JKW-KABAB-07-JA-006: Difference between revisions

From Khyentse Lineage - A Tsadra Foundation Project
JKW-KABAB-07-JA-006
No edit summary
m (Text replacement - "|editor=rdzong sar blo gros phun tshogs" to "")
Line 8: Line 8:
|collectiontitletib=མཁྱེན་བརྩེའི་བཀའ་བབས་
|collectiontitletib=མཁྱེན་བརྩེའི་བཀའ་བབས་
|author=mi pham rgya mtsho
|author=mi pham rgya mtsho
|editor=rdzong sar blo gros phun tshogs
 
|authortib=མི་ཕམ་རྒྱ་མཚོ་
|authortib=མི་ཕམ་རྒྱ་མཚོ་
|editortib=རྫོང་སར་བློ་གྲོས་ཕུན་ཚོགས་
|editortib=རྫོང་སར་བློ་གྲོས་ཕུན་ཚོགས་

Revision as of 09:37, 16 November 2021

ཕྱག་རྡོར་དྲེགས་འདུལ་སོགས་ཀྱི་གཏེར་སྲུང་ལྡང་ལྷ་མཆོད་པ།
Wylie title phyag rdor dregs 'dul sogs kyi gter srung ldang lha mchod pa JKW-KABAB-07-JA-006.pdf
Location mkhyen brtse'i bka' babs
Volume 7, Text 6, Pages 357-358 (Folios 1a1 to 1b2)
Author མི་ཕམ་རྒྱ་མཚོ་
Less details More details
Citation Mi pham rgya mtsho. phyag rdor dregs 'dul sogs kyi gter srung ldang lha mchod pa. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 7: 357-358. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Protector Rituals - gsol mchod
Deity phyag na rdo rje
Karchag page JKW-KABAB-Volume-07-JA-Karchag
Colophon

།རྒྱལ་དབང་ལྔ་པའི་གསུང་སོར་བཞག་ལ་བསྣོན་ཅུང་ཟད་བཅས་མི་ཕམ་པས་བྲིས་པ་དགེའོ། །འདིར་བླ་མ་གསང་འདུས་གཏེར་སྲུང་སོགས་གཏེར་གནས་མཐུན་པའི་སྲུང་མ་མང་ཞིག་འདུས་ཤིང༌། ཆོས་སོ་སོའི་གཏེར་སྲུང་གང་ཡིན་གྱི་མིང་བཅུག་པས་ཀྱང་གྲུབ་པར་ཤེས་པར་བྱའོ།།

rgyal dbang lnga pa'i gsung sor bzhag la bsnon cung zad bcas mi pham pas bris pa dge'o/__/'dir bla ma gsang 'dus gter srung sogs gter gnas mthun pa'i srung ma mang zhig 'dus shing/__chos so so'i gter srung gang yin gyi ming bcug pas kyang grub par shes par bya'o

[edit]
།ཕྱག་རྡོར་དྲེགས་འདུལ་སོགས་ཀྱི་གཏེར་སྲུང་ལྡང་ལྷ་མཆོད་པར་འདོད་པས། བཤོས་བུ་དཀར་ཟླུམ་མཐེབ་ཀྱུ་བདུན་གྱིས་བསྐོར་བ་ལ་ཆང་ཕུད་བྲན་ལ་བྱིན་གྱིས་བརླབས། རང་གི་ཐུགས་ཀའི་འོད་ཟེར་གྱིས་གཏེར་སྲུང་ལྡང་ལྷ་འཁོར་བཅས་སྤྱན་དྲངས་ལ་གཏོར་མ་ཕུལ་བས་དགྱེས་པར་བསམ། ཨོཾ་པ་རི་བ་རི་གིངྐ་ར་ཛ་ཛཿ ཨེ་དཾ་བ་ལིངྟ་ཁ་ཧི༔ ཧཱུྃ༔ ལྷ་ཡི་དགེ་བསྙེན་དྲག་རྩལ་ཅན། །སྐུ་ལ་དར་དཀར་རལ་ག་གསོལ། །ཆིབས་སུ་ངང་དཀར་སྒབ་སྔོན་ཆིབས། །གཡས་ན་དར་དཀར་རུ་མཚོན་ཕྱར། །གཡོན་པས་དགྲ་སྙིང་ཞལ་དུ་གསོལ། །བཙན་རྒོད་བྱ་ར་སྟོང་གིས་བསྐོར། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཡིག་རྙིང་ལས་མི་ཕམ་པས་བཏུས་པ་དགེའོ། ༈ །དྲང་སྲོང་ཞི་ཁྲོའི་གཏེར་སྲུང་མཆོད་ཐབས་ལ། དགེ་བསྙེན་ཤེའུ་ལ་ཟླུམ་གཏོར་ཇོ་བོ་སྙོན་ཁ་གཉིས་ལ་ཟླུམ་གཏོར་སྦྲུལ་འཁྱུད་ཅན་གཅིག །ཤེལ་གིང་ལ་གསང་ཕྱི་ཕྱེད་བཤོས་དང་སོ་སོའི་མཐུན་རྫས་རྣམས་བཀོད་ལ་བྱིན་རླབས་བྱ། ཧཱུྃཿ དགེ་བསྙེན་ཤེའུ་ཁ་རི་དང༌། །ཇོ་བོ་ཀླུ་བདུད་མགོ་དགུ་དང༌། །མཁོན་མཐིང་གཏེར་སྲུང་ཤེལ་གིང་དཀར། །སྙོན་ཁ་ནག་པོ་ཏི་པ་ཙ། །གཏེར་སྲུང་ཚོགས་རྣམས་གནས་འདིར་གཤེགས། །ཉེར་སྤྱོད་འདོད་ཡོན་གཏོར་མ་དང༌། །མཐུན་པའི་དམ་རྫས་ཚོགས་ཀྱིས་མཆོད། །ཉམས་ཆགས་འགལ་འཁྲུལ་ཅི་མཆིས་བཤགས། །ཐུགས་དམ་བསྐང་ངོ་དངོས་གྲུབ་སྩོལ། །ཟབ་ཆོས་བསྟན་པ་འཕེལ་བ་དང༌། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བྷུ་མི་པ་ཏི་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོས་བསྔོའོ། །རྒྱལ་དབང་ལྔ་པའི་གསུང་སོར་བཞག་ལ་བསྣོན་ཅུང་ཟད་བཅས་མི་ཕམ་པས་བྲིས་པ་དགེའོ། །འདིར་བླ་མ་གསང་འདུས་གཏེར་སྲུང་སོགས་གཏེར་གནས་མཐུན་པའི་སྲུང་མ་མང་ཞིག་འདུས་ཤིང༌། ཆོས་སོ་སོའི་གཏེར་སྲུང་གང་ཡིན་གྱི་མིང་བཅུག་པས་ཀྱང་གྲུབ་པར་ཤེས་པར་བྱའོ།།

Footnotes

Other Information