JKW-KABUM-21-ZHA-002-008: Difference between revisions
From Khyentse Lineage - A Tsadra Foundation Project
JKW-KABUM-21-ZHA-002-008
No edit summary |
No edit summary |
||
Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|citation=[['jam dbyangs mkhyen brtse'i dbang po]]. ''''. In '''jam dbyangs mkhyen brtse'i dbang po'i bka' 'bum'', Vol. 21: . Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020. | |fulltitletib=འཕགས་མ་སོ་སོར་འབྲང་མའི་འཁོར་ལོའི་མན་ངག་དོན་ཐམས་ཅད་ཡོངས་སུ་གྲུབ་པ་མཁས་པའི་རྣ་རྒྱན། | ||
|fulltitle='phags ma so sor 'brang ma'i 'khor lo'i man ngag don thams cad yongs su grub pa mkhas pa'i rna rgyan | |||
|citation=[['jam dbyangs mkhyen brtse'i dbang po]]. '''phags ma so sor 'brang ma'i 'khor lo'i man ngag don thams cad yongs su grub pa mkhas pa'i rna rgyan''. In '''jam dbyangs mkhyen brtse'i dbang po'i bka' 'bum'', Vol. 21: 159-170. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020. | |||
|collectiontitletib=མཁྱེན་བརྩེའི་བཀའ་འབུམ་ | |||
|collectiontitle=mkhyen brtse'i bka' 'bum | |collectiontitle=mkhyen brtse'i bka' 'bum | ||
|author='jam dbyangs mkhyen brtse'i dbang po | |author='jam dbyangs mkhyen brtse'i dbang po | ||
|authortib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | |||
|editor=rdzong sar blo gros phun tshogs | |editor=rdzong sar blo gros phun tshogs | ||
|editortib=རྫོང་སར་བློ་གྲོས་ཕུན་ཚོགས་ | |editortib=རྫོང་སར་བློ་གྲོས་ཕུན་ཚོགས་ | ||
|tibgenre=Explanation of Maṇḍalas - maN+Dal bshad pa | |||
|terma=No | |terma=No | ||
|sabcadcategory=Eight | |sabcadcategory=Eight | ||
|deity='phags ma so sor 'brang ma | |||
|language=Tibetan | |language=Tibetan | ||
|volumenumber=021 | |volumenumber=021 | ||
Line 18: | Line 22: | ||
|textnuminvol=002 | |textnuminvol=002 | ||
|textsubnumber=008 | |textsubnumber=008 | ||
|pagenumbers=159-170 | |||
|totalpages=12 | |||
|beginfolioline=21a5 | |||
|endfolioline=26b4 | |||
|totalfolios=6 | |||
|multivolumework=No | |multivolumework=No | ||
|rectonotes=sde tshan 2 | |rectonotes=sde tshan 2 | ||
Line 26: | Line 35: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP| | {{TibP|འཕགས་མ་སོ་སོར་འབྲང་མའི་འཁོར་ལོའི་མན་ངག་དོན་ཐམས་ཅད་ཡོངས་སུ་གྲུབ་པ་མཁས་པའི་རྣ་རྒྱན་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་ར་བེ། བྱ་རྒྱུད་དེ་བཞིན་གཤེགས་པའི་རིགས་ཀྱི་ཡུམ་འཕགས་མ་རིག་པའི་རྒྱལ་མོ་ལྔ་ལས། གསུམ་པ་རིག་པའི་རྒྱལ་མོ་སོ་སོར་འབྲང་མ་ཆེན་མོའི་གཟུངས་ནི། སྟོན་པ་རྡོ་རྗེ་ལྷུན་པོ་ཆེན་པོའི་ཟོམ་ཁང་བརྩེགས་རྡོ་རྗེ་ཆེན་པོའི་ས་གཞིར་རྡོ་རྗེའི་སེང་ཁྲི་ལ་བཞུགས་ཏེ་འཁོར་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་སེམས་དང་། ཉན་ཐོས་དང་། འཇིག་རྟེན་པའི་འཁོར་དཔག་ཏུ་མེད་པ་དང་ཐབས་གཅིག་ཏུ་བཞུགས་པ་ན་སྨིན་མཚམས་ནས་འོད་བཀྱེ་སྟེ། ཞིང་ཐམས་ཅད་སྣང་བར་བྱས་ནས་འཁོར་ལ་རིག་སྔགས་ཀྱི་ཕན་ཡོན་གསུངས་ཏེ་རིག་སྔགས་རྒྱས་པར་བཀའ་སྩལ་ཏེ། དེ་ནས་རིག་སྔགས་ཀྱི་ཕན་ཡོན་སྒྲ་གཅན་ཟིན་བཟང་པོས་རིག་པ་འདི་ཡིད་ལ་བྱས་པས་མེས་མ་ཚུགས་པ་དང་། ཚོང་དཔོན་མཛོད་སྟོབས་ཅན་གྱི་བུ་ཀླུ་འཇོག་པོའི་དུག་གིས་ཟིན་པ་དགེ་བསྙེན་དྲི་མ་མེད་པར་གྲགས་པས་རིག་པ་འདི་བརྗོད་པས་ཉེ་བར་ཞི་བ་དང་། རྒྱལ་པོ་ཚངས་པས་བྱིན་གྱིས་རིག་པའི་རྒྱལ་མོ་འདི་སྤྱི་བོར་བཏགས་པས་ཕ་རོལ་གྱི་དམག་ཚོགས་ལས་རྒྱལ་བ་དང་། དགེ་སློང་བསླབ་པ་དྲལ་ཞིང་མི་དགེ་བ་མང་དུ་སྤྱད་པ་དགེ་བསྙེན་ཞིག་གིས་རིག་པའི་རྒྱལ་མོ་འདི་བྲིས་ཏེ་དེའི་མདུན་དུ་བཏགས་པས། ནད་ལས་གྲོལ་ཞིང་མནར་མེད་པའི་སེམས་ཅན་དམྱལ་བ་ལས་གྲོལ་ཏེ་སུམ་ཅུ་རྩ་གསུམ་པའི་ལྷའི་ནང་དུ་སྐྱེས་པ་དང་། ཚོང་དཔོན་དྲི་མེད་དུང་གིས་རྒྱ་མཚན་རྩེ་མོར་བཏགས་པས། རྒྱ་མཚོ་འཁྲུགས་པའི་འཇིགས་པ་ལས་ཐར་བ་དང་། རྒྱལ་པོ་ལག་བརྐྱང་གིས་བཙུན་མོ་དམ་པའི་མགུལ་དུ་བཏགས་པས་བུ་མེད་པའི་སྡུག་བསྔལ་ལས་གྲོལ་བ་དང་། ལྷའི་དབང་པོ་བརྒྱ་བྱིན་གྱིས་སྤྱི་བོར་བཏགས་པས་ལྷ་མ་ཡིན་གྱི་ཕྱོགས་ལས་རྣམ་པར་རྒྱལ་བའི་གཏམ་རྒྱུད་ངོ་མཚར་བ་བཅས་གསུངས་ནས། སྙིང་པོ། ཉེ་སྙིང་། རབ་ཏུ་གསང་བའི་སྙིང་པོ་ཕན་ཡོན་དང་བཅས་པ་གསུངས་ཏེ། འདིས་སྟོན་པ་རྒྱ་ཆེར་རབ་ཏུ་བཞད་པའི་ཞལ་གྱིས་ཡིད་ཀྱིས་ལན་བདུན་བརྗོད་པས་བདུད་ཐམས་ཅད་བཅོམ་པ་དང་། རྒྱལ་པོ་ཚངས་པས་བྱིན་གྱིས་ཆད་པས་བཅད་པའི་འཕགས་རྒྱལ་བའི་མི་ཞིག་གིས་ཡིད་ལ་དྲན་པས་གཤེད་མ་དང་། གནོད་སྦྱིན་དང་། ཆུའི་འཇིགས་པས་མ་ཚུགས་ཤིང་རྒྱལ་པོའི་ཆད་པ་ལས་གྲོལ་བའི་གཏམ་རྒྱུད་གསུངས་ནས་འཁོར་ལོ་བྲི་བའི་ཆོ་ག་ཕན་ཡོན་དང་བཅས་པ་དང་། བསྲུང་བའི་ཆོ་ག་རིག་སྔགས་ཕན་ཡོན་དང་བཅས་པ་དང་། ནད་གསོ་བའི་ཆོ་ག་ཕན་ཡོན་དང་བཅས་པ་གསུངས་སོ། །དེ་ལྟར་རིག་སྔགས་སྡེ་ཚན་གསུམ་གྱི་དང་པོའི་སྐབས། བྲམ་ཟེ་ཆེན་པོ་གང་ལ་ལ་ཞིག་རིག་པའི་རྒྱལ་མོ་སོ་སོར་འབྲང་མ་ཆེན་མོ་འདི་ཆོ་ག་བཞིན་དུ་བྲིས་ཏེ་ལག་པའམ། མགུལ་དུ་བཏགས་ན་དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པར་རིག་པར་བྱའོ། །དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུར་རིག་པར་བྱའོ། །རྡོ་རྗེའི་ལུས་ཡིན་པར་རིག་པར་བྱའོ། །དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིང་བསྲེལ་གྱི་སྙིང་པོ་ཅན་ཡིན་པར་རིག་པར་བྱའོ། །དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱན་ཡིན་པར་རིག་པར་བྱའོ། །དེ་རྡོ་རྗེ་ཆེན་པོའི་ལུས་སུ་རིག་པར་བྱའོ། །དེ་འབར་བ་འོད་འཕྲོ་པའི་ལུས་དང་ལྡན་པར་རིག་པར་བྱའོ། །དེ་མི་ཤིག་པའི་ཆོ་ག་ཅན་དུ་རིག་པར་བྱའོ། །དེ་དགྲ་ཐམས་ཅད་རབ་ཏུ་འཇོམས་པར་རིག་པར་བྱའོ། །དེ་སྒྲིབ་པ་དང་སྡིག་པ་ཐམས་ཅད་འཇོམ་པར་རིག་པར་བྱའོ། །དེ་སེམས་ཅན་དམྱལ་བའི་འགྲོ་བ་རྣམས་སྦྱོང་བར་རིག་པར་བྱའོ། །ཞེས་མཚམས་སྦྱར་ཏེ་དགེ་སློང་ངན་འགྲོ་ལས་གྲོལ་བའི་ཚུལ་རྒྱས་པར་གསུངས་པའི་འཇུག་ཏུ། དེ་ཚེ་དེར་ནི་དེ་དག་གིས། །རྒྱལ་པོའི་ཕོ་བྲང་ཉེ་བ་ན། །སྒང་བུ་དེ་ཡི་འཁོར་ཡུག་ན། །འབར་བ་གཅིག་གིས་གང་བར་མཐོང་། །མི་རོ་ཞིག་གི་མགུལ་བ་ན། །སོ་སོར་འབྲང་བ་བཏགས་པའང་མཐོང་། །ལྷ་དང་ཀླུ་དང་དྲི་ཟ་དང་། །གནོད་སྦྱིན་སྲིན་པོ་མིའམ་ཅིས། །ཀུན་ནས་འཁོར་བར་བསྐོར་ནས་ནི། །བླ་ན་མེད་པའི་མཆོད་པ་བྱེད། །དེ་ལ་གནོད་སྦྱིན་དེ་དག་གིས། །སོ་སོར་འབྲང་བའི་སྒང་ཞེས་བཏགས། །ཞེས་གསུངས། དེའང་དགེ་སློང་སྡིག་པ་སྣ་ཚོགས་བྱེད་པ་དེ་འཆི་ནད་ཚབས་ཆེན་པོས་བཏབ་པ་ན། དགེ་བསྙེན་ཞིག་གིས་སོ་སོར་འབྲང་མ་འདི་བྲིས་ཏེ་མགུལ་དུ་བཏགས་པས་ནད་འཕྲལ་དུ་ཞི། དྲན་པ་ཤིན་ཏུ་ཉེ་བར་བཞག་སྟེ། འཆི་བའི་དུས་བྱས་པ་ན་དེ་མ་ཐག་ཏུ་སྡིག་པའི་མཐུས་མནར་མེད་པའི་དམྱལ་བར་སྐྱེས། རོ་དེ་སྒང་བུ་ཞིག་ལ་བཞག་ནས་སོ་སོར་འབྲང་མའང་མགུལ་དུ་བཏགས་བཞིན་པའི་བྱིན་རླབས་ཀྱིས། མནར་མེད་ཀྱི་མེ་རང་ཞི་ནས། སེམས་ཅན་དམྱལ་བ་ཀུན་ཀྱང་བདེ་བ་དང་ལྡན་པར་གྱུར། དེ་གཤིན་རྗེའི་མི་རྣམས་ཀྱིས་ཆོས་ཀྱི་རྒྱལ་པོ་ལ་བརྗོད་པས། གཤིན་རྗེའི་རྒྱལ་པོས་སོ་སོར་འབྲང་བ་བཏགས་པའི་མཐུ་ཡིན་པའི་ཚུལ་རྒྱས་པར་བསྙད་ཅིང་། གང་གིས་ཚིག་རྣམས་ཡོངས་དྲན་པས། །དེ་ནི་ངན་འགྲོར་འགྲོ་མི་འགྱུར། །སོ་སོར་འབྲང་བ་བསྒོམ་པ་ཡི། །ཤེས་རབ་ཅན་དེ་བདེ་འགྲོར་འགྲོ། །སེམས་ཅན་དམྱལ་བའི་སྲུང་མ་ཁྱེད། །རབ་ཏུ་རྒྱལ་དང་ལྡན་པར་དང་། །དེར་ནི་སྒང་བུ་མཐོན་པོ་ན། །ལྷ་རྣམས་ཀྱིས་ནི་བསྐོར་བ་ལྟོས། །སོགས་བསྐུལ་པས་དེ་རྣམས་སོང་བ་ན་གོང་དུ་སྨོས་པ་བཞིན་མཐོང་བས་ངོ་མཚར་ཞིང་། དགེ་སློང་དེ་སུམ་ཅུ་རྩ་གསུམ་པའི་ལྷར་སྐྱེས་ཚུལ་ཤིན་ཏུ་རྒྱས་པར་གསུངས་སོ། །ཡང་། རྒྱལ་པོ་ཚངས་པས་བྱིན་གྱི་ལོ་རྒྱུས་སྐབས། རྒྱལ་པོ་ཚངས་པས་བྱིན་སྤོས་ཆུ་སྣ་ཚོགས་ཀྱིས་མགོ་བཀྲུས་ཏེ། གོས་གཙང་མ་བགོས་ནས་རིག་པའི་རྒྱལ་མོ་འདི་ཆོ་ག་བཞིན་དུ་བྲིས་ཏེ། མགོའི་གཙུག་གི་སྐྲའི་ནང་དུ་བཞག་སྟེ་རིག་པའི་རྒྱལ་མོ་འདི་ཉིད་ཀྱི་གོ་ཆ་བྱས་ཏེ་གཡུལ་གྱི་ནང་དུ་ཞུགས་པ་དང་། ཞེས་སོགས་ཀྱིས་གཡུལ་ལས་རྒྱལ་བའི་ཚུལ་དང་། ཚོང་དཔོན་དྲི་མེད་དུང་གི་ལོ་རྒྱུས་ལས་འཕྲོས་ནས། འདི་ཉིད་རྒྱལ་མཚན་གྱི་རྩེ་མོར་བཏགས་ན། རླུང་དང་། གྲང་བ་དང་། དུས་མ་ཡིན་པའི་སྤྲིན་དང་། གློག་དང་། ལྕེ་འབབས་པ་ཐམས་ཅད་ཞི་བ་དང་། འཐབ་རྩོད་ཐམས་ཅད་ལས་ཐར་བ་དང་། ལོ་ཏོག་ལ་འཚེ་བའི་སྲོག་ཆགས་ཐམས་ཅད་ཞི་བ་དང་། གཅན་གཟན་སོགས་ཀྱི་འཇིགས་པ་དང་བྲལ་བ་དང་། མེ་ཏོག་དང་། ལོ་མ་དང་། སྨན་དང་། འབྲས་བུ་རྣམ་པར་འཕེལ་བ་དང་། ཆར་ཆུ་དུས་སུ་འབེབས་པ་སོགས་ཡོན་ཏན་མཐའ་ཡས་པར་གསུངས་ཤིང་། ཡང་འདི་སྐད་དུ། ཡུལ་གང་ན་རིག་པའི་རྒྱལ་མོ་སོ་སོར་འབྲང་མ་ཆེན་མོ་ཞེས་བྱ་བ་འདི་སྤྱོད་པའི་ཡུལ་དེར་སེམས་ཅན་དེ་དག་གིས་ཤེས་པར་བྱ་སྟེ། སྤོས་སྣ་ཚོགས་དང་། བདུག་པ་སྣ་ཚོགས་དང་། མེ་ཏོག་སྣ་ཚོགས་ཀྱིས་མཆོད་ཅིང་བསྟི་སྟང་བྱས་ལ། ཚོན་སྣ་ཚོགས་ཀྱིས་དཀྲིས་ཏེ་རྒྱལ་མཚན་གྱི་རྩེ་མོར་བཏགས་ནས་གླུ་དབྱངས་དང་། རོལ་མོ་སིལ་སྙན་བྱས་ཏེ། བསྐོར་བ་བྱས་ན་ལྷ་རྣམས་དང་། བརྒྱ་བྱིན་དང་། ཚངས་པ་ལ་སོགས་པའི་སེམས་ཅན་ཆེན་པོ་དེ་དག་གིས་བསམ་པ་ཇི་ལྟ་བ་བཞིན་དུ་རེ་བ་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་རོ། །ཞེས་དང་། བུ་ཕོ་འདོད་ནའང་ཁྱེའུར་འགྲུབ། །མངལ་ན་འཛིན་པ་དམ་པར་འགྱུར། །མངལ་ན་བདེ་བར་སྐྱེ་བ་དང་། །མངལ་ནས་བདེ་བར་བཙས་པར་འགྱུར། །མངལ་ན་དུས་བཞིན་སྐྱེ་བ་དང་། །དུས་བཞིན་རབ་ཏུ་བཙས་པར་འགྱུར། །ཅེས་པས་མཚམས་སྦྱར་ཏེ་རྒྱལ་པོ་ལག་བརྐྱང་གི་ལོ་རྒྱུས་དང་། རྒྱུ་སྐར་གྱི་རྒྱལ་པོ་རྒྱལ་གྱི་ཉིན་པར་བཙུན་མོ་དམ་པ་ལུས་ཤིན་ཏུ་ལེགས་པར་བཀྲུས་ཏེ། སྨྱུང་བ་བྱས་ནས་རིག་པའི་རྒྱལ་མོ་ཆེན་མོ་སོ་སོར་འབྲང་མ་འདི་ཡང་ཆོ་ག་བཞིན་དུ་བྲིས་ཏེ་བཙུན་མོ་དམ་པ་དེའི་མགུལ་དུ་བཏགས་སོ། །སངས་རྒྱས་ཀྱི་མཆོད་རྟེན་རྣམས་ལའང་མཆོད་པ་ཆེན་པོ་བྱས་སོ། །རིན་པོ་ཆེ་ཁྱད་པར་ཅན་དུ་མ་ཡང་སེམས་ཅན་རྣམས་ལ་སྦྱིན་པ་བྱིན་ནོ། །ཞེས་འབྱུང་ངོ་། །རིག་སྔགས་སྡེ་ཚན་གཉིས་པའི་མཇུག་ཏུ་དེ་ལྟར་ན་རིག་པའི་རྒྱལ་མོ་ཆེན་མོ་འདི་ཡོངས་སུ་ཤེས་ཏེ། གང་དུ་ཡང་ཐོགས་པ་མེད་དོ། །དེ་ལྟ་བས་ན་གདོན་མི་ཟ་བར་རྟག་ཏུ་ལུས་ལ་གདགས་ཤིང་བཅང་བར་བྱའོ། །བྲམ་ཟེ་ཆེན་པོ་སྐར་མ་བཟང་པོ་ལ་ཆོ་ག་ལེགས་པར་བྱས་ཏེ། རིག་པའི་རྒྱལ་མོ་འདི་བྲི་བར་བྱའོ། །དེ་ནས་བྲམ་ཟེ་ཆེན་པོ་དེ་ཡིད་རབ་ཏུ་དགའ་ནས་བཅོམ་ལྡན་འདས་ལ་ཡན་ལག་ལྔས་ཕྱག་འཚལ་ཏེ་ཞུས་པ། བཙུན་པ་བཅོམ་ལྡན་འདས་རིག་པའི་རྒྱལ་མོ་ཆེན་མོ་འདིའི་ཆོ་ག་ཇི་ལྟར་བགྱིས་ཏེ་བྲི་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྲམ་ཟེ་ཆེན་པོ་ཁྱོད་ཉོན་ཅིག །སེམས་ཅན་ཀུན་ལ་སྙིང་བརྩེའི་ཕྱིར། །ངས་ནི་ཁྱོད་ལ་བཤད་པར་བྱ། །གང་གིས་སེམས་ཅན་བདེ་བྱེད་ཅིང་། །ཉམས་ང་བ་ཡི་ལས་ལས་འགྲོལ། །ནད་རྣམས་ལས་ཀྱང་ཐར་བྱ་དང་། །བུད་མེད་སྦྲུམ་མར་འགྱུར་བ་དང་། །སེམས་ཅན་རྣམས་ཀྱི་དབུལ་བ་ཡི། །རྨ་རྣམས་གསོ་བར་བྱ་ཕྱིར་རོ། །ཞེས་དགོས་པ་དང་། བསྙེན་གནས་དག་ལ་གནས་གྱུར་པས། ཞེས་གང་ཟག་དང་། རྒྱུ་སྐར་རྒྱལ་དུ་ཤེས་པ་ལ། ཞེས་དུས་དང་། སངས་རྒྱས་མཆོད་ལ་བརྩོན་བྱས་ཏེ། །བྱང་ཆུབ་ཕྱིར་ནི་སེམས་ཀྱང་བསྐྱེད། །སྙིང་རྗེས་ཀུན་ཏུ་བརྟན་སེམས་དང་། །བྱམས་པ་དང་ཡང་ལྡན་གྱུར་ནས། །རྟག་ཏུ་སེམས་ཅན་ཐམས་ཅད་ལ། །ཕན་པ་བསྐྱེད་པ་བརྩོན་པར་བྱ། །ཞེས་བསམ་པ་དང་། ཙནྡན་དང་ནི་གུར་གུམ་དང་། །གླ་རྩིར་བསྲེས་པའི་ཆུས་བཀྲུས་ཏེ། །བདུག་པ་རྣམས་ཀྱིས་བདུག་པ་ཡི། །གོས་གཙང་རྣམས་ནི་བགོ་བར་བྱ། །ཞེས་སྔོན་དུ་བྱ་བ་དང་། ས་ལ་ལྕི་བ་བསྲེས་པ་ཡིས། དེ་ཡི་འོག་ཏུ་དཀྱིལ་འཁོར་བྱ། ཞེས་སོགས་དཀྱིལ་འཁོར་བྱ་བའི་ཚུལ་རྒྱས་པར་གསུངས་ནའང་། ད་ལྟ་སྒྲུབ་མཆོད་དང་འབྲེལ་པར་བྱས་ན་དེས་ཁྱབ་པར་སྣང་། ཁ་ཟས་དཀར་པོ་ཟོས་ནས་སུ། །ཕན་པར་འདོད་པས་བྲི་བར་བྱ། །ཞེས་ཀུན་སྤྱོད་དང་། དར་རམ་རས་སམ་གྲོ་གའམ། །ཅི་ཡང་རུང་བ་གཞན་ལ་བྲི། །ཞེས་བྲི་གཞི་དང་། བུད་མེད་དག་ལ་བུ་འདོད་ན། །གི་འུ་ཝང་གིས་ལེགས་པར་བྲི། །དབུས་སུ་ཁྱེའུ་ཞིག་བྲིས་ནས། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །དེ་བཞིན་རིན་ཆེན་གང་བའི་སྣོད། །ལག་པ་གཡོན་ན་ཐོགས་པར་བྱ། །པདྨ་རབ་ཏུ་རྒྱས་གྱུར་ཅིག །བརྒྱན་པ་ལ་ནི་དེ་འདུག་བྱ། །ནོར་བུ་དོ་ཤལ་གསེར་དག་དང་། །རིན་ཆེན་སྣ་ཚོགས་རྣམས་ཀྱིས་བརྒྱན། །འདུལ་བར་ཤིན་ཏུ་དཀའ་བ་བྲི། །གྲ་བཞི་དག་ཏུ་རི་བོ་བྲི། །གལ་ཏེ་བདེ་བར་འཚོ་འདོད་ན། །རབ་ཏུ་བསྒྲིམས་ཏེ་དེ་ལྟར་བྲི། །བྱེ་བྲག་ཏུ་ནི་སྐྱེས་པ་རྣམས། །གུར་གུམ་གྱིས་ནི་བྲི་བར་བྱ། །དེ་ཡི་དགོས་པ་འདོད་པ་རྣམས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །པདྨ་གཉིས་སམ་ཡང་ན་གསུམ། །བཞིའམ་ཡང་ན་ལྔ་བྲིས་ཏེ། །པདྨ་ལ་ནི་ཕྱག་རྒྱའི་མཚན། །རྣམ་པ་སྣ་ཚོགས་གཟུགས་སུ་བྲི། །ཞེས་སོགས་ཇི་ལྟར་འབྲི་བའི་ཚུལ་སྤྱི་དང་། དགེ་སློང་ཕྱིར་ནི་རྡོ་རྗེ་འཆང་། །གནོད་སྦྱིན་བསྡིགས་པར་བརྩོན་པ་བྲི། །རྒྱལ་པོ་ཆེན་པོ་བཞི་རྣམས་ཀྱང་། །ངོས་བཞི་རྣམས་སུ་བྲི་བར་བྱ། །ཞེས་སོགས་བྱེ་བྲག་གི་འབྲི་ཚུལ་རྒྱས་པར་གསུངས། འདི་ལ་རྒྱལ་རིགས་ལ་དབང་ཕྱུག །དམངས་རིགས་ལ་རྟག་ཞི་བ་དང་། ཁྱབ་འཇུག །རྗེའུ་རིགས་ཕྱིར་རྣམ་ཐོས་ཀྱི་བུ་དང་། །ལྷའི་དབང་ཕྱུག་དབང་པོ་སོགས་བྲི་བར་གསུངས། ཆོ་ག་བཞིན་དུ་ངེས་བྲིས་ལ། །བློ་གྲོས་ལྡན་པའི་མིས་བསྲེལ་ན། །ཟ་མ་དང་ནི་མ་ནིང་ཡང་། །བུ་ཕོ་རྙེད་པར་འགྱུར་བ་ཡིན། །འདིས་ནི་ཐམས་ཅད་འགྲུབ་པར་བྱེད། །ཤིས་ཤིང་སྡིག་པ་ཞི་བར་བྱེད། །རང་བྱུང་གི་ནི་བཀའ་བཞིན་དུ། །གནས་ཀྱི་དམ་པ་ཐོབ་པར་འགྱུར། །འཇིག་རྟེན་འདི་ན་མཆོག་ཏུ་བདེ། །འཇིག་རྟེན་ཕ་རོལ་ཤིན་ཏུ་བདེ། །སུམ་ཅུ་རྩ་གསུམ་གནས་ལ་སོགས། །ལྷ་གནས་དེའི་གནས་སུ་འགྱུར། །འཛམ་གླིང་བཟང་ཞིང་ཉམས་དགའ་བར། །ཁྱད་པར་ཅན་རིགས་གྲགས་པ་དང་། །རྒྱལ་རིགས་ཁྱད་པར་འཕགས་པ་དང་། །བྲམ་ཟེ་ཁྱད་པར་འཕགས་རྣམས་སུ། །བདག་ཉིད་ཆེན་པོ་དེ་སྐྱེས་ཏེ། །རྟག་ཏུ་རིག་དང་བདེ་བར་འགྱུར། །སོ་སོར་འབྲང་བ་འཆང་བའི་མིས། །བསོད་ནམས་ཐོབ་པ་གང་ཡིན་པ། །སངས་རྒྱས་དག་ནི་ཐམས་ཅད་ཀྱིས། །བསོད་ནམས་ཕུང་པོ་བརྗོད་མི་ནུས། །སེམས་ཅན་དམྱལ་བའི་སྒོ་རྣམས་བཅད། །མཐོ་རིས་སྒོ་རྣམས་རབ་ཏུ་ཕྱེ། །བདེ་བ་ཕུན་སུམ་ཚོགས་པ་དང་། །བློ་གྲོས་ཆེན་པོར་འགྱུར་བ་ཡིན། །སངས་རྒྱས་བྱང་ཆུབ་སེམས་དཔས་ཀྱང་། །རྟག་ཏུ་དབུགས་ནི་འབྱིན་པར་འགྱུར། །ལུས་ཀྱི་བདེ་བ་ཕུན་སུམ་ཚོགས། །སྟོབས་ཀྱང་ཆེ་བར་འགྱུར་པ་ཡིན། །རྒྱལ་བས་ཇི་སྐད་གསུངས་པ་ལྟར། །འཁོར་ལོས་སྒྱུར་བར་འགྱུར་བ་ཡིན། །མི་དང་ལྷ་རྣམས་དབུགས་འབྱིན་ཏེ། གནོད་པར་སེམས་པ་སྐྲག་པར་བྱེད། །གང་ཕྱིར་རིག་པ་ལེགས་བཤད་པ། །དེ་ནི་རིང་པོར་མི་ཐོགས་སོ། །དེ་ནི་མཚོན་གྱིས་མི་ཚུགས་ཏེ། །དུག་དང་མེས་ཀྱང་ཚུགས་མི་འགྱུར། །དུས་མིན་འཆི་བའི་སྡིག་པ་ཡང་། །དེ་ལས་ཐག་ནི་རིང་དུ་འགྲོ། །རྣམ་པ་ཀུན་ཏུ་ཉན་པའམ། །མཐོང་བ་དང་ནི་རིག་པའང་རུང་། །འབྱུང་པོ་གདོན་དང་རྩོད་པ་དང་། །ཆུ་དང་མེ་ཡིས་འཇིགས་པ་དང་། །གཅན་གཟན་སྦྲུལ་དང་སེངྒེ་དང་། །ཀླུ་དང་ནད་ནི་མི་བཟད་རྣམས། །གང་ལ་རིག་པ་ལེགས་བཤད་པ། །དེ་ལ་དེ་དག་ཀུན་མི་འབྱུང་། །དེ་དག་སེམས་ཅན་ཀུན་མཆོག་འགྱུར། །བདུད་རྣམས་ཀུན་གྱིས་ཐམས་ཅད་དུ། །མཆོད་པར་འགྱུར་བའི་འོས་ཡིན་ཏེ། །ཡང་དག་བཤད་ཀྱིས་མཉན་པར་བྱོས། །ཞེས་ཕན་ཡོན་རྒྱ་ཆེར་བསྔགས་སོ། །རིག་སྔགས་སྡེ་ཚན་གསུམ་པ་རྫོགས་པའི་མཇུག་ཏུ། ནད་པ་རྣམས་ནི་གསོ་བྱ་བ། །ད་ནི་རབ་ཏུ་བཤད་པར་བྱ། །ཞེས་མཚམས་སྦྱར་ནས། ས་དང་ལྕི་བ་བསྲེས་པ་ཡིས། །དཀྱིལ་འཁོར་གྲུ་བཞི་རྣམ་པ་བྱ། །སོགས་དཀྱིལ་འཁོར་བྱ་བའི་ཚུལ་དང་། །དེ་ཡི་འོག་ཏུ་ནད་པ་ཡང་། །དྲི་ཞིམ་སྤོས་ཀྱིས་ལུས་བསྐུས་ཏེ། །གཙང་མའི་གོས་རྣམས་བཀོན་ནས་ནི། །དཀྱིལ་འཁོར་དབུས་སུ་བཞག་པར་བྱ། །དེ་ནས་ཤར་ཕྱོགས་ཁ་བསྟན་ཏེ། །རིག་པ་འདི་ནི་བརྗོད་པར་བྱ། །ལན་བདུན་བཟླས་བརྗོད་བྱས་ནས་སུ། །མཁས་པས་དེ་ལ་བསྲུང་བར་བྱ། །དེ་ནས་ནད་པའི་དོན་གྱི་ཕྱིར། །ལན་གྲངས་ཉི་ཤུ་རྩ་གཅིག་ཏུ། །རིག་པ་འདི་ནི་བརྗོད་བྱས་ན། །དེས་ནི་ནད་ཀུན་ཞི་བར་འགྱུར། །ཞེས་ནད་པ་གསོ་བའི་ཆོ་གའི་དངོས་གཞི་དང་། འཇུག་ཏུ་གཏོར་མ་ལྷོ། ནུབ། བྱང་། འོག །སྟེང་རྣམས་སུ་བཏང་བར་གསུངས་སོ། ། ༈ }} | ||
འཕགས་མ་སོ་སོར་འབྲང་མའི་འཁོར་ལོའི་མན་ངག་དོན་ཐམས་ཅད་ཡོངས་སུ་གྲུབ་པ་མཁས་པའི་རྣ་རྒྱན་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་ར་བེ། བྱ་རྒྱུད་དེ་བཞིན་གཤེགས་པའི་རིགས་ཀྱི་ཡུམ་འཕགས་མ་རིག་པའི་རྒྱལ་མོ་ལྔ་ལས། གསུམ་པ་རིག་པའི་རྒྱལ་མོ་སོ་སོར་འབྲང་མ་ཆེན་མོའི་གཟུངས་ནི། སྟོན་པ་རྡོ་རྗེ་ལྷུན་པོ་ཆེན་པོའི་ཟོམ་ཁང་བརྩེགས་རྡོ་རྗེ་ཆེན་པོའི་ས་གཞིར་རྡོ་རྗེའི་སེང་ཁྲི་ལ་བཞུགས་ཏེ་འཁོར་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་སེམས་དང་། ཉན་ཐོས་དང་། འཇིག་རྟེན་པའི་འཁོར་དཔག་ཏུ་མེད་པ་དང་ཐབས་གཅིག་ཏུ་བཞུགས་པ་ན་སྨིན་མཚམས་ནས་འོད་བཀྱེ་སྟེ། ཞིང་ཐམས་ཅད་སྣང་བར་བྱས་ནས་འཁོར་ལ་རིག་སྔགས་ཀྱི་ཕན་ཡོན་གསུངས་ཏེ་རིག་སྔགས་རྒྱས་པར་བཀའ་སྩལ་ཏེ། དེ་ནས་རིག་སྔགས་ཀྱི་ཕན་ཡོན་སྒྲ་གཅན་ཟིན་བཟང་པོས་རིག་པ་འདི་ཡིད་ལ་བྱས་པས་མེས་མ་ཚུགས་པ་དང་། ཚོང་དཔོན་མཛོད་སྟོབས་ཅན་གྱི་བུ་ཀླུ་འཇོག་པོའི་དུག་གིས་ཟིན་པ་དགེ་བསྙེན་དྲི་མ་མེད་པར་གྲགས་པས་རིག་པ་འདི་བརྗོད་པས་ཉེ་བར་ཞི་བ་དང་། རྒྱལ་པོ་ཚངས་པས་བྱིན་གྱིས་རིག་པའི་རྒྱལ་མོ་འདི་སྤྱི་བོར་བཏགས་པས་ཕ་རོལ་གྱི་དམག་ཚོགས་ལས་རྒྱལ་བ་དང་། དགེ་སློང་བསླབ་པ་དྲལ་ཞིང་མི་དགེ་བ་མང་དུ་སྤྱད་པ་དགེ་བསྙེན་ཞིག་གིས་རིག་པའི་རྒྱལ་མོ་འདི་བྲིས་ཏེ་དེའི་མདུན་དུ་བཏགས་པས། ནད་ལས་གྲོལ་ཞིང་མནར་མེད་པའི་སེམས་ཅན་དམྱལ་བ་ལས་གྲོལ་ཏེ་སུམ་ཅུ་རྩ་གསུམ་པའི་ལྷའི་ནང་དུ་སྐྱེས་པ་དང་། ཚོང་དཔོན་དྲི་མེད་དུང་གིས་རྒྱ་མཚན་རྩེ་མོར་བཏགས་པས། རྒྱ་མཚོ་འཁྲུགས་པའི་འཇིགས་པ་ལས་ཐར་བ་དང་། རྒྱལ་པོ་ལག་བརྐྱང་གིས་བཙུན་མོ་དམ་པའི་མགུལ་དུ་བཏགས་པས་བུ་མེད་པའི་སྡུག་བསྔལ་ལས་གྲོལ་བ་དང་། ལྷའི་དབང་པོ་བརྒྱ་བྱིན་གྱིས་སྤྱི་བོར་བཏགས་པས་ལྷ་མ་ཡིན་གྱི་ཕྱོགས་ལས་རྣམ་པར་རྒྱལ་བའི་གཏམ་རྒྱུད་ངོ་མཚར་བ་བཅས་གསུངས་ནས། སྙིང་པོ། ཉེ་སྙིང་། རབ་ཏུ་གསང་བའི་སྙིང་པོ་ཕན་ཡོན་དང་བཅས་པ་གསུངས་ཏེ། འདིས་སྟོན་པ་རྒྱ་ཆེར་རབ་ཏུ་བཞད་པའི་ཞལ་གྱིས་ཡིད་ཀྱིས་ལན་བདུན་བརྗོད་པས་བདུད་ཐམས་ཅད་བཅོམ་པ་དང་། རྒྱལ་པོ་ཚངས་པས་བྱིན་གྱིས་ཆད་པས་བཅད་པའི་འཕགས་རྒྱལ་བའི་མི་ཞིག་གིས་ཡིད་ལ་དྲན་པས་གཤེད་མ་དང་། གནོད་སྦྱིན་དང་། ཆུའི་འཇིགས་པས་མ་ཚུགས་ཤིང་རྒྱལ་པོའི་ཆད་པ་ལས་གྲོལ་བའི་གཏམ་རྒྱུད་གསུངས་ནས་འཁོར་ལོ་བྲི་བའི་ཆོ་ག་ཕན་ཡོན་དང་བཅས་པ་དང་། བསྲུང་བའི་ཆོ་ག་རིག་སྔགས་ཕན་ཡོན་དང་བཅས་པ་དང་། ནད་གསོ་བའི་ཆོ་ག་ཕན་ཡོན་དང་བཅས་པ་གསུངས་སོ། །དེ་ལྟར་རིག་སྔགས་སྡེ་ཚན་གསུམ་གྱི་དང་པོའི་སྐབས། བྲམ་ཟེ་ཆེན་པོ་གང་ལ་ལ་ཞིག་རིག་པའི་རྒྱལ་མོ་སོ་སོར་འབྲང་མ་ཆེན་མོ་འདི་ཆོ་ག་བཞིན་དུ་བྲིས་ཏེ་ལག་པའམ། མགུལ་དུ་བཏགས་ན་དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པར་རིག་པར་བྱའོ། །དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུར་རིག་པར་བྱའོ། །རྡོ་རྗེའི་ལུས་ཡིན་པར་རིག་པར་བྱའོ། །དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིང་བསྲེལ་གྱི་སྙིང་པོ་ཅན་ཡིན་པར་རིག་པར་བྱའོ། །དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱན་ཡིན་པར་རིག་པར་བྱའོ། །དེ་རྡོ་རྗེ་ཆེན་པོའི་ལུས་སུ་རིག་པར་བྱའོ། །དེ་འབར་བ་འོད་འཕྲོ་པའི་ལུས་དང་ལྡན་པར་རིག་པར་བྱའོ། །དེ་མི་ཤིག་པའི་ཆོ་ག་ཅན་དུ་རིག་པར་བྱའོ། །དེ་དགྲ་ཐམས་ཅད་རབ་ཏུ་འཇོམས་པར་རིག་པར་བྱའོ། །དེ་སྒྲིབ་པ་དང་སྡིག་པ་ཐམས་ཅད་འཇོམ་པར་རིག་པར་བྱའོ། །དེ་སེམས་ཅན་དམྱལ་བའི་འགྲོ་བ་རྣམས་སྦྱོང་བར་རིག་པར་བྱའོ། །ཞེས་མཚམས་སྦྱར་ཏེ་དགེ་སློང་ངན་འགྲོ་ལས་གྲོལ་བའི་ཚུལ་རྒྱས་པར་གསུངས་པའི་འཇུག་ཏུ། དེ་ཚེ་དེར་ནི་དེ་དག་གིས། །རྒྱལ་པོའི་ཕོ་བྲང་ཉེ་བ་ན། །སྒང་བུ་དེ་ཡི་འཁོར་ཡུག་ན། །འབར་བ་གཅིག་གིས་གང་བར་མཐོང་། །མི་རོ་ཞིག་གི་མགུལ་བ་ན། །སོ་སོར་འབྲང་བ་བཏགས་པའང་མཐོང་། །ལྷ་དང་ཀླུ་དང་དྲི་ཟ་དང་། །གནོད་སྦྱིན་སྲིན་པོ་མིའམ་ཅིས། །ཀུན་ནས་འཁོར་བར་བསྐོར་ནས་ནི། །བླ་ན་མེད་པའི་མཆོད་པ་བྱེད། །དེ་ལ་གནོད་སྦྱིན་དེ་དག་གིས། །སོ་སོར་འབྲང་བའི་སྒང་ཞེས་བཏགས། །ཞེས་གསུངས། དེའང་དགེ་སློང་སྡིག་པ་སྣ་ཚོགས་བྱེད་པ་དེ་འཆི་ནད་ཚབས་ཆེན་པོས་བཏབ་པ་ན། དགེ་བསྙེན་ཞིག་གིས་སོ་སོར་འབྲང་མ་འདི་བྲིས་ཏེ་མགུལ་དུ་བཏགས་པས་ནད་འཕྲལ་དུ་ཞི། དྲན་པ་ཤིན་ཏུ་ཉེ་བར་བཞག་སྟེ། འཆི་བའི་དུས་བྱས་པ་ན་དེ་མ་ཐག་ཏུ་སྡིག་པའི་མཐུས་མནར་མེད་པའི་དམྱལ་བར་སྐྱེས། རོ་དེ་སྒང་བུ་ཞིག་ལ་བཞག་ནས་སོ་སོར་འབྲང་མའང་མགུལ་དུ་བཏགས་བཞིན་པའི་བྱིན་རླབས་ཀྱིས། མནར་མེད་ཀྱི་མེ་རང་ཞི་ནས། སེམས་ཅན་དམྱལ་བ་ཀུན་ཀྱང་བདེ་བ་དང་ལྡན་པར་གྱུར། དེ་གཤིན་རྗེའི་མི་རྣམས་ཀྱིས་ཆོས་ཀྱི་རྒྱལ་པོ་ལ་བརྗོད་པས། གཤིན་རྗེའི་རྒྱལ་པོས་སོ་སོར་འབྲང་བ་བཏགས་པའི་མཐུ་ཡིན་པའི་ཚུལ་རྒྱས་པར་བསྙད་ཅིང་། གང་གིས་ཚིག་རྣམས་ཡོངས་དྲན་པས། །དེ་ནི་ངན་འགྲོར་འགྲོ་མི་འགྱུར། །སོ་སོར་འབྲང་བ་བསྒོམ་པ་ཡི། །ཤེས་རབ་ཅན་དེ་བདེ་འགྲོར་འགྲོ། །སེམས་ཅན་དམྱལ་བའི་སྲུང་མ་ཁྱེད། །རབ་ཏུ་རྒྱལ་དང་ལྡན་པར་དང་། །དེར་ནི་སྒང་བུ་མཐོན་པོ་ན། །ལྷ་རྣམས་ཀྱིས་ནི་བསྐོར་བ་ལྟོས། །སོགས་བསྐུལ་པས་དེ་རྣམས་སོང་བ་ན་གོང་དུ་སྨོས་པ་བཞིན་མཐོང་བས་ངོ་མཚར་ཞིང་། དགེ་སློང་དེ་སུམ་ཅུ་རྩ་གསུམ་པའི་ལྷར་སྐྱེས་ཚུལ་ཤིན་ཏུ་རྒྱས་པར་གསུངས་སོ། །ཡང་། རྒྱལ་པོ་ཚངས་པས་བྱིན་གྱི་ལོ་རྒྱུས་སྐབས། རྒྱལ་པོ་ཚངས་པས་བྱིན་སྤོས་ཆུ་སྣ་ཚོགས་ཀྱིས་མགོ་བཀྲུས་ཏེ། གོས་གཙང་མ་བགོས་ནས་རིག་པའི་རྒྱལ་མོ་འདི་ཆོ་ག་བཞིན་དུ་བྲིས་ཏེ། མགོའི་གཙུག་གི་སྐྲའི་ནང་དུ་བཞག་སྟེ་རིག་པའི་རྒྱལ་མོ་འདི་ཉིད་ཀྱི་གོ་ཆ་བྱས་ཏེ་གཡུལ་གྱི་ནང་དུ་ཞུགས་པ་དང་། ཞེས་སོགས་ཀྱིས་གཡུལ་ལས་རྒྱལ་བའི་ཚུལ་དང་། ཚོང་དཔོན་དྲི་མེད་དུང་གི་ལོ་རྒྱུས་ལས་འཕྲོས་ནས། འདི་ཉིད་རྒྱལ་མཚན་གྱི་རྩེ་མོར་བཏགས་ན། རླུང་དང་། གྲང་བ་དང་། དུས་མ་ཡིན་པའི་སྤྲིན་དང་། གློག་དང་། ལྕེ་འབབས་པ་ཐམས་ཅད་ཞི་བ་དང་། འཐབ་རྩོད་ཐམས་ཅད་ལས་ཐར་བ་དང་། ལོ་ཏོག་ལ་འཚེ་བའི་སྲོག་ཆགས་ཐམས་ཅད་ཞི་བ་དང་། གཅན་གཟན་སོགས་ཀྱི་འཇིགས་པ་དང་བྲལ་བ་དང་། མེ་ཏོག་དང་། ལོ་མ་དང་། སྨན་དང་། འབྲས་བུ་རྣམ་པར་འཕེལ་བ་དང་། ཆར་ཆུ་དུས་སུ་འབེབས་པ་སོགས་ཡོན་ཏན་མཐའ་ཡས་པར་གསུངས་ཤིང་། ཡང་འདི་སྐད་དུ། ཡུལ་གང་ན་རིག་པའི་རྒྱལ་མོ་སོ་སོར་འབྲང་མ་ཆེན་མོ་ཞེས་བྱ་བ་འདི་སྤྱོད་པའི་ཡུལ་དེར་སེམས་ཅན་དེ་དག་གིས་ཤེས་པར་བྱ་སྟེ། སྤོས་སྣ་ཚོགས་དང་། བདུག་པ་སྣ་ཚོགས་དང་། མེ་ཏོག་སྣ་ཚོགས་ཀྱིས་མཆོད་ཅིང་བསྟི་སྟང་བྱས་ལ། ཚོན་སྣ་ཚོགས་ཀྱིས་དཀྲིས་ཏེ་རྒྱལ་མཚན་གྱི་རྩེ་མོར་བཏགས་ནས་གླུ་དབྱངས་དང་། རོལ་མོ་སིལ་སྙན་བྱས་ཏེ། བསྐོར་བ་བྱས་ན་ལྷ་རྣམས་དང་། བརྒྱ་བྱིན་དང་། ཚངས་པ་ལ་སོགས་པའི་སེམས་ཅན་ཆེན་པོ་དེ་དག་གིས་བསམ་པ་ཇི་ལྟ་བ་བཞིན་དུ་རེ་བ་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་རོ། །ཞེས་དང་། བུ་ཕོ་འདོད་ནའང་ཁྱེའུར་འགྲུབ། །མངལ་ན་འཛིན་པ་དམ་པར་འགྱུར། །མངལ་ན་བདེ་བར་སྐྱེ་བ་དང་། །མངལ་ནས་བདེ་བར་བཙས་པར་འགྱུར། །མངལ་ན་དུས་བཞིན་སྐྱེ་བ་དང་། །དུས་བཞིན་རབ་ཏུ་བཙས་པར་འགྱུར། །ཅེས་པས་མཚམས་སྦྱར་ཏེ་རྒྱལ་པོ་ལག་བརྐྱང་གི་ལོ་རྒྱུས་དང་། རྒྱུ་སྐར་གྱི་རྒྱལ་པོ་རྒྱལ་གྱི་ཉིན་པར་བཙུན་མོ་དམ་པ་ལུས་ཤིན་ཏུ་ལེགས་པར་བཀྲུས་ཏེ། སྨྱུང་བ་བྱས་ནས་རིག་པའི་རྒྱལ་མོ་ཆེན་མོ་སོ་སོར་འབྲང་མ་འདི་ཡང་ཆོ་ག་བཞིན་དུ་བྲིས་ཏེ་བཙུན་མོ་དམ་པ་དེའི་མགུལ་དུ་བཏགས་སོ། །སངས་རྒྱས་ཀྱི་མཆོད་རྟེན་རྣམས་ལའང་མཆོད་པ་ཆེན་པོ་བྱས་སོ། །རིན་པོ་ཆེ་ཁྱད་པར་ཅན་དུ་མ་ཡང་སེམས་ཅན་རྣམས་ལ་སྦྱིན་པ་བྱིན་ནོ། །ཞེས་འབྱུང་ངོ་། །རིག་སྔགས་སྡེ་ཚན་གཉིས་པའི་མཇུག་ཏུ་དེ་ལྟར་ན་རིག་པའི་རྒྱལ་མོ་ཆེན་མོ་འདི་ཡོངས་སུ་ཤེས་ཏེ། གང་དུ་ཡང་ཐོགས་པ་མེད་དོ། །དེ་ལྟ་བས་ན་གདོན་མི་ཟ་བར་རྟག་ཏུ་ལུས་ལ་གདགས་ཤིང་བཅང་བར་བྱའོ། །བྲམ་ཟེ་ཆེན་པོ་སྐར་མ་བཟང་པོ་ལ་ཆོ་ག་ལེགས་པར་བྱས་ཏེ། རིག་པའི་རྒྱལ་མོ་འདི་བྲི་བར་བྱའོ། །དེ་ནས་བྲམ་ཟེ་ཆེན་པོ་དེ་ཡིད་རབ་ཏུ་དགའ་ནས་བཅོམ་ལྡན་འདས་ལ་ཡན་ལག་ལྔས་ཕྱག་འཚལ་ཏེ་ཞུས་པ། བཙུན་པ་བཅོམ་ལྡན་འདས་རིག་པའི་རྒྱལ་མོ་ཆེན་མོ་འདིའི་ཆོ་ག་ཇི་ལྟར་བགྱིས་ཏེ་བྲི་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྲམ་ཟེ་ཆེན་པོ་ཁྱོད་ཉོན་ཅིག །སེམས་ཅན་ཀུན་ལ་སྙིང་བརྩེའི་ཕྱིར། །ངས་ནི་ཁྱོད་ལ་བཤད་པར་བྱ། །གང་གིས་སེམས་ཅན་བདེ་བྱེད་ཅིང་། །ཉམས་ང་བ་ཡི་ལས་ལས་འགྲོལ། །ནད་རྣམས་ལས་ཀྱང་ཐར་བྱ་དང་། །བུད་མེད་སྦྲུམ་མར་འགྱུར་བ་དང་། །སེམས་ཅན་རྣམས་ཀྱི་དབུལ་བ་ཡི། །རྨ་རྣམས་གསོ་བར་བྱ་ཕྱིར་རོ། །ཞེས་དགོས་པ་དང་། བསྙེན་གནས་དག་ལ་གནས་གྱུར་པས། ཞེས་གང་ཟག་དང་། རྒྱུ་སྐར་རྒྱལ་དུ་ཤེས་པ་ལ། ཞེས་དུས་དང་། སངས་རྒྱས་མཆོད་ལ་བརྩོན་བྱས་ཏེ། །བྱང་ཆུབ་ཕྱིར་ནི་སེམས་ཀྱང་བསྐྱེད། །སྙིང་རྗེས་ཀུན་ཏུ་བརྟན་སེམས་དང་། །བྱམས་པ་དང་ཡང་ལྡན་གྱུར་ནས། །རྟག་ཏུ་སེམས་ཅན་ཐམས་ཅད་ལ། །ཕན་པ་བསྐྱེད་པ་བརྩོན་པར་བྱ། །ཞེས་བསམ་པ་དང་། ཙནྡན་དང་ནི་གུར་གུམ་དང་། །གླ་རྩིར་བསྲེས་པའི་ཆུས་བཀྲུས་ཏེ། །བདུག་པ་རྣམས་ཀྱིས་བདུག་པ་ཡི། །གོས་གཙང་རྣམས་ནི་བགོ་བར་བྱ། །ཞེས་སྔོན་དུ་བྱ་བ་དང་། ས་ལ་ལྕི་བ་བསྲེས་པ་ཡིས། དེ་ཡི་འོག་ཏུ་དཀྱིལ་འཁོར་བྱ། ཞེས་སོགས་དཀྱིལ་འཁོར་བྱ་བའི་ཚུལ་རྒྱས་པར་གསུངས་ནའང་། ད་ལྟ་སྒྲུབ་མཆོད་དང་འབྲེལ་པར་བྱས་ན་དེས་ཁྱབ་པར་སྣང་། ཁ་ཟས་དཀར་པོ་ཟོས་ནས་སུ། །ཕན་པར་འདོད་པས་བྲི་བར་བྱ། །ཞེས་ཀུན་སྤྱོད་དང་། དར་རམ་རས་སམ་གྲོ་གའམ། །ཅི་ཡང་རུང་བ་གཞན་ལ་བྲི། །ཞེས་བྲི་གཞི་དང་། བུད་མེད་དག་ལ་བུ་འདོད་ན། །གི་འུ་ཝང་གིས་ལེགས་པར་བྲི། །དབུས་སུ་ཁྱེའུ་ཞིག་བྲིས་ནས། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །དེ་བཞིན་རིན་ཆེན་གང་བའི་སྣོད། །ལག་པ་གཡོན་ན་ཐོགས་པར་བྱ། །པདྨ་རབ་ཏུ་རྒྱས་གྱུར་ཅིག །བརྒྱན་པ་ལ་ནི་དེ་འདུག་བྱ། །ནོར་བུ་དོ་ཤལ་གསེར་དག་དང་། །རིན་ཆེན་སྣ་ཚོགས་རྣམས་ཀྱིས་བརྒྱན། །འདུལ་བར་ཤིན་ཏུ་དཀའ་བ་བྲི། །གྲ་བཞི་དག་ཏུ་རི་བོ་བྲི། །གལ་ཏེ་བདེ་བར་འཚོ་འདོད་ན། །རབ་ཏུ་བསྒྲིམས་ཏེ་དེ་ལྟར་བྲི། །བྱེ་བྲག་ཏུ་ནི་སྐྱེས་པ་རྣམས། །གུར་གུམ་གྱིས་ནི་བྲི་བར་བྱ། །དེ་ཡི་དགོས་པ་འདོད་པ་རྣམས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །པདྨ་གཉིས་སམ་ཡང་ན་གསུམ། །བཞིའམ་ཡང་ན་ལྔ་བྲིས་ཏེ། །པདྨ་ལ་ནི་ཕྱག་རྒྱའི་མཚན། །རྣམ་པ་སྣ་ཚོགས་གཟུགས་སུ་བྲི། །ཞེས་སོགས་ཇི་ལྟར་འབྲི་བའི་ཚུལ་སྤྱི་དང་། དགེ་སློང་ཕྱིར་ནི་རྡོ་རྗེ་འཆང་། །གནོད་སྦྱིན་བསྡིགས་པར་བརྩོན་པ་བྲི། །རྒྱལ་པོ་ཆེན་པོ་བཞི་རྣམས་ཀྱང་། །ངོས་བཞི་རྣམས་སུ་བྲི་བར་བྱ། །ཞེས་སོགས་བྱེ་བྲག་གི་འབྲི་ཚུལ་རྒྱས་པར་གསུངས། འདི་ལ་རྒྱལ་རིགས་ལ་དབང་ཕྱུག །དམངས་རིགས་ལ་རྟག་ཞི་བ་དང་། ཁྱབ་འཇུག །རྗེའུ་རིགས་ཕྱིར་རྣམ་ཐོས་ཀྱི་བུ་དང་། །ལྷའི་དབང་ཕྱུག་དབང་པོ་སོགས་བྲི་བར་གསུངས། ཆོ་ག་བཞིན་དུ་ངེས་བྲིས་ལ། །བློ་གྲོས་ལྡན་པའི་མིས་བསྲེལ་ན། །ཟ་མ་དང་ནི་མ་ནིང་ཡང་། །བུ་ཕོ་རྙེད་པར་འགྱུར་བ་ཡིན། །འདིས་ནི་ཐམས་ཅད་འགྲུབ་པར་བྱེད། །ཤིས་ཤིང་སྡིག་པ་ཞི་བར་བྱེད། །རང་བྱུང་གི་ནི་བཀའ་བཞིན་དུ། །གནས་ཀྱི་དམ་པ་ཐོབ་པར་འགྱུར། །འཇིག་རྟེན་འདི་ན་མཆོག་ཏུ་བདེ། །འཇིག་རྟེན་ཕ་རོལ་ཤིན་ཏུ་བདེ། །སུམ་ཅུ་རྩ་གསུམ་གནས་ལ་སོགས། །ལྷ་གནས་དེའི་གནས་སུ་འགྱུར། །འཛམ་གླིང་བཟང་ཞིང་ཉམས་དགའ་བར། །ཁྱད་པར་ཅན་རིགས་གྲགས་པ་དང་། །རྒྱལ་རིགས་ཁྱད་པར་འཕགས་པ་དང་། །བྲམ་ཟེ་ཁྱད་པར་འཕགས་རྣམས་སུ། །བདག་ཉིད་ཆེན་པོ་དེ་སྐྱེས་ཏེ། །རྟག་ཏུ་རིག་དང་བདེ་བར་འགྱུར། །སོ་སོར་འབྲང་བ་འཆང་བའི་མིས། །བསོད་ནམས་ཐོབ་པ་གང་ཡིན་པ། །སངས་རྒྱས་དག་ནི་ཐམས་ཅད་ཀྱིས། །བསོད་ནམས་ཕུང་པོ་བརྗོད་མི་ནུས། །སེམས་ཅན་དམྱལ་བའི་སྒོ་རྣམས་བཅད། །མཐོ་རིས་སྒོ་རྣམས་རབ་ཏུ་ཕྱེ། །བདེ་བ་ཕུན་སུམ་ཚོགས་པ་དང་། །བློ་གྲོས་ཆེན་པོར་འགྱུར་བ་ཡིན། །སངས་རྒྱས་བྱང་ཆུབ་སེམས་དཔས་ཀྱང་། །རྟག་ཏུ་དབུགས་ནི་འབྱིན་པར་འགྱུར། །ལུས་ཀྱི་བདེ་བ་ཕུན་སུམ་ཚོགས། །སྟོབས་ཀྱང་ཆེ་བར་འགྱུར་པ་ཡིན། །རྒྱལ་བས་ཇི་སྐད་གསུངས་པ་ལྟར། །འཁོར་ལོས་སྒྱུར་བར་འགྱུར་བ་ཡིན། །མི་དང་ལྷ་རྣམས་དབུགས་འབྱིན་ཏེ། གནོད་པར་སེམས་པ་སྐྲག་པར་བྱེད། །གང་ཕྱིར་རིག་པ་ལེགས་བཤད་པ། །དེ་ནི་རིང་པོར་མི་ཐོགས་སོ། །དེ་ནི་མཚོན་གྱིས་མི་ཚུགས་ཏེ། །དུག་དང་མེས་ཀྱང་ཚུགས་མི་འགྱུར། །དུས་མིན་འཆི་བའི་སྡིག་པ་ཡང་། །དེ་ལས་ཐག་ནི་རིང་དུ་འགྲོ། །རྣམ་པ་ཀུན་ཏུ་ཉན་པའམ། །མཐོང་བ་དང་ནི་རིག་པའང་རུང་། །འབྱུང་པོ་གདོན་དང་རྩོད་པ་དང་། །ཆུ་དང་མེ་ཡིས་འཇིགས་པ་དང་། །གཅན་གཟན་སྦྲུལ་དང་སེངྒེ་དང་། །ཀླུ་དང་ནད་ནི་མི་བཟད་རྣམས། །གང་ལ་རིག་པ་ལེགས་བཤད་པ། །དེ་ལ་དེ་དག་ཀུན་མི་འབྱུང་། །དེ་དག་སེམས་ཅན་ཀུན་མཆོག་འགྱུར། །བདུད་རྣམས་ཀུན་གྱིས་ཐམས་ཅད་དུ། །མཆོད་པར་འགྱུར་བའི་འོས་ཡིན་ཏེ། །ཡང་དག་བཤད་ཀྱིས་མཉན་པར་བྱོས། །ཞེས་ཕན་ཡོན་རྒྱ་ཆེར་བསྔགས་སོ། །རིག་སྔགས་སྡེ་ཚན་གསུམ་པ་རྫོགས་པའི་མཇུག་ཏུ། ནད་པ་རྣམས་ནི་གསོ་བྱ་བ། །ད་ནི་རབ་ཏུ་བཤད་པར་བྱ། །ཞེས་མཚམས་སྦྱར་ནས། ས་དང་ལྕི་བ་བསྲེས་པ་ཡིས། །དཀྱིལ་འཁོར་གྲུ་བཞི་རྣམ་པ་བྱ། །སོགས་དཀྱིལ་འཁོར་བྱ་བའི་ཚུལ་དང་། །དེ་ཡི་འོག་ཏུ་ནད་པ་ཡང་། །དྲི་ཞིམ་སྤོས་ཀྱིས་ལུས་བསྐུས་ཏེ། །གཙང་མའི་གོས་རྣམས་བཀོན་ནས་ནི། །དཀྱིལ་འཁོར་དབུས་སུ་བཞག་པར་བྱ། །དེ་ནས་ཤར་ཕྱོགས་ཁ་བསྟན་ཏེ། །རིག་པ་འདི་ནི་བརྗོད་པར་བྱ། །ལན་བདུན་བཟླས་བརྗོད་བྱས་ནས་སུ། །མཁས་པས་དེ་ལ་བསྲུང་བར་བྱ། །དེ་ནས་ནད་པའི་དོན་གྱི་ཕྱིར། །ལན་གྲངས་ཉི་ཤུ་རྩ་གཅིག་ཏུ། །རིག་པ་འདི་ནི་བརྗོད་བྱས་ན། །དེས་ནི་ནད་ཀུན་ཞི་བར་འགྱུར། །ཞེས་ནད་པ་གསོ་བའི་ཆོ་གའི་དངོས་གཞི་དང་། འཇུག་ཏུ་གཏོར་མ་ལྷོ། ནུབ། བྱང་། འོག །སྟེང་རྣམས་སུ་བཏང་བར་གསུངས་སོ། ། ༈ }} | |||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} |
Revision as of 12:28, 28 July 2021
🚧 This website is under continued development. We appreciate your patience!
འཕགས་མ་སོ་སོར་འབྲང་མའི་འཁོར་ལོའི་མན་ངག་དོན་ཐམས་ཅད་ཡོངས་སུ་གྲུབ་པ་མཁས་པའི་རྣ་རྒྱན།
Wylie title | 'phags ma so sor 'brang ma'i 'khor lo'i man ngag don thams cad yongs su grub pa mkhas pa'i rna rgyan | |
---|---|---|
Location | mkhyen brtse'i bka' 'bum Volume 21, sde tshan 2, Text 8, Pages 159-170 (Folios 21a5 to 26b4) | |
Author | འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | |
Less details More details | ||
Citation | 'jam dbyangs mkhyen brtse'i dbang po. phags ma so sor 'brang ma'i 'khor lo'i man ngag don thams cad yongs su grub pa mkhas pa'i rna rgyan. In jam dbyangs mkhyen brtse'i dbang po'i bka' 'bum, Vol. 21: 159-170. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020. | |
Genre | Explanation of Maṇḍalas - maN+Dal bshad pa | |
Deity | 'phags ma so sor 'brang ma |
1 Texts in this Section (sde tshan or chos tshan)
8 159-170
|
འཕགས་མ་སོ་སོར་འབྲང་མའི་འཁོར་ལོའི་མན་ངག་དོན་ཐམས་ཅད་ཡོངས་སུ་གྲུབ་པ་མཁས་པའི་རྣ་རྒྱན། 'phags ma so sor 'brang ma'i 'khor lo'i man ngag don thams cad yongs su grub pa mkhas pa'i rna rgyan
|
Text page View PDF |
[[|འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ()]] |