕུང་པོའོ། །དེ་ལྟར་དཔེ་སྣ་ཚོགས་ཀྱིས་རྣལ་འབྱོར་མ་རྣམས་ཀྱིས་དཔེར་བྱའོ། །ཞེས་གཉིས་སུ་མེད་པའི་ཡེ་ཤེས་གསལ་ཞིང་རྒྱས་པར་བསྟན་པའོ། །དེ་ལྟར་རིམ་པ་གཉིས་ཀྱི་ལམ་ལ་བརྩོན་པས་དགྲ་གསུམ་སོད། འཕྲང་གསུམ་སྒྲོལ། བདུད་བཞི་བཅོམ། འཇའ་ལུས་དྭངས་མའི་སྐུ་མཆོག་མངོན་དུ་མཛད་པས་སྲིད་གསུམ་ཐམས་ཅད་འོག་མིན་རྡོ་རྗེ་བཙུན་མོ་མཁའ་སྤྱོད་དག་པའི་ཞིང་ཆེན་པོར་སྒྲོལ་བར་མཛད་པའི་ཕྲིན་ལས་འཛད་པ་མེད་པར་འཁོར་བ་ཇི་སྲིད་གནས་ཀྱི་བར་རྟག་ཁྱབ་ལྷུན་གྲུབ་ཏུ་འབྱུང་བ་སྟེ། དེ་ལྟར་དབང་བཞིའི་ལམ་གྱི་སྦས་དོན་མདོ་ཙམ་ཞར་བྱུང་དུ་སྨྲོས་པའོ། །དེ་ལྟར་གསང་སྔགས་ཀྱི་རྒྱལ་པོ་འདི་བཟླས་པའི་ཕན་ཡོན་ནི་བདེ་མཆོག་ཉུང་ངུའི་རྒྱུད་ལེའུ་ཞེ་བདུན་པ་ལས། དེ་ནས་མཁའ་འགྲོ་མ་ཡི་རིག་པ་ཆེན་པོ་བཟླས་ནས་རིགས་ཐམས་ཅད་དབང་དུ་བྱེད་པར་འགྱུར་རོ། །རྟག་ཏུ་བཟླས་བརྗོད་བྱས་ན་དཔལ་ཆེན་པོ་བསྐྱེད་པར་འགྱུར་ཞེས་ཕག་མོའི་ཉེ་སྙིང་ལ་བརྟེན་པའི་ལས་ཚོགས་གསུངས། ལེའུ་ཞེ་བརྒྱད་པ་ལས། དེ་ནས་གཞན་ཡང་བཤད་བྱ་སྟེ། །མཁའ་འགྲོ་ཀུན་གྱི་བདེ་བའི་མཆོག །སྙིང་པོའི་རྣལ་འབྱོར་མ་ཀུན་གྱིས། །འདོད་པའི་ལས་ཀུན་སྒྲུབ་པ་པོ། །གང་ཞིག་དྲན་པ་ཙམ་གྱིས་ནི། །འཇིག་རྟེན་གསུམ་པོ་གཡོ་བྱེད་ཅིང་། །རྗེས་སུ་དྲན་པ་ཙམ་གྱིས་ཀྱང་། །ཡང་དག་དངོས་གྲུབ་རིམ་གྱིས་སྟེར། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནི་ཡེ་བཛྲ་ཝརྞ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། །སྔགས་འདི་བཟླས་པས་འགྲུབ་པ་སྟེ། །ལས་རྣམས་ཀུན་བྱེད་དགེ་བ་ཡིན། །མཁའ་འགྲོ་རྣལ་འབྱོར་མ་རྣམས་དང་། །ཁཎྜ་རོ་ཧི་ལཱ་མ་སོགས། །མཁའ་འགྲོ་མ་ནི་ཐམས་ཅད་ཀྱིས། །སྔགས་ནི་འདི་ཉིད་ཡིན་པར་བཤད། །ས་འོག་ཡང་ན་མཐོ་རིས་སམ། །དེ་བཞིན་མི་ཡུལ་དག་ཏུ་ཡང་། །ལས་ནི་གང་དག་ཡོད་པ་རྣམས། །བཀླག་པས་དེ་དག་ཐམས་ཅད་འགྲུབ། །འདི་ལས་ཤིན་ཏུ་མངོན་གྱུར་གང་། །འཇིག་རྟེན་གསུམ་ན་ཅི་ཡང་མེད། །གང་ཕྱིར་འདི་ནི་བླ་མེད་པ། །ལས་རྣམས་ཐམས་ཅད་སྒྲུབ་བྱེད་ཡིན། །མཁའ་འགྲོ་མ་ནི་ཀུན་གྱི་གནས། །མདོར་བཤད་རྒྱས་པ་མ་ཡིན་ནོ། །ཞེས་དང་། ཨིནྡྲ་བྷུ་ཏིའི་རྒྱ་གཞུང་ལས། དེ་ལྟར་ངེས་ཤེས་རྣལ་འབྱོར་པས། །གང་ཞིག་བློ་ལྡན་རྟག་ཏུ་སློབ། །འགྲུབ་པར་འགྱུར་བ་ཐེ་ཚོམ་མེད། །བསོད་ནམས་དམན་པའི་མི་ཡིས་ཀྱང་། །ཐེ་ཚོམ་མེད་པར་དེ་ཡིས་འགྲུབ། །ཞེས་པ་ལྟར་དོན་དེ་དག་ལ་དགོངས་ནས་ཚར་ཆེན་རྡོ་རྗེ་འཆང་ཆེན་པོས་ཀྱང་། ཧེ་རུ་ཀ་དཔལ་རྒྱུད་ཀྱི་རྒྱལ་པོ་ལས། །རྡོ་རྗེ་བཙུན་མོ་ཉེ་བའི་སྙིང་པོ་མཆོག །བཀླག་པས་འགྲུབ་ཅེས་གསུང་པའི་བདེན་པ་སྐྱོང་། །ཞེས་གསུངས་པ་སོགས་འཕགས་བོད་ཀྱི་མཁས་གྲུབ་རིག་འཛིན་རྣམས་ཀྱིས་རྒྱ་ཆེར་བསྔགས་པ་ལྟར་དད་མོས་རྩེ་གཅིག་པས་བཟླ་བར་བྱས་ན་དངོས་གྲུབ་འབྱུང་བ་ལ་ཐེ་ཚོམ་མེད་པའི་ངེས་ཤེས་ཡང་དག་པའོ། །ཞར་བྱུང་བརྩམས་པ་པོས་སྨོས་པ་ནི། ཅེས་པའང་བག་ཡོད་ཀྱི་ལེའུ་སོགས་གོ་སླའོ། །སྔགས་དོན་ཤིན་ཏུ་རྒྱས་པ་ནི་ཨིནྡྲ་བྷུ་ཏིས་རྒྱ་གཞུང་མཆན་དང་བཅས་པ་ལས་ཤེས་པར་བྱའོ། །མཆོག་ཏུ་མི་འགྱུར་བདེ་ཆེན་གྱི། །ཡེ་ཤེས་རྣལ་འབྱོར་དཔལ་མོའི་སྔགས། །ཟབ་དོན་བཤད་པའི་ཏམྦུ་རས། །དངོས་གྲུབ་མཆོག་གི་སྐལ་ལྡན་ཤོག །{{TibChung|ཅེས་པའང་བསླབ་གསུམ་མཛོད་འཆང་དགེ་བའི་བཤེས་གཉེན་ངག་དབང་བསྟན་པ་དར་རྒྱས་ནས་བཀྲ་ཤིས་པའི་ལྷ་རྫས་སོགས་རྟེན་དང་བཅས་ཏེ་གསུང་བསྐུལ་ངོར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་རྗེ་བླ་མའི་ཉེ་སྙིང་གི་དོན་གླུ་ལ་འགྲེལ་ཆུང་གསལ་བྱེད་ཀྱི་ཚུལ་དུ་སྦྱར་བ་ལྷན་ཅིག་བྱེད་པོ་མཆོག་སྤྲུལ་རིན་པོ་ཆེ་བཀྲ་ཤིས་དཔལ་འབྱོར་གྱིས་མཛད་པ་འདིས་ཀྱང་རང་གཞན་ཐམས་ཅད་རྡོ་རྗེ་བཙུན་མོ་བླ་མ་རྣལ་འབྱོར་མས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །མངྒ་ལཾ།། །།}} }} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} |
Revision as of 16:56, 4 January 2022
Wylie title | rnal 'byor ma'i gsang sngags nye snying dang sbyar ba'i rdo rje'i glu DA ki dgyes pa'i dbyangs snyan gyi 'grel chung | |
---|---|---|
Location | chos kyi blo gros bka' 'bum Volume 9, Text 1, Pages 1-23 (Folios 1a1 to 12a6) | |
Author | འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | |
Less details More details | ||
Citation | 'jam dbyangs mkhyen brtse chos kyi blo gros. rnal 'byor ma'i gsang sngags nye snying dang sbyar ba'i rdo rje'i glu DA ki dgyes pa'i dbyangs snyan gyi 'grel chung. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 9: 1-23. Bir, H.P.: Khyentse Labrang, 2012. | |
Genre | Commentaries - 'grel pa · Vajra Songs - rdo rje'i glu | |
Colophon |
།ཅེས་པའང་བསླབ་གསུམ་མཛོད་འཆང་དགེ་བའི་བཤེས་གཉེན་ངག་དབང་བསྟན་པ་དར་རྒྱས་ནས་བཀྲ་ཤིས་པའི་ལྷ་རྫས་སོགས་རྟེན་དང་བཅས་ཏེ་གསུང་བསྐུལ་ངོར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་རྗེ་བླ་མའི་ཉེ་སྙིང་གི་དོན་གླུ་ལ་འགྲེལ་ཆུང་གསལ་བྱེད་ཀྱི་ཚུལ་དུ་སྦྱར་བ་ལྷན་ཅིག་བྱེད་པོ་མཆོག་སྤྲུལ་རིན་པོ་ཆེ་བཀྲ་ཤིས་དཔལ་འབྱོར་གྱིས་མཛད་པ་འདིས་ཀྱང་རང་གཞན་ཐམས་ཅད་རྡོ་རྗེ་བཙུན་མོ་བླ་མ་རྣལ་འབྱོར་མས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །མངྒ་ལཾ།། | |
/ces pa'ang bslab gsum mdzod 'chang dge ba'i bshes gnyen ngag dbang bstan pa dar rgyas nas bkra shis pa'i lha rdzas sogs rten dang bcas te gsung bskul ngor 'jam dbyangs chos kyi blo gros pas rje bla ma'i nye snying gi don glu la 'grel chung gsal byed kyi tshul du sbyar ba lhan cig byed po mchog sprul rin po che bkra shis dpal 'byor gyis mdzad pa 'dis kyang rang gzhan thams cad rdo rje btsun mo bla ma rnal 'byor mas rjes su 'dzin pa'i rgyur gyur cig__/mang+ga laM// |
1 Texts in this Section (sde tshan or chos tshan)