JKW-KABUM-24-YA-001-014: Difference between revisions
From Khyentse Lineage - A Tsadra Foundation Project
JKW-KABUM-24-YA-001-014
No edit summary |
No edit summary |
||
Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|citation=[['jam dbyangs mkhyen brtse'i dbang po]]. ''''. In '''jam dbyangs mkhyen brtse'i dbang po'i bka' 'bum'', Vol. 24: | |fulltitletib=ཇོ་ནང་པ་ཀུན་དགའ་སྙིང་པོའམ་ཏཱ་ར་ནཱ་ཐ་ནས་བཀའི་བསྡུ་བ་གསར་དུ་མཛད་པའི་སྒྲུབ་ཐབས་རིན་ཆེན་འབྱུང་གནས་ལས་གསུངས་པའི་ལྷའི་རྣམ་གྲངས་ནི། | ||
|fulltitle=jo nang pa kun dga' snying po'am tA ra nA tha nas bka'i bsdu ba gsar du mdzad pa'i sgrub thabs rin chen 'byung gnas las gsungs pa'i lha'i rnam grangs ni | |||
|citation=[['jam dbyangs mkhyen brtse'i dbang po]]. ''jo nang pa kun dga' snying po'am tA ra nA tha nas bka'i bsdu ba gsar du mdzad pa'i sgrub thabs rin chen 'byung gnas las gsungs pa'i lha'i rnam grangs ni''. In '''jam dbyangs mkhyen brtse'i dbang po'i bka' 'bum'', Vol. 24: 137-149. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020. | |||
|collectiontitle=mkhyen brtse'i bka' 'bum | |collectiontitle=mkhyen brtse'i bka' 'bum | ||
|collectiontitletib=མཁྱེན་བརྩེའི་བཀའ་འབུམ་ | |collectiontitletib=མཁྱེན་བརྩེའི་བཀའ་འབུམ་ | ||
Line 9: | Line 11: | ||
|authortib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | |authortib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | ||
|editortib=རྫོང་སར་བློ་གྲོས་ཕུན་ཚོགས་ | |editortib=རྫོང་སར་བློ་གྲོས་ཕུན་ཚོགས་ | ||
|tibgenre=Enumerated Lists - rnam grangs | |||
|terma=No | |terma=No | ||
|sabcadcategory=Ten | |||
|language=Tibetan | |language=Tibetan | ||
|volumenumber=024 | |volumenumber=024 | ||
Line 17: | Line 21: | ||
|textnuminvol=001 | |textnuminvol=001 | ||
|textsubnumber=014 | |textsubnumber=014 | ||
|pagenumbers=137-149 | |||
|totalpages=13 | |||
|beginfolioline=69a1 | |||
|endfolioline=75a1 | |||
|totalfolios=7 | |||
|multivolumework=No | |multivolumework=No | ||
|versonotes=mkhyen brtse'i bka' 'bum | |versonotes=mkhyen brtse'i bka' 'bum | ||
Line 24: | Line 33: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP| | {{TibP|འཕགས་ཡུལ་གྱི་གྲུབ་ཆེན་ནག་པོ་སྤྱོད་པའི་རྣམ་འཕྲུལ་མཁས་ཤིང་ཤིན་ཏུ་གྲུབ་པའི་དབང་ཕྱུག་ཇོ་ནང་པ་ཀུན་དགའ་སྙིང་པོའམ་ཏཱ་ར་ནཱ་ཐ་ཞེས་མཚན་ཡོངས་སུ་གྲགས་པ་དེ་ཉིད་ཀྱི་ཞལ་སྔ་ནས་བཀའི་བསྡུ་བ་གསར་དུ་མཛད་པའི་སྒྲུབ་ཐབས་རིན་ཆེན་འབྱུང་གནས་ལས་གསུངས་པའི་ལྷའི་རྣམ་གྲངས་ནི། ཐོག་མར་དགེ་བ་ཉེར་མཁོའི་སྒྲུབ་ཐབས་ལ། སྒྲོལ་དཀར་ཇོ་བོ་ལུགས། བ་རི་ལུགས། གཉེན་ལོ་ལུགས། ནགས་རིན་ལུགས་བཞིའི་དབྱངས་ཅན་མ་དཀར་མོ་བྲམ་ཟེ་ཕུར་བུའི་ལུགས་བོ་དོང་པའི་ཉེ་བརྒྱུད་ཀྱང་འདུས་པ། གཉན་སྒྲོལ་ཡན་ལག་དྲུག་པ་དང་། ཀུ་རུ་ཀུལླེ་ཐུན་མོང་དང་། ཐུན་མོང་མ་ཡིན་པ། འདོད་རྒྱལ་ཐུན་མོང་དང་ཐུན་མིན། ཚོགས་བདག་དམར་ཆེན་ཕྱག་བཅུ་གཉིས་པ་རྣམས་ས་ལུགས། རྡོར་སེམས་སེར་པོ་ཇོ་བོ་ལུགས་ཏེ་བཅུ་གཅིག་གོ། ། ༈ དེ་ནས་དེ་བཞིན་གཤེགས་པ་རབ་ཏུ་བྱུང་བའི་ཆ་ལུགས་ཅན་གྱི་སྒྲུབ་ཐབས་ལ། ཐུབ་པ་རྡོ་རྗེ་གདན་པ་སྒྲུབ་ཐབས་བརྒྱ་རྩ་དང་། དམ་ཚིག་གསུམ་བཀོད་ལྷ་ལྔ་རྒྱ་མཚོ་ལས་བྱུང་བ། ཟུར་བཀའ་གནས་བཅུ་ཇོ་བོ་ལུགས། བཀའ་གདམས་ལྷ་བཞིའི་༼དྷ༽ཐུབ་པ་གཙོ་འཁོར་གསུམ། སྨན་བླ་འདི་ལ་བསྒོམ་བཟླས་ཀྱི་ལུང་ཁྱད་པར་བ་ཡོད། བདེ་གཤེགས་བརྒྱད་བྷོ་དྷི་ས་ཏྭ་ནས་བརྒྱུད་པ། ཀླུ་དབང་རྒྱལ་པོ་ལྷ་ལྔ་ཇོ་བོ་ལུགས་ཏེ་དྲུག་གོ། ། ༈ རྣལ་འབྱོར་བླ་མེད་ནས་འབྱུང་བའི་དཀྱིལ་འཁོར་གྱི་གཙོ་བོའི་སྒྲུབ་ཐབས་ལ། གསང་འདུས་འཇམ་རྡོར་ལྷན་སྐྱེས་རྒྱ་མཚོ་ལས་བྱུང་བ། སྒེགས་པའི་གསང་འདུས་༼དྷ༽ལྷན་སྐྱེས་ཁྲོ་ཕུ་བ་ནས་བརྒྱུད་པ། མ་ཧཱ་མཱ་༼དྷ༽ཡ་གཙོ་རྐྱང་གསར་འགྱུར། བདེ་མཆོག་༼དྷ༽ལྷན་སྐྱེས་དང་། གོ་ཆའི་དཔའ་༼དྷ༽བོ་དྲུག །དཔའ་མོ་དྲུག་དྷ་རྣམས་པ་ལུགས། བདེ་༼དྷ༽མཆོག་འདི་ངོར་ལུགས་དང་མི་མཐུན། དཀར་པོ་དང་། དེའི་ཚེ་སྒྲུབ་བཅས་༼དྷ༽ཁ་ཆེ་པཎ་ཆེན་ལུགས། བདེ་མཆོག་སྤྱན་༼དྷ༽རས་གཟིགས་མི་ཏྲ་ལུགས་ཁྲོ་ཕུ་བ་ནས་བརྒྱུད་པ། དུས་འཁོར་ལྷན་སྐྱེས་ཁྲོ་ཕུ་བ་ནས་བརྒྱུད་པ། རྡོ་རྗེ་ཤུགས་ཇོ་ནང་ལུགས། གཤེད་དམར་༼དྷ༽ལྷན་སྐྱེས་བིཪྺའི་ལུགས། འཇིགས་བྱེད་གཙོ་འཁོར་གསུམ་པ་རྭ་ལུགས་ཏེ་བཅུ་བཞིའོ། ། ༈ རྡོ་རྗེ་རྣལ་འབྱོར་མའི་སྐོར་ལ། ས་ལུགས་ནཱ་རོ་མཁའ་སྤྱོད། ཞལ་གཉིས་མ་དཔྱ ལ་ལུགས། མཻ་ཏྲི་མཁྱེན་དང་། ཨིནྡྲ་མཁའ་༼དྷ༽སྤྱོད་ས་ལུགས། ཕག་མོ་དོན་གྲུབ་༼དྷི༽དང་། དབུ་བཅད་མ་༼དྷ༽དཔྱལ་ལུགས། ཕག་མོ་གནམ་ཞལ་ཞལ་ཤེས་ཚིག་བརྒྱུད་ཅན་མ་རྭ་ལུགས། ཕག་སེར་ཀུརྨ་པཱ་ད་༼དྷ༽ཆགས་ལོ་ནས་བརྒྱུད་པ། ཕག་མོ་དཔལ་འཛིན་ལུགས་ཁྲོ་ལོ་ནས་བརྒྱུད་པ། ཕག་མོ་གོ་བཟློག་མ་ཀཾ་ཚང་ལུགས། ཁྲོས་ནག་ལྷ་དགུ་༼དྷ༽དམ་པའི་ལུགས། ཕག་དཀར་རྒྱས་པ་༼དྷ༽ཀངྐདརྟ་དང་། བསྡུས་༼དྷ༽པ་ནགས་རིན་ལུགས་ཏེ་བཅུ་ གསུམ་མོ། ། ༈ སྤྱན་རས་གཟིགས་ཀྱི་སྐོར་ལ། ཡི་གེ་དྲུག་པ་གཙོ་འཁོར་གསུམ་པ་ཇོ་བོ་ལུགས། བཀའ་གདམས་ལྷ་བཞིའི་སྤྱན་རས་༼ཛ༽གཟིགས། དཔལ་ལུགས་བཅུ་གཅིག་ཞལ། དོན་ཞགས་ལྷ་ལྔ་དང་། དོན་ཞགས་སེར་པོ་བ་རི་ལུགས། དོན་ཞགས་ལྷ་ལྔ་པཎ་ཆེན་ལུགས། ཁ་སརྤ་ཎི་ནགས་རིན་༼དྷ༽ལུགས། ཡིད་བཞིན་ནོར་བུ་ལྷ་ལྔ་ཇོ་ལུགས། སེམས་ཉིད་ངལ་གསོ་མི་ཏྲ་ལུགས། གསང་སྒྲུབ་མི་ཏྲ་ལུགས། ནམ་མཁའི་རྒྱལ་པོ་སྲོང་བཙན་༼དྷ༽ལུགས་གཏེར་བྱོན། ཡིད་བཞིན་འཁོར་ལོ་༼ཛ༽ཇོ་ལུགས། བཅུ་གཅིག་ཞལ་འཇིགས་པ་བརྒྱད་༼ཨཱཿ༽སྐྱོབས་ཇོ་ལུགས། རྡོ་རྗེ་སྙིང་༼ཨཱ༽པོ་མི་ཏྲ་ལུགས། སེངྒེ་སྒྲས་ལུགས། རྒྱལ་བ་རྒྱ་མཚོ་བདེར་གཤེགས་བཞི་བསྒྲིལ་༼དྷ༽ཀཾ་ཚང་ལུགས་ཏེ་བཅུ་དྲུག་གོ། །། ༈ སྒྲོལ་མའི་སྐོར་ལ་བཀའ་གདམས་ལྷ་༼ཛ༽བཞི། སྒྲོལ་མ། སྒྲོལ་མ་སྔོ་ལྗང་དང་། སྒྲོལ་དཀར་ལྷ་དགུ་པཎ་ཆེན་ལུགས། སྒྲོལ་མ་ཉིན་ཞི་མཚན་ཁྲོ་གཉན་ལུགས། ཨོ་རྒྱན་སྒྲོལ་མ་དམར་མོ། སྒྲོལ་མ་ཡིད་བཞིན་ནོར་བུ་ཨ་བྷཱ་ཡའི་ལུགས་རཏྣ་རཀྵི་ཏའི་གདམས་པ། དབང་གི་སྒྲོལ་མ་དམར་མོ་ས་ལུགས། སྒྲོལ་མ་ནོར་སྦྱིན་མ་དང་། སྒྲོལ་སེར་གཙོ་འཁོར་༼ཛ༽གསུམ། རྨི་ལམ་སྒྲོལ་མ་༼བྷ༽ བཅས་པཎ་ཆེན་ལུགས། སྒྲོལ་མ་ལྷ་ལྔ་དང་། ཕྱག་བརྒྱད་༼ཛ༽མ་ཇོ་ལུགས། ཀ་པཱ་ལའི་སྒྲོལ་༼བྷ༽མ། ཙནྡཱ་ཏཱ་ར་ནཱ་༼དྷ༽རོ་ལུགས་ཏེ་བཅུ་བཞིའོ། ། ༈ ཕྱག་རྡོར་སྐོར་ལ། ཨུཙཱཪྻ་ཀླུ་སྒྲུབ་ལུགས། གོས་སྔོན་ཅན་ཇོ་ལུགས་དང་ས་ལུགས། གཏུམ་ཆེན་སྲུང་མཁར་མ་དང་། གཏུམ་ཆུང་ཁྲ་ཐོག་རས་ཆུང་ལུགས། གཏུམ་ཆུང་དམར་པོ་གྲྭ་མངོན་༼ཛ༽ལུགས། གོས་སྔོན་ཅན་འགྲོ་བཟང་ལུགས། ཁང་བུ་བརྩེགས་པ་གྲྭ་མངོན་ལུགས། འབྱུང་འདུལ་ས་ལུགས། འབྱུང་འདུལ་མེ་དབང་མ་དྭགས་པོ་ལུགས་ཏེ་བཅུའོ། ། ༈ རྟ་མགྲིན་སྐོར་ལ། རྟ་མགྲིན་དམར་པོ་ལྷན་སྐྱེས་དང་། ཁྱུང་གཤོགས་ཅན། ཤྭ་ན་བཞི་སྐོར་རྣམས་ཇོ་ལུགས། རྟ་མགྲིན་ལྷན་སྐྱེས་པཎ་ཆེན་ལུགས། རྟ་མགྲིན་སྐྱེར་༼དྷ༽སྒང་ལུགས། རྟ་ནག་ལྕགས་རལ་ཅན་ཟླ་རྒྱལ་ལུགས་ཏེ་དྲུག་གོ། །། ༈ མི་གཡོ་བའི་སྐོར་ལ། མི་གཡོ་སྔོན་པོ་པུས་བཙུག་མ་ཆུ་སྲུང་དང་བཅས་པ་ས་ལུགས། བཀའ་གདམས་ལྷ་བཞིའི་མི་གཡོ་བ། མི་གཡོ་དཀར་པོ་པཎ་ཆེན་ལུགས། མི་གཡོ་བ་ཕྱག་བཞི་པ་དང་། ཞབས་བཞི་པ་ས་ལུགས། མི་གཡོ་བ་སྤྲེལ་བརྒྱད་མ་སྟེ་དྲུག་གོ། །། ༈ ཚེ་སྒྲུབ་རིགས་ལ། ཚེ་དཔག་སྤྲུལ་སྐུ་རས་༼བྷ༽ཆུང་ལུགས། བ་རི་ལུགས། ཚེ་དཔག་དཀར་པོ་ཕྱག་དྷ བཞི་རས་ཆུང་ལུགས། ཚེ་དཔག་དཀར་པོ་མི་ཏྲ་ལུགས། རྣམ་རྒྱལ་ལྷ་དགུ་ས་ལུགས། འཆི་མེད་རྡོ་རྗེ་སྒོམས་ལུགས་ཏེ་དྲུག་གོ། །། ༈ ཤེས་རབ་ཀྱི་ལྷའི་རིགས་ལ། འཇམ་དཀར་པཎ་ཆེན་ལུགས། ཨ་ར་པ་ཙ་ན་གཙོ་རྐྱང་ས་ལུགས། གང་བློ་མའི་བསྟོད་སྒྲུབ་རྡོ་རྗེ་མཚོན་ཆའི་ལུགས། སྨྲ་སེང་དམ་པའི་ལུགས། ཤེས་རབ་འཁོར་ལོ་པཎ་ཆེན་ལུགས་རྣམས་ཀྱི་སྒྲུབ་ཐབས་རྒྱས་པ། བྱམས་པ་ནི་ར་ཏི་པའི་ལུགས་ཁྲོ་ལོ་ནས་བརྒྱུད་པ། ཤེར་ཕྱིན་སེར་མོ་ཁྲོ་ལོ་ནས་བྷ་བརྒྱུད་པ། དཀར་མོ་ས་ལུགས། དབྱངས་ཅན་དཀར་མོ་ཕྱག་བཞི་མ་ཁྲོ་ལོ་ལུགས། དབྱངས་ཅན་དམར་མོ་གཙང་ནག་པ་ནས་བརྒྱུད་པ་སྟེ་བཅུའོ། ། ༈ ས་ལུགས་རྡོ་རྗེ་གདན་པའི་ཆོས་དྲུག་གི་སྐོར་ལ། ནང་གི་བར་ཆད་སྲུང་བ་མི་གཡོ་བ་སྔོན་པོ་གོང་དུ་སོང་བས། འདིར་ཕྱི་ཡི་བར་ཆད་སྲུང་བ་འོད་ཟེར་ཅན་སེར་མོ། ཚེ་སྒྲུབ་ཐུབ་པ་མེ་རུ་ཤི་ཥ། རྨི་ལམ་ངན་པ་བཟློག་བྱེད་སྤྱན་རས་གཟིགས་ཡི་གེ་ཕྱེད་དང་བཞི་པ། ནད་ཞི་བྱེད་སངས་རྒྱས་སྤྱན། སྡིག་སྒྲིབ་སྦྱོང་བྱེད་དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པ་སྟེ་ལྔའོ། ། ༈ དབང་སྡུད་༼ཛ༽་ཀྱི་ལྷ་ཡི་རིགས་ལ། ཀུ་རུ་ཀུལླེ་གསང་སྒྲུབ་ལྷ་ལྔ་ཌོམྦྷི་ལུགས། ས་ལུགས་དཔལ་མོ་གསེར་གྱི་སྙིང་ཐག་ཅན་དང་། ནོར་རྒྱུན་མ་དམར་མོ། ལྷ་མོ་ཏི་ནུ་མ་སྟེ་དམར་ཆུང་སྐོར་གསུམ། རྗེ་བཙུན་མ་ཐོད་པ་༼དྷ༽རྒྱན་ཐུན་མིན་ཞལ་ཤེས་ཅན་ཤངས་ལུགས། མཁའ་འགྲོ་གསང་༼བྷ༽་བ་ཡེ་ཤེས་སྟག་ལུང་པ་ནས་བརྒྱུད་པ་སྟེ་དྲུག་གོ ། ༈ སྒྲུབ་ཐབས་སྣ་ཚོགས་པའི་སྐོར་ལ། རྣམ་འཇོམས་ལྗང་གུ་བ་རི་ལུགས། རྣམ་འཇོམས་མཐིང་ཀ །དཀར་པོ་ཛྙཱ་ན་ཤྲཱིའི་ལུགས། བགེགས་མཐར་བྱེད་ས་ལུགས། སྣ་ཚོགས་ཡུམ་ཇོ་ནང་ལུགས། སོར་འབྲང་དཀར་མོ་ས་ལུགས། གདུགས་དཀར་ས་ལུགས། རི་ཁྲོད་མ་སེར་མོ། དམར་མོ། སྔོན་མོ། ལྗང་མོ། དྲག་མོ་ཀངྐ་ལ་ཆིབ་པ་སྟེ་རིགས་ལྔ་ས་ལུགས། གཟའ་ཡུམ་ས་ལུགས། རྨེ་བརྩེགས་དུད་ཁ་ས་ལུགས། ལྗང་ནག་ཇོ་ལུགས། ཁྲོ་མོ་སྨེ་བརྩེགས་གྲུ་སྤང་༼ཛ༽་རྩེ་བའི་ལུགས། ཁྲོ་བོ་རིག་ཚིགས་པ་རི་ལུགས། བདེ་མཆོག་རྡོ་རྗེ་མཁའ་ལྡིཾང་ཀཾ་ཚང་ལུགས། །ཁྱུང་ཁྲ་དུས་འཁོར་ལུགས། ཁྱུང་ཁྲ་མན་ངག་ལུགས་ས་སྐྱ་པ་ནས་བརྒྱུད་པ། ཁྱུང་སེར་ཇོ་༼ཨཱ༽ལུགས། འཇམ་དཔལ་ནག་པོ་ས་བྷ་ལུགས། རྙིང་མའི་ལུགས་སུ་ངོས་བཟུང་སྣང་། ལྷ་མོ་ཤྲ་མ་༼ཨཱ༽་ཎ་ཇོ་ལུགས། སེང་གདོང་སྔོན་མོ་དང་། དམར་མོ་ས་ལུགས། དེའི་གསང་དབང་དང་བཅས་པ། ནཱ་ག་རཀྵ་རིན་ཆེན་གླིང་པའི་གཏེར་བྱོན་ཏེ་ཉེར་དྲུག་གོ ༈ །རྒྱ་གར་གྱི་སློབ་དཔོན་པུརྞ་བཛྲ་སྟེ་གང་བའི་རྡོ་རྗེ་ལས་ཇོ་ནང་རྗེ་བཙུན་ཉིད་ཀྱིས་གསན་པའི་གསར་འགྱུར་གྱི་སྐོར་ལ། སངས་རྒྱས་༼པ༽ དཔའ་བོ་བདུན། འོད་དཔག་༼ཛ༽མེད། བྱམས་༼ཛ༽པ། ཀུན་ཏུ་༼ཛ༽བཟང་པོ། ནམ་༼ཛ༽སྙིང་། ས་༼ཛ༽སྙིང་། སྒྲིབ་༼ཛ༽སེལ། སྤྱན་རས་༼ཛ༽གཟིགས་འཇིགས་པ་བརྒྱད་སྐྱོབས་དང་། སྣ་ཚོགས་དབང་༼ཛ༽པོ། བཅུ་གཅིག་ཞལ་༼ཛ༽པདྨའི་ཕྱག །སུ་ཁ་བ་༼ཛ༽རི། བདེ་ལྡན་༼ཛ༽དམར་པོ། དོན་ཡོད་༼ཛ༽ལྕགས་ཀྱུ། དོན་ཡོད་མཆོད་པ་༼ཛ༽སྟེ་རིགས་བརྒྱད། གསང་བདག་༼དྷི༽ ལྷན་སྐྱེས། མཱ་མ་༼དྷི༽ཀཱི། གོས་དཀར་༼ཛ༽མོ། རྣམ་རྒྱལ་དཀར་༼ཛ༽མོ་ཕྱག་གཉིས་མ། ལྷ་མོ་༼ཛ༽ཙནྡཱ། གཞན་གྱིས་༼ཛ༽མི་ཐུབ་མ། རྟ་མགྲིན་དཀར་འདི་ལ་ཏིང་ངེ་འཛིན་གྱི་དབང་བསྐུར་ལོ། པོ་མི་གཡོ་བ་དམར་པོ། འོད་ཟེར་ཅན་མ་༼ཛ༽རྟ་ལྗང་ཅན། རྒྱལ་མཚན་རྩེ་༼ཛ༽མོ། རོ་ལངས་༡མ། འཕྲོག་མ༢། ཚོགས་བདག་སེར་པོ་འདི་གསུམ་ལ་བཟླས་བསྒོམ་གྱི་ཁུང་ཁྱད་པར་ཅན་ཡོད། སྟེ་ཉི་ཤུ་རྩ་དྲུག་གོ། །། ༈ བར་འདིར་ཉེ་བའི་སྲས་བརྒྱད་ཀྱི་འཇམ་དཔལ་དམར་སེར་སྤྱན་རས་གཟིགས། ཕྱག་རྡོར་རྣམས་གཙོ་འཁོར་གཉིས་རེ་ཅན་གྱི་སྒྲུབ་ཐབས་རེ་རེ་ཡོད་ཀྱང་། ལུང་ཙམ་མ་གཏོགས་རྗེས་གནང་སོགས་ཀྱིས་དམིགས་བསལ་མ་གསུངས། ། ༈ སློབ་དཔོན་ཉི་མ་སྦས་པ་ནས་བརྒྱུད་པའི་སྒྲོལ་མའི་སྒྲུབ་ཐབས་ལ། རྩ་བའི་སྒྲོལ་མ་ལྗང་སྔོན་ཞལ་གཅིག་ཕྱག་གཉིས་པ། ལས་ཚོགས་ཀྱི་སྒྲོལ་མ་ཉེར་གཅིག །སེང་ལྡེང་ནགས་སྒྲོལ་གཙོ་རྐྱང་དང་། གཙོ་འཁོར་གསུམ་པ་འཕྲོས་དོན་དུ་བཤད་པ་བཅས་ཉི་ཤུ་རྩ་བཞིའོ། ། ༈ ནོར་ལྷའི་སྐོར་ལ། རྣམ་སྲས་སེར་ཆེན་ལྷ་དགུ། མདུང་དམར་ཅན་ཕྱི་སྒྲུབ་བྱ་རྒོད་གཤོང་གི་གཏེར་མ། ལྗང་སེར་བེ་ཅོན་ཅན། གསང་སྒྲུབ་དམར་པོ་གར་མཁན་མཆོག །གསུང་མཆོག་ལུས་ངན་པོ། རྣམ་སྲས་ནག་པོ་རྡོ་རྗེ་དྲག་བྱེད། ནག་པོ་རྟ་སྔོན་ཅན། དཀར་པོ་ཚེ་འཕེལ་ཏེ་རིགས་ཆེན་བརྒྱད་དུ་གྲགས་པ་དང་། ལྗང་གུ་ཛྙཱ་ན་ལུགས། ཡང་གསང་ཕྱག་མཚན་བཞི་པ་བཅས་རྣམས་སྲས་རིགས་བཅུ། ཛམ་སེར་གཙོ་ཀྱང་ཨ་བྷཱ་ཡའི་ལུགས། གསང་འདུས་ཛམ་སེར་ཞལ་གསུམ་ཕྱག་དྲུག་༼བྷ༽གཉོས་ལུགས། དཔའ་བོ་གཅིག་གྲུབ་ལས་བྱུང་བའི་ཛམ་བྷ་ལ་ལྷ་མང་ཇོ་ལུགས། ཛམྦྷ་ལ་ནག་པོ་པཎ་ཆེན་ལུགས། འབྲུག་ཞོན་དཀར་པོ་ལྷ་ལྔ་ཇོ་ལུགས། ཛམ་དམར་སྲོག་སྒྲུབས་ལུགས། ཛམ་དམར་ཞལ་གསུམ་ཕྱག་དྲུག་གྲ་མངོན་ལུགས། ཛམ་ལྗང་དུས་འཁོར་ལུགས་ཇོ་ནང་པ་ནས་བརྒྱུད་པ་བཅས་ཛམ་བྷ་ལ་རིགས་བརྒྱད། གནོད་སྦྱིན་ནོར་བུ་བཟང་པོ་བྲམ་ཟེ་མིག་སེར་ལས་བརྒྱུད་པ། བྲས་གར་མཁན་མཆོག་དང་། རྒྱལ་བ་ཁྱུང་༼ཛ༽ མཆོག །ལྷ་མོ་དཔལ་བྷ་ཆེན་མོ་གསུམ་ཁྲོ་ཕུ་པ་ནས་བརྒྱུད་པ། གཟུངས་ལས་བྱུང་བའི་ནོར་རྒྱུན་མ་ཨ་བྷཱ་ཡའི་ལུགས། ནོར་རྒྱུན་མ་སེར་མོ་ཛ་མཱ་རིའི་ལུགས། བ་ལང་རྗིའི་ནོར་རྒྱུན་༼བྷ༽མ་དང་། དམར་མོ་ཡིད་འཕྲོག་མཁྲོ་ཕུ་ནས་བརྒྱུད་པ། ཞང་བློན་རྡོ་རྗེ་བདུད་འདུལ་གྲྭ་མངོན་ལུགས། ཨ་པ་ར་ཛཱི་ཏེ་ཇོ་ལུགས་སྒམ་པོ་པ་སོགས་ལས་བརྒྱུད་པ། ཚོགས་བདག་ཆགས་པ་རྡོ་རྗེ་དང་། དཀར་པོ་ཕྱག་༼བྷ༽བཞི་པ། དམར་པོ་ཕྱག་༼བྷ༽བཞི་པ་བཅས་ཇོ་ལུགས། ཀླུ་རྒྱལ་སོག་མ་༼བྷ༽མེད། དབྱུ་གུ་སྤྱན་༼ཨཱ༽གསུམ། ཁོལ་པོ་ཀུནྡ་ཨཱ་ལི་རྣམས་ཇོ་ལུགས་ཀཾ་ཚང་ནས་བརྒྱུད་པ་སྟེ་སུམ་ཅུ་རྩ་བཞིའོ། ། ༈ བསྟན་སྲུང་མགོན་པོ་ལྕམ་དྲལ་རིགས་སྣ་ཚོགས་པའི་བསྐོར་ལ། མྱུར་མཛད་མགོན་པོ་ཕྱག་དྲུག་པ་ནག་པོ་བར་ཆད་ཀུན་སེལ་དང་། དཀར་པོ་ཡིད་བཞིན་ནོར་བུ། མགོན་སེར་ནོར་སྲུང་བློ་འཕེལ། མགོན་དམར་༼དྷ༽དབང་གི་རྒྱལ་པོ། མགོན་ལྗང་ཚེ་༼དྷ༽བདག་སྟེ་ཤང་ལུགས་བཀའ་ལྔ། མགོན་པོ་ཕྱག་བཞི་པ་ཉི་སྦས་༼དྷ༽ལུགས་གསར་འགྱུར་ཁྱད་པར་ཅན། ཕྱག་བཞི་པ་ཀླུ་སྒྲུབ་ལུགས་ནགས་རིན་ནས་བརྒྱུད་པ། ཕྱག་བཞི་པ་མཐིང་ཁ་ཕྱག་ལེན་འདྲ་མིན་༼དྷ༽གཉིས་དང་། དེའི་ཏིང་ངེ་འཛིན་གྱི་དབང་བསྐུར་བཅས། མགོན་དམར་རྐང་གླིང་ཅན། ལྷ་མོ་ཙཎྜི་ཀཱ། ལས་མགོན་བྱ་རོག་གདོང་ཅན་རྣམས་སྒཱ་ལོའི་ལུགས་ཏེ། ཕྱག་བཞི་པ་དང་འབྲེལ་བ་དྲུག་གམ་བརྒྱད། མགོན་པོ་གུར་ལྕམ་དྲལ། ལྷ་བརྒྱད། རྙིང་མ་ནས་བརྒྱུད་པའི་མགོན་པོ་ཕུར་ཞབས་མ་གསུམ་ས་ལུགས་དང་། གུར་ཡུམ་ཅན་ཀླུ་སྒྲུབ་ལུགས་ནགས་རིན་ནས་བརྒྱུད་པ། རྒྱུད་མགོན་རྔོག་ལུགས་ཏེ་གུར་དང་འབྲེལ་བ་ལྔ། ལེགས་ལྡན་ནག་པོ་མགོན་པོ་སྡེ་ལྔའི་སྐོར་ལ། དང་པོ་སྐུའི་རིགས་ལ། སྟག་ཞོན་གནུབ་ལུགས་དང་། གཉིས་པ་གསུང་གི་རིགས་ལ། བིང་བཀའ་མ་གཏེར་མ་སྟེ་འདི་གསུམ་ནི་རྙིང་ལུགས་སོ། །གདུགས་དཀར་སྲུང་མ་ལེགས་ལྡན་ནག་པོ་མཆེད་གསུམ། མགོན་པོ་ཨ་གྷོ་ར་སྟེ་འཇིགས་པ་མེད་པ་དམ་པའི་ལུགས། རྩིས་མགོན་དུ་གྲགས་པ་ལེགས་ལྡན་ནག་པོ་ཇོ་བོ་ལུགས་རྣམས་སོ། །གསུམ་པ་ཐུགས་ཀྱི་རིགས་ལ། གྲི་གུག་ལྷན་༼ཛ༽སྐྱེས། ལྷོ་ནུབ་མགོན་པོ་ཞལ་དམར་ཅན་གཙོ་འཁོར་ལྔ་པ། གྲི་གུག་ནག་པོ་གཙོ་འཁོར་བཞི་པ་མགོན་པོ་བཞི་སྦྲགས་གསུམ་ཇོ་ལུགས། གྲི་གུག་པཎ་ཆེན་ལུགས། གྱི་ལྗང་ལུགས་ཀྱི་མགོན་པོ་ལྷ་བཅུ་བདུན་འདི་ངོ་བོ་གྲི་གུག་རང་མིན་གསུངས་མ། གྲི་གུག་ལྷ་དགུ་ཛྙཱ་ན་ལུགས། བེར་ནག་ཟངས་གྲི་ཅན་དང་། གཅེར་བུ་ཟངས་གྲི་ཅན་ས་ལུགས་རྣམས་སོ། །བཞི་པ་ཡོན་ཏན་གྱི་རིགས་ལ། ཚོགས་བདག་མགོན་པོ་སེང་ཞོན་ཇོ་བོ་ལུགས། ཇོ་ནང་རྟག་བརྟན་གྱི་སྲུང་མ་ཁྱད་པར་ཅན་ཏྲཀྴད་གཉོས་ལུགས་ཏྲཀྴད་དྭགས་པོ་ལུགས་རྙིང་མ་ནས་བརྒྱུད་པ། ཏྲཀྴད་སེང་ཞོན་ཇོ་བོ་ལུགས། ཏྲཀྴད་གྲི་གུག་སྦགས་སྒྲུབ་དང་། ཏྲཀྴད་རྐང་ཐང་མ་གཉོས་ལུགས། ཏྲཀྴད་མ་ནིང་རྙིང་ལུགས་སྟག་ལུང་པ་ནས་བརྒྱུད་པ། ཏྲཀྴད་འབྲོང་ཞལ་མ་རྙིང་ལུགས་དྭགས་པོ་ནས་བརྒྱུད་པ་དང་། གསང་སྒྲུབས་ཤྭ་ནའི་ཞལ་ཅན་གཉོས་ལུགས་རྣམས་སོ། །གཞན་ཡང་སྐུའི་རིགས་དང་མཐུན་པ་ཞལ་བཞི་པ་ས་ལུགས་ཀྱི་སྐོར་ལ། བསྙེན་དུས་ཀྱི་མགོན་པོ། སྒྲུབ་དུས་ཀྱི་མགོན་པོ། ལས་སྦྱོར་གྱི་མགོན་པོ། དཀར་པོ་ཚེ་འཕེལ། སེར་པོ་ནོར་འཕེལ། དམར་པོ་དབང་སྡུད། སྔོན་པོ་དམ་ཉམས་སྒྲོལ་བ། གདོང་བརྙན་ཅན། ལྕེ་སྤྱང་གདོང་ཅན་སྟེ་རྣམ་འགྱུར་བརྒྱད་དོ། །དེ་ལྟར་ན་མགོན་པོའི་སྐོར་བཞི་བཅུ་རྩ་དགུའོ། ། ༈ ལྷ་མོའི་སྐོར་ལ། དཔལ་ལྡན་ལྷ་མོ་དུད་སོལ་མ་རྔོག་ལུགས། དམག་ཟོར་མ་ཨཱ་ཙཪྻ་དམར་པོའི་ལུགས། རང་བྱུང་རྒྱལ་མོར་གྲགས་པ་ཕུར་སྲུང་དང་པོ་རེ་མ་ཏི་རྙིང་ལུགས་དང་། དཀར་ལུགས་ལྷ་མོ་དུང་སྐྱོང་མ། བདུད་མོ་རེ་མ་ཏཱི། ཀླུ་མོ་རེ་མ་ཏཱི། ཕྱག་བཞི་མ། གནོད་སྦྱིན་རེ་མ་ཏཱི་བཞི་ནི་རྙིང་ལུགས་རྭ་ལོ་ནས་བརྒྱུད་པ། རྡོ་རྗེ་གཤོགས་རྒོད་མ་ཉང་གཏེར། ལྷ་མོ་ཨེ་ཀ་ཛ་ཊཱི་ཀཾ་ཚང་ལུགས། ལྷ་མོ་ནམ་མཁའི་གོས་ཅན་མ་ཇོ་ལུགས་ཏེ་བཅུ་གཅིག་གོ ། ༈ གཞན་ཡང་བསྟན་སྲུང་སྣ་ཚོགས་པའི་སྐོར་ལ། ལས་གཤིན་མཐིང་ནག །དམར་པོ་མ་རུ་ཙེ་བཞི་སྐོར། དམར་པོ་ཁྲག་མདོག་ཡབ་ཡུམ་སྟེ་རིགས་གསུམ་རྭ་ལུགས། དུར་ཁྲོད་བདག་པོ་ས་ལུགས། པུ་ཏྲ་ལྕམ་དྲལ་དང་། བྲན་བདུད་གཤིན་རྗེ་ནག་པོ། ཕུར་སྲུང་དཀར་མོ་ཉི་ཟླ་དང་བདུད་རྒྱལ་ཐོད་ཕྲེང་ས་ལུགས་རྣམས་ཏེ། བསྟན་སྲུང་མགོན་པོ་ལྕམ་དྲལ་གྱི་སྐོར་ལ་དྲུག་ཅུ་རྩ་བདུན་ནོ། ། ༈ མཐར་བཀྲ་ཤིས་ཤིང་དགེ་མཚན་དང་ལྡན་པའི་དོན་དུ། རྒྱལ་ཆེན་སྡེ་བཞིའི་བཀའ་གཏད་ཞང་ཚལ་བའི་ལུགས། མཁའ་འགྲོ་སྡེ་ལྔའི་གཏོར་དབང་ཤངས་ལུགས། བཀྲ་ཤིས་ཚེ་རིང་མཆེད་ལྔའི་རྗེས་གནང་མི་ལ་བཞད་པའི་རྡོ་རྗེ་ནས་བརྒྱུད་པ་རྣམས་ཏེ། དེ་ཡང་སྒྲུབ་ཐབས་རྩ་བ་ལྟ་བུ་ལེ་ཚན་ཉིས་བརྒྱ་དྲུག་ཅུ་རེ་གཉིས་དང་། ནང་གསེས་སུ་བྱེ་བྲག་ཏུ་ཕྱེ་བ་སོ་དགུ་སྟེ། བསྡམས་པས་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བ་ཆོ་གའི་བྱ་བ་རྒྱས་༼དྷི༽ པར་སྤྲོས་པ་དང་། མདོར་བསྡུས་༼དྷ༽པ་དང་། རྗེས་སུ་གནང་བ་དག །རིག་པ་བཱི་གཏད་པ་དང་། བསྒོམ་ལུང་༼བྷ༽དང་། བཟླས་ལུང་༼ཛ༽དང་། ལུང་རྐྱང་པ་དང་༼ཨཱ༽བཅས་པའི་རྣམ་གྲངས་གཅིག་གིས་ལྷག་པའི་སུམ་བརྒྱའི་རྒྱུན་དེང་སང་གི་བར་དུ་གྲུབ་མཐའ་རིས་མེད་དར་ཞིང་རྒྱས་པར་གནས་སོ།། །། ༈ }} | ||
འཕགས་ཡུལ་གྱི་གྲུབ་ཆེན་ནག་པོ་སྤྱོད་པའི་རྣམ་འཕྲུལ་མཁས་ཤིང་ཤིན་ཏུ་གྲུབ་པའི་དབང་ཕྱུག་ཇོ་ནང་པ་ཀུན་དགའ་སྙིང་པོའམ་ཏཱ་ར་ནཱ་ཐ་ཞེས་མཚན་ཡོངས་སུ་གྲགས་པ་དེ་ཉིད་ཀྱི་ཞལ་སྔ་ནས་བཀའི་བསྡུ་བ་གསར་དུ་མཛད་པའི་སྒྲུབ་ཐབས་རིན་ཆེན་འབྱུང་གནས་ལས་གསུངས་པའི་ལྷའི་རྣམ་གྲངས་ནི། ཐོག་མར་དགེ་བ་ཉེར་མཁོའི་སྒྲུབ་ཐབས་ལ། སྒྲོལ་དཀར་ཇོ་བོ་ལུགས། བ་རི་ལུགས། གཉེན་ལོ་ལུགས། ནགས་རིན་ལུགས་བཞིའི་དབྱངས་ཅན་མ་དཀར་མོ་བྲམ་ཟེ་ཕུར་བུའི་ལུགས་བོ་དོང་པའི་ཉེ་བརྒྱུད་ཀྱང་འདུས་པ། གཉན་སྒྲོལ་ཡན་ལག་དྲུག་པ་དང་། ཀུ་རུ་ཀུལླེ་ཐུན་མོང་དང་། ཐུན་མོང་མ་ཡིན་པ། འདོད་རྒྱལ་ཐུན་མོང་དང་ཐུན་མིན། ཚོགས་བདག་དམར་ཆེན་ཕྱག་བཅུ་གཉིས་པ་རྣམས་ས་ལུགས། རྡོར་སེམས་སེར་པོ་ཇོ་བོ་ལུགས་ཏེ་བཅུ་གཅིག་གོ། ། ༈ དེ་ནས་དེ་བཞིན་གཤེགས་པ་རབ་ཏུ་བྱུང་བའི་ཆ་ལུགས་ཅན་གྱི་སྒྲུབ་ཐབས་ལ། ཐུབ་པ་རྡོ་རྗེ་གདན་པ་སྒྲུབ་ཐབས་བརྒྱ་རྩ་དང་། དམ་ཚིག་གསུམ་བཀོད་ལྷ་ལྔ་རྒྱ་མཚོ་ལས་བྱུང་བ། ཟུར་བཀའ་གནས་བཅུ་ཇོ་བོ་ལུགས། བཀའ་གདམས་ལྷ་བཞིའི་༼དྷ༽ཐུབ་པ་གཙོ་འཁོར་གསུམ། སྨན་བླ་འདི་ལ་བསྒོམ་བཟླས་ཀྱི་ལུང་ཁྱད་པར་བ་ཡོད། བདེ་གཤེགས་བརྒྱད་བྷོ་དྷི་ས་ཏྭ་ནས་བརྒྱུད་པ། ཀླུ་དབང་རྒྱལ་པོ་ལྷ་ལྔ་ཇོ་བོ་ལུགས་ཏེ་དྲུག་གོ། ། ༈ རྣལ་འབྱོར་བླ་མེད་ནས་འབྱུང་བའི་དཀྱིལ་འཁོར་གྱི་གཙོ་བོའི་སྒྲུབ་ཐབས་ལ། གསང་འདུས་འཇམ་རྡོར་ལྷན་སྐྱེས་རྒྱ་མཚོ་ལས་བྱུང་བ། སྒེགས་པའི་གསང་འདུས་༼དྷ༽ལྷན་སྐྱེས་ཁྲོ་ཕུ་བ་ནས་བརྒྱུད་པ། མ་ཧཱ་མཱ་༼དྷ༽ཡ་གཙོ་རྐྱང་གསར་འགྱུར། བདེ་མཆོག་༼དྷ༽ལྷན་སྐྱེས་དང་། གོ་ཆའི་དཔའ་༼དྷ༽བོ་དྲུག །དཔའ་མོ་དྲུག་དྷ་རྣམས་པ་ལུགས། བདེ་༼དྷ༽མཆོག་འདི་ངོར་ལུགས་དང་མི་མཐུན། དཀར་པོ་དང་། དེའི་ཚེ་སྒྲུབ་བཅས་༼དྷ༽ཁ་ཆེ་པཎ་ཆེན་ལུགས། བདེ་མཆོག་སྤྱན་༼དྷ༽རས་གཟིགས་མི་ཏྲ་ལུགས་ཁྲོ་ཕུ་བ་ནས་བརྒྱུད་པ། དུས་འཁོར་ལྷན་སྐྱེས་ཁྲོ་ཕུ་བ་ནས་བརྒྱུད་པ། རྡོ་རྗེ་ཤུགས་ཇོ་ནང་ལུགས། གཤེད་དམར་༼དྷ༽ལྷན་སྐྱེས་བིཪྺའི་ལུགས། འཇིགས་བྱེད་གཙོ་འཁོར་གསུམ་པ་རྭ་ལུགས་ཏེ་བཅུ་བཞིའོ། ། ༈ རྡོ་རྗེ་རྣལ་འབྱོར་མའི་སྐོར་ལ། ས་ལུགས་ནཱ་རོ་མཁའ་སྤྱོད། ཞལ་གཉིས་མ་དཔྱ ལ་ལུགས། མཻ་ཏྲི་མཁྱེན་དང་། ཨིནྡྲ་མཁའ་༼དྷ༽སྤྱོད་ས་ལུགས། ཕག་མོ་དོན་གྲུབ་༼དྷི༽དང་། དབུ་བཅད་མ་༼དྷ༽དཔྱལ་ལུགས། ཕག་མོ་གནམ་ཞལ་ཞལ་ཤེས་ཚིག་བརྒྱུད་ཅན་མ་རྭ་ལུགས། ཕག་སེར་ཀུརྨ་པཱ་ད་༼དྷ༽ཆགས་ལོ་ནས་བརྒྱུད་པ། ཕག་མོ་དཔལ་འཛིན་ལུགས་ཁྲོ་ལོ་ནས་བརྒྱུད་པ། ཕག་མོ་གོ་བཟློག་མ་ཀཾ་ཚང་ལུགས། ཁྲོས་ནག་ལྷ་དགུ་༼དྷ༽དམ་པའི་ལུགས། ཕག་དཀར་རྒྱས་པ་༼དྷ༽ཀངྐདརྟ་དང་། བསྡུས་༼དྷ༽པ་ནགས་རིན་ལུགས་ཏེ་བཅུ་ གསུམ་མོ། ། ༈ སྤྱན་རས་གཟིགས་ཀྱི་སྐོར་ལ། ཡི་གེ་དྲུག་པ་གཙོ་འཁོར་གསུམ་པ་ཇོ་བོ་ལུགས། བཀའ་གདམས་ལྷ་བཞིའི་སྤྱན་རས་༼ཛ༽གཟིགས། དཔལ་ལུགས་བཅུ་གཅིག་ཞལ། དོན་ཞགས་ལྷ་ལྔ་དང་། དོན་ཞགས་སེར་པོ་བ་རི་ལུགས། དོན་ཞགས་ལྷ་ལྔ་པཎ་ཆེན་ལུགས། ཁ་སརྤ་ཎི་ནགས་རིན་༼དྷ༽ལུགས། ཡིད་བཞིན་ནོར་བུ་ལྷ་ལྔ་ཇོ་ལུགས། སེམས་ཉིད་ངལ་གསོ་མི་ཏྲ་ལུགས། གསང་སྒྲུབ་མི་ཏྲ་ལུགས། ནམ་མཁའི་རྒྱལ་པོ་སྲོང་བཙན་༼དྷ༽ལུགས་གཏེར་བྱོན། ཡིད་བཞིན་འཁོར་ལོ་༼ཛ༽ཇོ་ལུགས། བཅུ་གཅིག་ཞལ་འཇིགས་པ་བརྒྱད་༼ཨཱཿ༽སྐྱོབས་ཇོ་ལུགས། རྡོ་རྗེ་སྙིང་༼ཨཱ༽པོ་མི་ཏྲ་ལུགས། སེངྒེ་སྒྲས་ལུགས། རྒྱལ་བ་རྒྱ་མཚོ་བདེར་གཤེགས་བཞི་བསྒྲིལ་༼དྷ༽ཀཾ་ཚང་ལུགས་ཏེ་བཅུ་དྲུག་གོ། །། ༈ སྒྲོལ་མའི་སྐོར་ལ་བཀའ་གདམས་ལྷ་༼ཛ༽བཞི། སྒྲོལ་མ། སྒྲོལ་མ་སྔོ་ལྗང་དང་། སྒྲོལ་དཀར་ལྷ་དགུ་པཎ་ཆེན་ལུགས། སྒྲོལ་མ་ཉིན་ཞི་མཚན་ཁྲོ་གཉན་ལུགས། ཨོ་རྒྱན་སྒྲོལ་མ་དམར་མོ། སྒྲོལ་མ་ཡིད་བཞིན་ནོར་བུ་ཨ་བྷཱ་ཡའི་ལུགས་རཏྣ་རཀྵི་ཏའི་གདམས་པ། དབང་གི་སྒྲོལ་མ་དམར་མོ་ས་ལུགས། སྒྲོལ་མ་ནོར་སྦྱིན་མ་དང་། སྒྲོལ་སེར་གཙོ་འཁོར་༼ཛ༽གསུམ། རྨི་ལམ་སྒྲོལ་མ་༼བྷ༽ བཅས་པཎ་ཆེན་ལུགས། སྒྲོལ་མ་ལྷ་ལྔ་དང་། ཕྱག་བརྒྱད་༼ཛ༽མ་ཇོ་ལུགས། ཀ་པཱ་ལའི་སྒྲོལ་༼བྷ༽མ། ཙནྡཱ་ཏཱ་ར་ནཱ་༼དྷ༽རོ་ལུགས་ཏེ་བཅུ་བཞིའོ། ། ༈ ཕྱག་རྡོར་སྐོར་ལ། ཨུཙཱཪྻ་ཀླུ་སྒྲུབ་ལུགས། གོས་སྔོན་ཅན་ཇོ་ལུགས་དང་ས་ལུགས། གཏུམ་ཆེན་སྲུང་མཁར་མ་དང་། གཏུམ་ཆུང་ཁྲ་ཐོག་རས་ཆུང་ལུགས། གཏུམ་ཆུང་དམར་པོ་གྲྭ་མངོན་༼ཛ༽ལུགས། གོས་སྔོན་ཅན་འགྲོ་བཟང་ལུགས། ཁང་བུ་བརྩེགས་པ་གྲྭ་མངོན་ལུགས། འབྱུང་འདུལ་ས་ལུགས། འབྱུང་འདུལ་མེ་དབང་མ་དྭགས་པོ་ལུགས་ཏེ་བཅུའོ། ། ༈ རྟ་མགྲིན་སྐོར་ལ། རྟ་མགྲིན་དམར་པོ་ལྷན་སྐྱེས་དང་། ཁྱུང་གཤོགས་ཅན། ཤྭ་ན་བཞི་སྐོར་རྣམས་ཇོ་ལུགས། རྟ་མགྲིན་ལྷན་སྐྱེས་པཎ་ཆེན་ལུགས། རྟ་མགྲིན་སྐྱེར་༼དྷ༽སྒང་ལུགས། རྟ་ནག་ལྕགས་རལ་ཅན་ཟླ་རྒྱལ་ལུགས་ཏེ་དྲུག་གོ། །། ༈ མི་གཡོ་བའི་སྐོར་ལ། མི་གཡོ་སྔོན་པོ་པུས་བཙུག་མ་ཆུ་སྲུང་དང་བཅས་པ་ས་ལུགས། བཀའ་གདམས་ལྷ་བཞིའི་མི་གཡོ་བ། མི་གཡོ་དཀར་པོ་པཎ་ཆེན་ལུགས། མི་གཡོ་བ་ཕྱག་བཞི་པ་དང་། ཞབས་བཞི་པ་ས་ལུགས། མི་གཡོ་བ་སྤྲེལ་བརྒྱད་མ་སྟེ་དྲུག་གོ། །། ༈ ཚེ་སྒྲུབ་རིགས་ལ། ཚེ་དཔག་སྤྲུལ་སྐུ་རས་༼བྷ༽ཆུང་ལུགས། བ་རི་ལུགས། ཚེ་དཔག་དཀར་པོ་ཕྱག་དྷ བཞི་རས་ཆུང་ལུགས། ཚེ་དཔག་དཀར་པོ་མི་ཏྲ་ལུགས། རྣམ་རྒྱལ་ལྷ་དགུ་ས་ལུགས། འཆི་མེད་རྡོ་རྗེ་སྒོམས་ལུགས་ཏེ་དྲུག་གོ། །། ༈ ཤེས་རབ་ཀྱི་ལྷའི་རིགས་ལ། འཇམ་དཀར་པཎ་ཆེན་ལུགས། ཨ་ར་པ་ཙ་ན་གཙོ་རྐྱང་ས་ལུགས། གང་བློ་མའི་བསྟོད་སྒྲུབ་རྡོ་རྗེ་མཚོན་ཆའི་ལུགས། སྨྲ་སེང་དམ་པའི་ལུགས། ཤེས་རབ་འཁོར་ལོ་པཎ་ཆེན་ལུགས་རྣམས་ཀྱི་སྒྲུབ་ཐབས་རྒྱས་པ། བྱམས་པ་ནི་ར་ཏི་པའི་ལུགས་ཁྲོ་ལོ་ནས་བརྒྱུད་པ། ཤེར་ཕྱིན་སེར་མོ་ཁྲོ་ལོ་ནས་བྷ་བརྒྱུད་པ། དཀར་མོ་ས་ལུགས། དབྱངས་ཅན་དཀར་མོ་ཕྱག་བཞི་མ་ཁྲོ་ལོ་ལུགས། དབྱངས་ཅན་དམར་མོ་གཙང་ནག་པ་ནས་བརྒྱུད་པ་སྟེ་བཅུའོ། ། ༈ ས་ལུགས་རྡོ་རྗེ་གདན་པའི་ཆོས་དྲུག་གི་སྐོར་ལ། ནང་གི་བར་ཆད་སྲུང་བ་མི་གཡོ་བ་སྔོན་པོ་གོང་དུ་སོང་བས། འདིར་ཕྱི་ཡི་བར་ཆད་སྲུང་བ་འོད་ཟེར་ཅན་སེར་མོ། ཚེ་སྒྲུབ་ཐུབ་པ་མེ་རུ་ཤི་ཥ། རྨི་ལམ་ངན་པ་བཟློག་བྱེད་སྤྱན་རས་གཟིགས་ཡི་གེ་ཕྱེད་དང་བཞི་པ། ནད་ཞི་བྱེད་སངས་རྒྱས་སྤྱན། སྡིག་སྒྲིབ་སྦྱོང་བྱེད་དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པ་སྟེ་ལྔའོ། ། ༈ དབང་སྡུད་༼ཛ༽་ཀྱི་ལྷ་ཡི་རིགས་ལ། ཀུ་རུ་ཀུལླེ་གསང་སྒྲུབ་ལྷ་ལྔ་ཌོམྦྷི་ལུགས། ས་ལུགས་དཔལ་མོ་གསེར་གྱི་སྙིང་ཐག་ཅན་དང་། ནོར་རྒྱུན་མ་དམར་མོ། ལྷ་མོ་ཏི་ནུ་མ་སྟེ་དམར་ཆུང་སྐོར་གསུམ། རྗེ་བཙུན་མ་ཐོད་པ་༼དྷ༽རྒྱན་ཐུན་མིན་ཞལ་ཤེས་ཅན་ཤངས་ལུགས། མཁའ་འགྲོ་གསང་༼བྷ༽་བ་ཡེ་ཤེས་སྟག་ལུང་པ་ནས་བརྒྱུད་པ་སྟེ་དྲུག་གོ ། ༈ སྒྲུབ་ཐབས་སྣ་ཚོགས་པའི་སྐོར་ལ། རྣམ་འཇོམས་ལྗང་གུ་བ་རི་ལུགས། རྣམ་འཇོམས་མཐིང་ཀ །དཀར་པོ་ཛྙཱ་ན་ཤྲཱིའི་ལུགས། བགེགས་མཐར་བྱེད་ས་ལུགས། སྣ་ཚོགས་ཡུམ་ཇོ་ནང་ལུགས། སོར་འབྲང་དཀར་མོ་ས་ལུགས། གདུགས་དཀར་ས་ལུགས། རི་ཁྲོད་མ་སེར་མོ། དམར་མོ། སྔོན་མོ། ལྗང་མོ། དྲག་མོ་ཀངྐ་ལ་ཆིབ་པ་སྟེ་རིགས་ལྔ་ས་ལུགས། གཟའ་ཡུམ་ས་ལུགས། རྨེ་བརྩེགས་དུད་ཁ་ས་ལུགས། ལྗང་ནག་ཇོ་ལུགས། ཁྲོ་མོ་སྨེ་བརྩེགས་གྲུ་སྤང་༼ཛ༽་རྩེ་བའི་ལུགས། ཁྲོ་བོ་རིག་ཚིགས་པ་རི་ལུགས། བདེ་མཆོག་རྡོ་རྗེ་མཁའ་ལྡིཾང་ཀཾ་ཚང་ལུགས། །ཁྱུང་ཁྲ་དུས་འཁོར་ལུགས། ཁྱུང་ཁྲ་མན་ངག་ལུགས་ས་སྐྱ་པ་ནས་བརྒྱུད་པ། ཁྱུང་སེར་ཇོ་༼ཨཱ༽ལུགས། འཇམ་དཔལ་ནག་པོ་ས་བྷ་ལུགས། རྙིང་མའི་ལུགས་སུ་ངོས་བཟུང་སྣང་། ལྷ་མོ་ཤྲ་མ་༼ཨཱ༽་ཎ་ཇོ་ལུགས། སེང་གདོང་སྔོན་མོ་དང་། དམར་མོ་ས་ལུགས། དེའི་གསང་དབང་དང་བཅས་པ། ནཱ་ག་རཀྵ་རིན་ཆེན་གླིང་པའི་གཏེར་བྱོན་ཏེ་ཉེར་དྲུག་གོ ༈ །རྒྱ་གར་གྱི་སློབ་དཔོན་པུརྞ་བཛྲ་སྟེ་གང་བའི་རྡོ་རྗེ་ལས་ཇོ་ནང་རྗེ་བཙུན་ཉིད་ཀྱིས་གསན་པའི་གསར་འགྱུར་གྱི་སྐོར་ལ། སངས་རྒྱས་༼པ༽ དཔའ་བོ་བདུན། འོད་དཔག་༼ཛ༽མེད། བྱམས་༼ཛ༽པ། ཀུན་ཏུ་༼ཛ༽བཟང་པོ། ནམ་༼ཛ༽སྙིང་། ས་༼ཛ༽སྙིང་། སྒྲིབ་༼ཛ༽སེལ། སྤྱན་རས་༼ཛ༽གཟིགས་འཇིགས་པ་བརྒྱད་སྐྱོབས་དང་། སྣ་ཚོགས་དབང་༼ཛ༽པོ། བཅུ་གཅིག་ཞལ་༼ཛ༽པདྨའི་ཕྱག །སུ་ཁ་བ་༼ཛ༽རི། བདེ་ལྡན་༼ཛ༽དམར་པོ། དོན་ཡོད་༼ཛ༽ལྕགས་ཀྱུ། དོན་ཡོད་མཆོད་པ་༼ཛ༽སྟེ་རིགས་བརྒྱད། གསང་བདག་༼དྷི༽ ལྷན་སྐྱེས། མཱ་མ་༼དྷི༽ཀཱི། གོས་དཀར་༼ཛ༽མོ། རྣམ་རྒྱལ་དཀར་༼ཛ༽མོ་ཕྱག་གཉིས་མ། ལྷ་མོ་༼ཛ༽ཙནྡཱ། གཞན་གྱིས་༼ཛ༽མི་ཐུབ་མ། རྟ་མགྲིན་དཀར་འདི་ལ་ཏིང་ངེ་འཛིན་གྱི་དབང་བསྐུར་ལོ། པོ་མི་གཡོ་བ་དམར་པོ། འོད་ཟེར་ཅན་མ་༼ཛ༽རྟ་ལྗང་ཅན། རྒྱལ་མཚན་རྩེ་༼ཛ༽མོ། རོ་ལངས་༡མ། འཕྲོག་མ༢། ཚོགས་བདག་སེར་པོ་འདི་གསུམ་ལ་བཟླས་བསྒོམ་གྱི་ཁུང་ཁྱད་པར་ཅན་ཡོད། སྟེ་ཉི་ཤུ་རྩ་དྲུག་གོ། །། ༈ བར་འདིར་ཉེ་བའི་སྲས་བརྒྱད་ཀྱི་འཇམ་དཔལ་དམར་སེར་སྤྱན་རས་གཟིགས། ཕྱག་རྡོར་རྣམས་གཙོ་འཁོར་གཉིས་རེ་ཅན་གྱི་སྒྲུབ་ཐབས་རེ་རེ་ཡོད་ཀྱང་། ལུང་ཙམ་མ་གཏོགས་རྗེས་གནང་སོགས་ཀྱིས་དམིགས་བསལ་མ་གསུངས། ། ༈ སློབ་དཔོན་ཉི་མ་སྦས་པ་ནས་བརྒྱུད་པའི་སྒྲོལ་མའི་སྒྲུབ་ཐབས་ལ། རྩ་བའི་སྒྲོལ་མ་ལྗང་སྔོན་ཞལ་གཅིག་ཕྱག་གཉིས་པ། ལས་ཚོགས་ཀྱི་སྒྲོལ་མ་ཉེར་གཅིག །སེང་ལྡེང་ནགས་སྒྲོལ་གཙོ་རྐྱང་དང་། གཙོ་འཁོར་གསུམ་པ་འཕྲོས་དོན་དུ་བཤད་པ་བཅས་ཉི་ཤུ་རྩ་བཞིའོ། ། ༈ ནོར་ལྷའི་སྐོར་ལ། རྣམ་སྲས་སེར་ཆེན་ལྷ་དགུ། མདུང་དམར་ཅན་ཕྱི་སྒྲུབ་བྱ་རྒོད་གཤོང་གི་གཏེར་མ། ལྗང་སེར་བེ་ཅོན་ཅན། གསང་སྒྲུབ་དམར་པོ་གར་མཁན་མཆོག །གསུང་མཆོག་ལུས་ངན་པོ། རྣམ་སྲས་ནག་པོ་རྡོ་རྗེ་དྲག་བྱེད། ནག་པོ་རྟ་སྔོན་ཅན། དཀར་པོ་ཚེ་འཕེལ་ཏེ་རིགས་ཆེན་བརྒྱད་དུ་གྲགས་པ་དང་། ལྗང་གུ་ཛྙཱ་ན་ལུགས། ཡང་གསང་ཕྱག་མཚན་བཞི་པ་བཅས་རྣམས་སྲས་རིགས་བཅུ། ཛམ་སེར་གཙོ་ཀྱང་ཨ་བྷཱ་ཡའི་ལུགས། གསང་འདུས་ཛམ་སེར་ཞལ་གསུམ་ཕྱག་དྲུག་༼བྷ༽གཉོས་ལུགས། དཔའ་བོ་གཅིག་གྲུབ་ལས་བྱུང་བའི་ཛམ་བྷ་ལ་ལྷ་མང་ཇོ་ལུགས། ཛམྦྷ་ལ་ནག་པོ་པཎ་ཆེན་ལུགས། འབྲུག་ཞོན་དཀར་པོ་ལྷ་ལྔ་ཇོ་ལུགས། ཛམ་དམར་སྲོག་སྒྲུབས་ལུགས། ཛམ་དམར་ཞལ་གསུམ་ཕྱག་དྲུག་གྲ་མངོན་ལུགས། ཛམ་ལྗང་དུས་འཁོར་ལུགས་ཇོ་ནང་པ་ནས་བརྒྱུད་པ་བཅས་ཛམ་བྷ་ལ་རིགས་བརྒྱད། གནོད་སྦྱིན་ནོར་བུ་བཟང་པོ་བྲམ་ཟེ་མིག་སེར་ལས་བརྒྱུད་པ། བྲས་གར་མཁན་མཆོག་དང་། རྒྱལ་བ་ཁྱུང་༼ཛ༽ མཆོག །ལྷ་མོ་དཔལ་བྷ་ཆེན་མོ་གསུམ་ཁྲོ་ཕུ་པ་ནས་བརྒྱུད་པ། གཟུངས་ལས་བྱུང་བའི་ནོར་རྒྱུན་མ་ཨ་བྷཱ་ཡའི་ལུགས། ནོར་རྒྱུན་མ་སེར་མོ་ཛ་མཱ་རིའི་ལུགས། བ་ལང་རྗིའི་ནོར་རྒྱུན་༼བྷ༽མ་དང་། དམར་མོ་ཡིད་འཕྲོག་མཁྲོ་ཕུ་ནས་བརྒྱུད་པ། ཞང་བློན་རྡོ་རྗེ་བདུད་འདུལ་གྲྭ་མངོན་ལུགས། ཨ་པ་ར་ཛཱི་ཏེ་ཇོ་ལུགས་སྒམ་པོ་པ་སོགས་ལས་བརྒྱུད་པ། ཚོགས་བདག་ཆགས་པ་རྡོ་རྗེ་དང་། དཀར་པོ་ཕྱག་༼བྷ༽བཞི་པ། དམར་པོ་ཕྱག་༼བྷ༽བཞི་པ་བཅས་ཇོ་ལུགས། ཀླུ་རྒྱལ་སོག་མ་༼བྷ༽མེད། དབྱུ་གུ་སྤྱན་༼ཨཱ༽གསུམ། ཁོལ་པོ་ཀུནྡ་ཨཱ་ལི་རྣམས་ཇོ་ལུགས་ཀཾ་ཚང་ནས་བརྒྱུད་པ་སྟེ་སུམ་ཅུ་རྩ་བཞིའོ། ། ༈ བསྟན་སྲུང་མགོན་པོ་ལྕམ་དྲལ་རིགས་སྣ་ཚོགས་པའི་བསྐོར་ལ། མྱུར་མཛད་མགོན་པོ་ཕྱག་དྲུག་པ་ནག་པོ་བར་ཆད་ཀུན་སེལ་དང་། དཀར་པོ་ཡིད་བཞིན་ནོར་བུ། མགོན་སེར་ནོར་སྲུང་བློ་འཕེལ། མགོན་དམར་༼དྷ༽དབང་གི་རྒྱལ་པོ། མགོན་ལྗང་ཚེ་༼དྷ༽བདག་སྟེ་ཤང་ལུགས་བཀའ་ལྔ། མགོན་པོ་ཕྱག་བཞི་པ་ཉི་སྦས་༼དྷ༽ལུགས་གསར་འགྱུར་ཁྱད་པར་ཅན། ཕྱག་བཞི་པ་ཀླུ་སྒྲུབ་ལུགས་ནགས་རིན་ནས་བརྒྱུད་པ། ཕྱག་བཞི་པ་མཐིང་ཁ་ཕྱག་ལེན་འདྲ་མིན་༼དྷ༽གཉིས་དང་། དེའི་ཏིང་ངེ་འཛིན་གྱི་དབང་བསྐུར་བཅས། མགོན་དམར་རྐང་གླིང་ཅན། ལྷ་མོ་ཙཎྜི་ཀཱ། ལས་མགོན་བྱ་རོག་གདོང་ཅན་རྣམས་སྒཱ་ལོའི་ལུགས་ཏེ། ཕྱག་བཞི་པ་དང་འབྲེལ་བ་དྲུག་གམ་བརྒྱད། མགོན་པོ་གུར་ལྕམ་དྲལ། ལྷ་བརྒྱད། རྙིང་མ་ནས་བརྒྱུད་པའི་མགོན་པོ་ཕུར་ཞབས་མ་གསུམ་ས་ལུགས་དང་། གུར་ཡུམ་ཅན་ཀླུ་སྒྲུབ་ལུགས་ནགས་རིན་ནས་བརྒྱུད་པ། རྒྱུད་མགོན་རྔོག་ལུགས་ཏེ་གུར་དང་འབྲེལ་བ་ལྔ། ལེགས་ལྡན་ནག་པོ་མགོན་པོ་སྡེ་ལྔའི་སྐོར་ལ། དང་པོ་སྐུའི་རིགས་ལ། སྟག་ཞོན་གནུབ་ལུགས་དང་། གཉིས་པ་གསུང་གི་རིགས་ལ། བིང་བཀའ་མ་གཏེར་མ་སྟེ་འདི་གསུམ་ནི་རྙིང་ལུགས་སོ། །གདུགས་དཀར་སྲུང་མ་ལེགས་ལྡན་ནག་པོ་མཆེད་གསུམ། མགོན་པོ་ཨ་གྷོ་ར་སྟེ་འཇིགས་པ་མེད་པ་དམ་པའི་ལུགས། རྩིས་མགོན་དུ་གྲགས་པ་ལེགས་ལྡན་ནག་པོ་ཇོ་བོ་ལུགས་རྣམས་སོ། །གསུམ་པ་ཐུགས་ཀྱི་རིགས་ལ། གྲི་གུག་ལྷན་༼ཛ༽སྐྱེས། ལྷོ་ནུབ་མགོན་པོ་ཞལ་དམར་ཅན་གཙོ་འཁོར་ལྔ་པ། གྲི་གུག་ནག་པོ་གཙོ་འཁོར་བཞི་པ་མགོན་པོ་བཞི་སྦྲགས་གསུམ་ཇོ་ལུགས། གྲི་གུག་པཎ་ཆེན་ལུགས། གྱི་ལྗང་ལུགས་ཀྱི་མགོན་པོ་ལྷ་བཅུ་བདུན་འདི་ངོ་བོ་གྲི་གུག་རང་མིན་གསུངས་མ། གྲི་གུག་ལྷ་དགུ་ཛྙཱ་ན་ལུགས། བེར་ནག་ཟངས་གྲི་ཅན་དང་། གཅེར་བུ་ཟངས་གྲི་ཅན་ས་ལུགས་རྣམས་སོ། །བཞི་པ་ཡོན་ཏན་གྱི་རིགས་ལ། ཚོགས་བདག་མགོན་པོ་སེང་ཞོན་ཇོ་བོ་ལུགས། ཇོ་ནང་རྟག་བརྟན་གྱི་སྲུང་མ་ཁྱད་པར་ཅན་ཏྲཀྴད་གཉོས་ལུགས་ཏྲཀྴད་དྭགས་པོ་ལུགས་རྙིང་མ་ནས་བརྒྱུད་པ། ཏྲཀྴད་སེང་ཞོན་ཇོ་བོ་ལུགས། ཏྲཀྴད་གྲི་གུག་སྦགས་སྒྲུབ་དང་། ཏྲཀྴད་རྐང་ཐང་མ་གཉོས་ལུགས། ཏྲཀྴད་མ་ནིང་རྙིང་ལུགས་སྟག་ལུང་པ་ནས་བརྒྱུད་པ། ཏྲཀྴད་འབྲོང་ཞལ་མ་རྙིང་ལུགས་དྭགས་པོ་ནས་བརྒྱུད་པ་དང་། གསང་སྒྲུབས་ཤྭ་ནའི་ཞལ་ཅན་གཉོས་ལུགས་རྣམས་སོ། །གཞན་ཡང་སྐུའི་རིགས་དང་མཐུན་པ་ཞལ་བཞི་པ་ས་ལུགས་ཀྱི་སྐོར་ལ། བསྙེན་དུས་ཀྱི་མགོན་པོ། སྒྲུབ་དུས་ཀྱི་མགོན་པོ། ལས་སྦྱོར་གྱི་མགོན་པོ། དཀར་པོ་ཚེ་འཕེལ། སེར་པོ་ནོར་འཕེལ། དམར་པོ་དབང་སྡུད། སྔོན་པོ་དམ་ཉམས་སྒྲོལ་བ། གདོང་བརྙན་ཅན། ལྕེ་སྤྱང་གདོང་ཅན་སྟེ་རྣམ་འགྱུར་བརྒྱད་དོ། །དེ་ལྟར་ན་མགོན་པོའི་སྐོར་བཞི་བཅུ་རྩ་དགུའོ། ། ༈ ལྷ་མོའི་སྐོར་ལ། དཔལ་ལྡན་ལྷ་མོ་དུད་སོལ་མ་རྔོག་ལུགས། དམག་ཟོར་མ་ཨཱ་ཙཪྻ་དམར་པོའི་ལུགས། རང་བྱུང་རྒྱལ་མོར་གྲགས་པ་ཕུར་སྲུང་དང་པོ་རེ་མ་ཏི་རྙིང་ལུགས་དང་། དཀར་ལུགས་ལྷ་མོ་དུང་སྐྱོང་མ། བདུད་མོ་རེ་མ་ཏཱི། ཀླུ་མོ་རེ་མ་ཏཱི། ཕྱག་བཞི་མ། གནོད་སྦྱིན་རེ་མ་ཏཱི་བཞི་ནི་རྙིང་ལུགས་རྭ་ལོ་ནས་བརྒྱུད་པ། རྡོ་རྗེ་གཤོགས་རྒོད་མ་ཉང་གཏེར། ལྷ་མོ་ཨེ་ཀ་ཛ་ཊཱི་ཀཾ་ཚང་ལུགས། ལྷ་མོ་ནམ་མཁའི་གོས་ཅན་མ་ཇོ་ལུགས་ཏེ་བཅུ་གཅིག་གོ ། ༈ གཞན་ཡང་བསྟན་སྲུང་སྣ་ཚོགས་པའི་སྐོར་ལ། ལས་གཤིན་མཐིང་ནག །དམར་པོ་མ་རུ་ཙེ་བཞི་སྐོར། དམར་པོ་ཁྲག་མདོག་ཡབ་ཡུམ་སྟེ་རིགས་གསུམ་རྭ་ལུགས། དུར་ཁྲོད་བདག་པོ་ས་ལུགས། པུ་ཏྲ་ལྕམ་དྲལ་དང་། བྲན་བདུད་གཤིན་རྗེ་ནག་པོ། ཕུར་སྲུང་དཀར་མོ་ཉི་ཟླ་དང་བདུད་རྒྱལ་ཐོད་ཕྲེང་ས་ལུགས་རྣམས་ཏེ། བསྟན་སྲུང་མགོན་པོ་ལྕམ་དྲལ་གྱི་སྐོར་ལ་དྲུག་ཅུ་རྩ་བདུན་ནོ། ། ༈ མཐར་བཀྲ་ཤིས་ཤིང་དགེ་མཚན་དང་ལྡན་པའི་དོན་དུ། རྒྱལ་ཆེན་སྡེ་བཞིའི་བཀའ་གཏད་ཞང་ཚལ་བའི་ལུགས། མཁའ་འགྲོ་སྡེ་ལྔའི་གཏོར་དབང་ཤངས་ལུགས། བཀྲ་ཤིས་ཚེ་རིང་མཆེད་ལྔའི་རྗེས་གནང་མི་ལ་བཞད་པའི་རྡོ་རྗེ་ནས་བརྒྱུད་པ་རྣམས་ཏེ། དེ་ཡང་སྒྲུབ་ཐབས་རྩ་བ་ལྟ་བུ་ལེ་ཚན་ཉིས་བརྒྱ་དྲུག་ཅུ་རེ་གཉིས་དང་། ནང་གསེས་སུ་བྱེ་བྲག་ཏུ་ཕྱེ་བ་སོ་དགུ་སྟེ། བསྡམས་པས་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བ་ཆོ་གའི་བྱ་བ་རྒྱས་༼དྷི༽ པར་སྤྲོས་པ་དང་། མདོར་བསྡུས་༼དྷ༽པ་དང་། རྗེས་སུ་གནང་བ་དག །རིག་པ་བཱི་གཏད་པ་དང་། བསྒོམ་ལུང་༼བྷ༽དང་། བཟླས་ལུང་༼ཛ༽དང་། ལུང་རྐྱང་པ་དང་༼ཨཱ༽བཅས་པའི་རྣམ་གྲངས་གཅིག་གིས་ལྷག་པའི་སུམ་བརྒྱའི་རྒྱུན་དེང་སང་གི་བར་དུ་གྲུབ་མཐའ་རིས་མེད་དར་ཞིང་རྒྱས་པར་གནས་སོ།། །། ༈ }} | |||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} |
Revision as of 16:18, 14 May 2021
🚧 This website is under continued development. We appreciate your patience!
ཇོ་ནང་པ་ཀུན་དགའ་སྙིང་པོའམ་ཏཱ་ར་ནཱ་ཐ་ནས་བཀའི་བསྡུ་བ་གསར་དུ་མཛད་པའི་སྒྲུབ་ཐབས་རིན་ཆེན་འབྱུང་གནས་ལས་གསུངས་པའི་ལྷའི་རྣམ་གྲངས་ནི།
Wylie title | jo nang pa kun dga' snying po'am tA ra nA tha nas bka'i bsdu ba gsar du mdzad pa'i sgrub thabs rin chen 'byung gnas las gsungs pa'i lha'i rnam grangs ni | |
---|---|---|
Location | mkhyen brtse'i bka' 'bum Volume 24, sde tshan 1, Text 14, Pages 137-149 (Folios 69a1 to 75a1) | |
Author | འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | |
Less details More details | ||
Citation | 'jam dbyangs mkhyen brtse'i dbang po. jo nang pa kun dga' snying po'am tA ra nA tha nas bka'i bsdu ba gsar du mdzad pa'i sgrub thabs rin chen 'byung gnas las gsungs pa'i lha'i rnam grangs ni. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 24: 137-149. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020. | |
Genre | Enumerated Lists - rnam grangs |
1 Texts in this Section (sde tshan or chos tshan)