JKCL-KABUM-02-KHA-051: Difference between revisions

From Khyentse Lineage - A Tsadra Foundation Project
(Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=chos kyi blo gros bka' 'bum |collectiontitletib=ཆོས་ཀྱི་བ...")
 
No edit summary
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|citation=[['jam dbyangs mkhyen brtse chos kyi blo gros]]. ''''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 2: . Bir, H.P.: Khyentse Labrang, 2012.
|collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་
|collectiontitle=chos kyi blo gros bka' 'bum
|collectiontitle=chos kyi blo gros bka' 'bum
|collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་
|totalvolumes=12
|author='jam dbyangs mkhyen brtse chos kyi blo gros
|author='jam dbyangs mkhyen brtse chos kyi blo gros
|authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
|authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
|tibgenre=Verses of Praise - bstod pa
|terma=No
|jkcloutline=Two
|language=Tibetan
|language=Tibetan
|pagestatus=Temporary stub only
|volumenumber=002
|volumenumber=KHA
|volnumtib=༢
|volyigtib=ཁ་
|totalvolumes=12
|textnuminvol=051
|textnuminvol=051
|pdflink=File:JKCL-KABUM-02-KHA-051.pdf
|pdflink=File:JKCL-KABUM-02-KHA-051.pdf

Revision as of 10:18, 29 November 2021

Wylie title JKCL-KABUM-02-KHA-051.pdf
Location chos kyi blo gros bka' 'bum
Volume 2, Text 51, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. '. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 2: . Bir, H.P.: Khyentse Labrang, 2012.
Genre Verses of Praise - bstod pa

1 Texts in this Section (sde tshan or chos tshan)

[edit]
མ་ཧཱ་གུ་རུ་པདྨ་འབྱུང་གནས་ལ་བསྟོད་ཅིང་གསོལ་བ་འདེབས་པ་བདུད་ལས་རྣམ་པར་རྒྱལ་བའི་རྔ་སྒྲ་ཞེས་བྱ་བ། ན་མོ་མ་ཧཱ་གུ་རུ་པདྨ་བཛྲ་ཡེ། །ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་བཅས་ཀྱི། །གསང་གསུམ་བྱིན་རླབས་གོང་བུ་གཅིག་ཏུ་བསྡུས། །ཁྱད་པར་བདེ་ལྡན་མགོན་པོ་འོད་སྣང་གི། ཐུགས་ཀྱི་དྭངས་མ་སིནྡྷཱུའི་རྒྱ་མཚོར་ལྟུང་། །ངོ་མཚར་པདྨ་གེ་སར་སྡོང་པོ་ལ། །ཡ་མཚན་ཆེ་བའི་སྤྲུལ་པའི་སྐུ་མཆོག་ནི། །མཚན་དཔེའི་དཔལ་འབར་ལྟ་བས་མི་ངོམས་ཤིང་། །རྡོ་རྗེ་ཐོད་ཕྲེང་རྩལ་དུ་རབ་ཏུ་གྲགས། །ཨོཾ་རྒྱན་ཡུལ་དང་འཕགས་ཡུལ་ལ་སོགས་པ། །བརྟུལ་ཞུགས་སྤྱོད་པའི་རོལ་གར་སྣ་ཚོགས་སྟོན། །རིག་འཛིན་སློབ་དཔོན་རྣམས་ལས་ཆོས་གསན་ཞིང་། །སངས་རྒྱས་བསྟན་པའི་རྒྱལ་ཚབ་ཆེན་པོར་བཞུགས། །དེ་ཚེ་མུ་སྟེགས་ངན་པའི་གླང་པོ་རྣམས། །ལུང་རིགས་གནྜིའི་ཀླད་པ་རབ་འགེམ་ཞིང་། །རྫུ་འཕྲུལ་ཇི་སྙེད་མོག་པོར་བྱེད་པ་དང་། །རབ་འབར་ཞུགས་ཀྱི་ཀློང་དུ་རབ་བསྲེགས་ནས། །མིང་གི་ལྷག་མར་མཛད་པའི་གྲགས་སྙན་ནི། །སྲིད་རྩེའི་བར་དུ་རབ་ཏུ་བསྒྲགས་པ་ན། །ལྷ་རྣམས་ཨ་ལ་ལ་ཡི་གད་རྒྱང་སྒྲོགས། །བྱང་ཕྱོགས་གངས་ཀྱི་རིར་གནས་འཇམ་དཔལ་དབྱངས། །ཚངས་པ་ལྷ་ཡི་མེ་ཏོག་ཞེས་གྲགས་པའི། །ཐུགས་བསྐྱེད་སྐྱ་རེངས་དང་པོས་མདུན་བསུས་ཚེ། །སྨོན་ལམ་དམ་བཅའ་བརྟན་པོ་རྗེས་སུ་དགོངས། །བལ་བོད་ལྷ་འདྲེའི་ཆོ་འཕྲུལ་ཇི་སྙེད་ཀུན། །བཀའ་རྟགས་རྡོ་རྗེའི་ཕྱག་རྒྱ་འབར་བའི་མོད། །རང་སྲོག་སྙིང་པོ་ཁ་ནས་དྲངས་ཏེ་ཕུལ། །ཁྱོད་ཀྱི་ཞབས་ལ་འདར་བཞིན་གུས་པས་བཏུད། །དེ་ནས་སྤྲུལ་པའི་རྒྱལ་པོ་དང་མཇལ་ཚེ། །སྣང་སྲིད་དབང་བསྒྱུར་ཆེ་བ་འདོན་པ་ན། །ང་རྒྱལ་དྲེགས་པའི་སྤ་བཀོངས་སྡིག་སྦྱོང་དུ། །ངོ་མཚར་སྤྲུལ་པའི་མཆོད་རྟེན་རིགས་ལྔར་སྣང་། །ལུགས་ཟུང་མི་འགྱུར་ཆོས་འཁོར་བསམ་ཡས་བཞེངས། །ལོ་པཎ་ལུང་བསྟན་མདོ་སྔགས་འཆད་ཉན་གྱི། །ལེགས་པར་བསྒྱུར་ཞིང་གཏན་ལ་འབེབས་པ་ཡི། །ཐུབ་དབང་ཉི་མའི་སྣང་བ་དུས་དེར་འཆར། །ཁྱད་པར་ཟབ་མོ་སྔགས་རྒྱུད་རྒྱ་མཚོ་དང་། །དེ་ཡི་སྙིང་པོའི་བཅུད་ནི་དམར་འབྱིན་གྱིས། །རྗེ་འབངས་རྣམས་ལ་མནོག་ཆོས་གདམས་ཤིང་བསྒྲུབས། །གྲུབ་བརྙེས་ཨོ་རྒྱན་མཁའ་འགྲོའི་གླིང་དང་མཚུངས། །དུས་ཀྱི་མཐའ་མའི་བོད་ཁམས་འགྲོ་སྐྱོབས་སླད། །རི་བྲག་གངས་མཚོ་འོག་མིན་ཞིང་དུ་བསྒྱུར། །རྟེན་ཆོས་དམ་རྫས་གཏེར་ཁ་དཔག་མེད་སྦས། །རིག་འཛིན་སྤྲུལ་པའི་སྐུ་རྣམས་ལུང་དུ་བསྟན། །ཞལ་གདམས་གསེར་གྱི་ཡང་ཞུན་མང་གནང་ནས། །འཛམ་གླིང་འགྲོ་སྐྱོབ་རྔ་ཡབ་གླིང་གཤེགས་ཀྱི། །ལམ་དུ་འགྲོ་ལྡིང་ཡུལ་གྱི་ཕྲ་མེན་བཏུལ། །རྡོ་རྗེ་ཐེག་པའི་བསྟན་པ་གསལ་བར་མཛད། །དེ་ནས་རྔ་ཡབ་དཔལ་རི་སྤྲུལ་པའི་ཞིང་། །རང་སྣང་བཀོད་པའི་རྒྱན་མཆོག་ཚད་མེད་པའི། །སྐུ་གསུམ་ཞིང་ཁམས་ཆེན་པོ་དེ་ཉིད་ན། །སྟོན་འཁོར་ཆོས་ཀྱི་ལོངས་སྤྱོད་བསམ་མི་ཁྱབ། །ཤ་ཟ་ཁྲག་འཐུང་ལྤགས་རློན་གྱོན་པ་ཡི། །འཇིགས་རུང་སྲིན་པོར་སྤྲུལ་པ་མཐའ་ཡས་པས། །འདུལ་ཏེ་ཕན་བདེའི་ས་བོན་བསྐྲུན་པ་ཡི། །སྣང་སྲིད་ཟིལ་གནོན་པདྨ་རྒྱལ་པོ་དེ། །བཞུགས་པ་རྔ་ཡབ་པདྨ་འོད་བཞུགས་ཀྱང་། །ཐུགས་རྗེས་འཇུག་པས་བོད་ལ་ལྷག་པར་དགོངས། །ནང་རེ་དགོང་རེ་ཉི་ཟེར་མདངས་ལ་ཆིབས། །ཚེས་བཅུར་དངོས་སུ་བྱོན་ནས་བྱིན་གྱིས་རློབས། །ཉི་དང་ཟེར་བཞིན་རྣམ་རོལ་མཐའ་ཡས་པས། །སངས་རྒྱས་བསྟན་པ་རིན་ཆེན་སྤེལ་བ་དང་། །ཟབ་མོའི་གཏེར་འབྱེད་འགྲོ་རྣམས་སྨིན་གྲོལ་གྱི། །ལམ་ལ་བཀོད་པའི་ཕྲིན་ལས་ཕ་མཐའ་ཡས། །དེ་ལྟར་བཀའ་དྲིན་མཚུངས་མེད་གུ་རུ་རྗེའི། །རྣམ་ཐར་ཡང་ཡང་དྲན་པའི་གདུང་ཤུགས་ཀྱིས། །ཉིན་མཚན་ཀུན་ཏུ་ཁྱོད་ཉིད་དྲན་པ་ཡི། །དད་པའི་ཤུགས་ཀྱིས་ཕྱག་འཚལ་གསོལ་བ་འདེབས། །ལུས་དང་ལོངས་སྤྱོད་དགེ་ཚོགས་མཆོད་སྤྲིན་འབུལ། །ཐོག་མེད་ནས་བསག་སྡིག་ལྟུང་འགྱོད་པས་བཤགས། །བདག་གཞན་དགེ་བ་ཀུན་ལ་རྗེས་ཡི་རང་། །ཟབ་དང་རྒྱ་ཆེའི་ཆོས་འཁོར་བསྐོར་བར་བསྐུལ། །གང་དག་མྱ་ངན་མི་འདའ་རྟག་པར་བཞུགས། །དུས་གསུམ་བསགས་པའི་དགེ་ཚོགས་འགྲོ་ལ་བསྔོ། །གུ་རུ་རྗེ་དང་རྣམ་དབྱེར་མེད་པ་ཡི། །གོ་འཕང་དམ་པ་མྱུར་དུ་འགྲུབ་པར་ཤོག །བདག་ནི་སྐྱེ་དང་ཚེ་རབ་ཐམས་ཅད་དུ། །མ་ཧཱ་གུ་རུ་པད་འབྱུང་ཡབ་ཡུམ་ནི། །སྤྱི་བོའི་རྒྱན་དང་སྙིང་ཀར་གུས་མཆོད་པས། །གསང་གསུམ་ཡོན་ཏན་ཕྲིན་ལས་བྱིན་རླབས་ཞུགས། །གང་འདུལ་ཕྲིན་ལས་རྣམ་བཞིའི་རོལ་མོ་ཡིས། །ས་གསུམ་འགྲོ་བ་མ་ལུས་འདུལ་བ་དང་། །ཁྱད་པར་བསྟན་འགྲོའི་བདེ་སྐྱིད་འཇོམས་བྱེད་པའི། །ལྷ་མིན་ཀླ་ཀློ་ཐམས་ཅད་མཐར་བྱེད་ཤོག །ཨོ་རྒྱན་རྡོ་རྗེ་འཆང་གི་དགོངས་པ་རྣམས། །མ་ལུས་བདག་གི་ཡོངས་སུ་བསྐོང་བ་དང་། །ངེས་གསང་རིག་པའི་རྩལ་ཁ་ཕྱོགས་མེད་རྒྱས། །སྣང་སེམས་དབྱེར་མེད་རོ་ཅིག་འགྱུར་བར་ཤོག །ཟབ་དང་རྒྱ་ཆེའི་ཆོས་རྟེན་གཏེར་གྱི་མཛོད། །ལག་པའི་མཐིལ་དུ་འབད་མེད་སོན་པ་དང་། །ཕྱི་ནང་རྟེན་འབྲེལ་འབད་མེད་ལྷུན་གྱིས་གྲུབ། །མཆོག་ཐུན་དངོས་གྲུབ་འབྲས་བཟང་ལ་སྤྱོད་ཤོག །དུས་མིན་འཆི་བའི་དགྲ་ལས་རྣམ་རྒྱལ་ཞིང་། །འཆི་མེད་རྡོ་རྗེའི་ལང་ཚོ་གྲུབ་པ་དང་། །རྟག་བརྟན་གཞོམ་བྲལ་རྡོ་རྗེའི་ཁྲིར་གནས་ཏེ། །ནམ་མཁའ་མཉམ་པའི་འགྲོ་རྣམས་སྒྲོལ་བར་ཤོག །བསྟན་འཛིན་སྐྱེས་རྣམས་ཞབས་པད་ཡུན་དུ་བསྟན། །བསྟན་པའི་སྦྱིན་བདག་མངའ་ཐང་དར་ཤིང་རྒྱས། །བསྟན་ལ་གནོད་བྱེད་མིང་ཙམ་སྟོངས་གྱུར་ནས། །བསྟན་པ་ཡུན་དུ་གནས་པའི་བཀྲ་ཤིས་ཤོག །ཅེས་ཨོ་རྒྱན་རྡོ་རྗེ་འཆང་ལ་བསྟོད་གསོལ་སྨོན་ལམ་དུ་བྱས་པ་འདི་ཡང་ས་ཕོ་བྱི་བའི་ལོ་རྒྱལ་གྱི་ཟླ་བའི་ཚེས་༡བཟང་པོར་དད་ཅིང་གུས་པས་གསོལ་བ་འདེབས་པོ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀུན་དགའ་ཕྲིན་ལས་རྒྱ་མཚོའི་དད་ཅིང་གུས་པས་སུག་བྲིས་སུ་བགྱིས་པ་འདིས་རང་གཞན་ཐམས་ཅད་བར་ཆད་ཞི་ཤིང་བསམ་སྦྱོར་ཆོས་མཐུན་ཡིད་བཞིན་དུ་འགྲུབ་པ་དང་ཨོ་རྒྱན་རྡོ་རྗེ་འཆང་གི་བྱིན་བརླབས་སྙིང་ལ་སིམ་པའི་རྒྱུར་ངེས་པར་བྱིན་གྱིས་བརླབས་ཏུ་གསོལ། ཤུ་བྷ་མསྟུ་སརྦ་ཛག་ཏཾ། ། །།
[edit]

ma hA gu ru pad+ma 'byung gnas la bstod cing gsol ba 'debs pa bdud las rnam par rgyal ba'i rnga sgra zhes bya ba/__na mo ma hA gu ru pad+ma badz+ra ye/____/phyogs bcu dus bzhi'i rgyal ba sras bcas kyi/____/gsang gsum byin rlabs gong bu gcig tu bsdus/____/khyad par bde ldan mgon po 'od snang gi/__thugs kyi dwangs ma sin+d+hU'i rgya mtshor ltung /____/ngo mtshar pad+ma ge sar sdong po la/____/ya mtshan che ba'i sprul pa'i sku mchog ni/____/mtshan dpe'i dpal 'bar lta bas mi ngoms shing /____/rdo rje thod phreng rtsal du rab tu grags/____/oM rgyan yul dang 'phags yul la sogs pa/____/brtul zhugs spyod pa'i rol gar sna tshogs ston/____/rig 'dzin slob dpon rnams las chos gsan zhing /____/sangs rgyas bstan pa'i rgyal tshab chen por bzhugs/____/de tshe mu stegs ngan pa'i glang po rnams/____/lung rigs gan+Di'i klad pa rab 'gem zhing /____/rdzu 'phrul ji snyed mog por byed pa dang /____/rab 'bar zhugs kyi klong du rab bsregs nas/____/ming gi lhag mar mdzad pa'i grags snyan ni/____/srid rtse'i bar du rab tu bsgrags pa na/____/lha rnams a la la yi gad rgyang sgrogs/____/byang phyogs gangs kyi rir gnas 'jam dpal dbyangs/____/tshangs pa lha yi me tog zhes grags pa'i/____/thugs bskyed skya rengs dang pos mdun bsus tshe/____/smon lam dam bca' brtan po rjes su dgongs/____/bal bod lha 'dre'i cho 'phrul ji snyed kun/____/bka' rtags rdo rje'i phyag rgya 'bar ba'i mod/____/rang srog snying po kha nas drangs te phul/____/khyod kyi zhabs la 'dar bzhin gus pas btud/____/de nas sprul pa'i rgyal po dang mjal tshe/____/snang srid dbang bsgyur che ba 'don pa na/____/nga rgyal dregs pa'i spa bkongs sdig sbyong du/____/ngo mtshar sprul pa'i mchod rten rigs lngar snang /____/lugs zung mi 'gyur chos 'khor bsam yas bzhengs/____/lo paN lung bstan mdo sngags 'chad nyan gyi/____/legs par bsgyur zhing gtan la 'bebs pa yi/____/thub dbang nyi ma'i snang ba dus der 'char/____/khyad par zab mo sngags rgyud rgya mtsho dang /____/de yi snying po'i bcud ni dmar 'byin gyis/____/rje 'bangs rnams la mnog chos gdams shing bsgrubs/____/grub brnyes o rgyan mkha' 'gro'i gling dang mtshungs/____/dus kyi mtha' ma'i bod khams 'gro skyobs slad/____/ri brag gangs mtsho 'og min zhing du bsgyur/____/rten chos dam rdzas gter kha dpag med sbas/____/rig 'dzin sprul pa'i sku rnams lung du bstan/____/zhal gdams gser gyi yang zhun mang gnang nas/____/'dzam gling 'gro skyob rnga yab gling gshegs kyi/____/lam du 'gro lding yul gyi phra men btul/____/rdo rje theg pa'i bstan pa gsal bar mdzad/____/de nas rnga yab dpal ri sprul pa'i zhing /____/rang snang bkod pa'i rgyan mchog tshad med pa'i/____/sku gsum zhing khams chen po de nyid na/____/ston 'khor chos kyi longs spyod bsam mi khyab/____/sha za khrag 'thung lpags rlon gyon pa yi/____/'jigs rung srin por sprul pa mtha' yas pas/____/'dul te phan bde'i sa bon bskrun pa yi/____/snang srid zil gnon pad+ma rgyal po de/____/bzhugs pa rnga yab pad+ma 'od bzhugs kyang /____/thugs rjes 'jug pas bod la lhag par dgongs/____/nang re dgong re nyi zer mdangs la chibs/____/tshes bcur dngos su byon nas byin gyis rlobs/____/nyi dang zer bzhin rnam rol mtha' yas pas/____/sangs rgyas bstan pa rin chen spel ba dang /____/zab mo'i gter 'byed 'gro rnams smin grol gyi/____/lam la bkod pa'i phrin las pha mtha' yas/____/de ltar bka' drin mtshungs med gu ru rje'i/____/rnam thar yang yang dran pa'i gdung shugs kyis/____/nyin mtshan kun tu khyod nyid dran pa yi/____/dad pa'i shugs kyis phyag 'tshal gsol ba 'debs/____/lus dang longs spyod dge tshogs mchod sprin 'bul/____/thog med nas bsag sdig ltung 'gyod pas bshags/____/bdag gzhan dge ba kun la rjes yi rang /____/zab dang rgya che'i chos 'khor bskor bar bskul/____/gang dag mya ngan mi 'da' rtag par bzhugs/____/dus gsum bsags pa'i dge tshogs 'gro la bsngo/____/gu ru rje dang rnam dbyer med pa yi/____/go 'phang dam pa myur du 'grub par shog__/bdag ni skye dang tshe rab thams cad du/____/ma hA gu ru pad 'byung yab yum ni/____/spyi bo'i rgyan dang snying kar gus mchod pas/____/gsang gsum yon tan phrin las byin rlabs zhugs/____/gang 'dul phrin las rnam bzhi'i rol mo yis/____/sa gsum 'gro ba ma lus 'dul ba dang /____/khyad par bstan 'gro'i bde skyid 'joms byed pa'i/____/lha min kla klo thams cad mthar byed shog__/o rgyan rdo rje 'chang gi dgongs pa rnams/____/ma lus bdag gi yongs su bskong ba dang /____/nges gsang rig pa'i rtsal kha phyogs med rgyas/____/snang sems dbyer med ro cig 'gyur bar shog__/zab dang rgya che'i chos rten gter gyi mdzod/____/lag pa'i mthil du 'bad med son pa dang /____/phyi nang rten 'brel 'bad med lhun gyis grub/____/mchog thun dngos grub 'bras bzang la spyod shog__/dus min 'chi ba'i dgra las rnam rgyal zhing /____/'chi med rdo rje'i lang tsho grub pa dang /____/rtag brtan gzhom bral rdo rje'i khrir gnas te/____/nam mkha' mnyam pa'i 'gro rnams sgrol bar shog__/bstan 'dzin skyes rnams zhabs pad yun du bstan/____/bstan pa'i sbyin bdag mnga' thang dar shing rgyas/____/bstan la gnod byed ming tsam stongs gyur nas/____/bstan pa yun du gnas pa'i bkra shis shog__/ces o rgyan rdo rje 'chang la bstod gsol smon lam du byas pa 'di yang sa pho byi ba'i lo rgyal gyi zla ba'i tshes 1bzang por dad cing gus pas gsol ba 'debs po 'jam dbyangs chos kyi blo gros kun dga' phrin las rgya mtsho'i dad cing gus pas sug bris su bgyis pa 'dis rang gzhan thams cad bar chad zhi shing bsam sbyor chos mthun yid bzhin du 'grub pa dang o rgyan rdo rje 'chang gi byin brlabs snying la sim pa'i rgyur nges par byin gyis brlabs tu gsol/__shu b+ha mastu sarba dzag taM/__/____//__

Footnotes

Other Information