JKCL-KABUM-02-KHA-052: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|citation=[['jam dbyangs mkhyen brtse chos kyi blo gros]]. ''''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 2: . Bir, H.P.: Khyentse Labrang, 2012.
|fulltitletib=འཆི་མེད་མཚོ་སྐྱེས་རྡོ་རྗེ་ལ་བསྟོད་པ་འཆི་བདུད་ཀུན་འཇོམས།
|fulltitle='chi med mtsho skyes rdo rje la bstod pa 'chi bdud kun 'joms
|citation=[['jam dbyangs mkhyen brtse chos kyi blo gros]]. '''chi med mtsho skyes rdo rje la bstod pa 'chi bdud kun 'joms''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 2: 527-529. Bir, H.P.: Khyentse Labrang, 2012.
|collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་
|collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་
|collectiontitle=chos kyi blo gros bka' 'bum
|collectiontitle=chos kyi blo gros bka' 'bum
Line 10: Line 12:
|terma=No
|terma=No
|jkcloutline=Two
|jkcloutline=Two
|deity=gu ru mtsho skyes rdo rje
|language=Tibetan
|language=Tibetan
|volumenumber=002
|volumenumber=002
Line 16: Line 19:
|totalvolumes=12
|totalvolumes=12
|textnuminvol=052
|textnuminvol=052
|pagenumbers=527-529
|totalpages=3
|beginfolioline=1a1
|endfolioline=2a5
|totalfolios=2
|multivolumework=No
|colophontib=།ཅེས་པའང་ས་ཕག་གནམ་ལོ་གསར་ཚེས་ཀྱི་ཆོ་འཕྲུལ་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་དང་པོར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་འབྲས་ལྗོངས་མཁའ་འགྲོ་འདུ་བའི་གཙུག་ལག་ཁང་གི་བ་གམ་དུ་བྲིས་པ་ཤིན་ཏུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག  །སརྦ་མངྒ་ལཾ།  །
|colophonwylie=/ces pa'ang sa phag gnam lo gsar tshes kyi cho 'phrul zla ba'i dkar phyogs kyi rgyal ba dang por 'jam dbyangs chos kyi blo gros pas 'bras ljongs mkha' 'gro 'du ba'i gtsug lag khang gi ba gam du bris pa shin tu dge zhing bkra shis par gyur cig__/sarba mang+ga laM/
|pdflink=File:JKCL-KABUM-02-KHA-052.pdf
|pdflink=File:JKCL-KABUM-02-KHA-052.pdf
}}
}}
Line 21: Line 32:
<h1 style="font-size: 24px !important;">Tibetan Text</h1>
<h1 style="font-size: 24px !important;">Tibetan Text</h1>
<onlyinclude>
<onlyinclude>
{{TibP|འཆི་མེད་མཚོ་སྐྱེས་རྡོ་རྗེ་ལ་བསྟོད་པ་འཆི་བདུད་ཀུན་འཇོམས་ཞེས་བྱ་བ་བཞུགས་སོ།    །ཨོཾ་སྭསྟི།  རྒྱལ་བའི་དབང་པོ་ཀུན་གྱི་གཙུག་ན་མཐོ།    །རྒྱལ་བ་མཚོར་འཁྲུངས་འཆི་མེད་རྡོ་རྗེའི་སྐུར།    །སྒོ་གསུམ་གུས་པས་རབ་ཏུ་བཏུད་བྱས་ཏེ།    །བསྟོད་པའི་ཚིག་གི་ཕྲེང་བ་ཅུང་ཟད་འཐོར།    །ཕྱོགས་བཅུ་རབ་འབྱམས་ཞིང་གི་རྡུལ་སྙེད་ཀྱི།    །རྨད་བྱུང་ཚོགས་གཉིས་རིན་ཆེན་སྤུངས་པ་ལས།    །སིནྡྷཱུའི་དྭངས་མཚོར་ཆུ་སྐྱེས་པད་སྡོང་རྩེར།    །སྐུ་གསུམ་རིགས་འདུས་རང་བྱུང་པདྨ་རྒྱལ།    །བདེ་ལྡན་ཞིང་གི་འོད་སྣང་མཐའ་ཡས་པ།    །རི་བོ་ཏ་ལར་འཕགས་མཆོག་མིག་མི་འཛུམ།    །རྡོ་རྗེ་གདན་གྱི་རྒྱལ་བ་ཐུབ་ཆེན་རྣམས།    །དབྱེར་མེད་པདྨ་ལས་གྲོལ་གུས་ཕྱག་འཚལ།    །ཨོ་རྒྱན་རྒྱལ་པོའི་སྲས་ཀྱི་སྐལ་བ་མཛད།    །དུར་ཁྲོད་བརྒྱད་དུ་བརྟུལ་ཞུགས་སྤྱོད་པ་སྐྱོང་།    །མུ་སྟེགས་བཏུལ་ཞིང་བསྟན་པའི་རྒྱལ་རྔ་བརྡུང་།    །རྡོ་རྗེ་ཐོད་ཕྲེང་རྩལ་ལ་དང་བས་བསྟོད།    །མཆོག་གི་དངོས་གྲུབ་བརྙེས་པའི་རྩེ་མོར་ཕྱིན།    །ཚེ་དཔག་མེད་དང་དབྱེར་མེད་བྱིན་གྱིས་བརླབས།    །མཐའ་འཁོབ་གདོང་དམར་འགྲོ་བ་སྐྱོབ་པའི་གཉེན།    །པདྨ་འབྱུང་གནས་བཀའ་དྲིན་གཞལ་ལས་འདས།    །སྐུ་གཅིག་ཞིང་ཁམས་ཀུན་ཏུ་ཁྱབ་པར་སྟོན།    །གསུང་གཅིག་ཉིད་ཀྱིས་དུ་མ་སོ་སོར་གོ།  ཐུགས་ཀྱི་དགོངས་པ་མཁའ་ལྟར་རབ་ཟབ་པ།    །ཨོ་རྒྱན་རྡོ་རྗེ་འཆང་དབང་སྤྱི་བོས་མཆོད།    །ཟླ་བ་བརྒྱ་ཕྲག་བརྩེགས་པའི་ཞལ་རྒྱས་ཤིང་།    །མཚན་དང་དཔེ་བྱད་མཛེས་པའི་མེ་ཏོག་བཀྲ།    །ཞི་ཚུལ་དགུ་དང་རྒྱན་ཆ་བཅུ་གསུམ་སྤྲས།    །ཁ་སྦྱོར་བདུན་ལྡན་རྡོ་རྗེའི་བླ་མར་བསྟོད།    །རིག་སྟོང་ཡེ་ཤེས་རྡོ་རྗེ་ཐུགས་ཀར་གཏོད།    །གཡོན་པས་མཉམ་གཞག་བྷནྡྷ་ཚེ་བུམ་བསྣམས།    །དགྱེས་ཡུམ་བདེ་སྟོང་མནྡ་ར་བ་ནི།    །དམར་གསལ་མདའ་དར་བུམ་འཛིན་འཁྲིལ་ལ་བསྟོད།    །གང་གི་སྐུ་མཆོག་ཉེ་བར་བསྒོམ་པ་དང་།    །གསང་སྔགས་རྒྱལ་པོ་བཟླས་པའི་ནུས་པའི་མཐུ།    །དུས་མཐའི་ཞུགས་ལྕེ་འབར་བའི་སྟོབས་རྒྱས་པས།    །འཆི་བདག་བདུད་ཚོགས་བསྲེགས་པར་མཛད་ལ་བསྟོད།    །རྩ་གསུམ་འཁོར་ལོ་ལྔ་ཡི་གྲོང་ཁྱེར་དུ།    །འབར་འཛག་ཞུ་བདེའི་མཆོད་པ་ཕུལ་བ་ལས།    །ཚོགས་གཉིས་ནོར་བུའི་སྤྲིན་ཆེན་དཀྲིགས་པ་དང་།    །དངོས་གྲུབ་གྲུ་ཆར་ཅི་དགར་འཇོ་ལ་བསྟོད།    །གདོད་ནས་རྣམ་པར་དག་པའི་ཡེ་ཤེས་སྐུ།    །རང་རིག་ཉིད་དུ་མངོན་སུམ་སྣང་བ་ལས།    །སྣང་བཞིའི་ཡོན་ཏན་རྩལ་ཆེན་རྫོགས་པ་དང་།    །འཇའ་ལུས་རྡོ་རྗེའི་སྐུ་མཆོག་སྦྱིན་ལ་བསྟོད།    །འཆི་བ་མེད་པའི་ཚེ་ཡི་བུམ་བཟང་གི།  བདུད་རྩིའི་རྒྱུན་གྱིས་སྒོ་གསུམ་དྲི་མ་འཁྲུད།  ཡེ་ཤེས་མཆོག་སྦྱིན་རྡོ་རྗེའི་སྲོག་རྩ་གྲུབ།    །འཆི་མེད་རིག་འཛིན་སྙིང་གའི་ཟེའུ་འབྲུར་བཞུགས།    །རྒས་མེད་རྡོ་རྗེ་སེམས་དཔའི་ལང་ཚོ་རྒྱས།    །ནད་མེད་བདེ་བ་ཆེན་པོའི་དངོས་གྲུབ་ཐོབ།    །མི་ཤིགས་ཐིག་ལེའི་སྲོག་གི་སྒོར་ཞུགས་ནས།    །སྒོ་གསུམ་འཕོ་མེད་རྡོ་རྗེར་བདག་སྒྲུབ་མཛོད།    །གནས་སྐབས་འཇིགས་ཆེན་བརྒྱད་དང་བཅུ་དྲུག་ཞི།    །ཕ་རོལ་མི་དང་མི་མིན་གནོད་ལས་རྒྱལ།    །ཚེ་མཐར་ཕྱིན་ཅིང་བསམ་དོན་ཀུན་འགྲུབ་སྟེ།    །བསྟན་པ་རིན་ཆེན་གསལ་བར་བྱེད་ནུས་ཤོག  །འཇམ་མགོན་མཁྱེན་དང་བརྩེ་བའི་ཕྲིན་ལས་རྣམས།    །མ་ལུས་བདག་ལ་ཡོངས་སུ་རྫོགས་པ་དང་།    །ལྷ་མིན་མཐར་བྱེད་རྫོགས་ལྡན་སྣང་བ་ཡི།    །དགའ་སྟོན་དར་ཞིང་འཛམ་གླིང་བདེ་བར་ཤོག  །ཅེས་པའང་ས་ཕག་གནམ་ལོ་གསར་ཚེས་ཀྱི་ཆོ་འཕྲུལ་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་དང་པོར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་འབྲས་ལྗོངས་མཁའ་འགྲོ་འདུ་བའི་གཙུག་ལག་ཁང་གི་བ་གམ་དུ་བྲིས་པ་ཤིན་ཏུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག  །སརྦ་མངྒ་ལཾ།  །    །། }}
{{TibP|འཆི་མེད་མཚོ་སྐྱེས་རྡོ་རྗེ་ལ་བསྟོད་པ་འཆི་བདུད་ཀུན་འཇོམས་ཞེས་བྱ་བ་བཞུགས་སོ།    །ཨོཾ་སྭསྟི།  རྒྱལ་བའི་དབང་པོ་ཀུན་གྱི་གཙུག་ན་མཐོ།    །རྒྱལ་བ་མཚོར་འཁྲུངས་འཆི་མེད་རྡོ་རྗེའི་སྐུར།    །སྒོ་གསུམ་གུས་པས་རབ་ཏུ་བཏུད་བྱས་ཏེ།    །བསྟོད་པའི་ཚིག་གི་ཕྲེང་བ་ཅུང་ཟད་འཐོར།    །ཕྱོགས་བཅུ་རབ་འབྱམས་ཞིང་གི་རྡུལ་སྙེད་ཀྱི།    །རྨད་བྱུང་ཚོགས་གཉིས་རིན་ཆེན་སྤུངས་པ་ལས།    །སིནྡྷཱུའི་དྭངས་མཚོར་ཆུ་སྐྱེས་པད་སྡོང་རྩེར།    །སྐུ་གསུམ་རིགས་འདུས་རང་བྱུང་པདྨ་རྒྱལ།    །བདེ་ལྡན་ཞིང་གི་འོད་སྣང་མཐའ་ཡས་པ།    །རི་བོ་ཏ་ལར་འཕགས་མཆོག་མིག་མི་འཛུམ།    །རྡོ་རྗེ་གདན་གྱི་རྒྱལ་བ་ཐུབ་ཆེན་རྣམས།    །དབྱེར་མེད་པདྨ་ལས་གྲོལ་གུས་ཕྱག་འཚལ།    །ཨོ་རྒྱན་རྒྱལ་པོའི་སྲས་ཀྱི་སྐལ་བ་མཛད།    །དུར་ཁྲོད་བརྒྱད་དུ་བརྟུལ་ཞུགས་སྤྱོད་པ་སྐྱོང་།    །མུ་སྟེགས་བཏུལ་ཞིང་བསྟན་པའི་རྒྱལ་རྔ་བརྡུང་།    །རྡོ་རྗེ་ཐོད་ཕྲེང་རྩལ་ལ་དང་བས་བསྟོད།    །མཆོག་གི་དངོས་གྲུབ་བརྙེས་པའི་རྩེ་མོར་ཕྱིན།    །ཚེ་དཔག་མེད་དང་དབྱེར་མེད་བྱིན་གྱིས་བརླབས།    །མཐའ་འཁོབ་གདོང་དམར་འགྲོ་བ་སྐྱོབ་པའི་གཉེན།    །པདྨ་འབྱུང་གནས་བཀའ་དྲིན་གཞལ་ལས་འདས།    །སྐུ་གཅིག་ཞིང་ཁམས་ཀུན་ཏུ་ཁྱབ་པར་སྟོན།    །གསུང་གཅིག་ཉིད་ཀྱིས་དུ་མ་སོ་སོར་གོ།  ཐུགས་ཀྱི་དགོངས་པ་མཁའ་ལྟར་རབ་ཟབ་པ།    །ཨོ་རྒྱན་རྡོ་རྗེ་འཆང་དབང་སྤྱི་བོས་མཆོད།    །ཟླ་བ་བརྒྱ་ཕྲག་བརྩེགས་པའི་ཞལ་རྒྱས་ཤིང་།    །མཚན་དང་དཔེ་བྱད་མཛེས་པའི་མེ་ཏོག་བཀྲ།    །ཞི་ཚུལ་དགུ་དང་རྒྱན་ཆ་བཅུ་གསུམ་སྤྲས།    །ཁ་སྦྱོར་བདུན་ལྡན་རྡོ་རྗེའི་བླ་མར་བསྟོད།    །རིག་སྟོང་ཡེ་ཤེས་རྡོ་རྗེ་ཐུགས་ཀར་གཏོད།    །གཡོན་པས་མཉམ་གཞག་བྷནྡྷ་ཚེ་བུམ་བསྣམས།    །དགྱེས་ཡུམ་བདེ་སྟོང་མནྡ་ར་བ་ནི།    །དམར་གསལ་མདའ་དར་བུམ་འཛིན་འཁྲིལ་ལ་བསྟོད།    །གང་གི་སྐུ་མཆོག་ཉེ་བར་བསྒོམ་པ་དང་།    །གསང་སྔགས་རྒྱལ་པོ་བཟླས་པའི་ནུས་པའི་མཐུ།    །དུས་མཐའི་ཞུགས་ལྕེ་འབར་བའི་སྟོབས་རྒྱས་པས།    །འཆི་བདག་བདུད་ཚོགས་བསྲེགས་པར་མཛད་ལ་བསྟོད།    །རྩ་གསུམ་འཁོར་ལོ་ལྔ་ཡི་གྲོང་ཁྱེར་དུ།    །འབར་འཛག་ཞུ་བདེའི་མཆོད་པ་ཕུལ་བ་ལས།    །ཚོགས་གཉིས་ནོར་བུའི་སྤྲིན་ཆེན་དཀྲིགས་པ་དང་།    །དངོས་གྲུབ་གྲུ་ཆར་ཅི་དགར་འཇོ་ལ་བསྟོད།    །གདོད་ནས་རྣམ་པར་དག་པའི་ཡེ་ཤེས་སྐུ།    །རང་རིག་ཉིད་དུ་མངོན་སུམ་སྣང་བ་ལས།    །སྣང་བཞིའི་ཡོན་ཏན་རྩལ་ཆེན་རྫོགས་པ་དང་།    །འཇའ་ལུས་རྡོ་རྗེའི་སྐུ་མཆོག་སྦྱིན་ལ་བསྟོད།    །འཆི་བ་མེད་པའི་ཚེ་ཡི་བུམ་བཟང་གི།  བདུད་རྩིའི་རྒྱུན་གྱིས་སྒོ་གསུམ་དྲི་མ་འཁྲུད།  ཡེ་ཤེས་མཆོག་སྦྱིན་རྡོ་རྗེའི་སྲོག་རྩ་གྲུབ།    །འཆི་མེད་རིག་འཛིན་སྙིང་གའི་ཟེའུ་འབྲུར་བཞུགས།    །རྒས་མེད་རྡོ་རྗེ་སེམས་དཔའི་ལང་ཚོ་རྒྱས།    །ནད་མེད་བདེ་བ་ཆེན་པོའི་དངོས་གྲུབ་ཐོབ།    །མི་ཤིགས་ཐིག་ལེའི་སྲོག་གི་སྒོར་ཞུགས་ནས།    །སྒོ་གསུམ་འཕོ་མེད་རྡོ་རྗེར་བདག་སྒྲུབ་མཛོད།    །གནས་སྐབས་འཇིགས་ཆེན་བརྒྱད་དང་བཅུ་དྲུག་ཞི།    །ཕ་རོལ་མི་དང་མི་མིན་གནོད་ལས་རྒྱལ།    །ཚེ་མཐར་ཕྱིན་ཅིང་བསམ་དོན་ཀུན་འགྲུབ་སྟེ།    །བསྟན་པ་རིན་ཆེན་གསལ་བར་བྱེད་ནུས་ཤོག  །འཇམ་མགོན་མཁྱེན་དང་བརྩེ་བའི་ཕྲིན་ལས་རྣམས།    །མ་ལུས་བདག་ལ་ཡོངས་སུ་རྫོགས་པ་དང་།    །ལྷ་མིན་མཐར་བྱེད་རྫོགས་ལྡན་སྣང་བ་ཡི།    །དགའ་སྟོན་དར་ཞིང་འཛམ་གླིང་བདེ་བར་ཤོག  {{TibChung|།ཅེས་པའང་ས་ཕག་གནམ་ལོ་གསར་ཚེས་ཀྱི་ཆོ་འཕྲུལ་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་དང་པོར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་འབྲས་ལྗོངས་མཁའ་འགྲོ་འདུ་བའི་གཙུག་ལག་ཁང་གི་བ་གམ་དུ་བྲིས་པ་ཤིན་ཏུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག  །སརྦ་མངྒ་ལཾ།  །    །། }} }}
</onlyinclude>
</onlyinclude>
{{TsagliCall}}
{{TsagliCall}}

Revision as of 11:00, 29 November 2021

འཆི་མེད་མཚོ་སྐྱེས་རྡོ་རྗེ་ལ་བསྟོད་པ་འཆི་བདུད་ཀུན་འཇོམས།
Wylie title 'chi med mtsho skyes rdo rje la bstod pa 'chi bdud kun 'joms JKCL-KABUM-02-KHA-052.pdf
Location chos kyi blo gros bka' 'bum
Volume 2, Text 52, Pages 527-529 (Folios 1a1 to 2a5)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. 'chi med mtsho skyes rdo rje la bstod pa 'chi bdud kun 'joms. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 2: 527-529. Bir, H.P.: Khyentse Labrang, 2012.
Genre Verses of Praise - bstod pa
Deity gu ru mtsho skyes rdo rje
Colophon

།ཅེས་པའང་ས་ཕག་གནམ་ལོ་གསར་ཚེས་ཀྱི་ཆོ་འཕྲུལ་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་དང་པོར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་འབྲས་ལྗོངས་མཁའ་འགྲོ་འདུ་བའི་གཙུག་ལག་ཁང་གི་བ་གམ་དུ་བྲིས་པ་ཤིན་ཏུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །སརྦ་མངྒ་ལཾ། །

/ces pa'ang sa phag gnam lo gsar tshes kyi cho 'phrul zla ba'i dkar phyogs kyi rgyal ba dang por 'jam dbyangs chos kyi blo gros pas 'bras ljongs mkha' 'gro 'du ba'i gtsug lag khang gi ba gam du bris pa shin tu dge zhing bkra shis par gyur cig__/sarba mang+ga laM/

1 Texts in this Section (sde tshan or chos tshan)

[edit]
འཆི་མེད་མཚོ་སྐྱེས་རྡོ་རྗེ་ལ་བསྟོད་པ་འཆི་བདུད་ཀུན་འཇོམས་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི། རྒྱལ་བའི་དབང་པོ་ཀུན་གྱི་གཙུག་ན་མཐོ། །རྒྱལ་བ་མཚོར་འཁྲུངས་འཆི་མེད་རྡོ་རྗེའི་སྐུར། །སྒོ་གསུམ་གུས་པས་རབ་ཏུ་བཏུད་བྱས་ཏེ། །བསྟོད་པའི་ཚིག་གི་ཕྲེང་བ་ཅུང་ཟད་འཐོར། །ཕྱོགས་བཅུ་རབ་འབྱམས་ཞིང་གི་རྡུལ་སྙེད་ཀྱི། །རྨད་བྱུང་ཚོགས་གཉིས་རིན་ཆེན་སྤུངས་པ་ལས། །སིནྡྷཱུའི་དྭངས་མཚོར་ཆུ་སྐྱེས་པད་སྡོང་རྩེར། །སྐུ་གསུམ་རིགས་འདུས་རང་བྱུང་པདྨ་རྒྱལ། །བདེ་ལྡན་ཞིང་གི་འོད་སྣང་མཐའ་ཡས་པ། །རི་བོ་ཏ་ལར་འཕགས་མཆོག་མིག་མི་འཛུམ། །རྡོ་རྗེ་གདན་གྱི་རྒྱལ་བ་ཐུབ་ཆེན་རྣམས། །དབྱེར་མེད་པདྨ་ལས་གྲོལ་གུས་ཕྱག་འཚལ། །ཨོ་རྒྱན་རྒྱལ་པོའི་སྲས་ཀྱི་སྐལ་བ་མཛད། །དུར་ཁྲོད་བརྒྱད་དུ་བརྟུལ་ཞུགས་སྤྱོད་པ་སྐྱོང་། །མུ་སྟེགས་བཏུལ་ཞིང་བསྟན་པའི་རྒྱལ་རྔ་བརྡུང་། །རྡོ་རྗེ་ཐོད་ཕྲེང་རྩལ་ལ་དང་བས་བསྟོད། །མཆོག་གི་དངོས་གྲུབ་བརྙེས་པའི་རྩེ་མོར་ཕྱིན། །ཚེ་དཔག་མེད་དང་དབྱེར་མེད་བྱིན་གྱིས་བརླབས། །མཐའ་འཁོབ་གདོང་དམར་འགྲོ་བ་སྐྱོབ་པའི་གཉེན། །པདྨ་འབྱུང་གནས་བཀའ་དྲིན་གཞལ་ལས་འདས། །སྐུ་གཅིག་ཞིང་ཁམས་ཀུན་ཏུ་ཁྱབ་པར་སྟོན། །གསུང་གཅིག་ཉིད་ཀྱིས་དུ་མ་སོ་སོར་གོ། ཐུགས་ཀྱི་དགོངས་པ་མཁའ་ལྟར་རབ་ཟབ་པ། །ཨོ་རྒྱན་རྡོ་རྗེ་འཆང་དབང་སྤྱི་བོས་མཆོད། །ཟླ་བ་བརྒྱ་ཕྲག་བརྩེགས་པའི་ཞལ་རྒྱས་ཤིང་། །མཚན་དང་དཔེ་བྱད་མཛེས་པའི་མེ་ཏོག་བཀྲ། །ཞི་ཚུལ་དགུ་དང་རྒྱན་ཆ་བཅུ་གསུམ་སྤྲས། །ཁ་སྦྱོར་བདུན་ལྡན་རྡོ་རྗེའི་བླ་མར་བསྟོད། །རིག་སྟོང་ཡེ་ཤེས་རྡོ་རྗེ་ཐུགས་ཀར་གཏོད། །གཡོན་པས་མཉམ་གཞག་བྷནྡྷ་ཚེ་བུམ་བསྣམས། །དགྱེས་ཡུམ་བདེ་སྟོང་མནྡ་ར་བ་ནི། །དམར་གསལ་མདའ་དར་བུམ་འཛིན་འཁྲིལ་ལ་བསྟོད། །གང་གི་སྐུ་མཆོག་ཉེ་བར་བསྒོམ་པ་དང་། །གསང་སྔགས་རྒྱལ་པོ་བཟླས་པའི་ནུས་པའི་མཐུ། །དུས་མཐའི་ཞུགས་ལྕེ་འབར་བའི་སྟོབས་རྒྱས་པས། །འཆི་བདག་བདུད་ཚོགས་བསྲེགས་པར་མཛད་ལ་བསྟོད། །རྩ་གསུམ་འཁོར་ལོ་ལྔ་ཡི་གྲོང་ཁྱེར་དུ། །འབར་འཛག་ཞུ་བདེའི་མཆོད་པ་ཕུལ་བ་ལས། །ཚོགས་གཉིས་ནོར་བུའི་སྤྲིན་ཆེན་དཀྲིགས་པ་དང་། །དངོས་གྲུབ་གྲུ་ཆར་ཅི་དགར་འཇོ་ལ་བསྟོད། །གདོད་ནས་རྣམ་པར་དག་པའི་ཡེ་ཤེས་སྐུ། །རང་རིག་ཉིད་དུ་མངོན་སུམ་སྣང་བ་ལས། །སྣང་བཞིའི་ཡོན་ཏན་རྩལ་ཆེན་རྫོགས་པ་དང་། །འཇའ་ལུས་རྡོ་རྗེའི་སྐུ་མཆོག་སྦྱིན་ལ་བསྟོད། །འཆི་བ་མེད་པའི་ཚེ་ཡི་བུམ་བཟང་གི། བདུད་རྩིའི་རྒྱུན་གྱིས་སྒོ་གསུམ་དྲི་མ་འཁྲུད། ཡེ་ཤེས་མཆོག་སྦྱིན་རྡོ་རྗེའི་སྲོག་རྩ་གྲུབ། །འཆི་མེད་རིག་འཛིན་སྙིང་གའི་ཟེའུ་འབྲུར་བཞུགས། །རྒས་མེད་རྡོ་རྗེ་སེམས་དཔའི་ལང་ཚོ་རྒྱས། །ནད་མེད་བདེ་བ་ཆེན་པོའི་དངོས་གྲུབ་ཐོབ། །མི་ཤིགས་ཐིག་ལེའི་སྲོག་གི་སྒོར་ཞུགས་ནས། །སྒོ་གསུམ་འཕོ་མེད་རྡོ་རྗེར་བདག་སྒྲུབ་མཛོད། །གནས་སྐབས་འཇིགས་ཆེན་བརྒྱད་དང་བཅུ་དྲུག་ཞི། །ཕ་རོལ་མི་དང་མི་མིན་གནོད་ལས་རྒྱལ། །ཚེ་མཐར་ཕྱིན་ཅིང་བསམ་དོན་ཀུན་འགྲུབ་སྟེ། །བསྟན་པ་རིན་ཆེན་གསལ་བར་བྱེད་ནུས་ཤོག །འཇམ་མགོན་མཁྱེན་དང་བརྩེ་བའི་ཕྲིན་ལས་རྣམས། །མ་ལུས་བདག་ལ་ཡོངས་སུ་རྫོགས་པ་དང་། །ལྷ་མིན་མཐར་བྱེད་རྫོགས་ལྡན་སྣང་བ་ཡི། །དགའ་སྟོན་དར་ཞིང་འཛམ་གླིང་བདེ་བར་ཤོག །ཅེས་པའང་ས་ཕག་གནམ་ལོ་གསར་ཚེས་ཀྱི་ཆོ་འཕྲུལ་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་དང་པོར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་འབྲས་ལྗོངས་མཁའ་འགྲོ་འདུ་བའི་གཙུག་ལག་ཁང་གི་བ་གམ་དུ་བྲིས་པ་ཤིན་ཏུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །སརྦ་མངྒ་ལཾ། ། །།
[edit]

'chi med mtsho skyes rdo rje la bstod pa 'chi bdud kun 'joms zhes bya ba bzhugs so/____/oM swasti/__rgyal ba'i dbang po kun gyi gtsug na mtho/____/rgyal ba mtshor 'khrungs 'chi med rdo rje'i skur/____/sgo gsum gus pas rab tu btud byas te/____/bstod pa'i tshig gi phreng ba cung zad 'thor/____/phyogs bcu rab 'byams zhing gi rdul snyed kyi/____/rmad byung tshogs gnyis rin chen spungs pa las/____/sin+d+hU'i dwangs mtshor chu skyes pad sdong rtser/____/sku gsum rigs 'dus rang byung pad+ma rgyal/____/bde ldan zhing gi 'od snang mtha' yas pa/____/ri bo ta lar 'phags mchog mig mi 'dzum/____/rdo rje gdan gyi rgyal ba thub chen rnams/____/dbyer med pad+ma las grol gus phyag 'tshal/____/o rgyan rgyal po'i sras kyi skal ba mdzad/____/dur khrod brgyad du brtul zhugs spyod pa skyong /____/mu stegs btul zhing bstan pa'i rgyal rnga brdung /____/rdo rje thod phreng rtsal la dang bas bstod/____/mchog gi dngos grub brnyes pa'i rtse mor phyin/____/tshe dpag med dang dbyer med byin gyis brlabs/____/mtha' 'khob gdong dmar 'gro ba skyob pa'i gnyen/____/pad+ma 'byung gnas bka' drin gzhal las 'das/____/sku gcig zhing khams kun tu khyab par ston/____/gsung gcig nyid kyis du ma so sor go/__thugs kyi dgongs pa mkha' ltar rab zab pa/____/o rgyan rdo rje 'chang dbang spyi bos mchod/____/zla ba brgya phrag brtsegs pa'i zhal rgyas shing /____/mtshan dang dpe byad mdzes pa'i me tog bkra/____/zhi tshul dgu dang rgyan cha bcu gsum spras/____/kha sbyor bdun ldan rdo rje'i bla mar bstod/____/rig stong ye shes rdo rje thugs kar gtod/____/g.yon pas mnyam gzhag b+han+d+ha tshe bum bsnams/____/dgyes yum bde stong man+da ra ba ni/____/dmar gsal mda' dar bum 'dzin 'khril la bstod/____/gang gi sku mchog nye bar bsgom pa dang /____/gsang sngags rgyal po bzlas pa'i nus pa'i mthu/____/dus mtha'i zhugs lce 'bar ba'i stobs rgyas pas/____/'chi bdag bdud tshogs bsregs par mdzad la bstod/____/rtsa gsum 'khor lo lnga yi grong khyer du/____/'bar 'dzag zhu bde'i mchod pa phul ba las/____/tshogs gnyis nor bu'i sprin chen dkrigs pa dang /____/dngos grub gru char ci dgar 'jo la bstod/____/gdod nas rnam par dag pa'i ye shes sku/____/rang rig nyid du mngon sum snang ba las/____/snang bzhi'i yon tan rtsal chen rdzogs pa dang /____/'ja' lus rdo rje'i sku mchog sbyin la bstod/____/'chi ba med pa'i tshe yi bum bzang gi/__bdud rtsi'i rgyun gyis sgo gsum dri ma 'khrud/__ye shes mchog sbyin rdo rje'i srog rtsa grub/____/'chi med rig 'dzin snying ga'i ze'u 'brur bzhugs/____/rgas med rdo rje sems dpa'i lang tsho rgyas/____/nad med bde ba chen po'i dngos grub thob/____/mi shigs thig le'i srog gi sgor zhugs nas/____/sgo gsum 'pho med rdo rjer bdag sgrub mdzod/____/gnas skabs 'jigs chen brgyad dang bcu drug zhi/____/pha rol mi dang mi min gnod las rgyal/____/tshe mthar phyin cing bsam don kun 'grub ste/____/bstan pa rin chen gsal bar byed nus shog__/'jam mgon mkhyen dang brtse ba'i phrin las rnams/____/ma lus bdag la yongs su rdzogs pa dang /____/lha min mthar byed rdzogs ldan snang ba yi/____/dga' ston dar zhing 'dzam gling bde bar shog__/ces pa'ang sa phag gnam lo gsar tshes kyi cho 'phrul zla ba'i dkar phyogs kyi rgyal ba dang por 'jam dbyangs chos kyi blo gros pas 'bras ljongs mkha' 'gro 'du ba'i gtsug lag khang gi ba gam du bris pa shin tu dge zhing bkra shis par gyur cig__/sarba mang+ga laM/__/____//__

Footnotes

Other Information