JKW-KABUM-24-YA-001-015: Difference between revisions
From Khyentse Lineage - A Tsadra Foundation Project
JKW-KABUM-24-YA-001-015
No edit summary |
No edit summary |
||
Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|citation=[['jam dbyangs mkhyen brtse'i dbang po]]. ''''. In '''jam dbyangs mkhyen brtse'i dbang po'i bka' 'bum'', Vol. 24: | |fulltitletib=སྒྲུབ་ཐབས་ཀུན་བཏུས་ཐོག་མའི་ཐོ་བཀོད། | ||
|fulltitle=sgrub thabs kun btus thog ma'i tho bkod | |||
|citation=[['jam dbyangs mkhyen brtse'i dbang po]]. ''sgrub thabs kun btus thog ma'i tho bkod''. In '''jam dbyangs mkhyen brtse'i dbang po'i bka' 'bum'', Vol. 24: 149-161. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020. | |||
|collectiontitle=mkhyen brtse'i bka' 'bum | |collectiontitle=mkhyen brtse'i bka' 'bum | ||
|collectiontitletib=མཁྱེན་བརྩེའི་བཀའ་འབུམ་ | |collectiontitletib=མཁྱེན་བརྩེའི་བཀའ་འབུམ་ | ||
Line 9: | Line 11: | ||
|authortib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | |authortib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | ||
|editortib=རྫོང་སར་བློ་གྲོས་ཕུན་ཚོགས་ | |editortib=རྫོང་སར་བློ་གྲོས་ཕུན་ཚོགས་ | ||
|tibgenre=Catalogue of Contents - dkar chag, Notes - zin bris | |||
|terma=No | |terma=No | ||
|sabcadcategory=Ten | |||
|cycle=sgrub thabs kun btus | |||
|cycletib=སྒྲུབ་ཐབས་ཀུན་བཏུས་ | |||
|language=Tibetan | |language=Tibetan | ||
|volumenumber=024 | |volumenumber=024 | ||
Line 17: | Line 23: | ||
|textnuminvol=001 | |textnuminvol=001 | ||
|textsubnumber=015 | |textsubnumber=015 | ||
|pagenumbers=149-161 | |||
|totalpages=13 | |||
|beginfolioline=75a1 | |||
|endfolioline=81a4 | |||
|totalfolios=7 | |||
|multivolumework=No | |multivolumework=No | ||
|versonotes=mkhyen brtse'i bka' 'bum | |versonotes=mkhyen brtse'i bka' 'bum | ||
Line 24: | Line 35: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP| | {{TibP|༄༅། །ལྷག་པའི་ལྷ་རབ་འབྱམས་ཀྱི་སྒྲུབ་ཐབས་མན་ངག་དང་བཅས་པ་ཀུན་ལས་བཏུས་པ་དངོས་གྲུབ་འདོད་པ་འཇོ་བའི་དགའ་སྟོན་ཅེས་བྱ་བ་བཞུགས་སོ། །བླ་མ་དང་ནི་ལྷག་པའི་ལྷ། །ཐ་དད་མིན་ལ་ཕྱག་བགྱིས་ཏེ། །སྒྲུབ་ཐབས་རབ་འབྱམས་མན་ངག་བཅས། །གཅིག་ཏུ་ཕན་པའི་ཡིད་ཀྱིས་བསྡུ། །འདི་ལྟར་དམིགས་པར་བྱ་བའི་ཡུལ་མཐར་ཐུག་གི་འབྲས་བུ་རྣམ་པ་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་གཅིག་ཉིད་བསྒྲུབ་བྱར་བྱས་ཏེ། དེ་སྒྲུབ་པར་བྱེད་པའི་ཐབས་ལམ་གྱི་རིམ་པ་ལའང་། དམན་དང་། མཆོག་དང་། མྱུར་བའི་རིམ་པས་གསུམ་དུ་འགྱུར་བ་ལས་ཕྱི་མ་ཐེག་པ་ཆེན་པོའི་ཆེན་པོ་གསང་སྔགས་རྒྱུད་སྡེ་བཞི་ལས། ཐུན་མོང་དང་། མཆོག་གི་དངོས་གྲུབ་ཚེགས་ཆུང་དུས་འདོད་པ་བཞིན་དུ་རྩོལ་བའི་ཡི་དམ་གྱི་ལྷ་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་ཤིང་། འཕགས་པའི་ཡུལ་དང་། གངས་རིའི་ཁྲོད་འདིར་ཡང་མཁས་ཤིང་དངོས་གྲུབ་བརྙེས་པའི་རྡོ་རྗེའི་སློབ་དཔོན་རྣམས་ཀྱིས་སྒྲུབ་པའི་ཐབས་མན་ངག་དང་བཅས་པའང་དེ་སྙེད་ཅིག་མཛད་པས་སྣོད་དང་ལྡན་པ་རྣམས་ལ་སྐལ་པ་བཟང་པོ་ཅི་ཡང་མཛད་དོ། །དེ་ལྟ་མོད་ཀྱི་བཤད་སྒྲུབ་གྱི་བསྟན་པ་རིམ་གྱིས་འགྲིབ་པས། ཕལ་ཆེར་རྒྱུན་ནུབ་པ་དང་། འགའ་ཞིག་མཆིས་པའང་བརྒྱུད་པ་དང་བྲལ་བ་དང་། བརྒྱུད་པའི་མན་ངག་དང་མི་མཐུན་པ་དང་། རྗེས་སུ་གནང་བ་སོགས་དང་གདམས་ངག་དག་ཡ་བྲལ་པར་གྱུར་པས་ན། དེ་ལྟ་བུའི་སྐྱོན་སྤང་པའི་ཕྱིར་དང་། རང་གཞན་ལ་ཉེ་བར་མཁོ་བའི་ཕྱིར་དང་། རྒྱུན་ཉམས་པར་མི་འགྱུར་བ་སོགས་ཀྱི་ཆེད། གཅིག་ཏུ་ལྷག་པའི་བསམ་པ་ཁོ་ནས། སྟོན་པ་བདེ་བར་གཤེགས་པ་ནས། བདག་ཅག་གི་བླ་མ་དམ་པ་རྣམས་ཀྱི་བར་དུ་བརྒྱུད་པ་བར་མ་ཆད་པ་ལས་འོངས་ཤིང་། རང་ཉིད་ཀྱིས་སྒོ་དུ་མ་ནས་འབད་པ་ཆེན་པོས་མནོས་པ་རྣམས་ཕལ་ཆེར་ཕྱོགས་གཅིག་ཏུ་བསྡུས་པ་ལ། ཐོག་མར་སྙིགས་མའི་དུས་ཀྱི་རྡོ་རྗེ་འཆང་གཉིས་པ་ཚར་ཆེན་ཆོས་ཀྱི་རྒྱལ་པོ་ཡབ་སྲས་བརྒྱུད་འཛིན་དང་བཅས་པས་ཟབ་རྒྱས་ཀྱི་གདམས་པ་རྒྱ་མཚོས་སྐལ་བཟང་གི་སློབ་མ་རྣམས་ཡོངས་སུ་དཀྲི་བ་ན། དཀར་པོ་ལྷ་གསུམ་གྱིས་ཆོས་སྒོ་འབྱེད་པའི་རྗེས་སུ་འབྲངས་ཏེ། རྗེ་བཙུན་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོ་ཐུན་མོངས་མ་ཡིན་པ་འོད་ཟེར་དྲུག་སྦྲགས་དང་། ཚེ་དཔག་མེད་དཀར་པོ་མི་ཏྲ་ཛོ་ཀིའི་ཐུགས་བཅུད་དང་། དབྱངས་ཅན་དཀར་མོ་ཉེ་བརྒྱུད་པཎྜི་ཏ་ཆེན་པོ་ས་མནྟ་ཤྲཱི་ནས་བརྒྱུད་པ་སྟེ་ཐོག་མར་དགེ་བའི་ལྷ་གསུམ་གྱི་སྒྲུབ་ཐབས། རྗེས་གནང་མན་ངག་གི་རིམ་པ་དང་བཅས་པས་དགེ་ཞིང་བཀྲ་ཤིས་པའི་སྣང་བ་རྒྱ་ཆེར་སྤེལ་བར་བྱས་པ་ཡིན་ནོ། །དེ་ནས་མཐོ་རིས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་མཐའ་དག་གི་ཕྱི་མོར་གྱུར་པ་རིང་པོར་འཚོ་བའི་དགེ་མཚན་རྒྱས་པའི་སླད་དུ་འཆི་མེད་ཚེ་ཡི་དངོས་གྲུབ་སྒྲུབ་པའི་ཐབས་ལ། རྗེ་བཙུན་ས་སྐྱ་པའི་གསེར་ཆོས་ཚེ་དཔག་མེད་སྤྲུལ་སྐུ། མ་གཅིག་གྲུབ་པའི་རྒྱལ་མོ་ནས་བརྒྱུད་པའི་ཚེ་དཔག་མེད་ཡང་གསང་ལྷ་གཅིག་བུམ་གཅིག༢ །དེའི་བྱེ་བྲག་རྗེ་བཙུན་སྟག་ལུང་པའི་ཐུགས་བཅུད་བུར་སྒོམ་ལུགས་ཀྱི་ཚེ་དཔག་མེད་ལོངས་སྐུ་དང་སྤྲུལ་སྐུ། རོང་སྟོན་ཆེན་པོའི་ཟབ་ཆོས་ཚེ་སྒྲུབ་ཞག་བདུན་མའི་མན་ངག །ལུས་སྲུང་པའི་རིག་སྔགས་སུ་གྲགས་པ་སྒྲ་མི་སྙན་གྱི་ཚེ་སྒྲུབ་གྱི་མན་ངག་རྩ་བ་དང་། དེའི་སྒྲུབ་ཐབས་པཎྜི་ཏ་ཤྲཱི་བན་རཏྣ་དང་། རིག་འཛིན་ཆེན་པོ་དྷརྨ་ཀཱིརྟི་ནས་བརྒྱུད་པ་དང་། །ས་སྐྱ་པའི་མན་ངག་ཚེ་དཔག་ལྷ་དགུའི་རྒྱུན་གྱི་ཚེ་སྒྲུབས། འཆི་མེད་གྲུབ་པའི་དབང་པོར་ཡོངས་སུ་གྲགས་པ་སློབ་དཔོན་ཆེན་པོ་མཚོ་སྐྱེས་ཞབས་ཀྱི་ཐུགས་བཅུད་ཚེ་སྒྲུབ་བུ་སྟོན་གོང་ཁུག་མར་གྲགས་པ་དང་། སངས་རྒྱས་གཉིས་པ་དེ་ཉིད་ཀྱིས་གྲུབ་ཆེན་ཐང་སྟོང་རྒྱལ་པོ་ལ་དངོས་སུ་སྩལ་བའི་ཉེ་བརྒྱུད་ཚེ་རྟ་ཟུང་འབྲེལ་དུ་གྲགས་པའི་སྐོར་རྣམས་དང་། ཡང་དེ་ཉིད་ཀྱིས་རས་ཆེན་དཔལ་འབྱོར་བཟང་པོ་ལ་གནང་བའི་ཚེ་དབང་ཟབ་མོ་མདའ་འཕེལ་མ་གཙུག་ཏོར་རྣམ་རྒྱལ་ལྷ་དགུ་མན་ངག་དང་བཅས་པ་རྣམས་སོ། །འཚོ་བའི་ལྗོན་བཟང་ཡུན་རིང་དུ་བརྟན་པ་དོན་ཡོད་པར་བྱ་བའི་ཕྱིར་མངོན་མཐོ་དང་། ངེས་ལེགས་ཀྱི་འབྲས་བུ་དོན་དུ་གཉེར་བ་ན། དེ་རང་གི་ལྷན་ཅིག་བྱེད་པའི་རྐྱེན་མེད་དུ་མི་རུང་བ་མཐོང་བ་དང་། མ་མཐོང་བའི་ཡོན་ཏན་ཐམས་ཅད་ཀྱི་ཕྱི་མོར་གྱུར་པ་སྤོབས་པའི་གཏེར་མཛོད་ཆེན་པོ་བརྒྱད་ཀྱིས་པདྨ་དཀར་པོ་ཁ་ཡོངས་སུ་བྱེ་བའི་སླད་ཤེས་རབ་གྱི་ལྷ་ཁྱད་པར་ཅན་གྱི་ཉིན་མོར་བྱེད་པ་ཁོ་ནར་གཅིག་ཏུ་བསྙེན་པའི་དབང་དུ་བྱས་ཏེ། ཡོངས་སུ་རྫོགས་པའི་པཎྜི་ཏ་ཆེན་པོ་མ་ཏི་ལུགས་ཀྱི་འཇམ་དཔལ་དཀར་པོ། གྲུབ་པའི་དབང་ཕྱུག་དམ་པ་སངས་རྒྱས་ཀྱི་ཐུགས་བཅུད་འཇམ་དཔལ་སྨྲ་བའི་སེང་གེ། །རྗེ་བཙུན་ས་སྐྱ་པ་ཡབ་སྲས་ཀྱི་ཐུན་མོངས་མ་ཡིན་པའི་ལྷག་པའི་ལྷ་འཇམ་དཔལ་ཨ་ར་པ་ཙ་ན་དམར་སེར་དང་། ས་པཎ་དང་འཇམ་དཔལ་སྦག་སྒྲུབ། སྒྲུབ་ཐབས་བརྒྱ་རྩ་ནས་ཕྱུང་པ་མཚན་ཡང་དག་པར་བརྗོད་པའི་འཇམ་དཔལ། པཎྜི་ཏ་གསེར་གདུགས་ཅན་གྱི་བཞེད་སྲོལ་འཇམ་དཔལ་དཀར་པོ་ཤེས་རབ་འཁོར་ལོ་སྟེ་འཇམ་དཔལ་གྱི་རིགས་བདུན། པཎྜི་ཏ་རྡོ་རྗེ་མཚོན་ཆའི་ལུགས་ཀྱི་འཇམ་དཔལ་གང་བློ་མའི་བསྟོད་སྒྲུབ། དབྱངས་ཅན་མ་དཀར་མོ་རིང་བརྒྱུད་བྲམ་ཟེ་ཕུར་བུ་ནས་བརྒྱུད་པ་དང་ཉེ་བརྒྱུད་བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་ལས་བརྒྱུད་པ། དབྱངས་ཅན་མ་དམར་མོ་གསང་སྒྲུབ་ཁ་ཆེའི་པཎྜི་ཏ་བིཀྵ་ས་ར་མ་ནས་བརྒྱུད་པ་སྟེ་དབྱངས་ཅན་མའི་རིགས་གསུམ། ཤེས་རབ་འཆལ་བའི་གེགས་སྲུང་ཞིང་བློ་གྲོས་ཀྱི་སྟོབས་མཆོག་ཏུ་བསྐྱེད་པ་མི་གཡོ་བ་དཀར་པོ་དཱ་ན་ཤི་ལའི་ལུགས། ཐུན་མོང་མ་ཡིན་པའི་ཤེས་རབ་དང་ཡེ་ཤེས་ཁྱད་པར་ཅན་འཆར་བར་བྱེད་པ་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་དཀར་མོ་ཤེས་རབ་གསལ་བྱེད་རྣམས་སོ། །བློ་གྲོས་དང་ལྡན་པ་དག་གིས་མཆོག་གི་དངོས་གྲུབ་སྒྲུབ་པའི་ཉེར་ལེན། རྒྱལ་བ་སྲས་དང་བཅས་པས་བགྲོད་པ་གཅིག་པའི་ལམ། སྲིད་པ་ཀུན་ཏུ་རིན་ཆེན་རིན་ཐང་མེད་པ་བྱང་ཆུབ་སེམས་གཉིས་མི་ཉམས་ཤིང་འཕེལ་བར་བྱེད་པའི་ལྷག་པའི་ལྷ་གཅིག་པུ། བྱེ་བྲག་ཁ་བ་ཅན་པའི་ཡིད་ཅན་མཐའ་དག་གི་ཡི་དམ་གཉིས་པ་མ་མཆིས་པ་འཕགས་པ་སྤྱན་རས་གཟིགས་ཀྱི་སྐོར་ལ། ས་ལུགས་ཐུགས་རྗེ་ཆེན་པོ་གཙོ་རྐྱང་། ས་ལུགས་དང་སྐྱེར་སྒང་ལུགས་ཟུང་དུ་འབྲེལ་བའི་གཙོ་འཁོར་གསུམ་པ། ས་ལུགས་འཕགས་པ་དོན་ཡོད་ཞགས་པ་ལྷ་ལྔ། དཔལ་མོ་ལུགས་ཀྱི་བཅུ་གཅིག་ཞལ་གཙོ་རྐྱང་། གཙོ་འཁོར་ལྔ་པ། མཁའ་འགྲོ་ལྔ་བསྐོར། དེ་དག་དང་རྗེས་སུ་འབྲེལ་བ་སྨྱུང་བར་གནས་པའི་ཆོ་ག །ས་ལུགས་སྤྱན་རས་གཟིགས་སེངྒེ་སྒྲ་སྟེ་བདུན་ནོ། །བྱང་ཆུབ་སེམས་གཉིས་ཀྱི་ཡོན་ཏན་ཇི་ཙམ་འཕེལ་བ་དེ་ཙམ་གྱིས་ཡིད་སྲུབས་ཀྱི་ཕྱོགས་རྣམས་ཟུག་རྔུ་ལྷག་པར་འཕེལ་ནས་བར་དུ་གཅོད་པའི་ཕྱིར། དེ་དག་ལས་ཡོངས་སུ་སྲུངས་ཞིང་སྐྱོབ་པའི་སླད་དུ། ཕྱི་ཡི་གེགས་སེལ་བ་དཔལ་གསང་བའི་བདག་པོ་ལགས་ན་རྡོ་རྗེ་འཆང་བའི་སྐོར་ལ། འཕགས་པ་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་ལས་གསུངས་པའི་ཕྱག་རྡོར་འབྱུང་འདུལ་ཐུན་མོང་མ་ཡིན་པ་མེ་དབང་མ། རས་ཆུང་ལུགས་ཀྱི་ཨུ་ཙཱཪྻ། གོས་སྔོན་ཇོ་བོ་ལུགས་དགོས་པའི་དབང་གིས་སྣར་ཐང་བརྒྱ་རྩ་ལས་ཕྱུང་བ། གོས་སྔོན་ཅན་འབྲོ་བཟང་ལུགས། རས་ཆུང་ལུགས་ཀྱི་གཏུམ་པོ་ཁྱུང་ལྔ། ཆོས་དབང་ལུགས་ཀྱི་གཏུམ་པོ་ཁྱུང་ལྔ། གྲུབ་ཆེན་ལས་ཀྱི་རྡོ་རྗེའི་ཐུགས་བཅུད་དཔལ་གསང་བའི་བདག་པོ་དྲག་པོ་སུམ་བསྒྲིལ་ཏེ་བདུན་ནོ། །ནང་གི་བར་ཆད་སྲུང་བ་དང་། ལས་རབ་འབྱམས་ཐོགས་པ་མེད་པར་འགྲུབ་ཅིང་། གངས་ཅན་པ་རྣམས་ལ་ཐུགས་རྗེའི་འཇུག་པས་ལྷག་པར་དགོངས་པ་རྗེ་བཙུན་སྒྲོལ་མ་མྱུར་མ་དཔའ་མོའི་སྐོར་ལས། བར་ཆད་ཞི་ཞིང་ཚེ་དང་ཤེས་རབ་སྤེལ་བ་སྒྲོལ་དཀར་ཡིད་བཞིན་འཁོར་ལོ་བཀའ་བབས་དགུ་ལྡན། ཞལ་གཟིགས་ཀྱི་བརྒྱུད་པ་མ་ཉམས་པ་བཀའ་བརྒྱུད་ཀཾ་ཚངས་ལུགས་ཀྱི་སྒྲོལ་དཀར་བཀའ་བབས་དྲུག་ལྡན། ཉེ་བརྒྱུད་སྒྲོལ་དཀར་རྣམས་དང་། ཚེ་དང་བསོད་ནམས་རྒྱས་པར་བྱེད་པ་ཙནྡ་གོ་མའི་ལུགས་ཀྱི་སྒྲོལ་མ་སེར་མོ་བཀྲ་ཤིས་དོན་གྲུབ་མ། ཁམས་གསུམ་དབང་དུ་བྱེད་པ་དཔལ་ས་སྐྱ་པའི་ཐུགས་དམ་སྒྲོལ་མ་དམར་མོ། །འཇིགས་པ་མཐའ་དག་སྲུང་ཞིང་ལས་སྣ་ཚོགས་སྒྲུབ་པ་ཇོ་བོའི་ལུགས་ཀྱི་སྒྲོལ་མ་སྔོན་མོ་བར་ཆད་ཀུན་སེལ། སེང་ལྡེང་ནགས་སྒྲོལ་རྣམ་འགྱུར་ཉེར་གཅིག་དང་བཅས་པ། ཀླུ་སྒྲུབ་ལུགས་ཀྱི་གཉན་སྒྲོལ་ཡན་ལག་དྲུག་པ། སྒྲོལ་མའི་བསྟོད་སྒྲུབ་མཎྜལ་བཞི་པ། སྒྲོལ་དཀར་གྱི་ལས་ཚོགས་ལྷ་མོ་ཤྲ་བ་ཎ་རྣམས་སོ། །དངོས་གྲུབ་ཀྱི་སྒོ་མཐའ་ཡས་པར་ཕྱེ་བ་པཎ་གྲུབ་ཆེན་པོ་རྡོ་རྗེ་གདན་པའི་ཐུགས་དམ། སྙིང་རྗེ་ཆེན་པོ་བ་རི་ལོ་ཙཱ་བའི་གདམས་ཟབ། རྗེ་བཙུན་ས་སྐྱ་པ་ཡབ་སྲས་ལ་བཀའ་བབས་ཤིང་ཐུགས་རྩིས་སུ་མཛད་པའི་ལྷག་པའི་ལྷ་དྲུག་ཅེས་གྲགས་པ་ལས། མི་གཡོ་བ་སྔོན་པོ་དང་། འོད་ཟེར་ཅན་མའི་རྗེས་གནང་མན་ངག་དང་བཅས་པ། གཞན་བཞིའི་གདམས་ངག་གི་གཞུང་བཅས་སོ། །ལྔ་བརྒྱ་པ་རྣམས་ཀྱི་གཙུག་གི་ནོར་བུ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་ཐུགས་དམ། དགེ་བའི་བཤེས་གཉེན་བཀའ་གདམས་པ་རྣམས་ཀྱི་ལྷག་པའི་ལྷ་བཞི་ཞེས་གྲགས་པ་ཐུན་མོངས་མ་ཡིན་པའི་ལྷ་འདི་རྣམས་དང་། ལམ་བསླབ་པ་གསུམ་གྱི་ཆོས་ཚུལ་དྲི་མ་མེད་པ་ཟུང་འབྲེལ་དུ་བསྐྱངས་བས་ལྷ་ཆོས་བདུན་ལྡན་གྱི་བསྟན་པའི་བདག་པོ་ཞེས་གྲགས་པའི་ཡི་གེ་གངས་ཀྱི་རི་བོའི་སུལ་ན་མངོན་པར་བརྗིད་པ་ལས་བྱུང་བའི་བསྟན་པ་འདི་ཡི་སྟོན་པ་གཅིག་པུ་ཐུབ་པའི་དབང་པོ་ལྷ་གསུམ། ཐེག་ཆེན་གྱི་ལམ་མཐའ་དག་གི་བསྐྱེད་གཞི་བྱམས་སྙིང་རྗེའི་ལྷ་སྤྱན་རས་གཟིགས་ཡི་གེ་དྲུག་པ་གཙོ་འཁོར་གསུམ་པ། ཕྱིའི་བར་ཆད་སེལ་ཞིང་གཙོ་བོར་ཐུན་མོང་གི་ལས་སྒྲུབ་པ་ཕྲིན་ལས་ཀྱི་ལྷ་སེང་ལྡེང་ནགས་སྒྲོལ་གཙོ་འཁོར་གསུམ། ནང་གི་བར་ཆད་སེལ་ཞིང་མཆོག་གི་ཡེ་ཤེས་སྐྱེད་པ་མི་གཡོ་བ་སྔོན་པོ་གཙོ་རྐྱང་སྟེ། སོ་སོའི་རྗེས་གནང་གདམས་ངག་དང་བཅས་པའོ། །དེ་ནས་རྣམ་པ་ཀུན་ཏུ་ཕན་པ་དང་བདེ་བ་མཐའ་ཡས་པ་སྦྱིན་པ། སྣ་ཚོགས་པའི་གཟུགས་ཅན་གྱི་ནོར་བུ་བཞིན་དུ་མཚན་དང་། སྐུ་ཡི་རྣམ་འགྱུར་ཅིར་ཡང་འཆར་བའི་ལྷག་པའི་ལྷ་རབ་འབྱམས་ཀྱི་སྐོར་ལ། ཇོ་བོ་ལུགས་ཀྱི་ཐུབ་དབང་གནས་བརྟན་བཅུ་དྲུག །གྲུབ་ཆེན་བི་རཱུ་པ་ནས་བརྒྱུད་པའི་ཐུབ་དབང་རྟེན་འབྲེལ་སྙིང་པོ། མཆིམས་སྟོན་རིམ་བྱོན་གྱི་གདམས་ངག་འཁྲུལ་མེད་ཐུབ་དབང་བསྟན་པ་སྤྱི་དབང་ཆོས་སྤྱོད་རྣམ་བཅུའི་མན་ངག་དང་བཅས་པ། ཀླུ་དང་ས་བདག་གི་གནོད་པ་སོགས་ཞི་བར་བྱེད་པ་ཇོ་ལུགས་ཀླུ་དབང་རྒྱལ་པོ་ལྷ་ལྔ། མཁན་ཆེན་ཞི་བ་འཚོ་ནས་བརྒྱུད་པའི་སྨན་གྱི་བླ་མ་གཙོ་འཁོར། གཟའ་དང་རྒྱུ་སྐར་གྱི་གནོད་པ་ཞི་ཞིང་སྣོད་བཅུད་ཀྱི་ཕུན་ཚོགས་བསྐྱེད་པ་གཟའ་ཡུམ་གཙོ་འཁོར། ཕས་ཀྱི་རྒོལ་བ་སོགས་སྲུང་བ་གཙུག་ཏོར་གདུགས་དཀར་གཙོ་རྐྱང་དང་། འཁོར་ལོ་དང་བྱད་འགྲོལ་གྱི་མན་ངག་བཅས། རྨི་ལམ་ངན་པ་སོགས་གཙོ་བོར་བཟློག་པ་ཁྲོ་བོའི་དབང་པོ་གཙུག་ཏོར་འབར་བ། ཕྱིར་བཟློག་གི་མན་ངག་ཁྱད་པར་ཅན་བྷཱ་ཡ་ན་སའི་གདམས་པ། རིམས་ནད་ཞི་བར་བྱེད་པ་རི་ཁྲོད་མ་སེར་མོ་སྒྲུབ་ཐབས་བརྒྱ་རྩ་ལས་ཉེ་བར་མཁོ་བའི་དབང་གིས་ཕྱུང་པ་བུམ་ཆོག་དང་བཅས་པ། སྲད་རྒྱུད་ལུགས་ཀྱི་རི་ཁྲོད་མ་རིགས་གསུམ་ལས་ཚོགས་དང་བཅས་པ། ལས་མ་གྲུབ་པ་རྣམས་གྲུབ་པ་དང་། གྲུབ་པ་རྣམས་ཆུད་མི་ཟ་བ་སོགས་མཐའ་ཡས་པའི་ལས་ཀྱི་ནུས་པ་འབྱིན་བྱེད་རྣམ་འཇོམ་ལྗང་སྔོན་བ་རི་ལུགས་གཏོར་ཆེན་དང་བཅས་པ། དཔལ་ཆེན་རྒྭ་ལོའི་ལུགས་ཀྱི་ཁྲོ་བོ་བདུད་རྩི་འཁྱིལ་བ། གྲིབ་དང་མི་གཙང་བ་ཞི་བྱེད་སྨེ་བརྩེགས་ས་ལུགས་དུད་ཁ། ཇོ་ལུགས་ལྗང་ནག །གྲུ་སྤང་རྩེ་པའི་ལུགས་ཀྱི་ཁྲོ་བོ་སྨེ་བརྩེགས། ལས་ཀྱི་སྒྲིབ་པ་ཞི་བྱེད་དཔལ་རྡོ་རྗེ་སེམས་དཔའ་བླ་མེད་ལུགས། རྒྱལ་གདོན་གཙོ་བོར་གྱུར་བའི་སྡེ་བརྒྱད་སྤྱིའི་གཉེན་པོ་དཔལ་རྟ་མགྲིན་དམར་པོ་རས་ཆུང་ལུགས། རྟ་མགྲིན་ནག་པོ་ཟླ་རྒྱལ་ལུགས། རྟ་མགྲིན་གསང་སྒྲུབ་སྐྱེར་སྒང་ལུགས། གཟའ་གདོན་གྱི་གཉེན་པོ་ཕྱག་རྡོར་གཡའ་བཟང་ལུགས། ཀླུ་གདོན་གྱི་གཉེན་པོ་ཁྱུང་ཁྲ་དང་། ཁྱུང་ནག་གསེར་ཆོས་ལུགས། ཁྱུང་ནག་མེ་ཡི་སྤུ་གྲི་རས་ཆུང་ལུགས། ཡེ་ཤེས་ཀྱི་བྱ་ཁྱུང་དམར་པོ། སྔགས་ཀྱི་ནུས་པ་འབྱིན་བྱེད་འཇམ་དཔལ་ནག་པོ་གསེར་ཆོས་ལུགས། བྱད་ཕུར་བཟློག་ཅིང་ལས་སྣ་ཚོགས་མྱུར་དུ་བསྒྲུབ་པ་སེང་གདོང་སྔོན་མོ་གསེར་ཆོས་ལུགས། སེང་གདོང་དམར་མོ་ནགས་རིན་ལུགས་རྣམས་སོ། །རྣལ་འབྱོར་བླ་མེད་ཀྱི་རྒྱུད་སྡེའི་མཐར་ཐུག་དཔལ་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་ལས་གསུངས་པའི་ལས་རྒྱས་པའི་ལྷ་གསུམ་གྱི་སྐོར་ལ། དཔལ་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད། ཤེར་ཕྱིན་དཀར་མོ། སོ་འབྲང་དཀར་མོ་རྣམས་རྗེ་བཙུན་ས་སྐྱ་པའི་མན་ངག །ཕྱི་མའི་ལས་ཀྱི་བྱེ་བྲག་འཁོར་ལོ་ཆེ་ཆུང་དང་བཅས་པ་རྣམས་སོ། །གཉིས་སུ་མེད་པའི་རྒྱུད་དཔལ་དུས་ཀྱི་འཁོར་ལོའི་ལས་རྒྱས་པའི་ལྷ་གསུམ་གྱི་སྐོར་ལ། ཆར་དབབས་གཅོད་བྱེད་པ་ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་རྡོ་རྗེ་ཚེར་མའི་སྡིག་ནད་འཇོམས་པ་སྣ་ཚོགས་ཡུམ་དཀར་མོ། བརྟན་གཡོའི་དུག་གཞི་ལ་བ་རྡོ་རྗེ་ཁྱུང་ཁྲ་སྟེ། སྔ་མ་གཉིས་ལ་རྒྱུད་འབྲེལ་གྱི་མན་ངག་དངོས་བསྟན་ཙམ་དང་། ཕྱི་མ་ལ་ནཱ་རོ་ཏཱ་པའི་མན་ངག་མཐའ་ཡས་པ་དང་བཅས་པའོ། །རིང་པོར་འཚོ་བའི་དཔག་བསམ་ཤེས་རབ་ཀྱི་པདྨོ་དར་ལ་བབས་པས་མཛེས་ཤིང་། ཚུལ་གནས་ཐོས་བསམ་སྒོམ་པའི་འབྲས་བུའི་ཁུར་གྱིས་ལྕི་བ། རང་དོན་གྱི་ཁོ་ལག་ཡོངས་སུ་རྫོགས་པས་གཞན་དོན་ལྷུན་གྱིས་གྲུབ་པའི་གྲིབ་བསིལ་ཉམས་དགའ་བར། གཅིག་ཏུ་ཕན་པ་འགའ་ཞིག་གིས་ཀུན་ནས་བསླངས་ཏེ་རབ་འབྱམས་དབང་གི་ཕྲིན་ལས་ཀྱི་དྲི་བསུང་མངར་པོས། གདུལ་བྱའི་བུང་བ་སྤྲིན་བཞིན་དུ་འདུ་བར་བྱེད་པའི་ལྷག་པའི་ལྷ་ཡི་སྐོར་ལ། རྗེ་བཙུན་ས་སྐྱ་པ་ཡབ་སྲས་ཀྱི་ཐུགས་བཅུད། གཉེན་ལོ་ཙཱ་བ་དར་མ་གྲགས་ཀྱི་དབང་གི་ལྷ་གསུམ་ཞེས། ཀུ་རུ་ཀུལླེ་དཔལ་མོ་གསེར་གྱི་སྙིང་ཐག་ཅན། ནོར་རྒྱུན་མ་དམར་མོ། ལྷ་མོ་ཨུ་མའམ་ཏི་ནུ་མར་གྲགས་པ་རྣམས་སོ། །དེ་ལྟར་དབང་དུ་བྱས་པའི་སྐྱེ་རྒུ་རྣམས་ཟང་ཟིང་གི་སྦྱིན་པས་ཚིམ་པར་བྱ་བ་དང་། རླབས་ཆེན་བྱ་བ་ལས་ཀྱི་འཁོར་ལོས་རྒྱལ་བའི་གསང་གསུམ་གྱི་རྟེན་དང་། བསྟན་པ་དེར་འཛིན་དང་བཅས་པ་ལོག་འཚོ་བྲལ་བའི་འབྱོར་བའི་དཔལ་གྱིས་མངོན་པར་མཆོད་པའི་སླད་ཕུན་སུམ་ཚོགས་པའི་ནོར་གྱི་ཆར་ཆེན་པོ་རྫོགས་ལྡན་དུས་ཀྱི་སྤྲིན་ཆེན་ལྟར་འབེབས་པའི་ལྷ་ཡི་སྐོར་ལ། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་སེར་ཆེན་ལྷ་དགུ། ཇོ་བོ་ལུགས་ཀྱི་ཛམྦྷ་ལ་དཀར་པོ་ལྷ་ལྔ། དཔལ་ས་སྐྱ་པའི་གསེར་ཆོས་ཛམ་དམར་སྲོག་སྒྲུབ། གཉན་ལོ་ཙཱ་བའི་མན་ངག་ཛམྦྷ་ལ་སུམ་བསྒྲིལ། གྲྭ་མངོན་ལུགས་ཀྱི་ཛམ་དམར་ཆགས་པ་རྡོ་རྗེ་ཞར་བྱུང་དང་བཅས་པ། ཁ་ཆེའི་པཎྜི་ཏའི་ཐུགས་དམ་ལྷ་བཞིའི་ཡ་གྱལ་ཛམ་ནག་སྦས་པ་བུམ་འཁྱིལ། འཇམ་དཔལ་དཔའ་བོ་གཅིག་གྲུབ་ཀྱི་རྒྱུད་ལས་གསུངས་པའི་གནོད་སྦྱིན་ཕོ་དགུ་མོ་དགུའི་མན་ངག །གནོད་སྦྱིན་ཨ་པ་རཱ་ཛི་ཏ། ཚོགས་བདག་དཀར་པོ་ཆགས་པ་རྡོ་རྗེ། ཕྱག་བཞི་པ། སྤྲེལ་གདོང་ཅན། རྗེ་བཙུན་ས་སྐྱ་པའི་ཟབ་ཆོས་ནོར་ལྷ་དབྱུ་གུ་མཆེད་གསུམ་བཅས་སོ། །དེ་ལྟར་དོན་གཉིས་ཀྱི་དགའ་སྟོན་ཕུན་སུམ་ཚོགས་པས་བསྟན་འགྲོ་མཐའ་ཀླས་པའི་ངལ་འཚོ་ཟླ་མེད་པར་གྱུར་པ་ལ། གེགས་ཀྱི་སྦྱོར་བས་མི་འཁྲུགས་ཤིང་། གདུག་པ་ཅན་ཚར་གཅོད་པའི་བསྟན་སྲུང་དབང་པོ་རྣམས་ཀྱི་སྒྲུབ་སྐོར་སྐབས་འདིར་འགོད་པའི་འོས་སུ་ཆེ་ནའང་། ཐུན་མོང་པ་འགའ་ཞིག་ནི་ཉེར་མཁོར་མ་གྱུར་པ་དང་། རང་རང་གི་ཐུན་མོང་མ་ཡིན་པ་རྣམས་ནི་བཀའ་རྩིས་ཀྱི་ཕྱག་རྒྱས་བཏབ་པ་དང་། ཕལ་ཆེར་གླེགས་བམ་གྱི་ཕྲེང་བ་མང་པོར་སྤེལ་ཟིན་པ་ཉིད་ཀྱི་ཕྱིར་རེ་ཞིག་འོག་ཏུ་འབྱུང་བ་ཙམ་ལས་གཞན་འགོད་པའི་ངལ་བ་མ་བྱས་པའོ། །གང་ཡང་སྟོན་པ་བདེ་བར་གཤེགས་པས་ལེགས་པར་གསུངས་པའི་བསྟན་པ་རིན་པོ་ཆེ་ནི། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བའི་མཚན་ཉིད་ཕུན་སུམ་ཚོགས་པ་དང་། དེའི་རྗེས་སུ་འབྲངས་བ་རྣམས་ཀྱང་དེ་བཞིན་གྱི་ཕྱིར། ཚུལ་འདི་ཉིད་འཆད་པ་དང་། ཉན་པ་དང་། བསྒྲུབ་པའི་སྦྱོར་བ་ལ་ཞུགས་པ་རྣམས་ཀྱི་བར་ཆད་མཐའ་དག་ཞི་བ་དང་། འདོད་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པ་དང་། ཕྱོགས་དང་དུས་ཐམས་ཅད་དུ་བཀྲ་ཤིས་ཤིང་སྙན་པའི་གྲགས་དཀར་དང་བཅས་པ་ཚེའི་འདུ་བྱེད་རིང་དུ་གནས་པའི་ཕྱིར་ཐ་མར་དགེ་བའི་ལས་ཀྱི་ལྷ། ཆོས་སྐྱོང་བའི་སྲུང་མ་ཁྱད་པར་ཅན་འཕགས་མཆོག་ཕྱག་ན་པདྨའི་རྣམ་རོལ་ཕྱག་དྲུག་ཡེ་ཤེས་ཀྱི་མགོན་པོ་བར་ཆད་ཀུན་སེལ། མགོན་དཀར་ཡིད་བཞིན་ནོར་བུ་གངས་རིའི་ཁྲོད་ཀྱི་དཀར་ཕྱོགས་སྐྱོང་བ་ཐམས་ཅད་ཀྱི་གཙོ་མོ་བཀྲ་ཤིས་ཚེ་རིང་མཆེད་ལྔ་བཅས་སོ།། །།}} | ||
༄༅། །ལྷག་པའི་ལྷ་རབ་འབྱམས་ཀྱི་སྒྲུབ་ཐབས་མན་ངག་དང་བཅས་པ་ཀུན་ལས་བཏུས་པ་དངོས་གྲུབ་འདོད་པ་འཇོ་བའི་དགའ་སྟོན་ཅེས་བྱ་བ་བཞུགས་སོ། །བླ་མ་དང་ནི་ལྷག་པའི་ལྷ། །ཐ་དད་མིན་ལ་ཕྱག་བགྱིས་ཏེ། །སྒྲུབ་ཐབས་རབ་འབྱམས་མན་ངག་བཅས། །གཅིག་ཏུ་ཕན་པའི་ཡིད་ཀྱིས་བསྡུ། །འདི་ལྟར་དམིགས་པར་བྱ་བའི་ཡུལ་མཐར་ཐུག་གི་འབྲས་བུ་རྣམ་པ་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་གཅིག་ཉིད་བསྒྲུབ་བྱར་བྱས་ཏེ། དེ་སྒྲུབ་པར་བྱེད་པའི་ཐབས་ལམ་གྱི་རིམ་པ་ལའང་། དམན་དང་། མཆོག་དང་། མྱུར་བའི་རིམ་པས་གསུམ་དུ་འགྱུར་བ་ལས་ཕྱི་མ་ཐེག་པ་ཆེན་པོའི་ཆེན་པོ་གསང་སྔགས་རྒྱུད་སྡེ་བཞི་ལས། ཐུན་མོང་དང་། མཆོག་གི་དངོས་གྲུབ་ཚེགས་ཆུང་དུས་འདོད་པ་བཞིན་དུ་རྩོལ་བའི་ཡི་དམ་གྱི་ལྷ་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་ཤིང་། འཕགས་པའི་ཡུལ་དང་། གངས་རིའི་ཁྲོད་འདིར་ཡང་མཁས་ཤིང་དངོས་གྲུབ་བརྙེས་པའི་རྡོ་རྗེའི་སློབ་དཔོན་རྣམས་ཀྱིས་སྒྲུབ་པའི་ཐབས་མན་ངག་དང་བཅས་པའང་དེ་སྙེད་ཅིག་མཛད་པས་སྣོད་དང་ལྡན་པ་རྣམས་ལ་སྐལ་པ་བཟང་པོ་ཅི་ཡང་མཛད་དོ། །དེ་ལྟ་མོད་ཀྱི་བཤད་སྒྲུབ་གྱི་བསྟན་པ་རིམ་གྱིས་འགྲིབ་པས། ཕལ་ཆེར་རྒྱུན་ནུབ་པ་དང་། འགའ་ཞིག་མཆིས་པའང་བརྒྱུད་པ་དང་བྲལ་བ་དང་། བརྒྱུད་པའི་མན་ངག་དང་མི་མཐུན་པ་དང་། རྗེས་སུ་གནང་བ་སོགས་དང་གདམས་ངག་དག་ཡ་བྲལ་པར་གྱུར་པས་ན། དེ་ལྟ་བུའི་སྐྱོན་སྤང་པའི་ཕྱིར་དང་། རང་གཞན་ལ་ཉེ་བར་མཁོ་བའི་ཕྱིར་དང་། རྒྱུན་ཉམས་པར་མི་འགྱུར་བ་སོགས་ཀྱི་ཆེད། གཅིག་ཏུ་ལྷག་པའི་བསམ་པ་ཁོ་ནས། སྟོན་པ་བདེ་བར་གཤེགས་པ་ནས། བདག་ཅག་གི་བླ་མ་དམ་པ་རྣམས་ཀྱི་བར་དུ་བརྒྱུད་པ་བར་མ་ཆད་པ་ལས་འོངས་ཤིང་། རང་ཉིད་ཀྱིས་སྒོ་དུ་མ་ནས་འབད་པ་ཆེན་པོས་མནོས་པ་རྣམས་ཕལ་ཆེར་ཕྱོགས་གཅིག་ཏུ་བསྡུས་པ་ལ། ཐོག་མར་སྙིགས་མའི་དུས་ཀྱི་རྡོ་རྗེ་འཆང་གཉིས་པ་ཚར་ཆེན་ཆོས་ཀྱི་རྒྱལ་པོ་ཡབ་སྲས་བརྒྱུད་འཛིན་དང་བཅས་པས་ཟབ་རྒྱས་ཀྱི་གདམས་པ་རྒྱ་མཚོས་སྐལ་བཟང་གི་སློབ་མ་རྣམས་ཡོངས་སུ་དཀྲི་བ་ན། དཀར་པོ་ལྷ་གསུམ་གྱིས་ཆོས་སྒོ་འབྱེད་པའི་རྗེས་སུ་འབྲངས་ཏེ། རྗེ་བཙུན་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོ་ཐུན་མོངས་མ་ཡིན་པ་འོད་ཟེར་དྲུག་སྦྲགས་དང་། ཚེ་དཔག་མེད་དཀར་པོ་མི་ཏྲ་ཛོ་ཀིའི་ཐུགས་བཅུད་དང་། དབྱངས་ཅན་དཀར་མོ་ཉེ་བརྒྱུད་པཎྜི་ཏ་ཆེན་པོ་ས་མནྟ་ཤྲཱི་ནས་བརྒྱུད་པ་སྟེ་ཐོག་མར་དགེ་བའི་ལྷ་གསུམ་གྱི་སྒྲུབ་ཐབས། རྗེས་གནང་མན་ངག་གི་རིམ་པ་དང་བཅས་པས་དགེ་ཞིང་བཀྲ་ཤིས་པའི་སྣང་བ་རྒྱ་ཆེར་སྤེལ་བར་བྱས་པ་ཡིན་ནོ། །དེ་ནས་མཐོ་རིས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་མཐའ་དག་གི་ཕྱི་མོར་གྱུར་པ་རིང་པོར་འཚོ་བའི་དགེ་མཚན་རྒྱས་པའི་སླད་དུ་འཆི་མེད་ཚེ་ཡི་དངོས་གྲུབ་སྒྲུབ་པའི་ཐབས་ལ། རྗེ་བཙུན་ས་སྐྱ་པའི་གསེར་ཆོས་ཚེ་དཔག་མེད་སྤྲུལ་སྐུ། མ་གཅིག་གྲུབ་པའི་རྒྱལ་མོ་ནས་བརྒྱུད་པའི་ཚེ་དཔག་མེད་ཡང་གསང་ལྷ་གཅིག་བུམ་གཅིག༢ །དེའི་བྱེ་བྲག་རྗེ་བཙུན་སྟག་ལུང་པའི་ཐུགས་བཅུད་བུར་སྒོམ་ལུགས་ཀྱི་ཚེ་དཔག་མེད་ལོངས་སྐུ་དང་སྤྲུལ་སྐུ། རོང་སྟོན་ཆེན་པོའི་ཟབ་ཆོས་ཚེ་སྒྲུབ་ཞག་བདུན་མའི་མན་ངག །ལུས་སྲུང་པའི་རིག་སྔགས་སུ་གྲགས་པ་སྒྲ་མི་སྙན་གྱི་ཚེ་སྒྲུབ་གྱི་མན་ངག་རྩ་བ་དང་། དེའི་སྒྲུབ་ཐབས་པཎྜི་ཏ་ཤྲཱི་བན་རཏྣ་དང་། རིག་འཛིན་ཆེན་པོ་དྷརྨ་ཀཱིརྟི་ནས་བརྒྱུད་པ་དང་། །ས་སྐྱ་པའི་མན་ངག་ཚེ་དཔག་ལྷ་དགུའི་རྒྱུན་གྱི་ཚེ་སྒྲུབས། འཆི་མེད་གྲུབ་པའི་དབང་པོར་ཡོངས་སུ་གྲགས་པ་སློབ་དཔོན་ཆེན་པོ་མཚོ་སྐྱེས་ཞབས་ཀྱི་ཐུགས་བཅུད་ཚེ་སྒྲུབ་བུ་སྟོན་གོང་ཁུག་མར་གྲགས་པ་དང་། སངས་རྒྱས་གཉིས་པ་དེ་ཉིད་ཀྱིས་གྲུབ་ཆེན་ཐང་སྟོང་རྒྱལ་པོ་ལ་དངོས་སུ་སྩལ་བའི་ཉེ་བརྒྱུད་ཚེ་རྟ་ཟུང་འབྲེལ་དུ་གྲགས་པའི་སྐོར་རྣམས་དང་། ཡང་དེ་ཉིད་ཀྱིས་རས་ཆེན་དཔལ་འབྱོར་བཟང་པོ་ལ་གནང་བའི་ཚེ་དབང་ཟབ་མོ་མདའ་འཕེལ་མ་གཙུག་ཏོར་རྣམ་རྒྱལ་ལྷ་དགུ་མན་ངག་དང་བཅས་པ་རྣམས་སོ། །འཚོ་བའི་ལྗོན་བཟང་ཡུན་རིང་དུ་བརྟན་པ་དོན་ཡོད་པར་བྱ་བའི་ཕྱིར་མངོན་མཐོ་དང་། ངེས་ལེགས་ཀྱི་འབྲས་བུ་དོན་དུ་གཉེར་བ་ན། དེ་རང་གི་ལྷན་ཅིག་བྱེད་པའི་རྐྱེན་མེད་དུ་མི་རུང་བ་མཐོང་བ་དང་། མ་མཐོང་བའི་ཡོན་ཏན་ཐམས་ཅད་ཀྱི་ཕྱི་མོར་གྱུར་པ་སྤོབས་པའི་གཏེར་མཛོད་ཆེན་པོ་བརྒྱད་ཀྱིས་པདྨ་དཀར་པོ་ཁ་ཡོངས་སུ་བྱེ་བའི་སླད་ཤེས་རབ་གྱི་ལྷ་ཁྱད་པར་ཅན་གྱི་ཉིན་མོར་བྱེད་པ་ཁོ་ནར་གཅིག་ཏུ་བསྙེན་པའི་དབང་དུ་བྱས་ཏེ། ཡོངས་སུ་རྫོགས་པའི་པཎྜི་ཏ་ཆེན་པོ་མ་ཏི་ལུགས་ཀྱི་འཇམ་དཔལ་དཀར་པོ། གྲུབ་པའི་དབང་ཕྱུག་དམ་པ་སངས་རྒྱས་ཀྱི་ཐུགས་བཅུད་འཇམ་དཔལ་སྨྲ་བའི་སེང་གེ། །རྗེ་བཙུན་ས་སྐྱ་པ་ཡབ་སྲས་ཀྱི་ཐུན་མོངས་མ་ཡིན་པའི་ལྷག་པའི་ལྷ་འཇམ་དཔལ་ཨ་ར་པ་ཙ་ན་དམར་སེར་དང་། ས་པཎ་དང་འཇམ་དཔལ་སྦག་སྒྲུབ། སྒྲུབ་ཐབས་བརྒྱ་རྩ་ནས་ཕྱུང་པ་མཚན་ཡང་དག་པར་བརྗོད་པའི་འཇམ་དཔལ། པཎྜི་ཏ་གསེར་གདུགས་ཅན་གྱི་བཞེད་སྲོལ་འཇམ་དཔལ་དཀར་པོ་ཤེས་རབ་འཁོར་ལོ་སྟེ་འཇམ་དཔལ་གྱི་རིགས་བདུན། པཎྜི་ཏ་རྡོ་རྗེ་མཚོན་ཆའི་ལུགས་ཀྱི་འཇམ་དཔལ་གང་བློ་མའི་བསྟོད་སྒྲུབ། དབྱངས་ཅན་མ་དཀར་མོ་རིང་བརྒྱུད་བྲམ་ཟེ་ཕུར་བུ་ནས་བརྒྱུད་པ་དང་ཉེ་བརྒྱུད་བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་ལས་བརྒྱུད་པ། དབྱངས་ཅན་མ་དམར་མོ་གསང་སྒྲུབ་ཁ་ཆེའི་པཎྜི་ཏ་བིཀྵ་ས་ར་མ་ནས་བརྒྱུད་པ་སྟེ་དབྱངས་ཅན་མའི་རིགས་གསུམ། ཤེས་རབ་འཆལ་བའི་གེགས་སྲུང་ཞིང་བློ་གྲོས་ཀྱི་སྟོབས་མཆོག་ཏུ་བསྐྱེད་པ་མི་གཡོ་བ་དཀར་པོ་དཱ་ན་ཤི་ལའི་ལུགས། ཐུན་མོང་མ་ཡིན་པའི་ཤེས་རབ་དང་ཡེ་ཤེས་ཁྱད་པར་ཅན་འཆར་བར་བྱེད་པ་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་དཀར་མོ་ཤེས་རབ་གསལ་བྱེད་རྣམས་སོ། །བློ་གྲོས་དང་ལྡན་པ་དག་གིས་མཆོག་གི་དངོས་གྲུབ་སྒྲུབ་པའི་ཉེར་ལེན། རྒྱལ་བ་སྲས་དང་བཅས་པས་བགྲོད་པ་གཅིག་པའི་ལམ། སྲིད་པ་ཀུན་ཏུ་རིན་ཆེན་རིན་ཐང་མེད་པ་བྱང་ཆུབ་སེམས་གཉིས་མི་ཉམས་ཤིང་འཕེལ་བར་བྱེད་པའི་ལྷག་པའི་ལྷ་གཅིག་པུ། བྱེ་བྲག་ཁ་བ་ཅན་པའི་ཡིད་ཅན་མཐའ་དག་གི་ཡི་དམ་གཉིས་པ་མ་མཆིས་པ་འཕགས་པ་སྤྱན་རས་གཟིགས་ཀྱི་སྐོར་ལ། ས་ལུགས་ཐུགས་རྗེ་ཆེན་པོ་གཙོ་རྐྱང་། ས་ལུགས་དང་སྐྱེར་སྒང་ལུགས་ཟུང་དུ་འབྲེལ་བའི་གཙོ་འཁོར་གསུམ་པ། ས་ལུགས་འཕགས་པ་དོན་ཡོད་ཞགས་པ་ལྷ་ལྔ། དཔལ་མོ་ལུགས་ཀྱི་བཅུ་གཅིག་ཞལ་གཙོ་རྐྱང་། གཙོ་འཁོར་ལྔ་པ། མཁའ་འགྲོ་ལྔ་བསྐོར། དེ་དག་དང་རྗེས་སུ་འབྲེལ་བ་སྨྱུང་བར་གནས་པའི་ཆོ་ག །ས་ལུགས་སྤྱན་རས་གཟིགས་སེངྒེ་སྒྲ་སྟེ་བདུན་ནོ། །བྱང་ཆུབ་སེམས་གཉིས་ཀྱི་ཡོན་ཏན་ཇི་ཙམ་འཕེལ་བ་དེ་ཙམ་གྱིས་ཡིད་སྲུབས་ཀྱི་ཕྱོགས་རྣམས་ཟུག་རྔུ་ལྷག་པར་འཕེལ་ནས་བར་དུ་གཅོད་པའི་ཕྱིར། དེ་དག་ལས་ཡོངས་སུ་སྲུངས་ཞིང་སྐྱོབ་པའི་སླད་དུ། ཕྱི་ཡི་གེགས་སེལ་བ་དཔལ་གསང་བའི་བདག་པོ་ལགས་ན་རྡོ་རྗེ་འཆང་བའི་སྐོར་ལ། འཕགས་པ་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་ལས་གསུངས་པའི་ཕྱག་རྡོར་འབྱུང་འདུལ་ཐུན་མོང་མ་ཡིན་པ་མེ་དབང་མ། རས་ཆུང་ལུགས་ཀྱི་ཨུ་ཙཱཪྻ། གོས་སྔོན་ཇོ་བོ་ལུགས་དགོས་པའི་དབང་གིས་སྣར་ཐང་བརྒྱ་རྩ་ལས་ཕྱུང་བ། གོས་སྔོན་ཅན་འབྲོ་བཟང་ལུགས། རས་ཆུང་ལུགས་ཀྱི་གཏུམ་པོ་ཁྱུང་ལྔ། ཆོས་དབང་ལུགས་ཀྱི་གཏུམ་པོ་ཁྱུང་ལྔ། གྲུབ་ཆེན་ལས་ཀྱི་རྡོ་རྗེའི་ཐུགས་བཅུད་དཔལ་གསང་བའི་བདག་པོ་དྲག་པོ་སུམ་བསྒྲིལ་ཏེ་བདུན་ནོ། །ནང་གི་བར་ཆད་སྲུང་བ་དང་། ལས་རབ་འབྱམས་ཐོགས་པ་མེད་པར་འགྲུབ་ཅིང་། གངས་ཅན་པ་རྣམས་ལ་ཐུགས་རྗེའི་འཇུག་པས་ལྷག་པར་དགོངས་པ་རྗེ་བཙུན་སྒྲོལ་མ་མྱུར་མ་དཔའ་མོའི་སྐོར་ལས། བར་ཆད་ཞི་ཞིང་ཚེ་དང་ཤེས་རབ་སྤེལ་བ་སྒྲོལ་དཀར་ཡིད་བཞིན་འཁོར་ལོ་བཀའ་བབས་དགུ་ལྡན། ཞལ་གཟིགས་ཀྱི་བརྒྱུད་པ་མ་ཉམས་པ་བཀའ་བརྒྱུད་ཀཾ་ཚངས་ལུགས་ཀྱི་སྒྲོལ་དཀར་བཀའ་བབས་དྲུག་ལྡན། ཉེ་བརྒྱུད་སྒྲོལ་དཀར་རྣམས་དང་། ཚེ་དང་བསོད་ནམས་རྒྱས་པར་བྱེད་པ་ཙནྡ་གོ་མའི་ལུགས་ཀྱི་སྒྲོལ་མ་སེར་མོ་བཀྲ་ཤིས་དོན་གྲུབ་མ། ཁམས་གསུམ་དབང་དུ་བྱེད་པ་དཔལ་ས་སྐྱ་པའི་ཐུགས་དམ་སྒྲོལ་མ་དམར་མོ། །འཇིགས་པ་མཐའ་དག་སྲུང་ཞིང་ལས་སྣ་ཚོགས་སྒྲུབ་པ་ཇོ་བོའི་ལུགས་ཀྱི་སྒྲོལ་མ་སྔོན་མོ་བར་ཆད་ཀུན་སེལ། སེང་ལྡེང་ནགས་སྒྲོལ་རྣམ་འགྱུར་ཉེར་གཅིག་དང་བཅས་པ། ཀླུ་སྒྲུབ་ལུགས་ཀྱི་གཉན་སྒྲོལ་ཡན་ལག་དྲུག་པ། སྒྲོལ་མའི་བསྟོད་སྒྲུབ་མཎྜལ་བཞི་པ། སྒྲོལ་དཀར་གྱི་ལས་ཚོགས་ལྷ་མོ་ཤྲ་བ་ཎ་རྣམས་སོ། །དངོས་གྲུབ་ཀྱི་སྒོ་མཐའ་ཡས་པར་ཕྱེ་བ་པཎ་གྲུབ་ཆེན་པོ་རྡོ་རྗེ་གདན་པའི་ཐུགས་དམ། སྙིང་རྗེ་ཆེན་པོ་བ་རི་ལོ་ཙཱ་བའི་གདམས་ཟབ། རྗེ་བཙུན་ས་སྐྱ་པ་ཡབ་སྲས་ལ་བཀའ་བབས་ཤིང་ཐུགས་རྩིས་སུ་མཛད་པའི་ལྷག་པའི་ལྷ་དྲུག་ཅེས་གྲགས་པ་ལས། མི་གཡོ་བ་སྔོན་པོ་དང་། འོད་ཟེར་ཅན་མའི་རྗེས་གནང་མན་ངག་དང་བཅས་པ། གཞན་བཞིའི་གདམས་ངག་གི་གཞུང་བཅས་སོ། །ལྔ་བརྒྱ་པ་རྣམས་ཀྱི་གཙུག་གི་ནོར་བུ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་ཐུགས་དམ། དགེ་བའི་བཤེས་གཉེན་བཀའ་གདམས་པ་རྣམས་ཀྱི་ལྷག་པའི་ལྷ་བཞི་ཞེས་གྲགས་པ་ཐུན་མོངས་མ་ཡིན་པའི་ལྷ་འདི་རྣམས་དང་། ལམ་བསླབ་པ་གསུམ་གྱི་ཆོས་ཚུལ་དྲི་མ་མེད་པ་ཟུང་འབྲེལ་དུ་བསྐྱངས་བས་ལྷ་ཆོས་བདུན་ལྡན་གྱི་བསྟན་པའི་བདག་པོ་ཞེས་གྲགས་པའི་ཡི་གེ་གངས་ཀྱི་རི་བོའི་སུལ་ན་མངོན་པར་བརྗིད་པ་ལས་བྱུང་བའི་བསྟན་པ་འདི་ཡི་སྟོན་པ་གཅིག་པུ་ཐུབ་པའི་དབང་པོ་ལྷ་གསུམ། ཐེག་ཆེན་གྱི་ལམ་མཐའ་དག་གི་བསྐྱེད་གཞི་བྱམས་སྙིང་རྗེའི་ལྷ་སྤྱན་རས་གཟིགས་ཡི་གེ་དྲུག་པ་གཙོ་འཁོར་གསུམ་པ། ཕྱིའི་བར་ཆད་སེལ་ཞིང་གཙོ་བོར་ཐུན་མོང་གི་ལས་སྒྲུབ་པ་ཕྲིན་ལས་ཀྱི་ལྷ་སེང་ལྡེང་ནགས་སྒྲོལ་གཙོ་འཁོར་གསུམ། ནང་གི་བར་ཆད་སེལ་ཞིང་མཆོག་གི་ཡེ་ཤེས་སྐྱེད་པ་མི་གཡོ་བ་སྔོན་པོ་གཙོ་རྐྱང་སྟེ། སོ་སོའི་རྗེས་གནང་གདམས་ངག་དང་བཅས་པའོ། །དེ་ནས་རྣམ་པ་ཀུན་ཏུ་ཕན་པ་དང་བདེ་བ་མཐའ་ཡས་པ་སྦྱིན་པ། སྣ་ཚོགས་པའི་གཟུགས་ཅན་གྱི་ནོར་བུ་བཞིན་དུ་མཚན་དང་། སྐུ་ཡི་རྣམ་འགྱུར་ཅིར་ཡང་འཆར་བའི་ལྷག་པའི་ལྷ་རབ་འབྱམས་ཀྱི་སྐོར་ལ། ཇོ་བོ་ལུགས་ཀྱི་ཐུབ་དབང་གནས་བརྟན་བཅུ་དྲུག །གྲུབ་ཆེན་བི་རཱུ་པ་ནས་བརྒྱུད་པའི་ཐུབ་དབང་རྟེན་འབྲེལ་སྙིང་པོ། མཆིམས་སྟོན་རིམ་བྱོན་གྱི་གདམས་ངག་འཁྲུལ་མེད་ཐུབ་དབང་བསྟན་པ་སྤྱི་དབང་ཆོས་སྤྱོད་རྣམ་བཅུའི་མན་ངག་དང་བཅས་པ། ཀླུ་དང་ས་བདག་གི་གནོད་པ་སོགས་ཞི་བར་བྱེད་པ་ཇོ་ལུགས་ཀླུ་དབང་རྒྱལ་པོ་ལྷ་ལྔ། མཁན་ཆེན་ཞི་བ་འཚོ་ནས་བརྒྱུད་པའི་སྨན་གྱི་བླ་མ་གཙོ་འཁོར། གཟའ་དང་རྒྱུ་སྐར་གྱི་གནོད་པ་ཞི་ཞིང་སྣོད་བཅུད་ཀྱི་ཕུན་ཚོགས་བསྐྱེད་པ་གཟའ་ཡུམ་གཙོ་འཁོར། ཕས་ཀྱི་རྒོལ་བ་སོགས་སྲུང་བ་གཙུག་ཏོར་གདུགས་དཀར་གཙོ་རྐྱང་དང་། འཁོར་ལོ་དང་བྱད་འགྲོལ་གྱི་མན་ངག་བཅས། རྨི་ལམ་ངན་པ་སོགས་གཙོ་བོར་བཟློག་པ་ཁྲོ་བོའི་དབང་པོ་གཙུག་ཏོར་འབར་བ། ཕྱིར་བཟློག་གི་མན་ངག་ཁྱད་པར་ཅན་བྷཱ་ཡ་ན་སའི་གདམས་པ། རིམས་ནད་ཞི་བར་བྱེད་པ་རི་ཁྲོད་མ་སེར་མོ་སྒྲུབ་ཐབས་བརྒྱ་རྩ་ལས་ཉེ་བར་མཁོ་བའི་དབང་གིས་ཕྱུང་པ་བུམ་ཆོག་དང་བཅས་པ། སྲད་རྒྱུད་ལུགས་ཀྱི་རི་ཁྲོད་མ་རིགས་གསུམ་ལས་ཚོགས་དང་བཅས་པ། ལས་མ་གྲུབ་པ་རྣམས་གྲུབ་པ་དང་། གྲུབ་པ་རྣམས་ཆུད་མི་ཟ་བ་སོགས་མཐའ་ཡས་པའི་ལས་ཀྱི་ནུས་པ་འབྱིན་བྱེད་རྣམ་འཇོམ་ལྗང་སྔོན་བ་རི་ལུགས་གཏོར་ཆེན་དང་བཅས་པ། དཔལ་ཆེན་རྒྭ་ལོའི་ལུགས་ཀྱི་ཁྲོ་བོ་བདུད་རྩི་འཁྱིལ་བ། གྲིབ་དང་མི་གཙང་བ་ཞི་བྱེད་སྨེ་བརྩེགས་ས་ལུགས་དུད་ཁ། ཇོ་ལུགས་ལྗང་ནག །གྲུ་སྤང་རྩེ་པའི་ལུགས་ཀྱི་ཁྲོ་བོ་སྨེ་བརྩེགས། ལས་ཀྱི་སྒྲིབ་པ་ཞི་བྱེད་དཔལ་རྡོ་རྗེ་སེམས་དཔའ་བླ་མེད་ལུགས། རྒྱལ་གདོན་གཙོ་བོར་གྱུར་བའི་སྡེ་བརྒྱད་སྤྱིའི་གཉེན་པོ་དཔལ་རྟ་མགྲིན་དམར་པོ་རས་ཆུང་ལུགས། རྟ་མགྲིན་ནག་པོ་ཟླ་རྒྱལ་ལུགས། རྟ་མགྲིན་གསང་སྒྲུབ་སྐྱེར་སྒང་ལུགས། གཟའ་གདོན་གྱི་གཉེན་པོ་ཕྱག་རྡོར་གཡའ་བཟང་ལུགས། ཀླུ་གདོན་གྱི་གཉེན་པོ་ཁྱུང་ཁྲ་དང་། ཁྱུང་ནག་གསེར་ཆོས་ལུགས། ཁྱུང་ནག་མེ་ཡི་སྤུ་གྲི་རས་ཆུང་ལུགས། ཡེ་ཤེས་ཀྱི་བྱ་ཁྱུང་དམར་པོ། སྔགས་ཀྱི་ནུས་པ་འབྱིན་བྱེད་འཇམ་དཔལ་ནག་པོ་གསེར་ཆོས་ལུགས། བྱད་ཕུར་བཟློག་ཅིང་ལས་སྣ་ཚོགས་མྱུར་དུ་བསྒྲུབ་པ་སེང་གདོང་སྔོན་མོ་གསེར་ཆོས་ལུགས། སེང་གདོང་དམར་མོ་ནགས་རིན་ལུགས་རྣམས་སོ། །རྣལ་འབྱོར་བླ་མེད་ཀྱི་རྒྱུད་སྡེའི་མཐར་ཐུག་དཔལ་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་ལས་གསུངས་པའི་ལས་རྒྱས་པའི་ལྷ་གསུམ་གྱི་སྐོར་ལ། དཔལ་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད། ཤེར་ཕྱིན་དཀར་མོ། སོ་འབྲང་དཀར་མོ་རྣམས་རྗེ་བཙུན་ས་སྐྱ་པའི་མན་ངག །ཕྱི་མའི་ལས་ཀྱི་བྱེ་བྲག་འཁོར་ལོ་ཆེ་ཆུང་དང་བཅས་པ་རྣམས་སོ། །གཉིས་སུ་མེད་པའི་རྒྱུད་དཔལ་དུས་ཀྱི་འཁོར་ལོའི་ལས་རྒྱས་པའི་ལྷ་གསུམ་གྱི་སྐོར་ལ། ཆར་དབབས་གཅོད་བྱེད་པ་ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་རྡོ་རྗེ་ཚེར་མའི་སྡིག་ནད་འཇོམས་པ་སྣ་ཚོགས་ཡུམ་དཀར་མོ། བརྟན་གཡོའི་དུག་གཞི་ལ་བ་རྡོ་རྗེ་ཁྱུང་ཁྲ་སྟེ། སྔ་མ་གཉིས་ལ་རྒྱུད་འབྲེལ་གྱི་མན་ངག་དངོས་བསྟན་ཙམ་དང་། ཕྱི་མ་ལ་ནཱ་རོ་ཏཱ་པའི་མན་ངག་མཐའ་ཡས་པ་དང་བཅས་པའོ། །རིང་པོར་འཚོ་བའི་དཔག་བསམ་ཤེས་རབ་ཀྱི་པདྨོ་དར་ལ་བབས་པས་མཛེས་ཤིང་། ཚུལ་གནས་ཐོས་བསམ་སྒོམ་པའི་འབྲས་བུའི་ཁུར་གྱིས་ལྕི་བ། རང་དོན་གྱི་ཁོ་ལག་ཡོངས་སུ་རྫོགས་པས་གཞན་དོན་ལྷུན་གྱིས་གྲུབ་པའི་གྲིབ་བསིལ་ཉམས་དགའ་བར། གཅིག་ཏུ་ཕན་པ་འགའ་ཞིག་གིས་ཀུན་ནས་བསླངས་ཏེ་རབ་འབྱམས་དབང་གི་ཕྲིན་ལས་ཀྱི་དྲི་བསུང་མངར་པོས། གདུལ་བྱའི་བུང་བ་སྤྲིན་བཞིན་དུ་འདུ་བར་བྱེད་པའི་ལྷག་པའི་ལྷ་ཡི་སྐོར་ལ། རྗེ་བཙུན་ས་སྐྱ་པ་ཡབ་སྲས་ཀྱི་ཐུགས་བཅུད། གཉེན་ལོ་ཙཱ་བ་དར་མ་གྲགས་ཀྱི་དབང་གི་ལྷ་གསུམ་ཞེས། ཀུ་རུ་ཀུལླེ་དཔལ་མོ་གསེར་གྱི་སྙིང་ཐག་ཅན། ནོར་རྒྱུན་མ་དམར་མོ། ལྷ་མོ་ཨུ་མའམ་ཏི་ནུ་མར་གྲགས་པ་རྣམས་སོ། །དེ་ལྟར་དབང་དུ་བྱས་པའི་སྐྱེ་རྒུ་རྣམས་ཟང་ཟིང་གི་སྦྱིན་པས་ཚིམ་པར་བྱ་བ་དང་། རླབས་ཆེན་བྱ་བ་ལས་ཀྱི་འཁོར་ལོས་རྒྱལ་བའི་གསང་གསུམ་གྱི་རྟེན་དང་། བསྟན་པ་དེར་འཛིན་དང་བཅས་པ་ལོག་འཚོ་བྲལ་བའི་འབྱོར་བའི་དཔལ་གྱིས་མངོན་པར་མཆོད་པའི་སླད་ཕུན་སུམ་ཚོགས་པའི་ནོར་གྱི་ཆར་ཆེན་པོ་རྫོགས་ལྡན་དུས་ཀྱི་སྤྲིན་ཆེན་ལྟར་འབེབས་པའི་ལྷ་ཡི་སྐོར་ལ། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་སེར་ཆེན་ལྷ་དགུ། ཇོ་བོ་ལུགས་ཀྱི་ཛམྦྷ་ལ་དཀར་པོ་ལྷ་ལྔ། དཔལ་ས་སྐྱ་པའི་གསེར་ཆོས་ཛམ་དམར་སྲོག་སྒྲུབ། གཉན་ལོ་ཙཱ་བའི་མན་ངག་ཛམྦྷ་ལ་སུམ་བསྒྲིལ། གྲྭ་མངོན་ལུགས་ཀྱི་ཛམ་དམར་ཆགས་པ་རྡོ་རྗེ་ཞར་བྱུང་དང་བཅས་པ། ཁ་ཆེའི་པཎྜི་ཏའི་ཐུགས་དམ་ལྷ་བཞིའི་ཡ་གྱལ་ཛམ་ནག་སྦས་པ་བུམ་འཁྱིལ། འཇམ་དཔལ་དཔའ་བོ་གཅིག་གྲུབ་ཀྱི་རྒྱུད་ལས་གསུངས་པའི་གནོད་སྦྱིན་ཕོ་དགུ་མོ་དགུའི་མན་ངག །གནོད་སྦྱིན་ཨ་པ་རཱ་ཛི་ཏ། ཚོགས་བདག་དཀར་པོ་ཆགས་པ་རྡོ་རྗེ། ཕྱག་བཞི་པ། སྤྲེལ་གདོང་ཅན། རྗེ་བཙུན་ས་སྐྱ་པའི་ཟབ་ཆོས་ནོར་ལྷ་དབྱུ་གུ་མཆེད་གསུམ་བཅས་སོ། །དེ་ལྟར་དོན་གཉིས་ཀྱི་དགའ་སྟོན་ཕུན་སུམ་ཚོགས་པས་བསྟན་འགྲོ་མཐའ་ཀླས་པའི་ངལ་འཚོ་ཟླ་མེད་པར་གྱུར་པ་ལ། གེགས་ཀྱི་སྦྱོར་བས་མི་འཁྲུགས་ཤིང་། གདུག་པ་ཅན་ཚར་གཅོད་པའི་བསྟན་སྲུང་དབང་པོ་རྣམས་ཀྱི་སྒྲུབ་སྐོར་སྐབས་འདིར་འགོད་པའི་འོས་སུ་ཆེ་ནའང་། ཐུན་མོང་པ་འགའ་ཞིག་ནི་ཉེར་མཁོར་མ་གྱུར་པ་དང་། རང་རང་གི་ཐུན་མོང་མ་ཡིན་པ་རྣམས་ནི་བཀའ་རྩིས་ཀྱི་ཕྱག་རྒྱས་བཏབ་པ་དང་། ཕལ་ཆེར་གླེགས་བམ་གྱི་ཕྲེང་བ་མང་པོར་སྤེལ་ཟིན་པ་ཉིད་ཀྱི་ཕྱིར་རེ་ཞིག་འོག་ཏུ་འབྱུང་བ་ཙམ་ལས་གཞན་འགོད་པའི་ངལ་བ་མ་བྱས་པའོ། །གང་ཡང་སྟོན་པ་བདེ་བར་གཤེགས་པས་ལེགས་པར་གསུངས་པའི་བསྟན་པ་རིན་པོ་ཆེ་ནི། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བའི་མཚན་ཉིད་ཕུན་སུམ་ཚོགས་པ་དང་། དེའི་རྗེས་སུ་འབྲངས་བ་རྣམས་ཀྱང་དེ་བཞིན་གྱི་ཕྱིར། ཚུལ་འདི་ཉིད་འཆད་པ་དང་། ཉན་པ་དང་། བསྒྲུབ་པའི་སྦྱོར་བ་ལ་ཞུགས་པ་རྣམས་ཀྱི་བར་ཆད་མཐའ་དག་ཞི་བ་དང་། འདོད་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པ་དང་། ཕྱོགས་དང་དུས་ཐམས་ཅད་དུ་བཀྲ་ཤིས་ཤིང་སྙན་པའི་གྲགས་དཀར་དང་བཅས་པ་ཚེའི་འདུ་བྱེད་རིང་དུ་གནས་པའི་ཕྱིར་ཐ་མར་དགེ་བའི་ལས་ཀྱི་ལྷ། ཆོས་སྐྱོང་བའི་སྲུང་མ་ཁྱད་པར་ཅན་འཕགས་མཆོག་ཕྱག་ན་པདྨའི་རྣམ་རོལ་ཕྱག་དྲུག་ཡེ་ཤེས་ཀྱི་མགོན་པོ་བར་ཆད་ཀུན་སེལ། མགོན་དཀར་ཡིད་བཞིན་ནོར་བུ་གངས་རིའི་ཁྲོད་ཀྱི་དཀར་ཕྱོགས་སྐྱོང་བ་ཐམས་ཅད་ཀྱི་གཙོ་མོ་བཀྲ་ཤིས་ཚེ་རིང་མཆེད་ལྔ་བཅས་སོ།། །།}} | |||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} |
Revision as of 16:24, 14 May 2021
🚧 This website is under continued development. We appreciate your patience!
སྒྲུབ་ཐབས་ཀུན་བཏུས་ཐོག་མའི་ཐོ་བཀོད།
Wylie title | sgrub thabs kun btus thog ma'i tho bkod | |
---|---|---|
Location | mkhyen brtse'i bka' 'bum Volume 24, sde tshan 1, Text 15, Pages 149-161 (Folios 75a1 to 81a4) | |
Author | འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | |
Less details More details | ||
Citation | 'jam dbyangs mkhyen brtse'i dbang po. sgrub thabs kun btus thog ma'i tho bkod. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 24: 149-161. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020. | |
Genre | Catalogue of Contents - dkar chag · Notes - zin bris | |
Cycle | སྒྲུབ་ཐབས་ཀུན་བཏུས་ (sgrub thabs kun btus) |
1 Texts in this Section (sde tshan or chos tshan)
15 149-161
|
སྒྲུབ་ཐབས་ཀུན་བཏུས་ཐོག་མའི་ཐོ་བཀོད། sgrub thabs kun btus thog ma'i tho bkod
|
Text page View PDF |
[[|འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ()]] |