JKW-KABUM-13-PA-023-018: Difference between revisions
No edit summary |
No edit summary |
||
Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|citation=[['jam dbyangs mkhyen brtse'i dbang po]]. ''''. In '''jam dbyangs mkhyen brtse'i dbang po'i bka' 'bum'', Vol. 13: 557-. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020. | |fulltitletib=ཀློང་གསལ་རྩ་གསུམ་རྒྱུན་ཁྱེར། | ||
|fulltitle=klong gsal rtsa gsum rgyun khyer | |||
|citation=[['jam dbyangs mkhyen brtse'i dbang po]]. ''klong gsal rtsa gsum rgyun khyer''. In '''jam dbyangs mkhyen brtse'i dbang po'i bka' 'bum'', Vol. 13: 557-570. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020. | |||
|collectiontitle=mkhyen brtse'i bka' 'bum | |collectiontitle=mkhyen brtse'i bka' 'bum | ||
|collectiontitletib=མཁྱེན་བརྩེའི་བཀའ་འབུམ་ | |collectiontitletib=མཁྱེན་བརྩེའི་བཀའ་འབུམ་ | ||
|author='jam dbyangs mkhyen brtse'i dbang po | |author='jam dbyangs mkhyen brtse'i dbang po | ||
|sourcerevealer=klong gsal snying po | |||
|editor=rdzong sar blo gros phun tshogs | |editor=rdzong sar blo gros phun tshogs | ||
|authortib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | |authortib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | ||
|sourcerevealertib=ཀློང་གསལ་སྙིང་པོ་ | |||
|editortib=རྫོང་སར་བློ་གྲོས་ཕུན་ཚོགས་ | |editortib=རྫོང་སར་བློ་གྲོས་ཕུན་ཚོགས་ | ||
|tibgenre=Daily Practice - rgyun khyer | |||
|terma=Yes | |terma=Yes | ||
|sabcadcategory=Five | |sabcadcategory=Five | ||
|cycle=ཀློང་གསལ་རྩ་གསུམ་རྡོ་རྗེ་སྙིང་པོ་ | |||
|cycletib=klong gsal rtsa gsum rdo rje snying po | |||
|language=Tibetan | |language=Tibetan | ||
|volumenumber=013 | |volumenumber=013 | ||
Line 18: | Line 25: | ||
|textnuminvol=023 | |textnuminvol=023 | ||
|textsubnumber=018 | |textsubnumber=018 | ||
|pagenumbers=557-570 | |||
|totalpages=14 | |||
|beginfolioline=48a1 | |beginfolioline=48a1 | ||
|endfolioline=54b1 | |||
|totalfolios=7 | |||
|multivolumework=No | |multivolumework=No | ||
|rectonotes=sde tshan 23 | |rectonotes=sde tshan 23 | ||
|versonotes=mkhyen brtse'i bka' 'bum | |versonotes=mkhyen brtse'i bka' 'bum | ||
|colophontib=།ཞེས་པའང་རྟོགས་ལྡན་བླ་མ་དཀོན་མཆོག་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་གྱི་ཐུགས་བཞེད་བསྐང་བའི་ཆེད་དུ་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པའི་དགེ་བས་མཐའ་ཡས་པའི་ཡིད་ཅན་ཐམས་ཅད་དངོས་གྲུབ་རྣམ་པ་གཉིས་ལ་དུས་རྟག་ཏུ་འདོད་རྒུར་ལོངས་སྤྱོད་པར་གྱུར་ཅིག། | |||
|colophonwylie=zhes pa'ang rtogs ldan bla ma dkon mchog bstan 'dzin chos kyi rgyal mtshan gyi thugs bzhed bskang ba'i ched du mtsho skyes bla ma dgyes pa'i 'bangs mkhyen brtse'i dbang pos bris pa'i dge bas mtha' yas pa'i yid can thams cad dngos grub rnam pa gnyis la dus rtag tu 'dod rgur longs spyod par gyur cig | |||
|pdflink=File:JKW-KABUM-13-PA-023.pdf | |pdflink=File:JKW-KABUM-13-PA-023.pdf | ||
}} | }} | ||
Line 27: | Line 40: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP| | {{TibP|༄༅། །རྩ་གསུམ་རྡོ་རྗེ་སྙིང་པོའི་རྒྱུན་གྱི་རྣལ་འབྱོར་གྲུབ་གཉིས་གཏེར་གྱི་བུམ་བཟང་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི་བྷྱཿ །འདིར་རིག་འཛིན་ཀློང་གསལ་སྙིང་པོའི་གཏེར་བྱོན་རྩ་གསུམ་རྡོ་རྗེ་སྙིང་པོའི་རྒྱུན་གྱི་རྣལ་འབྱོར་སྙིང་པོར་དྲིལ་ཏེ་ཉམས་སུ་བླང་བའི་ཚུལ་ལ། སྔོན་འགྲོ་སྐྱབས་སེམས་ནི། ན་མོ༔ ཕྱོགས་བཅུའི་སངས་རྒྱས་དཀོན་མཆོག་གསུམ༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ བདག་ནི་གུས་པས་སྐྱབས་སུ་མཆི༔ ཧྲཱིཿ མ་གྱུར་འགྲོ་བ་ཀུན་དོན་ཏུ༔ བླ་མེད་སྔགས་ཀྱི་སྒོར་ཞུགས་ནསཿ ཕྲིན་ལས་རྣམ་བཞི་གང་འདུལ་གྱིས༔ འགྲོ་བའི་དོན་ལ་བརྩོན་པར་བྱ༔ ལན་གསུམ། དངོས་གཞིར་ལྷ་བསྒོམ་པ་ནི། ཧྲཱིཿ ཆོས་རྣམས་དམིགས་མེད་ངང་ཉིད་ལསཿ ཉི་ཟླ་པདྨ་བམ་རོའི་སྟེང་༔ བདག་ཉིད་དབང་ཆེན་སྐུ་མདོག་དམར༔ ཞལ་གཅིག་ཕྱག་གཉིས་སྤྱི་བོའི་གཙུག༔ རྟ་མཆོག་དབང་སྐད་ཕྱོགས་བཅུར་སྒྲོགསཿ གཡས་གཡོན་གྲི་གུག་ཐོད་ཁྲག་བསྣམས༔ རུས་རྒྱན་རིན་ཆེན་དུར་ཁྲོད་ཆས༔ བརྐྱང་བསྐུམ་འགྱིང་བས་འདོར་ཐབས་ཚུལ༔ གཡོན་ནས་ཡུམ་ཆེན་ཕག་མོས་འཁྱུད༔ ཆ་ལུགས་ཡབ་དང་མཚུངས་པ་ལ༔ སྤྱི་གཙུག་ཕག་ཞལ་ངུར་སྒྲ་སྒྲོགས། ཡབ་ཡུམ་མེ་ཕུང་ཀློང་དུ་བཞུགས༔ སྤྱི་གཙུག་པད་སྡོང་གེ་སར་སྟེང་༔ ཐབས་ཤེས་ཉི་ཟླའི་ཁྲི་སྟེང་དུ༔ བཞུགས་པའི་བླ་མ་ཐོད་ཕྲེང་རྩལ༔ དཀར་གསལ་ཞལ་གཅིག་ཕྱག་གཉིས་པ༔ རྡོ་རྗེ་དྲིལ་བུ་གཡས་གཡོན་བསྣམས༔ རྡོ་རྗེའི་སྐྱིལ་ཀྲུང་རུས་རྒྱན་མཛེས༔ ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཅན༔ གཡོན་ནས་མནྡྷ་ར་བས་འཁྱུད༔ གཞོན་ཚུལ་པདྨ་རུས་རྒྱན་སྤྲས༔ ཕྱག་གཡས་ཌཱ་རུ་འཕྱར་ཐབས་འཁྲོལཿ གཡོན་པས་ཐོད་པའི་བདུད་རྩི་སྟོབསཿ སྐྲ་གྲོལ་ཡབ་ཀྱི་དགྱེས་པ་སྐོངཿ ཡབ་ཡུམ་གཟི་བརྗིད་མདངས་ལྡན་གྱིཿ སྤྱི་གཙུག་རིགས་བདག་ཚེ་བུམ་འཛིནཿ གནས་ལྔར་དཔའ་བོ་དཔའ་མོ་བཅུ༔ སྐུ་མདོག་རིགས་ཀྱི་ཕྱག་མཚན་འཛིན༔ ཅེས་གསལ་བཏབ་སྟེ། དེའང་སྤྱི་བོའི་པདྨ་བཛྲ་རྩ་བརྒྱུད་ཀྱི་བླ་མ་ཀུན་འདུས། རང་ཉིད་རྟ་མགྲིན་རྒྱུད་སྡེ་བཞིའི་ཡི་དམ་ཀུན་འདུས། ཡུམ་རྡོ་རྗེ་ཕག་མོ་མཁའ་འགྲོ་ཐམས་ཅད་འདུས་པའི་ངོ་བོར་དམ་ཚིག་དང་ཡེ་ཤེས་དབྱེར་མེད་པའི་ལྷར་སྣང་གི་ང་རྒྱལ་བརྟན་པོ་དང་། སྣང་སྲིད་གཞལ་ཡས་བླ་མ་ལྷ༔ ཐམས་ཅད་ཕྱག་རྒྱའི་དཀྱིལ་འཁོར་ཆེཿ དཔེར་ན་ཆུ་ཟླ་འཇའ་ཚོན་ལྟར༔ སྣང་ལ་རང་བཞིན་མེད་པར་བསྒོམ༔ ཅེས་སྣང་སྲིད་གཞིར་བཞེངས་དག་པ་རབ་འབྱམས་ཀྱི་བསྐྱེད་རིམ་ལ་རྩེ་གཅིག་ཏུ་མཉམ་པར་བཞག །དེ་ནས་བཟླས་པ་བྱ་བ་ལ་གཉིས། རྩ་བ་དང་། ཡན་ལག་གི་བཟླས་པའོ། །དང་པོ་ནི། ཡབ་ཡུམ་ཐུགས་ཀར་ཐབས་ཤེས་ཀྱིཿ གདན་ལ་ཧྲཱིཿཡིག་མཐའ་བསྐོར་དུཿ མ་བཅོས་རྩ་བའི་སྙིང་པོས་བསྐོར༔ ཨོཾ་ཨཱཿཧཱུྃ་ཧྲཱི་གུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཅེས་སྔགས་ཕྲེང་ལ་ཡིད་གཏད་དེ་ཀློག་པའི་ཚུལ་གྱིས་ཅུང་ཟད་བཟླས། དེ་ལ་སེམས་ཟིན་པ་དང་། གསང་བའི་ཡང་སྙིང་འབྲུ་གཅིག་ལས༔ འོད་ཟེར་དམར་པོ་འཕྲོས་པའི་མདངས། མདུན་གྱི་ཨོཾ་ནས་རིམ་པ་བཞིན༔ གཡས་བསྐོར་གསུང་གི་ནུས་པ་བསྐུལ༔ སླར་ཡང་མ་བཅོས་རྩ་བར་ཐིམཿ ནུས་པའི་གཟི་བྱིན་ཆེར་རྒྱས་གྱུརཿ ཅེས་པའི་དམིགས་པ་དང་བཅས་ཏེ་རྩ་གསུམ་སྤྱི་དྲིལ་གྱི་སྙིང་པོ་དེ་ཉིད་ཇི་ལྟར་རིགས་པ་བཟླའོ། །གཉིས་པ་ལ་གསུམ། རྩ་གསུམ་བྱེ་བྲག་སོ་སོ་དང་། གཙོ་མཆོག་ལས་ཀྱི་དཀྱིལ་འཁོར་དགུ་དང་། ལས་རྒྱས་པའི་ལྷ་ཉི་ཤུ་རྩ་བཞི་སོ་སོའི་བཟླས་པ་བྱ་བའི་ཚུལ་ལོ། །དང་པོ་ནི། སྤྱི་བོའི་བླ་མ་ལ་དམིགས་ཏེ། ཨོཾ་ཧཱུྃ་ཏྲཱྃ་ཧྲཱི་ཨཱཿབཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཞེས་བཟླ་ཞིང་སྐབས་སུ་འོད་ཟེར་སྤྲོ་བསྡུ་ལ་བརྟེན་ནས་དབང་བཞི་བླང་། རང་ཡི་དམ་གྱི་ང་རྒྱལ་དང་བཅས། ཨོཾ་ཧྲཱིཿབཛྲ་ཀྲོ་དྷ་ཧྱ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕ྄ཊཿ ཅེས་བཟླ་ཞིང་འོད་ཟེར་སྤྲོ་བསྡུས་ཐ་མལ་གྱི་སྣང་ཞེན་སྦྱངས། ཡུམ་ཕག་མོ་ལ་དམིགས་ཏེ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་སརྦ་ཡོ་གི་ནཱི་ཧ་རི་ནི་ས་སརྦ་དྷཱ་ཀི་ནཱི་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛ་ཛ་སརྦ་ཀརྨ་སིདྡྷི་ས་མ་ཡ་ཧཱུྃ་སྭཱ་ཧཱ་ཞེས་བཟླ་ཞིང་འོད་ཟེར་གྱི་སྣང་བས་བདེ་བ་ཆེན་པོའི་ཡེ་ཤེས་བརྟན་པར་བསམ་མོ། །གཉིས་པ་ནི། འོག་ནས་འབྱུང་བའི་ལྷ་སོ་སོའི་བཟླས་པའི་སྐབས་སུ། རང་ཉིད་ཡི་དམ་ཡོངས་འདུས་དབང་ཆེན་རྟ་མཆོག་རོལ་པར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ལྷག་པའི་ལྷ་སོ་སོའི་ཡེ་ཤེས་ཀྱི་སྐུ་དང་། སྔགས་ཕྲེང་། ཕྱག་མཚན་གྱི་ཚོགས་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་རང་ལ་ཐིམ་པས་ལྷ་དེ་དང་དེའི་སྐུ་གསུམ་ཐུགས་དང་དབྱེར་མེད་པའི་ང་རྒྱལ་བརྟན་པོས་སྔགས་བཟླས་པས་ཐུགས་སྲོག་ལས་འོད་ཟེར་སྤྲོས་བསྡུས་སོ་སོའི་ལས་རབ་འབྱམས་ཐོགས་མེད་དུ་འགྲུབ་པར་མོས་ལ་བཟླ་བར་བྱའོ། །བཟླ་བྱའི་སྔགས་ནི། ཨོཾ་བྷཱུར་ཙི་བྷཱུརཀི་བི་མཱ་ན་སེ་ཨུ་ཙུཥྨ་ཀྲོ་དྷཱི་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ སྒྲིབ་པའི་དྲི་མ་སྦྱོང་བ་སྨེ་བ༡་བརྩེགས་མའི་སྔགས་སོ། །ཨོཾ་བཛྲ་ཨ་མྲི་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊྲཿ ལས་ཀྱི་དྲི་མ་སྦྱོང་བ་བདུད་༢ རྩི་འཁྱིལ་བའི་སྔགས་སོ། །ཨོཾ་བཛྲ་ཙཎྜ་བཛྲ་ཀྲོ་དྷ་ཡ་ཧུ་ལུ་ཧུ་ལུ་ཏིཥྛ་ཏིཥྛ་བྷནྡྷ་བྷནྡྷ་ཧ་ན་ཧ་ན་ཨ་མྲྀ་ཏེ་ཧཱུྃ་ཕཊྲ༔ ཉམས་པའི་དྲི་མ་སྦྱོང་བ་རྣམ་༣པར་འཇོམས་པའི་སྔགས་སོ། །ཨོཾ་བཛྲ་ཛྲ་ལ་ཨ་ན་ལརྐ་ཧཱུྃ༔ ལས་ཀྱི་སྲུང་བ་མེ་ལྟར་༤འབར་བའི་སྔགས་སོ། །ཨོཾ་བི་ཤ་ཙི་པཪྞ་ཤཱ་པ་རཱི་སརྦ་ཨུ་བ་པྲ་ཤ་མ་ན་སྭཱ་ཧཱཿ ཡམས་ཀྱི་འཚེ་བ་སྲུང་བ༥་ལོ་མ་གྱོན་མའི་སྔགས་སོ། ཨོཾ་ཨཱཿབིགྷྣཱན་ཏ་ཀྲྀ་ཏ་ཧཱུྃ་ཕཊ༔ བགེགས་ཚོགས་མཚམས་བཅད་པ་ཁྲོ་བོ་བགེགས་༦མཐར་བྱེད་ཀྱི་སྔགས་སོ། །ཨོཾ་སི་ཏཱ་ཏཱ་པ་ཏྲེ་ཨ་པ་ར་ཛི་ཏཱ་སརྦ་གྲ་ཧ་ཨ་ནུ་ཏྲཱ་ས་ཡ་ཏྲཱ་ས་ཡ་ཧ་ན་ཧ་ན་དྲཱུྃ་དྲཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ བྱད་ཕུར་རྦད་གཏོང་ཟློག་བྱེད་གཙུག་ཏོར་གདུགས་དཀར་༧མོའི་སྔགས་སོ། །ཨོཾ་ཨཱཪྻཱ་ཏཱ་རེ་ཏུཏྟཱ་རེ་ཧཱུྃཿ ཞེས་དང་། ཨོཾ་ཨཱཪྻཱ་ཏཱ་རེ་ཏུཏྟཱ་རེ་པུནྱེ་ཨཱ་ཡུཿ པུཥྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ལས་ཀྱི་ཚེ་འཛིན་པ་སྒྲོལ་༨མ་དཀར་མོའི་བསྙེན་པ་དང་སྒྲུབ་པའི་སྔགས་སོ། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊྲཿ ཅེས་དང་། ཨོཾ་བཛྲ་སརྦ་དུཥྟན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕ྄ཊཿ ཅེས་ལས་ཀྱི་ནུས་པ་འཛིན་བྱེད་ཕྱག་༩ན་རྡོ་རྗེའི་བསྙེན་པ་དང་། སྒྲུབ་པའི་སྔགས་ཏེ། ཁྱུང་གི་ཤམ་བུ་ཅན་བྱེད་ན་བསྙེན་སྔགས་ཤམ་དུ། ཁྲོཾ་བཛྲ་ག་རུ་ཌ་ཧཱུྃ་ཕཊ༔ ཅེས་སྦྱར་བར་བླ་མ་བརྒྱུད་པའི་ཞལ་ལས་ཐོས་སོ། །གསུམ་པ་ལ་བཞི། ཞི་བ། རྒྱས་པ། དབང་། དྲག་པོའོ། དེ་རེ་རེ་ལའང་ནང་གསེས་སུ་ལས་ཀྱི་བྱེ་བྲག་དྲུག་རེར་དབྱེ་བ་ལས། དང་པོ་ལ། ཨོཾ་བྷཱུར་ཀུར་མ་ཧཱ་པྲ་ཎཱ་ཡ་བྷཱར་ཙི་བྷཱུར་ཀི་བཀའ་མའི་སྔགས་ལ་བི་མ་ནཱ་སེ་ཞེས་ཡོད། བི་མ་ལེ་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་བྷཱུ་ར་ཀུར་རི་ལི་ཤུ་བཪྴ་ཧུར་ཤི་བི་མ་ལེ་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱཿ ཉམས་གྲིབ་ཞི་བ་རྨེ་༡བ་བརྩེགས་པའི་སྙིང་པོ་དང་ལས་ཀྱི་སྔགས་སོ། །ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ༔ གྲྀཧྞ་གྲྀཧྞ་ཧཱུྃ༔ གྲྀཧྞ་པ་ཡ་གྲྀཧྞཱ་པ་ཡ་ཧཱུྃ༔ ༔ཨཱ་ན་ཡ་ཧོ་བྷ་ག་བཱ་ན་བིདྱ་རཱ་ཛ་ཧཱུྃ་ཕ྄ཊ༔ གདོན་བགེགས་ཞི་བ་ཁྲོ་བོ་ཁམས་གསུམ་རྣམ༢་རྒྱལ་གྱི་སྔགས་སོ། ཨོཾ་བཛྲ་ས་མནྟ་བྷ་དྲ་ཧཱུྃ༔ ཞེས་དང་། ཨོཾ་ན་མོ་རཏྣ་ཏྲ་ཡཱ་ཡཿ ཏདྱ་ཐཱ༔ ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི༔ རོ་ཙ་ནི་རོ་ཙ་ནི༔ ཏྲོ་ཊ་ནི་ཏྲོ་ཊ་ནི༔ ཏྲ་ས་ནི་ཏྲ་ས་ནི༔ པྲ་ཏི་ཧ་ན་པྲ་ཏི་ཧ་ན༔ སརྦ་ཀརྨ་པ་རཾ་པ་རཱ་ཎི་མེ་སརྦ་གཏེར་གཞུང་དུ་སརྦ་སཏྭ་ནཉྩ་མེད་ཀྱང་སེམས་ཅན་ཐམས་ཅད་ཞེས་སྤེལ་ཚིག་སྤྱི་འགྲོ་ཡིན་བས་སྦྱར་ན་ལེགས། སཏྭཱ་ནཱཉྩ་སྭཱ་ཧཱ༔ ཞེས་སྒྲིབ་པ་ཞི་བར་བྱེད་པ་མི་༣འཁྲུགས་པའི་སྙིང་པོ་དང་གཟུངས་སྔགས་སོ། །ཨོཾ་ཨཱ་ཧྲཱིཿསིཾ་ཧ་ནཱ་ད་ཧཱུྃ་ཕ྄ཊ༔ ཅེས་དང་། ན་མོ་རཏྣ་ཏྲ་ཡཱ་ཡཿ ན་མོ་ཨཱཪྻ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡཿ བོ་དྷི་སཏྭ་ཡཿ མ་ཧཱ་སཏྭ་ཡ༔ ༔མ་ཧཱ་ཀ་རུ་ཎི་ཀཱ་ཡ༔ ཏདྱ་ཐཱ༔ ཨོཾ་ཨ་ཀ་ཊེ༔ བི་ཀ་ཊེ༔ ནི་ཀ་ཊེ༔ ཀ་ཌཾ་ཀ་ཊེ༔ ཀ་རོ་ཊ་ཀ་རོ་ཊེ་བིདྱཱ་སྭཱ་ཧཱ༔ ཞེས་ཀླུ་གཉན་ས་བདག་གི་གནོད་པ་ཞི་བ་སེང་གེ་སྒྲའི་༤སྙིང་པོ་དང་གཟུངས་སྔགས་སོ། ཨོཾ་ཨཾ་སྭཱ་ཧཱ༔ ཞེས་དང་། ཨོཾ་ཨ་པ་ར་ཛི་ཏ་སརྦ་གྲ་ཧ་ཨ་ནུ་ཏྲཱ་ས་ཡ་ཏྲཱ་ས་ཡ་ཧ་ན་ཧ་ན་དྲཱུྃ་དྲཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ ཞེས་རྦོད་གཏོང་ཞི་བར་བྱེད་པ་འཕགས་མ་གཙུག་ཏོར་གདུགས་ཀར་ཅན་དང་ངོ་བོ་གཅིག་པ་གཞན་གྱི་མི་ཐུབ་༥མའི་སྙིང་པོ་དང་རྩ་སྔགས་སོ། །ཨོཾ་ན་མོ་བྷ་ག་ཝ་ཏཱི་དྷཱ་ཛཱ་གྲ་ཀེ་ཡཱུ་རི་པ་ར་སཻནྱ་བི་དྷཱནྶ་ན་ཀ་རི་སྭོ་བ་སེ་ནྱ་པ་རི་པཱ་ལ་ནི༔ ཨུལྐ་མུ་ཁཱ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ པ་རི་སེ་ནྱཾ་ཨ་ནནྟ་མུ་ཁེ་ན༔ ཨ་ན་ནྟ་བྷཱུ་ཛེ་ན། པྲ་ཧ་ར་པྲ་ཧ་ར་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ དམག་དཔུང་སོགས་མ་རུང་པ་ཞི་བར་བྱེད་པ་རྒྱལ་མཚན་རྩེ་༦མོའི་དཔུང་རྒྱན་གྱི་སྔགས་སོ། །གཉིས་པ་ལ། ཨོཾ་ཨཱཿཧཱུྃ་ཨ་རྩིཀ་ནི་རྩིཀ་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ྄༔ ཨཱཿཧཱུྃ་ཧཱུྃ་ཕ྄ཊ༔ ཅེས་དང་། ཨོཾ་ཨ་མཱ་ར་ཎིཛཱི་བནྟི་ཡེ་སྭ་ཧཱ༔ ཞེས་ཚེ་སྲོག་གི་བར་ཆད་སྲུང་ཞིང་ཚེ་རྒྱས་པར་བྱེད་པ་གུ་རུ་༡དྲག་པོའི་ཚེ་སྒྲུབ་ཀྱི་རྩ་སྔགས་དང་། ལས་སྔགས་སོ། །ཧྲཱི་ཧྲཱི་ཧྲཱི༔ ཞེས་ཧྲཱི་སུམ་བསྒྲིལ་དུ་བཟླ་བ་ནི་ཚེའི་བར་ཆད་ཟློག་ཅིང་ཚེ་རྒྱས་པར་བྱེད་པ་དབང་༢ཆེན་ཚེ་སྒྲུབ་ཀྱི་སྔགས་སོ། །ཨོཾ་ན་མོ་བྷ་ག་ཝ་ཏེ་གུ་རུ་བཻཌཱུཪྻ་པྲ་བྷ་རཱ་ཛཱ་ཡ༴ ཏ་ཐཱ་ག་ཏཱ་ཡ༔ ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ༔ ཏདྱ་ཐཱ༔ ཨོཾ་བོ་དྷི་ས་ཏྭཱ་ཡ༔ མ་ཧཱ་ས་ཏྭཱ་ཡ༔ མ་ཧཱ་ཀ་རུ་ཎི་ཀཱ་ཡ༔ ཏདྱ་ཐཱ༔ ཨོཾ་བྷེ་ཥ་ཛྱེ་བྷེ་ཥ་ཛྱེ་མ་ཧཱ་བྷེ་ཥ་ཛྱེ་རཱ་ཛ་ས་མུཏྒ་ཏེ་སྭཱ་ཧཱ༔ ནད་གདོན་སྡིག་སྒྲིབ་ཞི་ཞིང་ཚེ་རྒྱས་པར་བྱེད་པ་སྨན་༣གྱི་བླ་མའི་གཟུངས་རིང་སྟེ། གཟུངས་ཐུང་ནི་ཨོཾ་བྷེ་ཥ་ཛྱེ་མན་བཟླས་པས་འཐུས་སོ། །ཨོཾ་ཨ་མྲྀ་ཏ་ཨཱ་ཡུརྡ་དེ་སྭཱ་ཧཱཿ འཁོར་དང་ཚེ་དཔལ་རྒྱས་བྱེད་རྣམ་པར་རྒྱལ་༤མའི་སྙིང་པོའོ། །ཨོཾ་བྷྲཱུྃ་སྭཱ་ཧཱཿ དང་། ཨོཾ་ཨ་མྲྀ་ཏ་ཨཱ་ཡུརྡ་དེ་སྭཱ་ཧཱཿ དང་། ཨོཾ་ཨ་མཱི་ཏཿ ཨ་མཱི་ཏོདྦྷ་བེཿ ཨ་མཱི་ཏ་བི་ཀྲནྟེ༔ ཨ་མཱི་ཏ་ག་ཏེ༔ ཨ་མཱི་ཏ་ག་མི་ནིཿ ཨ་མཱི་ཏ་ཨཱ་ཡུརྡ་དེ༔ ག་ག་ནཱ་ཀཱིརྟི་ཀ་རེ་སརྦ་ཀླེ་ཤཀྵ་ཡཾ་ཀ་རི་སྭཱ་ཧཱཿ ཞེས་པ་རྣམས་ནི་ཚེ་དང་བསོད་ནམས་རྒྱས་པར་བྱེད་པ་རྣམ་པར་རྒྱལ་༥མའི་སྙིང་པོ་དང་། ཉེ་༦སྙིང་དང་། གཟུངས་སྔགས་སོ། །ཨོཾ་བཛྲ་དྷྭ་ཏྭཱི་ཤྭ་རཱི་སརྦ་དུཥྟཱན་ཧ་ན་ཧ་ན་ད་ཧ་ད་ཧ་པ་ཙ་པ་ཙ་ཨོཾ་མ་རཱི་ནྱེ་མཱྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཡེ་ཤེས་ཀྱི་རིགས་མདངས་རྒྱས་པར་བྱེད་པ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་འོད་ཟེར་ཅན་དམར་མོའི་སྔགས་སོ། །གསུམ་པ་ལ། ཨོཾ་བཛྲ་པཱ་ཎི་ཧཱུྃ་ཕཊཿ ད་ལྟའི་ཆོས་ལ་དབང་བསྒྱུར་བར་བྱེད་པར་ཕྱག་༡ན་རྡོ་རྗེ་ཞི་བའི་སྔགས་སོ། །ཨོཾ་མཻཾ་མེ་ཏྲི་ཡེ་སྭཱ་ཧཱ༔ མ་འོངས་པའི་ཆོས་ལ་དབང་སྒྱུར་བར་བྱེད་པ་མགོན་པོ་བྱམས་༢པའི་སྔགས་སོ། །ཨོཾ་ཨཱཿཧྲཱིཿཧཱུྃ༔ ཤེས་རབ་ལ་དབང་པར་བྱེད་པ་ཕག་༢མོ་དཀར་མོའི་སྔགས་སོ། །ཨོཾ་ཨཱཿཧཱུྃ་བཛྲ་དྷརྨཱ་སིདྡྷི་ཧྲཱི༔ གསང་ཆེན་མཆོག་གི་ཆོས་ལ་དབང་བར་བྱེད་པ་༤རྡོ་རྗེ་ཆོས་ཀྱི་སྔགས་སོ། །ཨོཾ་ཛམྦྷ་ལ་ཛ་ལེནྡྲཱ་ཡ་སྭཱ་ཧཱ༔ བསོད་ནམས་ལ་དབང་བར་བྱེད་པ་ཛམྦྷ་༥ལ་སེར་པོའི་སྔགས་སོ། །ཨོཾ་ཨཱཪྻཱ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ༔ ཕྲིན་ལས་ལ་དབང་བར་བྱེད་པ་སྒྲོལ་མ་ལྗང་༦མོའི་སྔགས་སོ། །བཞི་པ་ལ། ཧྲཱིཾ་ཀྲིཾ་ཧཱུྃ་ཕ྄ཊཿ དྲག་པོའི་ཕྲིན་ལས་མྱུར་དུ་འགྲུབ་པར་བྱེད་པ་རལ་༡གཅིག་མའི་སྔགས་སོ། །ཨོཾ་ཧཱུྃ་ཧཱུྃ་ཕ྄ཊ༔ བགེགས་ཚོགས་སྒྲོད་པར་བྱེད་པ་ཁྲོ་བོ་ཧཱུྃ་༢མཛད་ཀྱི་སྔགས་སོ། །ཨོཾ་ཧྲཱིཿཥྟྀ་ཝིཥྟི་ཏཱ་ན་ན་ཧཱུྃ་ཕཊཿ དགྲ་བོ་ཟློག་ཅིང་གནོན་པ་གཤིན་རྗེ་གཤེད་༣ཀྱི་སྔགས་སོ། །ཨོཾ་མཉྫུ་ཤྲཱི་ཀཱ་ལ་ཙིཏྟ་ཧཱུྃ༔ ཞེས་དང་། ནྲྀ་ཏྲི་དགྲ་བགེགས་བྱད་མ་ཤཱ་ཏྲུཾ་མཱ་ར་ཡ་རྦད་ཟློག༔ གནོད་བྱེད་ཙིཏྟ་རཱུ་པ་ད་ཧ་པ་ཙ་ཙྪིནྡ་ཧཱུྃ་ཕཊཿ རྦོད་གཏོང་ཟློག་བྱེད་འཇམ་དཔལ་༤ནག་པོའི་སྔགས་སོ། །ཨཿཀཿསཿམཿརཿཙཿཤཿརྦདཿ དང་། ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊཿ ཤྲཱི་ཀཱ་ལ་རཱུ་པ་མཱ་ར་ཡ་ཕཊཿདང་། ཕཊཿཡཿརཿམཿསཿརཿདཿཤཿཙཿརཿམཿསཿཀཿཨཿ ཞེས་པ་རྣམས་རྐྱེན་ངན་ཟློག་བྱེད་༥སེང་གདོང་དམར་མོའི་ཉེ་སྙིང་དང་། སྙིང་པོ་དང་། ཟློག་པའི་སྔགས་སོ། །བྷྱོ་མཱ་ར་ཡ་ཕཊཿ དང་། བན་དྷེ་ཤ་ཡ་བྷྱོཿ མ་ནུ་པྲ་མོ་ཤ་ཡ་ཕཊཿ ཏེ་ཤ་ཡ་ཕཊ྄ཿ ནི་ལོ་ཤ་ཡ་ཕཊཿ བྷི་བྷན་བྷེ་དྲག་ཚལ་པཿ སྲོག་རྩ་ཆོད༔ སྙིང་རྩ་ཆོད༔ རྩད་ནས་ཆོད༔ དྲུངས་ནས་ཕྱུངས་སྭཱ་ཧཱ༔ ཞེས་པ་ནི་མ་རུངས་ལྷ་འདྲེའི་ཆོ་འཕྲུལ་ཟློག་པ་ཁྲོ་རྒྱལ་གསང་བདག་དྲེགས་༦པ་ཀུན་འདུལ་གྱི་བསྙེན་པ་དང་། ལས་སྦྱོར་གྱི་སྔགས་སོ། །དེ་ལ་སྤྱིར་བཏང་རྩ་གསུམ་སྤྱི་དྲིལ་གྱི་སྔགས་ཇི་ཙམ་བཟླས་པའི་ཕྱེད་ཆ་རྩ་གསུམ་སོ་སོའི་སྔགས་དང་། དེའི་བཅུ་ཆ་ཙམ་ཡན་ལག་གི་སྔགས་རྣམས་བཟླ་ཞིང་། དམིགས་བསལ་རང་ཉིད་ལས་གང་བསྒྲུབ་པར་འདོད་པའི་སྔགས་གཙོ་བོ་བྱས་ཏེ་བཟླ། གང་ལྟར་ཡང་མཐར། གྲུབ་པར་གྱུར་ཅིག །ཨོཾ་ཨ་ཨཱ་སོགས་དབྱངས་དང་གསལ་བྱེད་ལན་གསུམ་གྱིས་སྔགས་ཀྱི་ལྷག་ཆད་ཁ་བསྐང་ཞིང་ནུས་པ་སྤེལ། རྟེན་འབྲེལ་སྙིང་པོ་ལན་གསུམ་གྱིས་བརྟན་པར་བྱས་ལ། རང་གི་ཐུགས་ཀ་ནས་སྤྲུལ་པའི་མཆོད་པའི་ལྷ་མོ་ནམ་མཁའ་གང་བས་རང་ཉིད་རྩ་གསུམ་རྒྱལ་བ་ཐམས་ཅད་འདུས་པའི་ངོ་བོ་ལ་མཆོད་ཅིང་བསྟོད་པར་མོས་ལ། ཨོཾ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ནས་ཤབྡ་སརྦ་པཉྩ་ཨ་མྲྀ་ཏ་མ་ཧཱ་རཀྟ་མ་ཧཱ་བ་ལིཾ་ཏ་ཁཱ་ཧི། ཞེས་པས་མཆོད། བྱིན་རླབས་ཆར་འབེབས་དངོས་གྲུབ་ཀུན་གྱི་བདགཿ ཕྲིན་ལས་མཆོག་སྩོལ་རྩ་གསུམ་དཀྱིལ་འཁོར་ལྷ། རབ་འབྱམས་རྒྱལ་བ་འདུས་པའི་ངོ་བོ་ལཿ གུས་པས་བསྟོད་དོ་མཆོག་ཐུན་དངོས་གྲུབ་སྩོལཿ ཅེས་བསྟོད་ཅིང་ཡི་གེ་བརྒྱ་པ་ལན་གསུམ་གྱིས་ནོངས་པ་བཤགས། རང་དང་སྣང་བ་ཐམས་ཅད་འོད་གསལ་གྱི་དབྱིངས་སུ་ཐིམ་པར་བསམ་ལ་མཉམ་པར་བཞག །སླར་ཡང་སྣང་གྲགས་རིག་གསུམ་རྡོ་རྗེ་གསུམ་གྱི་ངོ་བོར་གྱུར་པར་མོས་ཏེ། ཧྲཱིཿ སེམས་བསྐྱེད་དག་པའི་བསྙེན་སྒྲུབ་ཏིང་འཛིན་གྱིསཿ འབྲས་བུ་མཁའ་མཉམ་ཐར་བདེའི་ས་བོན་མཆོག༔ ཀུན་ཀྱང་རྡོ་རྗེ་འཛིན་པའི་ཆོས་སྤྱོད་ནསཿ དབྱེར་མེད་རང་གྲོལ་ཀུན་ཏུ་བཟང་པོར་ཤོགཿ ཅེས་བསྔོ་སྨོན་དང་། ཧྲཱིཿ དུས་གསུམ་ཕྱོགས་བཅུའི་སངས་རྒྱས་མཛད་པ་དངཿ ཕྲིན་ལས་ནུས་མཐུ་བདེན་པའི་བྱིན་རླབས་ཀྱིཿ བཀྲ་ཤིས་མི་ཟད་ནམ་མཁའི་ཆར་རྒྱུན་གྱིསཿ ཁམས་གསུམ་སེམས་ཅན་ཀུན་ལ་བདེ་ལེགས་སྩོལཿ ཅེས་སོགས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག །རྫོགས་རིམ་མདོར་བསྡུས་བསྒོམ་པར་སྤྲོ་ན། གོང་གི་བཟླས་པའི་རྗེས་སུ་ལུས་གནད་བསྲང་། རླུང་རོ་བསལ་ཏེ། རླུང་ཕྱིར་འགྲོ་བའི་ཚེ་རང་གི་ཐུགས་སྲོག་ལས་བདེ་བ་ཆེན་པོའི་འོད་ཟེར་བྱུང་། ཞལ་ནས་ཐོན། ཡུམ་གྱི་ཞལ་དུ་ཞུགས། ཐུགས་ཀར་ཐིམ་པས་བདེ་ཆེན་གྱི་ཡེ་ཤེས་མཆོག་ཏུ་བསྐྱེད། ནང་དུ་འཇུག་པ་ན་འོད་ཟེར་པདྨའི་ལམ་བརྒྱུད། རྡོ་རྗེ་ནོར་བུའི་ལམ་ནས་རང་གི་ཐུགས་སྲོག་ལ་ཐིམ་པས་བདེ་ཆེན་གྱི་ཡེ་ཤེས་མཆོག་ཏུ་བརྟན་པར་བསམས་ལ་རླུང་བུམ་པ་ཅན་བཟུང་། དེ་ལྟ་བུ་ལན་ཅི་རིགས་པའི་མཐར། བདེ་བའི་འོད་ཟེར་གྱིས་སྤྱི་བོའི་ཧཾ་བཞུ་བའི་དྭངས་མ་དབུ་མའི་ལམ་བརྒྱུད། གནས་བཞིར་སོན་པས་ཡས་བབས་དང་། དེ་ཉིད་རླུང་གི་སྦྱོར་བས་གྱེན་ཏུ་ཟློག་པས་མས་བརྟན་གྱི་དགའ་བའི་རོས་སིམ་པར་བསམ་ལ་མཉམ་པར་བཞག །སླར་ཡང་རང་གི་ཐུགས་ཀ་ནས་བྱུང་བའི་འོད་ཟེར་གྱིས་སྤྱི་བོའི་ཧཾ་ཡིག་བསྐུལ། དེ་ལས་བདེ་བ་ཆེན་པོའི་ཡེ་ཤེས་ཧྲཱིཿའི་རྣམ་པར་བྱུང་། སྙིང་གའི་ཧྲཱིཿལ་ཐིམ། བདེ་སྟོང་གཉིས་མེད། སྣང་སེམས་ཟུང་འཇུག །དབྱིངས་རིག་རོ་གཅིག་པ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་མཆོག་ཏུ་མི་འགྱུར་བའི་དགོངས་པ་རྒྱུད་ལ་སྐྱེས་པའི་མོས་པ་དང་བཅས་ཏེ་བློ་བྲལ་གཉུག་མའི་དབྱིངས་སུ་མཉམ་པར་འཇོག་པ་སྟེ། འདི་རྣམས་ནི་ནང་སྒྲུབ་ཀྱི་མན་ངག་བླ་མའི་བྱིན་རླབས་ཀྱི་སྣང་བ་ལ་བརྟེན་ནས་ཅུང་ཟད་གསལ་བར་བཀོད་པ་སྟེ། ཞིབ་པར་ཞལ་ལས་ཤེས། དེ་ལྟར་ན་བསྐྱེད་རིམ་བཟླས་པ་དང་བཅས་པ་བུམ་དབང་གི་ལམ། རླུང་གི་རྣལ་འབྱོར་གསང་དབང་གི་ལམ། བདེ་བའི་རྣལ་འབྱོར་ཤེར་དབང་གི་ལམ། བདེ་སྟོང་གཉིས་མེད་ཀྱི་ངང་དུ་འཇོག་པ་དབང་བཞི་པའི་ལམ་མོ། །འདི་ལྟ་བུའི་ཡི་དམ་གྱི་ལྷ་ཐམས་ཅད་གཅིག་ཏུ་དྲིལ་ཏེ་སྒྲུབ་པའི་མན་ངག་གི་རིམ་པའང་། ཨོ་རྒྱན་སངས་རྒྱས་གཉིས་པའི་རྡོ་རྗེའི་གསུང་ལས། རང་ཉིད་རྩ་བའི་ཡི་དམ་བསྒོམཿ དེ་ལ་གང་མོས་ལྷག་པའི་ལྷཿ བསྟིམ་ནས་བཟླས་པས་རྒྱུད་བསྐུལ་ན༔ དངོས་གྲུབ་རྣམ་གཉིས་མྱུར་དུ་འགྲུབཿ ཅེས་སོགས་རྒྱ་ཆེར་གསུངས་པ་ལྟར། གྲུབ་ཆེན་གཉན་ཚེམྦུ་པ་ལ་རྡོ་རྗེ་རྣལ་འབྱོར་མས་གནང་བའི་མན་ངག་དང་། རྒྱལ་བ་ཡང་དགོན་པའི་རི་ཆོས་སོགས་ལས་ཀྱང་འབྱུང་པས་ན་ཡིད་ཆེས་ཤིང་ཁུངས་བཙུན་པའི་གནས་སུ་བཟུང་ངོ་། །འདིའི་བསྙེན་པ་བྱ་བར་འདོད་ན། ཐུན་བཞིའི་རིམ་པས་སྤྱི་དྲིལ་འབུམ་ཕྲག་བཞི། རྩ་གསུམ་སོ་སོའི་སྔགས་འབུམ་ཕྲག་རེ་རེ། ཡན་ལག་གི་སྔགས་རྣམས་ཁྲི་ཕྲག་རེ་ཙམ་ཅི་འགྲུབ་བཟླ། ཚོགས་མཆོད་སོགས་བྱེད་པར་སྤྲོ་ནའང་རྩ་གསུམ་ལས་བྱང་གིས་ཁོག་ཕུབ་ཏེ། བརྒྱུད་འདེབས། ཕྲིན་ལས་ཕྱི་གཏོར། གོང་གི་སྐྱབས་སེམས་བཅས་ཀྱི་རྗེས། ལས་བྱང་གི་མཚམས་གཅོད་སོགས་དཀྱུས་ལྟར་ལ། ལྷ་བསྐྱེད་སྐབས། བྷནྡྷའི་གཞལ་ཡས་ཁང་ཆེན་དབུསཿ ཞེས་པའི་མཚམས། ཉི་ཟླ་པདྨ་བམ་རོའི་སྟེངཿ ཞེས་སོགས་ནས། སྣང་ལ་རང་བཞིན་མེད་པར་བསྒོམཿ ཞེས་པའི་བར་སྦྲེལ་ལ། ཧཱུྃ་ཧྲཱིཿ སྔོན་གྱི་བསྐལ་པའི་སོགས་སྤྱན་འདྲེན་ནས་བསྟོད་པའི་བར་ལས་བྱང་ལྟར་དང་། བཟླས་དམིགས་གོང་དུ་བཤད་པ་ལྟར་བཟླས་པའི་རྗེས་ཀྱི་མཆོད་བསྟོད་པར་བཏང་། དེ་ནས་ཚོགས་མཆོད་སོགས་ལས་བྱང་ལྟར་དང་། སྤྲོ་ན་སྐོང་བཤགས་སོགས་ཇི་ལྟར་རིགས་པར་སྦྱར་བར་བྱའོ། །ཞེས་པའང་རྟོགས་ལྡན་བླ་མ་དཀོན་མཆོག་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་གྱི་ཐུགས་བཞེད་བསྐང་བའི་ཆེད་དུ་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པའི་དགེ་བས་མཐའ་ཡས་པའི་ཡིད་ཅན་ཐམས་ཅད་དངོས་གྲུབ་རྣམ་པ་གཉིས་ལ་དུས་རྟག་ཏུ་འདོད་རྒུར་ལོངས་སྤྱོད་པར་གྱུར་ཅིག། །། ༈ }} | ||
༄༅། །རྩ་གསུམ་རྡོ་རྗེ་སྙིང་པོའི་རྒྱུན་གྱི་རྣལ་འབྱོར་གྲུབ་གཉིས་གཏེར་གྱི་བུམ་བཟང་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི་བྷྱཿ །འདིར་རིག་འཛིན་ཀློང་གསལ་སྙིང་པོའི་གཏེར་བྱོན་རྩ་གསུམ་རྡོ་རྗེ་སྙིང་པོའི་རྒྱུན་གྱི་རྣལ་འབྱོར་སྙིང་པོར་དྲིལ་ཏེ་ཉམས་སུ་བླང་བའི་ཚུལ་ལ། སྔོན་འགྲོ་སྐྱབས་སེམས་ནི། ན་མོ༔ ཕྱོགས་བཅུའི་སངས་རྒྱས་དཀོན་མཆོག་གསུམ༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ བདག་ནི་གུས་པས་སྐྱབས་སུ་མཆི༔ ཧྲཱིཿ མ་གྱུར་འགྲོ་བ་ཀུན་དོན་ཏུ༔ བླ་མེད་སྔགས་ཀྱི་སྒོར་ཞུགས་ནསཿ ཕྲིན་ལས་རྣམ་བཞི་གང་འདུལ་གྱིས༔ འགྲོ་བའི་དོན་ལ་བརྩོན་པར་བྱ༔ ལན་གསུམ། དངོས་གཞིར་ལྷ་བསྒོམ་པ་ནི། ཧྲཱིཿ ཆོས་རྣམས་དམིགས་མེད་ངང་ཉིད་ལསཿ ཉི་ཟླ་པདྨ་བམ་རོའི་སྟེང་༔ བདག་ཉིད་དབང་ཆེན་སྐུ་མདོག་དམར༔ ཞལ་གཅིག་ཕྱག་གཉིས་སྤྱི་བོའི་གཙུག༔ རྟ་མཆོག་དབང་སྐད་ཕྱོགས་བཅུར་སྒྲོགསཿ གཡས་གཡོན་གྲི་གུག་ཐོད་ཁྲག་བསྣམས༔ རུས་རྒྱན་རིན་ཆེན་དུར་ཁྲོད་ཆས༔ བརྐྱང་བསྐུམ་འགྱིང་བས་འདོར་ཐབས་ཚུལ༔ གཡོན་ནས་ཡུམ་ཆེན་ཕག་མོས་འཁྱུད༔ ཆ་ལུགས་ཡབ་དང་མཚུངས་པ་ལ༔ སྤྱི་གཙུག་ཕག་ཞལ་ངུར་སྒྲ་སྒྲོགས། ཡབ་ཡུམ་མེ་ཕུང་ཀློང་དུ་བཞུགས༔ སྤྱི་གཙུག་པད་སྡོང་གེ་སར་སྟེང་༔ ཐབས་ཤེས་ཉི་ཟླའི་ཁྲི་སྟེང་དུ༔ བཞུགས་པའི་བླ་མ་ཐོད་ཕྲེང་རྩལ༔ དཀར་གསལ་ཞལ་གཅིག་ཕྱག་གཉིས་པ༔ རྡོ་རྗེ་དྲིལ་བུ་གཡས་གཡོན་བསྣམས༔ རྡོ་རྗེའི་སྐྱིལ་ཀྲུང་རུས་རྒྱན་མཛེས༔ ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཅན༔ གཡོན་ནས་མནྡྷ་ར་བས་འཁྱུད༔ གཞོན་ཚུལ་པདྨ་རུས་རྒྱན་སྤྲས༔ ཕྱག་གཡས་ཌཱ་རུ་འཕྱར་ཐབས་འཁྲོལཿ གཡོན་པས་ཐོད་པའི་བདུད་རྩི་སྟོབསཿ སྐྲ་གྲོལ་ཡབ་ཀྱི་དགྱེས་པ་སྐོངཿ ཡབ་ཡུམ་གཟི་བརྗིད་མདངས་ལྡན་གྱིཿ སྤྱི་གཙུག་རིགས་བདག་ཚེ་བུམ་འཛིནཿ གནས་ལྔར་དཔའ་བོ་དཔའ་མོ་བཅུ༔ སྐུ་མདོག་རིགས་ཀྱི་ཕྱག་མཚན་འཛིན༔ ཅེས་གསལ་བཏབ་སྟེ། དེའང་སྤྱི་བོའི་པདྨ་བཛྲ་རྩ་བརྒྱུད་ཀྱི་བླ་མ་ཀུན་འདུས། རང་ཉིད་རྟ་མགྲིན་རྒྱུད་སྡེ་བཞིའི་ཡི་དམ་ཀུན་འདུས། ཡུམ་རྡོ་རྗེ་ཕག་མོ་མཁའ་འགྲོ་ཐམས་ཅད་འདུས་པའི་ངོ་བོར་དམ་ཚིག་དང་ཡེ་ཤེས་དབྱེར་མེད་པའི་ལྷར་སྣང་གི་ང་རྒྱལ་བརྟན་པོ་དང་། སྣང་སྲིད་གཞལ་ཡས་བླ་མ་ལྷ༔ ཐམས་ཅད་ཕྱག་རྒྱའི་དཀྱིལ་འཁོར་ཆེཿ དཔེར་ན་ཆུ་ཟླ་འཇའ་ཚོན་ལྟར༔ སྣང་ལ་རང་བཞིན་མེད་པར་བསྒོམ༔ ཅེས་སྣང་སྲིད་གཞིར་བཞེངས་དག་པ་རབ་འབྱམས་ཀྱི་བསྐྱེད་རིམ་ལ་རྩེ་གཅིག་ཏུ་མཉམ་པར་བཞག །དེ་ནས་བཟླས་པ་བྱ་བ་ལ་གཉིས། རྩ་བ་དང་། ཡན་ལག་གི་བཟླས་པའོ། །དང་པོ་ནི། ཡབ་ཡུམ་ཐུགས་ཀར་ཐབས་ཤེས་ཀྱིཿ གདན་ལ་ཧྲཱིཿཡིག་མཐའ་བསྐོར་དུཿ མ་བཅོས་རྩ་བའི་སྙིང་པོས་བསྐོར༔ ཨོཾ་ཨཱཿཧཱུྃ་ཧྲཱི་གུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཅེས་སྔགས་ཕྲེང་ལ་ཡིད་གཏད་དེ་ཀློག་པའི་ཚུལ་གྱིས་ཅུང་ཟད་བཟླས། དེ་ལ་སེམས་ཟིན་པ་དང་། གསང་བའི་ཡང་སྙིང་འབྲུ་གཅིག་ལས༔ འོད་ཟེར་དམར་པོ་འཕྲོས་པའི་མདངས། མདུན་གྱི་ཨོཾ་ནས་རིམ་པ་བཞིན༔ གཡས་བསྐོར་གསུང་གི་ནུས་པ་བསྐུལ༔ སླར་ཡང་མ་བཅོས་རྩ་བར་ཐིམཿ ནུས་པའི་གཟི་བྱིན་ཆེར་རྒྱས་གྱུརཿ ཅེས་པའི་དམིགས་པ་དང་བཅས་ཏེ་རྩ་གསུམ་སྤྱི་དྲིལ་གྱི་སྙིང་པོ་དེ་ཉིད་ཇི་ལྟར་རིགས་པ་བཟླའོ། །གཉིས་པ་ལ་གསུམ། རྩ་གསུམ་བྱེ་བྲག་སོ་སོ་དང་། གཙོ་མཆོག་ལས་ཀྱི་དཀྱིལ་འཁོར་དགུ་དང་། ལས་རྒྱས་པའི་ལྷ་ཉི་ཤུ་རྩ་བཞི་སོ་སོའི་བཟླས་པ་བྱ་བའི་ཚུལ་ལོ། །དང་པོ་ནི། སྤྱི་བོའི་བླ་མ་ལ་དམིགས་ཏེ། ཨོཾ་ཧཱུྃ་ཏྲཱྃ་ཧྲཱི་ཨཱཿབཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཞེས་བཟླ་ཞིང་སྐབས་སུ་འོད་ཟེར་སྤྲོ་བསྡུ་ལ་བརྟེན་ནས་དབང་བཞི་བླང་། རང་ཡི་དམ་གྱི་ང་རྒྱལ་དང་བཅས། ཨོཾ་ཧྲཱིཿབཛྲ་ཀྲོ་དྷ་ཧྱ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕ྄ཊཿ ཅེས་བཟླ་ཞིང་འོད་ཟེར་སྤྲོ་བསྡུས་ཐ་མལ་གྱི་སྣང་ཞེན་སྦྱངས། ཡུམ་ཕག་མོ་ལ་དམིགས་ཏེ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་སརྦ་ཡོ་གི་ནཱི་ཧ་རི་ནི་ས་སརྦ་དྷཱ་ཀི་ནཱི་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛ་ཛ་སརྦ་ཀརྨ་སིདྡྷི་ས་མ་ཡ་ཧཱུྃ་སྭཱ་ཧཱ་ཞེས་བཟླ་ཞིང་འོད་ཟེར་གྱི་སྣང་བས་བདེ་བ་ཆེན་པོའི་ཡེ་ཤེས་བརྟན་པར་བསམ་མོ། །གཉིས་པ་ནི། འོག་ནས་འབྱུང་བའི་ལྷ་སོ་སོའི་བཟླས་པའི་སྐབས་སུ། རང་ཉིད་ཡི་དམ་ཡོངས་འདུས་དབང་ཆེན་རྟ་མཆོག་རོལ་པར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ལྷག་པའི་ལྷ་སོ་སོའི་ཡེ་ཤེས་ཀྱི་སྐུ་དང་། སྔགས་ཕྲེང་། ཕྱག་མཚན་གྱི་ཚོགས་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་རང་ལ་ཐིམ་པས་ལྷ་དེ་དང་དེའི་སྐུ་གསུམ་ཐུགས་དང་དབྱེར་མེད་པའི་ང་རྒྱལ་བརྟན་པོས་སྔགས་བཟླས་པས་ཐུགས་སྲོག་ལས་འོད་ཟེར་སྤྲོས་བསྡུས་སོ་སོའི་ལས་རབ་འབྱམས་ཐོགས་མེད་དུ་འགྲུབ་པར་མོས་ལ་བཟླ་བར་བྱའོ། །བཟླ་བྱའི་སྔགས་ནི། ཨོཾ་བྷཱུར་ཙི་བྷཱུརཀི་བི་མཱ་ན་སེ་ཨུ་ཙུཥྨ་ཀྲོ་དྷཱི་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ སྒྲིབ་པའི་དྲི་མ་སྦྱོང་བ་སྨེ་བ༡་བརྩེགས་མའི་སྔགས་སོ། །ཨོཾ་བཛྲ་ཨ་མྲི་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊྲཿ ལས་ཀྱི་དྲི་མ་སྦྱོང་བ་བདུད་༢ རྩི་འཁྱིལ་བའི་སྔགས་སོ། །ཨོཾ་བཛྲ་ཙཎྜ་བཛྲ་ཀྲོ་དྷ་ཡ་ཧུ་ལུ་ཧུ་ལུ་ཏིཥྛ་ཏིཥྛ་བྷནྡྷ་བྷནྡྷ་ཧ་ན་ཧ་ན་ཨ་མྲྀ་ཏེ་ཧཱུྃ་ཕཊྲ༔ ཉམས་པའི་དྲི་མ་སྦྱོང་བ་རྣམ་༣པར་འཇོམས་པའི་སྔགས་སོ། །ཨོཾ་བཛྲ་ཛྲ་ལ་ཨ་ན་ལརྐ་ཧཱུྃ༔ ལས་ཀྱི་སྲུང་བ་མེ་ལྟར་༤འབར་བའི་སྔགས་སོ། །ཨོཾ་བི་ཤ་ཙི་པཪྞ་ཤཱ་པ་རཱི་སརྦ་ཨུ་བ་པྲ་ཤ་མ་ན་སྭཱ་ཧཱཿ ཡམས་ཀྱི་འཚེ་བ་སྲུང་བ༥་ལོ་མ་གྱོན་མའི་སྔགས་སོ། ཨོཾ་ཨཱཿབིགྷྣཱན་ཏ་ཀྲྀ་ཏ་ཧཱུྃ་ཕཊ༔ བགེགས་ཚོགས་མཚམས་བཅད་པ་ཁྲོ་བོ་བགེགས་༦མཐར་བྱེད་ཀྱི་སྔགས་སོ། །ཨོཾ་སི་ཏཱ་ཏཱ་པ་ཏྲེ་ཨ་པ་ར་ཛི་ཏཱ་སརྦ་གྲ་ཧ་ཨ་ནུ་ཏྲཱ་ས་ཡ་ཏྲཱ་ས་ཡ་ཧ་ན་ཧ་ན་དྲཱུྃ་དྲཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ བྱད་ཕུར་རྦད་གཏོང་ཟློག་བྱེད་གཙུག་ཏོར་གདུགས་དཀར་༧མོའི་སྔགས་སོ། །ཨོཾ་ཨཱཪྻཱ་ཏཱ་རེ་ཏུཏྟཱ་རེ་ཧཱུྃཿ ཞེས་དང་། ཨོཾ་ཨཱཪྻཱ་ཏཱ་རེ་ཏུཏྟཱ་རེ་པུནྱེ་ཨཱ་ཡུཿ པུཥྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ལས་ཀྱི་ཚེ་འཛིན་པ་སྒྲོལ་༨མ་དཀར་མོའི་བསྙེན་པ་དང་སྒྲུབ་པའི་སྔགས་སོ། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊྲཿ ཅེས་དང་། ཨོཾ་བཛྲ་སརྦ་དུཥྟན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕ྄ཊཿ ཅེས་ལས་ཀྱི་ནུས་པ་འཛིན་བྱེད་ཕྱག་༩ན་རྡོ་རྗེའི་བསྙེན་པ་དང་། སྒྲུབ་པའི་སྔགས་ཏེ། ཁྱུང་གི་ཤམ་བུ་ཅན་བྱེད་ན་བསྙེན་སྔགས་ཤམ་དུ། ཁྲོཾ་བཛྲ་ག་རུ་ཌ་ཧཱུྃ་ཕཊ༔ ཅེས་སྦྱར་བར་བླ་མ་བརྒྱུད་པའི་ཞལ་ལས་ཐོས་སོ། །གསུམ་པ་ལ་བཞི། ཞི་བ། རྒྱས་པ། དབང་། དྲག་པོའོ། དེ་རེ་རེ་ལའང་ནང་གསེས་སུ་ལས་ཀྱི་བྱེ་བྲག་དྲུག་རེར་དབྱེ་བ་ལས། དང་པོ་ལ། ཨོཾ་བྷཱུར་ཀུར་མ་ཧཱ་པྲ་ཎཱ་ཡ་བྷཱར་ཙི་བྷཱུར་ཀི་བཀའ་མའི་སྔགས་ལ་བི་མ་ནཱ་སེ་ཞེས་ཡོད། བི་མ་ལེ་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་བྷཱུ་ར་ཀུར་རི་ལི་ཤུ་བཪྴ་ཧུར་ཤི་བི་མ་ལེ་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱཿ ཉམས་གྲིབ་ཞི་བ་རྨེ་༡བ་བརྩེགས་པའི་སྙིང་པོ་དང་ལས་ཀྱི་སྔགས་སོ། །ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ༔ གྲྀཧྞ་གྲྀཧྞ་ཧཱུྃ༔ གྲྀཧྞ་པ་ཡ་གྲྀཧྞཱ་པ་ཡ་ཧཱུྃ༔ ༔ཨཱ་ན་ཡ་ཧོ་བྷ་ག་བཱ་ན་བིདྱ་རཱ་ཛ་ཧཱུྃ་ཕ྄ཊ༔ གདོན་བགེགས་ཞི་བ་ཁྲོ་བོ་ཁམས་གསུམ་རྣམ༢་རྒྱལ་གྱི་སྔགས་སོ། ཨོཾ་བཛྲ་ས་མནྟ་བྷ་དྲ་ཧཱུྃ༔ ཞེས་དང་། ཨོཾ་ན་མོ་རཏྣ་ཏྲ་ཡཱ་ཡཿ ཏདྱ་ཐཱ༔ ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི༔ རོ་ཙ་ནི་རོ་ཙ་ནི༔ ཏྲོ་ཊ་ནི་ཏྲོ་ཊ་ནི༔ ཏྲ་ས་ནི་ཏྲ་ས་ནི༔ པྲ་ཏི་ཧ་ན་པྲ་ཏི་ཧ་ན༔ སརྦ་ཀརྨ་པ་རཾ་པ་རཱ་ཎི་མེ་སརྦ་གཏེར་གཞུང་དུ་སརྦ་སཏྭ་ནཉྩ་མེད་ཀྱང་སེམས་ཅན་ཐམས་ཅད་ཞེས་སྤེལ་ཚིག་སྤྱི་འགྲོ་ཡིན་བས་སྦྱར་ན་ལེགས། སཏྭཱ་ནཱཉྩ་སྭཱ་ཧཱ༔ ཞེས་སྒྲིབ་པ་ཞི་བར་བྱེད་པ་མི་༣འཁྲུགས་པའི་སྙིང་པོ་དང་གཟུངས་སྔགས་སོ། །ཨོཾ་ཨཱ་ཧྲཱིཿསིཾ་ཧ་ནཱ་ད་ཧཱུྃ་ཕ྄ཊ༔ ཅེས་དང་། ན་མོ་རཏྣ་ཏྲ་ཡཱ་ཡཿ ན་མོ་ཨཱཪྻ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡཿ བོ་དྷི་སཏྭ་ཡཿ མ་ཧཱ་སཏྭ་ཡ༔ ༔མ་ཧཱ་ཀ་རུ་ཎི་ཀཱ་ཡ༔ ཏདྱ་ཐཱ༔ ཨོཾ་ཨ་ཀ་ཊེ༔ བི་ཀ་ཊེ༔ ནི་ཀ་ཊེ༔ ཀ་ཌཾ་ཀ་ཊེ༔ ཀ་རོ་ཊ་ཀ་རོ་ཊེ་བིདྱཱ་སྭཱ་ཧཱ༔ ཞེས་ཀླུ་གཉན་ས་བདག་གི་གནོད་པ་ཞི་བ་སེང་གེ་སྒྲའི་༤སྙིང་པོ་དང་གཟུངས་སྔགས་སོ། ཨོཾ་ཨཾ་སྭཱ་ཧཱ༔ ཞེས་དང་། ཨོཾ་ཨ་པ་ར་ཛི་ཏ་སརྦ་གྲ་ཧ་ཨ་ནུ་ཏྲཱ་ས་ཡ་ཏྲཱ་ས་ཡ་ཧ་ན་ཧ་ན་དྲཱུྃ་དྲཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ ཞེས་རྦོད་གཏོང་ཞི་བར་བྱེད་པ་འཕགས་མ་གཙུག་ཏོར་གདུགས་ཀར་ཅན་དང་ངོ་བོ་གཅིག་པ་གཞན་གྱི་མི་ཐུབ་༥མའི་སྙིང་པོ་དང་རྩ་སྔགས་སོ། །ཨོཾ་ན་མོ་བྷ་ག་ཝ་ཏཱི་དྷཱ་ཛཱ་གྲ་ཀེ་ཡཱུ་རི་པ་ར་སཻནྱ་བི་དྷཱནྶ་ན་ཀ་རི་སྭོ་བ་སེ་ནྱ་པ་རི་པཱ་ལ་ནི༔ ཨུལྐ་མུ་ཁཱ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ པ་རི་སེ་ནྱཾ་ཨ་ནནྟ་མུ་ཁེ་ན༔ ཨ་ན་ནྟ་བྷཱུ་ཛེ་ན། པྲ་ཧ་ར་པྲ་ཧ་ར་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ དམག་དཔུང་སོགས་མ་རུང་པ་ཞི་བར་བྱེད་པ་རྒྱལ་མཚན་རྩེ་༦མོའི་དཔུང་རྒྱན་གྱི་སྔགས་སོ། །གཉིས་པ་ལ། ཨོཾ་ཨཱཿཧཱུྃ་ཨ་རྩིཀ་ནི་རྩིཀ་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ྄༔ ཨཱཿཧཱུྃ་ཧཱུྃ་ཕ྄ཊ༔ ཅེས་དང་། ཨོཾ་ཨ་མཱ་ར་ཎིཛཱི་བནྟི་ཡེ་སྭ་ཧཱ༔ ཞེས་ཚེ་སྲོག་གི་བར་ཆད་སྲུང་ཞིང་ཚེ་རྒྱས་པར་བྱེད་པ་གུ་རུ་༡དྲག་པོའི་ཚེ་སྒྲུབ་ཀྱི་རྩ་སྔགས་དང་། ལས་སྔགས་སོ། །ཧྲཱི་ཧྲཱི་ཧྲཱི༔ ཞེས་ཧྲཱི་སུམ་བསྒྲིལ་དུ་བཟླ་བ་ནི་ཚེའི་བར་ཆད་ཟློག་ཅིང་ཚེ་རྒྱས་པར་བྱེད་པ་དབང་༢ཆེན་ཚེ་སྒྲུབ་ཀྱི་སྔགས་སོ། །ཨོཾ་ན་མོ་བྷ་ག་ཝ་ཏེ་གུ་རུ་བཻཌཱུཪྻ་པྲ་བྷ་རཱ་ཛཱ་ཡ༴ ཏ་ཐཱ་ག་ཏཱ་ཡ༔ ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ༔ ཏདྱ་ཐཱ༔ ཨོཾ་བོ་དྷི་ས་ཏྭཱ་ཡ༔ མ་ཧཱ་ས་ཏྭཱ་ཡ༔ མ་ཧཱ་ཀ་རུ་ཎི་ཀཱ་ཡ༔ ཏདྱ་ཐཱ༔ ཨོཾ་བྷེ་ཥ་ཛྱེ་བྷེ་ཥ་ཛྱེ་མ་ཧཱ་བྷེ་ཥ་ཛྱེ་རཱ་ཛ་ས་མུཏྒ་ཏེ་སྭཱ་ཧཱ༔ ནད་གདོན་སྡིག་སྒྲིབ་ཞི་ཞིང་ཚེ་རྒྱས་པར་བྱེད་པ་སྨན་༣གྱི་བླ་མའི་གཟུངས་རིང་སྟེ། གཟུངས་ཐུང་ནི་ཨོཾ་བྷེ་ཥ་ཛྱེ་མན་བཟླས་པས་འཐུས་སོ། །ཨོཾ་ཨ་མྲྀ་ཏ་ཨཱ་ཡུརྡ་དེ་སྭཱ་ཧཱཿ འཁོར་དང་ཚེ་དཔལ་རྒྱས་བྱེད་རྣམ་པར་རྒྱལ་༤མའི་སྙིང་པོའོ། །ཨོཾ་བྷྲཱུྃ་སྭཱ་ཧཱཿ དང་། ཨོཾ་ཨ་མྲྀ་ཏ་ཨཱ་ཡུརྡ་དེ་སྭཱ་ཧཱཿ དང་། ཨོཾ་ཨ་མཱི་ཏཿ ཨ་མཱི་ཏོདྦྷ་བེཿ ཨ་མཱི་ཏ་བི་ཀྲནྟེ༔ ཨ་མཱི་ཏ་ག་ཏེ༔ ཨ་མཱི་ཏ་ག་མི་ནིཿ ཨ་མཱི་ཏ་ཨཱ་ཡུརྡ་དེ༔ ག་ག་ནཱ་ཀཱིརྟི་ཀ་རེ་སརྦ་ཀླེ་ཤཀྵ་ཡཾ་ཀ་རི་སྭཱ་ཧཱཿ ཞེས་པ་རྣམས་ནི་ཚེ་དང་བསོད་ནམས་རྒྱས་པར་བྱེད་པ་རྣམ་པར་རྒྱལ་༥མའི་སྙིང་པོ་དང་། ཉེ་༦སྙིང་དང་། གཟུངས་སྔགས་སོ། །ཨོཾ་བཛྲ་དྷྭ་ཏྭཱི་ཤྭ་རཱི་སརྦ་དུཥྟཱན་ཧ་ན་ཧ་ན་ད་ཧ་ད་ཧ་པ་ཙ་པ་ཙ་ཨོཾ་མ་རཱི་ནྱེ་མཱྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཡེ་ཤེས་ཀྱི་རིགས་མདངས་རྒྱས་པར་བྱེད་པ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་འོད་ཟེར་ཅན་དམར་མོའི་སྔགས་སོ། །གསུམ་པ་ལ། ཨོཾ་བཛྲ་པཱ་ཎི་ཧཱུྃ་ཕཊཿ ད་ལྟའི་ཆོས་ལ་དབང་བསྒྱུར་བར་བྱེད་པར་ཕྱག་༡ན་རྡོ་རྗེ་ཞི་བའི་སྔགས་སོ། །ཨོཾ་མཻཾ་མེ་ཏྲི་ཡེ་སྭཱ་ཧཱ༔ མ་འོངས་པའི་ཆོས་ལ་དབང་སྒྱུར་བར་བྱེད་པ་མགོན་པོ་བྱམས་༢པའི་སྔགས་སོ། །ཨོཾ་ཨཱཿཧྲཱིཿཧཱུྃ༔ ཤེས་རབ་ལ་དབང་པར་བྱེད་པ་ཕག་༢མོ་དཀར་མོའི་སྔགས་སོ། །ཨོཾ་ཨཱཿཧཱུྃ་བཛྲ་དྷརྨཱ་སིདྡྷི་ཧྲཱི༔ གསང་ཆེན་མཆོག་གི་ཆོས་ལ་དབང་བར་བྱེད་པ་༤རྡོ་རྗེ་ཆོས་ཀྱི་སྔགས་སོ། །ཨོཾ་ཛམྦྷ་ལ་ཛ་ལེནྡྲཱ་ཡ་སྭཱ་ཧཱ༔ བསོད་ནམས་ལ་དབང་བར་བྱེད་པ་ཛམྦྷ་༥ལ་སེར་པོའི་སྔགས་སོ། །ཨོཾ་ཨཱཪྻཱ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ༔ ཕྲིན་ལས་ལ་དབང་བར་བྱེད་པ་སྒྲོལ་མ་ལྗང་༦མོའི་སྔགས་སོ། །བཞི་པ་ལ། ཧྲཱིཾ་ཀྲིཾ་ཧཱུྃ་ཕ྄ཊཿ དྲག་པོའི་ཕྲིན་ལས་མྱུར་དུ་འགྲུབ་པར་བྱེད་པ་རལ་༡གཅིག་མའི་སྔགས་སོ། །ཨོཾ་ཧཱུྃ་ཧཱུྃ་ཕ྄ཊ༔ བགེགས་ཚོགས་སྒྲོད་པར་བྱེད་པ་ཁྲོ་བོ་ཧཱུྃ་༢མཛད་ཀྱི་སྔགས་སོ། །ཨོཾ་ཧྲཱིཿཥྟྀ་ཝིཥྟི་ཏཱ་ན་ན་ཧཱུྃ་ཕཊཿ དགྲ་བོ་ཟློག་ཅིང་གནོན་པ་གཤིན་རྗེ་གཤེད་༣ཀྱི་སྔགས་སོ། །ཨོཾ་མཉྫུ་ཤྲཱི་ཀཱ་ལ་ཙིཏྟ་ཧཱུྃ༔ ཞེས་དང་། ནྲྀ་ཏྲི་དགྲ་བགེགས་བྱད་མ་ཤཱ་ཏྲུཾ་མཱ་ར་ཡ་རྦད་ཟློག༔ གནོད་བྱེད་ཙིཏྟ་རཱུ་པ་ད་ཧ་པ་ཙ་ཙྪིནྡ་ཧཱུྃ་ཕཊཿ རྦོད་གཏོང་ཟློག་བྱེད་འཇམ་དཔལ་༤ནག་པོའི་སྔགས་སོ། །ཨཿཀཿསཿམཿརཿཙཿཤཿརྦདཿ དང་། ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊཿ ཤྲཱི་ཀཱ་ལ་རཱུ་པ་མཱ་ར་ཡ་ཕཊཿདང་། ཕཊཿཡཿརཿམཿསཿརཿདཿཤཿཙཿརཿམཿསཿཀཿཨཿ ཞེས་པ་རྣམས་རྐྱེན་ངན་ཟློག་བྱེད་༥སེང་གདོང་དམར་མོའི་ཉེ་སྙིང་དང་། སྙིང་པོ་དང་། ཟློག་པའི་སྔགས་སོ། །བྷྱོ་མཱ་ར་ཡ་ཕཊཿ དང་། བན་དྷེ་ཤ་ཡ་བྷྱོཿ མ་ནུ་པྲ་མོ་ཤ་ཡ་ཕཊཿ ཏེ་ཤ་ཡ་ཕཊ྄ཿ ནི་ལོ་ཤ་ཡ་ཕཊཿ བྷི་བྷན་བྷེ་དྲག་ཚལ་པཿ སྲོག་རྩ་ཆོད༔ སྙིང་རྩ་ཆོད༔ རྩད་ནས་ཆོད༔ དྲུངས་ནས་ཕྱུངས་སྭཱ་ཧཱ༔ ཞེས་པ་ནི་མ་རུངས་ལྷ་འདྲེའི་ཆོ་འཕྲུལ་ཟློག་པ་ཁྲོ་རྒྱལ་གསང་བདག་དྲེགས་༦པ་ཀུན་འདུལ་གྱི་བསྙེན་པ་དང་། ལས་སྦྱོར་གྱི་སྔགས་སོ། །དེ་ལ་སྤྱིར་བཏང་རྩ་གསུམ་སྤྱི་དྲིལ་གྱི་སྔགས་ཇི་ཙམ་བཟླས་པའི་ཕྱེད་ཆ་རྩ་གསུམ་སོ་སོའི་སྔགས་དང་། དེའི་བཅུ་ཆ་ཙམ་ཡན་ལག་གི་སྔགས་རྣམས་བཟླ་ཞིང་། དམིགས་བསལ་རང་ཉིད་ལས་གང་བསྒྲུབ་པར་འདོད་པའི་སྔགས་གཙོ་བོ་བྱས་ཏེ་བཟླ། གང་ལྟར་ཡང་མཐར། གྲུབ་པར་གྱུར་ཅིག །ཨོཾ་ཨ་ཨཱ་སོགས་དབྱངས་དང་གསལ་བྱེད་ལན་གསུམ་གྱིས་སྔགས་ཀྱི་ལྷག་ཆད་ཁ་བསྐང་ཞིང་ནུས་པ་སྤེལ། རྟེན་འབྲེལ་སྙིང་པོ་ལན་གསུམ་གྱིས་བརྟན་པར་བྱས་ལ། རང་གི་ཐུགས་ཀ་ནས་སྤྲུལ་པའི་མཆོད་པའི་ལྷ་མོ་ནམ་མཁའ་གང་བས་རང་ཉིད་རྩ་གསུམ་རྒྱལ་བ་ཐམས་ཅད་འདུས་པའི་ངོ་བོ་ལ་མཆོད་ཅིང་བསྟོད་པར་མོས་ལ། ཨོཾ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ནས་ཤབྡ་སརྦ་པཉྩ་ཨ་མྲྀ་ཏ་མ་ཧཱ་རཀྟ་མ་ཧཱ་བ་ལིཾ་ཏ་ཁཱ་ཧི། ཞེས་པས་མཆོད། བྱིན་རླབས་ཆར་འབེབས་དངོས་གྲུབ་ཀུན་གྱི་བདགཿ ཕྲིན་ལས་མཆོག་སྩོལ་རྩ་གསུམ་དཀྱིལ་འཁོར་ལྷ། རབ་འབྱམས་རྒྱལ་བ་འདུས་པའི་ངོ་བོ་ལཿ གུས་པས་བསྟོད་དོ་མཆོག་ཐུན་དངོས་གྲུབ་སྩོལཿ ཅེས་བསྟོད་ཅིང་ཡི་གེ་བརྒྱ་པ་ལན་གསུམ་གྱིས་ནོངས་པ་བཤགས། རང་དང་སྣང་བ་ཐམས་ཅད་འོད་གསལ་གྱི་དབྱིངས་སུ་ཐིམ་པར་བསམ་ལ་མཉམ་པར་བཞག །སླར་ཡང་སྣང་གྲགས་རིག་གསུམ་རྡོ་རྗེ་གསུམ་གྱི་ངོ་བོར་གྱུར་པར་མོས་ཏེ། ཧྲཱིཿ སེམས་བསྐྱེད་དག་པའི་བསྙེན་སྒྲུབ་ཏིང་འཛིན་གྱིསཿ འབྲས་བུ་མཁའ་མཉམ་ཐར་བདེའི་ས་བོན་མཆོག༔ ཀུན་ཀྱང་རྡོ་རྗེ་འཛིན་པའི་ཆོས་སྤྱོད་ནསཿ དབྱེར་མེད་རང་གྲོལ་ཀུན་ཏུ་བཟང་པོར་ཤོགཿ ཅེས་བསྔོ་སྨོན་དང་། ཧྲཱིཿ དུས་གསུམ་ཕྱོགས་བཅུའི་སངས་རྒྱས་མཛད་པ་དངཿ ཕྲིན་ལས་ནུས་མཐུ་བདེན་པའི་བྱིན་རླབས་ཀྱིཿ བཀྲ་ཤིས་མི་ཟད་ནམ་མཁའི་ཆར་རྒྱུན་གྱིསཿ ཁམས་གསུམ་སེམས་ཅན་ཀུན་ལ་བདེ་ལེགས་སྩོལཿ ཅེས་སོགས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག །རྫོགས་རིམ་མདོར་བསྡུས་བསྒོམ་པར་སྤྲོ་ན། གོང་གི་བཟླས་པའི་རྗེས་སུ་ལུས་གནད་བསྲང་། རླུང་རོ་བསལ་ཏེ། རླུང་ཕྱིར་འགྲོ་བའི་ཚེ་རང་གི་ཐུགས་སྲོག་ལས་བདེ་བ་ཆེན་པོའི་འོད་ཟེར་བྱུང་། ཞལ་ནས་ཐོན། ཡུམ་གྱི་ཞལ་དུ་ཞུགས། ཐུགས་ཀར་ཐིམ་པས་བདེ་ཆེན་གྱི་ཡེ་ཤེས་མཆོག་ཏུ་བསྐྱེད། ནང་དུ་འཇུག་པ་ན་འོད་ཟེར་པདྨའི་ལམ་བརྒྱུད། རྡོ་རྗེ་ནོར་བུའི་ལམ་ནས་རང་གི་ཐུགས་སྲོག་ལ་ཐིམ་པས་བདེ་ཆེན་གྱི་ཡེ་ཤེས་མཆོག་ཏུ་བརྟན་པར་བསམས་ལ་རླུང་བུམ་པ་ཅན་བཟུང་། དེ་ལྟ་བུ་ལན་ཅི་རིགས་པའི་མཐར། བདེ་བའི་འོད་ཟེར་གྱིས་སྤྱི་བོའི་ཧཾ་བཞུ་བའི་དྭངས་མ་དབུ་མའི་ལམ་བརྒྱུད། གནས་བཞིར་སོན་པས་ཡས་བབས་དང་། དེ་ཉིད་རླུང་གི་སྦྱོར་བས་གྱེན་ཏུ་ཟློག་པས་མས་བརྟན་གྱི་དགའ་བའི་རོས་སིམ་པར་བསམ་ལ་མཉམ་པར་བཞག །སླར་ཡང་རང་གི་ཐུགས་ཀ་ནས་བྱུང་བའི་འོད་ཟེར་གྱིས་སྤྱི་བོའི་ཧཾ་ཡིག་བསྐུལ། དེ་ལས་བདེ་བ་ཆེན་པོའི་ཡེ་ཤེས་ཧྲཱིཿའི་རྣམ་པར་བྱུང་། སྙིང་གའི་ཧྲཱིཿལ་ཐིམ། བདེ་སྟོང་གཉིས་མེད། སྣང་སེམས་ཟུང་འཇུག །དབྱིངས་རིག་རོ་གཅིག་པ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་མཆོག་ཏུ་མི་འགྱུར་བའི་དགོངས་པ་རྒྱུད་ལ་སྐྱེས་པའི་མོས་པ་དང་བཅས་ཏེ་བློ་བྲལ་གཉུག་མའི་དབྱིངས་སུ་མཉམ་པར་འཇོག་པ་སྟེ། འདི་རྣམས་ནི་ནང་སྒྲུབ་ཀྱི་མན་ངག་བླ་མའི་བྱིན་རླབས་ཀྱི་སྣང་བ་ལ་བརྟེན་ནས་ཅུང་ཟད་གསལ་བར་བཀོད་པ་སྟེ། ཞིབ་པར་ཞལ་ལས་ཤེས། དེ་ལྟར་ན་བསྐྱེད་རིམ་བཟླས་པ་དང་བཅས་པ་བུམ་དབང་གི་ལམ། རླུང་གི་རྣལ་འབྱོར་གསང་དབང་གི་ལམ། བདེ་བའི་རྣལ་འབྱོར་ཤེར་དབང་གི་ལམ། བདེ་སྟོང་གཉིས་མེད་ཀྱི་ངང་དུ་འཇོག་པ་དབང་བཞི་པའི་ལམ་མོ། །འདི་ལྟ་བུའི་ཡི་དམ་གྱི་ལྷ་ཐམས་ཅད་གཅིག་ཏུ་དྲིལ་ཏེ་སྒྲུབ་པའི་མན་ངག་གི་རིམ་པའང་། ཨོ་རྒྱན་སངས་རྒྱས་གཉིས་པའི་རྡོ་རྗེའི་གསུང་ལས། རང་ཉིད་རྩ་བའི་ཡི་དམ་བསྒོམཿ དེ་ལ་གང་མོས་ལྷག་པའི་ལྷཿ བསྟིམ་ནས་བཟླས་པས་རྒྱུད་བསྐུལ་ན༔ དངོས་གྲུབ་རྣམ་གཉིས་མྱུར་དུ་འགྲུབཿ ཅེས་སོགས་རྒྱ་ཆེར་གསུངས་པ་ལྟར། གྲུབ་ཆེན་གཉན་ཚེམྦུ་པ་ལ་རྡོ་རྗེ་རྣལ་འབྱོར་མས་གནང་བའི་མན་ངག་དང་། རྒྱལ་བ་ཡང་དགོན་པའི་རི་ཆོས་སོགས་ལས་ཀྱང་འབྱུང་པས་ན་ཡིད་ཆེས་ཤིང་ཁུངས་བཙུན་པའི་གནས་སུ་བཟུང་ངོ་། །འདིའི་བསྙེན་པ་བྱ་བར་འདོད་ན། ཐུན་བཞིའི་རིམ་པས་སྤྱི་དྲིལ་འབུམ་ཕྲག་བཞི། རྩ་གསུམ་སོ་སོའི་སྔགས་འབུམ་ཕྲག་རེ་རེ། ཡན་ལག་གི་སྔགས་རྣམས་ཁྲི་ཕྲག་རེ་ཙམ་ཅི་འགྲུབ་བཟླ། ཚོགས་མཆོད་སོགས་བྱེད་པར་སྤྲོ་ནའང་རྩ་གསུམ་ལས་བྱང་གིས་ཁོག་ཕུབ་ཏེ། བརྒྱུད་འདེབས། ཕྲིན་ལས་ཕྱི་གཏོར། གོང་གི་སྐྱབས་སེམས་བཅས་ཀྱི་རྗེས། ལས་བྱང་གི་མཚམས་གཅོད་སོགས་དཀྱུས་ལྟར་ལ། ལྷ་བསྐྱེད་སྐབས། བྷནྡྷའི་གཞལ་ཡས་ཁང་ཆེན་དབུསཿ ཞེས་པའི་མཚམས། ཉི་ཟླ་པདྨ་བམ་རོའི་སྟེངཿ ཞེས་སོགས་ནས། སྣང་ལ་རང་བཞིན་མེད་པར་བསྒོམཿ ཞེས་པའི་བར་སྦྲེལ་ལ། ཧཱུྃ་ཧྲཱིཿ སྔོན་གྱི་བསྐལ་པའི་སོགས་སྤྱན་འདྲེན་ནས་བསྟོད་པའི་བར་ལས་བྱང་ལྟར་དང་། བཟླས་དམིགས་གོང་དུ་བཤད་པ་ལྟར་བཟླས་པའི་རྗེས་ཀྱི་མཆོད་བསྟོད་པར་བཏང་། དེ་ནས་ཚོགས་མཆོད་སོགས་ལས་བྱང་ལྟར་དང་། སྤྲོ་ན་སྐོང་བཤགས་སོགས་ཇི་ལྟར་རིགས་པར་སྦྱར་བར་བྱའོ། །ཞེས་པའང་རྟོགས་ལྡན་བླ་མ་དཀོན་མཆོག་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་གྱི་ཐུགས་བཞེད་བསྐང་བའི་ཆེད་དུ་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པའི་དགེ་བས་མཐའ་ཡས་པའི་ཡིད་ཅན་ཐམས་ཅད་དངོས་གྲུབ་རྣམ་པ་གཉིས་ལ་དུས་རྟག་ཏུ་འདོད་རྒུར་ལོངས་སྤྱོད་པར་གྱུར་ཅིག། །། ༈ }} | |||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} |
Revision as of 15:50, 14 June 2021
Wylie title | klong gsal rtsa gsum rgyun khyer | |
---|---|---|
Location | mkhyen brtse'i bka' 'bum Volume 13, sde tshan 23, Text 18, Pages 557-570 (Folios 48a1 to 54b1) | |
Author | འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | |
Less details More details | ||
Tertön | ཀློང་གསལ་སྙིང་པོ་ (klong gsal snying po) | |
Citation | 'jam dbyangs mkhyen brtse'i dbang po. klong gsal rtsa gsum rgyun khyer. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 13: 557-570. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020. | |
Genre | Daily Practice - rgyun khyer | |
Cycle | klong gsal rtsa gsum rdo rje snying po (ཀློང་གསལ་རྩ་གསུམ་རྡོ་རྗེ་སྙིང་པོ་) | |
Colophon |
།ཞེས་པའང་རྟོགས་ལྡན་བླ་མ་དཀོན་མཆོག་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་གྱི་ཐུགས་བཞེད་བསྐང་བའི་ཆེད་དུ་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པའི་དགེ་བས་མཐའ་ཡས་པའི་ཡིད་ཅན་ཐམས་ཅད་དངོས་གྲུབ་རྣམ་པ་གཉིས་ལ་དུས་རྟག་ཏུ་འདོད་རྒུར་ལོངས་སྤྱོད་པར་གྱུར་ཅིག། | |
zhes pa'ang rtogs ldan bla ma dkon mchog bstan 'dzin chos kyi rgyal mtshan gyi thugs bzhed bskang ba'i ched du mtsho skyes bla ma dgyes pa'i 'bangs mkhyen brtse'i dbang pos bris pa'i dge bas mtha' yas pa'i yid can thams cad dngos grub rnam pa gnyis la dus rtag tu 'dod rgur longs spyod par gyur cig |
1 Texts in this Section (sde tshan or chos tshan)
18 557-570
|
ཀློང་གསལ་རྩ་གསུམ་རྒྱུན་ཁྱེར། klong gsal rtsa gsum rgyun khyer
|
Text page View PDF |
[[|འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ()]] |