JKW-KABUM-24-YA-001-009: Difference between revisions
From Khyentse Lineage - A Tsadra Foundation Project
JKW-KABUM-24-YA-001-009
No edit summary |
No edit summary |
||
Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|citation=[['jam dbyangs mkhyen brtse'i dbang po]]. ''''. In '''jam dbyangs mkhyen brtse'i dbang po'i bka' 'bum'', Vol. 24: | |fulltitletib=དཔལ་ལྡན་ཀུན་དགའ་གྲོལ་མཆོག་བློ་གསལ་རྒྱ་མཚོའི་སྡེའི་ཞལ་སྔ་ནས་རྩ་བའི་ཁྲིད་བརྒྱའི་རྣམ་གྲངས། | ||
|fulltitle=dpal ldan kun dga' grol mchog blo gsal rgya mtsho'i sde'i zhal snga nas rtsa ba'i khrid brgya'i rnam grangs | |||
|citation=[['jam dbyangs mkhyen brtse'i dbang po]]. ''dpal ldan kun dga' grol mchog blo gsal rgya mtsho'i sde'i zhal snga nas rtsa ba'i khrid brgya'i rnam grangs''. In '''jam dbyangs mkhyen brtse'i dbang po'i bka' 'bum'', Vol. 24: 96-123. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020. | |||
|collectiontitle=mkhyen brtse'i bka' 'bum | |collectiontitle=mkhyen brtse'i bka' 'bum | ||
|collectiontitletib=མཁྱེན་བརྩེའི་བཀའ་འབུམ་ | |collectiontitletib=མཁྱེན་བརྩེའི་བཀའ་འབུམ་ | ||
Line 9: | Line 11: | ||
|authortib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | |authortib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | ||
|editortib=རྫོང་སར་བློ་གྲོས་ཕུན་ཚོགས་ | |editortib=རྫོང་སར་བློ་གྲོས་ཕུན་ཚོགས་ | ||
|tibgenre=Catalogue of Contents - dkar chag | |||
|terma=No | |terma=No | ||
|sabcadcategory=Ten | |||
|cycle=jo nang khrid brgya | |||
|cycletib=ཇོ་ནང་ཁྲིད་བརྒྱ་ | |||
|language=Tibetan | |language=Tibetan | ||
|volumenumber=024 | |volumenumber=024 | ||
Line 17: | Line 23: | ||
|textnuminvol=001 | |textnuminvol=001 | ||
|textsubnumber=009 | |textsubnumber=009 | ||
|pagenumbers=96-123 | |||
|totalpages=28 | |||
|beginfolioline=48b4 | |||
|endfolioline=62a4 | |||
|totalfolios=15 | |||
|multivolumework=No | |multivolumework=No | ||
|versonotes=mkhyen brtse'i bka' 'bum | |versonotes=mkhyen brtse'i bka' 'bum | ||
Line 24: | Line 35: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP| | {{TibP|༄༅། །དཔལ་ལྡན་ཀུན་དགའ་གྲོལ་མཆོག་བློ་གསལ་རྒྱ་མཚོའི་སྡེའི་ཞལ་སྔ་ནས་རྩ་བའི་ཁྲིད་བརྒྱའི་རྣམ་གྲངས་རྗེ་ཉིད་ཀྱིས་འགྲེལ་ཡ་མཚན་འཕྲུལ་གྱི་ལྡེའུ་མིག་ལྟར་བརྗོད་ན་གསུམ་སྟེ། མདོ་སྡེ་རིན་པོ་ཆེའི་དངོས་བསྟན་ཇི་ལྟ་བའི་ཁྲིད་ཚུལ། མདོ་སྔགས་ཟུང་འབྲེལ་གྱི་འཁྲིད་ཚུལ། ཆོས་མཆོག་སྔགས་ཀྱི་ཉེ་ལམ་ནས་ཁྲིད་ཚུལ་ལོ། །དང་པོ་ལའང་། བཀའ་བབས་བརྒྱུད་པའི་ཆེ་བ་དང་ལྡན་པའི་ཉམས་བཞེས་དང་། ཚིག་དོན་མ་བུ་འཁྲུལ་མེད་དུ་སྦྱོར་བའི་ཉམས་བཞེས་གཉིས་ལས། དང་པོ་ལ་རྗེ་བཙུན་འཇམ་དབྱངས་ཀྱིས་ས་ཆེན་ལ་གནང་བའི་བློ་སྦྱོང་ཞེན་པ་བཞི་བྲལ་ས་པཎ་དང་ནུབ་པའི་གསུང་ལས་བཏུས་པ། འདིའི་རྩ་ཚིག །ཚེ་འདི་ལ་ཞེན་ན་ཆོས་པ་མིན། །ཁམས་གསུམ་ལ་ཞེན་ན་ངེས་འབྱུང་མིན། །བདག་དོན་ལ་ཞེན་ན་བྱང་སེམས་མིན། །འཛིན་པ་བྱུང་ན་ལྟ་བ་མིན། །ཞེས་སོ། །ཐེག་པ་ཆེན་པོའི་བློ་སྦྱོང་དོན་བདུན་མའི་ཁྲིད་རྒྱལ་སྲས་རིན་པོ་ཆེའི་ཡིག་ཆ་ལས་བཏུས་པ། འདིའི་རྩ་ཚིག །སྔོན་འགྲོ་རྟེན་༡ཆོས་དངོས་༢གཞི་བྱང་སེམས་གཉིས། རབ་འབྱོངས་ལམ་བསྒྱུར་༣ཉམས་ལེན་ཆིག་༤བསྒྲིལ་གྱིས། །བློ་སྦྱོང་ཚད་༥ཕེབས་བསླབ་༦བྱའི་དམ་ཚིག་རྣམས༧། །སྲོག་ལས་གཅེས་པར་འཛིན་པར་བྱིན་གྱིས་རློབས། །ཅེས་སོ། །འདིར་གཞོན་ནུ་རྒྱལ་མཆོག་པའི་བློ་སྦྱོང་སོགས་ལ་ཕྱོགས་སྔ་གནང་འདུག །ཕག་མོ་དང་སྒྲོལ་མས་སུམ་པ་ལོ་ཙཱ་བ་དཔལ་མཆོག་དང་པོའི་རྡོ་རྗེ་ལ་གནང་བའི་བློ་སྦྱོང་སྙན་བརྒྱུད་མ། འདིའི་རྩ་ཚིག་གང་བྱུང་གིས་ཆོག་ན་ཅི་བྱས་བདེ། སེམས་བཞག་སར་སྡོད་ན་ཕྱིན་ཀྱང་ཆོག །བློ་ཆོས་སུ་སོང་ན་ཤིར་ཡང་བླ། །སེམས་འཆི་མེད་དུ་རྟོགས་ན་འཆི་རྒྱུ་མེད། །ཞེས་སོ། །བྱམས་ཆོས་སྡེ་ལྔའི་ཁྲིད་རྒྱུན་བྲམ་ཟེ་སཛྫ་ན་ལས་རྔོག་ལོས་གསན་པ་བཅོམ་ལྡན་རིག་རལ་གྱི་ཁྲིད་ཡིག་ལས་བཏུས་པ། མེ་ཏྲི་པའི་དགོངས་དོན་རྔོག་ལོ་ནས་བཙན་ཁ་པོ་ཆེ་ལ་བརྒྱུད་པ་གཞན་སྟོང་ལྟ་ཁྲིད་དེ་ཉིད་ཀྱི་ཁྲིད་ཡིག་ལས་བཏུས་པ། འདི་སྐབས་བོད་དུ་དོལ་བུ་པ་ཡན་གཞན་སྟོང་ཞེས་མ་གྲགས་པར་སྒྲོགས་ཀྱང་ཁྱབ་པ་མེད་ཚུལ་གསུངས་སྣང་ངོ་། །གཉིས་པ་ཚིག་དོན་མ་བུ་འཁྲུལ་མེད་དུ་སྟོན་པའི་ཕྱག་བཞེས་ལ། བཀའ་གདམས་པའི་སྐྱེས་བུ་གསུམ་གྱི་ལམ་རིམ་གྱི་ཁྲིད་སྣར་ཐང་པ་ནས་བརྒྱུད་པ་མཆིམས་ནམ་མཁའ་གྲགས་ཀྱི་ཁྲིད་ཡིག་ལས་བཏུས་པ། འདིའི་རྩ་ཚིག །ཆུང་དུ་འབྲིང་དང་ཆེ་ཞེས་པའི། །སྐྱེས་བུ་གསུམ་དུ་ཤེས་པར་བྱ། །ཞེས་སོགས་ཀྱི་དོན་མངོན་མཐོ། ཐར་པ། རྣམ་མཁྱེན་གསུམ་བསྒྲུབ་པའི་ལམ་གྱི་རིམ་པའོ། །ཤཱ་ར་བ་ནས་གཏུམ་སྟོན་ལ་བརྒྱུད་པ་གྲོ་སྟོན་སོགས་ཀྱིས་རྒྱ་ཆེར་སྤེལ་བའི་མཆིམས་ཀྱི་ཁྲིད་ཡིག་ལས་བཏུས་པ། སྲིད་ཞི་མཉམ་ཉིད་མཆིམས་ཀྱི་ཁྲིད་ཡིག་ལས་བཏུས་པ། དབུ་མ་ཆེན་པོའི་ཁྲིད་ཅེས་གཞུང་ཕྱི་མོའི་དབུ་མ་པའི་སྲོལ་རིག་པའི་ཁུ་བྱུག་ནས་བལ་པོ་པ་ཉ་བ་དང་བྱང་སེམས་ཟླ་རྒྱལ་སོགས་བརྒྱུད་པ་མཆིམས་ཀྱི་ཁྲིད་ཡིག་ལས་བཏུས་པ། བཀའ་གདམས་ལྐོག་ཁྲིད་ཅེས་ལུས་སྦྱིན་གྱི་དམིགས་རིམ་མཆིམས་ཀྱི་ཁྲིད་ཡིག་ལས་བཏུས་པ། འདི་བཞི་ལ་བཀའ་གདམས་ཀྱི་ཁྲིད་ཆེན་བཞི་ཞེས་ཟེར། པོ་ཏོ་བའི་ལམ་རིམ་དཔེ་ཆོས་པས་རིན་ཆེན་སྤུངས་པའི་ཁྲིད་ཧོར་བཀའ་བཞི་པ་སེང་གེ་རྒྱལ་མཚན་གྱི་ཁྲིད་ཡིག་ལས་བཏུས་པ། བྱམས་པ་ཐོགས་མེད་སོགས་ནས་དམ་པ་སངས་རྒྱས་བརྒྱུད་ཕྱིས་དིང་རིར་དམ་པ་བློ་རྒྱམ་ལས་རོང་སྟོན་ཤེས་བྱ་ཀུན་རིག་གིས་གསན་པའི་ཤེར་ཕྱིན་སྐབས་བརྒྱད་སྟན་ཐོག་གཅིག་ཏུ་བསྒོམ་ཚུལ་བཀའ་བབས་དྲུག་ལྡན་གྱི་ཁྲིད་རོང་སྟོན་གྱི་བརྗེད་བྱང་ཁྲིད་ཡིག་ལས་བཏུས་པ། འཁོར་ལོ་གསུམ་གྱི་ལམ་རིམ་སྟོན་པ་ཀ་མ་ལ་ཤཱི་ལའི་སྒོམ་རིམ་ཐོག་མཐའ་བར་གསུམ་གྱི་ཁྲིད་སྔ་འགྱུར་དུས་ནས་བརྒྱུད་པ་རོང་སྟོན་ཁྲིད་ཡིག་ལས་བཏུས་པ་རྣམས་སོ། །གཉིས་པ་མདོ་སྔགས་ཟུང་འབྲེལ་གྱི་སྒོ་ནས་ཁྲིད་ཚུལ་ལ། ཇོ་འབྲོམ་པོ་ཏོ་བ་སོགས་བརྒྱུད་པའི་རྟེན་འབྲེལ་སྙིང་པོའི་བློ་སྦྱོང་གི་ཁྲིད་མུས་ཆེན་རྒྱལ་མཚན་དཔལ་བཟང་གི་ཁྲིག་ཡིག་ལས་བཏུས་པ། འདིའི་རྩ་ཚིག །དང་པོ་བྱམས་པ་བསྒོམ་པར་བྱ། །སྐྱེས་སམ་མ་སྐྱེས་དྲི་བར་བྱ། །སྐྱེས་ན་སྙིང་རྗེ་བསྒོམ་པར་བྱ། །བདག་གཞན་བཟློག་ལ་བྱང་སེམས་བསྐྱེད། །ཤེས་རབ་རི་བོའི་ངང་ཉིད་ལས། །བསྒོམ་སོགས་སྤྲོ་བསྡུ་བྲལ་བར་བཞག །ཅེས་སོ། །ཁ་ཆེ་པཎ་ཆེན་གྱིས་ཁྲོ་ལོ་བྱམས་པའི་དཔལ་ལ་རྩ་བའི་སྐྱིད་སྡུག་སྐུ་གསུམ་ངོ་སྤྲོད་ཅིང་ལམ་དུ་ཁྱེར་བའི་བློ་སྦྱོང་རྒྱལ་སྲས་ཐོགས་མེད་གསུང་རེད་མདའ་བས་ཟིན་བྲིས་སུ་མཛད་པ་ལས་བཏུས་པ། འདིའི་རྩ་ཚིག །སྐྱིད་ན་བདེ་བ་ཚོགས་སུ་བསྔོ། །ཕན་བདེས་ནམ་མཁའ་གང་བར་ཤོག །སྡུག་ན་གཞན་གྱི་སྡུག་བསྔལ་ཁུར། །སྡུག་བསྔལ་རྒྱ་མཚོ་སྐེམ་པར་ཤོག །ཅེས་སོ། །གྲུབ་ཆེན་དམ་པ་རྒྱ་གར་ནས་བརྒྱུད་པའི་དམ་ཆོས་སྡུག་བསྔལ་ཞི་བྱེད་བརྒྱུད་པ་སྔ་ཕྱི་བར་གསུམ་ལས་འོངས་པའི་ཁྲིད་ཚུལ་བཅུ་དྲུག་ཙམ་གསན་པ་ལས། ཀུན་གྱི་གནད་འདོམས་པ་ལམ་ལྔའི་ཁྲིད་ཅེས། ཚོགས་ལམ་བློ་སྦྱོང་། སྦྱོར་ལམ་དཀའ་ཐུབ། མཐོང་ལམ་རྗེས་སྦྱོར། བསྒོམ་ལམ་རོ་སྙོམས། མཐར་ཕྱིན་བྱ་བྲལ་རྣམས་དཀའ་ཐུབ་གསུམ་གྲོང་ནས་འདོན་པའི་ཁྲིད་རོང་སྟོན་ཆེན་པོ་ནས་བརྒྱུད་པ་དེ་ཉིད་ཀྱི་ཁྲིད་ཡིག་ལས་བཏུས་པ། རྒྱ་གར་དུ་བྲམ་ཟེ་ཨཱརྱ་དེ་བ་དང་། བོད་དུ་རང་གྲོལ་ལབ་ཀྱི་སྒྲོལ་མས་རྒྱ་ཆེར་སྤེལ་བའི་གཅོད་ཡུལ་རྒྱལ་ཐང་བ་བསམ་གཏན་འོད་ཟེར་གྱི་ལུགས་དེ་ཉིད་ཀྱི་དོན་ཁྲིད་ལས་བཏུས་པ། གྲུབ་ཆེན་མི་ཏྲ་ཛོ་ཀིས་ཁྲོ་ཕུ་བ་དད་པ་ཅན་ལ་གནང་བའི་སྤྱན་རས་གཟིགས་སྙིང་པོ་དོན་གསུམ་གྱི་ཁྲིད་ཁྲོ་ལོའི་ཡི་གེ་ལས་བཏུས་པ། འདིའི་རྩ་ཚིག །ཚེ་འདིར་རྒྱུན་གྱི་ཡི་དམ་བསྒོམ། འཆི་ཁར་འཕོ་བའི་གདམ་ངག་བསྒོམ། །བར་དོར་བསྲེ་བ་བསྒོམ་བྱ་སྟེ། །རྒྱུན་དུ་བསྒོམ་པ་ཀུན་གྱི་གནད། །ཅེས་སོ། །སྤྱན་རས་གཟིགས་ཀྱིས་མི་ཏྲ་ལ་གནང་བའི་ཕྱག་རྒྱ་ཆེན་པོ་སེམས་ཉིད་ངལ་གསོ་ཚིགས་བཅད་ཉེར་ལྔ་འཕགས་པ་བརྒྱད་སྟོང་པའི་ཏིང་ངེ་འཛིན་ཉེར་ལྔ་དང་མཚུངས་ལྡན་དུ་སྦྱར་བ། དང་པོ་མ་ཡེངས་པར་ལ་བསྐོར་མཁན་གཡུལ་དུ་ཞུགས་པ། བར་དུ་མ་བཙལ་བར་མཁས་པས་བ་གླང་འཚོ་བ། ཐ་མ་རྩིས་གདབ་མེད་པ་གཟིངས་སྟེང་ནས་བྱ་འཕུར་བའི་དཔེ་གསུམ་གྱིས་ངོ་སྤྲད་ཅིང་ཉམས་སུ་བླངས་པ་ཡང་རྩེ་བ་རིན་ཆེན་སེང་གེའི་ཁྲིད་ཡིག་ལས་བཏུས་པ། ཐུབ་པའི་དབང་པོའི་ལྷ་ཁྲིད་ཞི་གནས་སེམས་འཛིན་གྱི་རིམ་པ། སྤྱན་རས་གཟིགས་ཟ་མ་ཏོག་བཀོད་པའི་མདོའི་རྗེས་འབྲངས་སྙིང་རྗེ་མཁའ་ཁྱབ་ཀྱི་ཁྲིད། གཞན་དོན་མི་དམིགས་སྐོར་གསུམ། རང་དོན་སྤྱན་གྱི་སྟ་སྟངས་གསུམ་སྟེ་ཆོས་དྲུག་དང་ལྡན་པའི་མི་གཡོ་བའི་ཁྲིད། སྒྲོལ་མའི་ལྷ་ཁྲིད་འཇིགས་པ་བརྒྱད་སྐྱོབས་ཀྱི་དམིགས་རིམ་བཅས་བཀའ་གདམས་ལྷ་བཞི་ལས། ཐུབ་པ་དང་མི་གཡོ་བའི་ཁྲིད་ཡིག་རྙིང་དང་། གཞན་གཉིས་མཆིམས་ཀྱི་ཁྲིད་ཡིག་ལས་བཏུས་པ། འདི་སྐབས་ལོ་ཕྱོགས་ཀྱི་ཁྲིད་ཡིག་ཆེན་མོར་བླ་མེད་ཀྱི་ཆོས་སྐད་བསྲེས་པ་དང་། དམིགས་པའི་ཟབ་གནད་ཆད་པ་སོགས་ཟུར་ཟ་མང་དུ་མཛད་སྣང་། རྟེན་༤དཀྱིལ་འཁོར། བརྟེན་པ་༦ཡི་དམ། རྩ་བརྒྱུད་༦བླ་མ། བྱང་ཆུབ་སེམས་ཀྱི་ཐིག་ལེ་བཅུ་དྲུག་གི་ཉམས་ལེན་བཀའ་གདམས་པའི་སྙན་བརྒྱུད་གསང་ཆོས་ཁྱད་པར་ཅན་གཉུག་ལ་པཎ་ཆེན་གྱི་ཡིག་སྟེང་ནས་གསན་ཞིང་། གླེགས་བམ་ལས་བཏུས་པ་རྣམས་སོ། །གསུམ་པ་ཆོས་མཆོག་སྔགས་ཀྱི་ཉེ་ལམ་གྱི་ཁྲིད་ཚུལ་ལ་གཉིས་ཏེ། རྒྱ་བོད་མཁས་གྲུབ་ཇི་སྙེད་ཀྱི་ལམ་གྱི་ཁྲིད་ཚུལ་ལ་གཉིས་ཏེ། རྒྱ་བོད་མཁས་གྲུབ་ཇི་སྙེད་ཀྱི་ལམ་སྲོལ་སྤྱིར་བསྟན། ས་ཀར་བརྒྱུད་པ་ཕན་ཚུན་གྱི་རང་བཞེད་སོ་སོར་འཆད་པའོ། །དང་པོ་ལའང་གསུམ་སྟེ། ལོ་པཎ་མཁས་པའི་ཕྱག་ལེན་ལས་བསྟར་བ། གྲུབ་ཐོབ་ཉམས་སྐྱུགས་ཀྱི་ཞལ་གདམས་ལས་བརྒྱུད་པ། མཁས་གྲུབ་ཡོངས་ཀྱི་ཟབ་གནད་ཀུན་འདོམས་སུ་བསྟན་པའོ། །དང་པོ་ལ་བཞི་སྟེ། ཕ་རྒྱུད་ལ། གསང་འདུས་འཕགས་ལུགས་ཀྱི་རྫོགས་རིམ་རིམ་པ་ལྔ་པ་འགོས་ལུགས་ངོར་ཆེན་གྱི་གསུངས་སྒྲོལ་ལས་བཏུས་པ། རིམ་པ་ལྔ་ནི། ལུས་དབེན་སྔོན་དུ་སོང་ནས། ངག་དབེན་གསུང་རྡོ་རྗེ། ཡིད་དབེན་ཐུགས་རྡོ་རྗེ། ཀུན་རྫོབ་སྒྱུ་ལུས། དོན་དམ་འོད་གསལ། དབྱེར་མེད་ཟུང་འཇུག་གོ །ཡེ་ཤེས་ཞབས་ཀྱི་གྲོལ་བའི་ཐིག་ལེས་ལུགས་བྱང་ཕུག་པའི་ཁྲིད་ཡིག་ལས་བཏུས་པ། བི་རཱུ་པའི་གཤེད་དམར་ལྷ་ལྔའི་རྫོགས་རིམ་སྤྲོས་མེད་ཀྱི་ཁྲིད་གློ་བོ་ལོ་ཙཱ་བ་ནས་བརྒྱུད་པ་དེ་ཉིད་ཀྱི་སྟོང་ཐུན་ལས་བཏུས་པ། འདིར་ཉང་སྟོད་ཨཱཪྻ་ཛོ་ཀི་ཀུརྞ་རི་བ་ཟེར་བའི་རྫུན་མ་ཞིག་ལ་ཞུས་འདུག་པ་འབྲེལ་ཆུག་དགོས་ཞེས་སྣང་། དཔལ་འཛིན་གྱི་གཤེད་དམར་བཅུ་གསུམ་མའི་རྫོགས་རིམ་བྱིན་རླབས་གསུམ་སྔོན་དུ་འགྲོ་བས། སྔགས་དང་། འཕོ་བ་དང་། དེ་ཁོ་ན་ཉིད་ཀྱི་རིམ་པ་སྟེ་རྣལ་འབྱོར་བཞི་ལྡན་གྱི་ཁྲིད་གློ་བོ་ལོ་ཙཱ་བའི་ཡི་གེ་ལས་བཏུས་པ། འཇིགས་བྱེད་སྐྱོ་ལུགས་རྭ་རྩེ་སེམས་འཛིན་མཚན་མོ་རྒྱུ་བ། མཚན་མ་གྱེན་བསྒྲེངས་ཀྱི་རྣལ་འབྱོར་སྐྱོའི་ཡི་གེ་ལས་བཏུས་པ། འདིར་དགེ་ལྡན་པས་དཔལ་འཛིན་གྱི་རྣལ་འབྱོར་བཞི་རིམ་དང་། ཤཱནྟི་པའི་ཚོགས་འཁོར་ནང་གི་རྣལ་འབྱོར་གུང་བསྒྲིགས་ནས་གསང་འདུས་ཀྱི་རྒྱབ་ཤ་ཅན་ཞིག་མཛད་ཅེས་ཟུར་ཟ་གནང་། གཉིས་པ་མ་རྒྱུད་ལ། ཁ་ཆེ་པཎ་ཆེན་གྱི་ཁྱད་ཆོས་ཟབ་མོ་བཞིའི་མཆོག་བདེ་མཆོག་དཀར་པོ་ལ་བརྟེན་ནས་བྱང་ཆུབ་སྒྲུབ་པའི་ཁྲིད་དཔྱལ་ཨ་མོ་གྷའི་ཁྲིད་དཔེ་ལས་བཏུས་པ། འདི་ཨ་དྷཱ་ཡ་སོགས་ཀྱི་བཤད་སྲོལ་དང་མི་མཐུན་ཀྱང་པཎ་ཆེན་ཉིད་ལ་རྡོ་རྗེ་ཕག་མོས་དངོས་སུ་གནང་བས་ཚོགས་སྡེ་བཞིའི་མཁས་གྲུབ་རྣམས་ཀྱིས་ཐུགས་དམ་ཉིང་ཁུར་བཤད། བལ་པོ་མ་ཧཱ་བོ་དྷི་ལས་གློ་བོ་བསམ་གཏན་འོད་ཟེར་གྱིས་གསན་ནས། གུང་རུ་སོགས་ལ་གནང་བ་ཨསྟི་དྷ་ན་དང་གདན་བཞིའི་དངོས་བསྟན་བདེ་མཆོག་བོང་ཞལ་ཅན་གྱི་རྫོགས་རིམ་ཕྲ་ཐིག་གི་རྣལ་འབྱོར་གློ་བོ་མཁན་ཆེན་གྱི་གསུང་རྒྱུན་ལས་བྲིས་པ། དཔྱལ་ལུགས་ཕག་མོ་སྐོར་གསུམ་གྱི་རྫོགས་རིམ། དབྱིབས། ཡིག་འབྲུ། རླུང་། འོད་ལུས། འོད་གསལ། ཟུང་འཇུག་ལ་བསླབ་པ་སྟེ་བསྒོམ་དྲུག་གི་ཁྲིད་དཔྱལ་བའི་ཡིག་རྙིང་ལས་བཏུས་པ། ཆག་ལོའི་ལུགས་ཀྱི་ཕག་མོ་སེར་མོ་ཀརྨ་པཱ་དི་སྟེ་རུས་སྦལ་ཞབས་ཅན་གྱི་རྫོགས་རིམ་ལྷ་སྐུ་སྒྱུ་མའི་ཁྲིད་རིན་ཆེན་རྒྱལ་གྱི་ཡི་གེ་ལས་བཏུས་པ། དམར་ལུགས་ཕྱག་རྡོར་འཁོར་ཆེན་གྱི་བསྐྱེད་རིམ་སྲུང་བ་བཞི་ལྡན་དང་། རྫོགས་རིམ་རྣལ་འབྱོར་བཞི་ལྡན་གྱི་ཁྲིད་དེ་ཉིད་ཀྱི་ཁྲིད་ཡིག་ལས་བཏུས་པ། འདི་འདིར་སྣང་ནའང་ཕ་རྒྱུད་ཀྱི་སྐབས་སུ་འོས་པ་འདྲ། །གསུམ་པ་གཉིས་མེད་ཀྱི་རྒྱུད་ལ། དུས་འཁོར་སྦྱོར་དྲུག་རྔོ་ལུགས་ཙནྡན་དང་དེའི་དྲི་ལྟར་རྒྱུད་འགྲེལ་ལས་བཏུས་པ། གྲུབ་ཆེན་མན་ལུང་གུ་རུའི་ལུགས་ཀྱི་དུས་འཁོར་སྙན་བརྒྱུད་རྙིང་མའི་གལ་པོའི་རྒྱུད་དང་འདྲེས་པ་སོགས་བསལ་ནས་ཞལ་ལུང་ཡི་གེར་བཀོད་པ། འདི་ལ་ད་དུང་བརྟག་ནའང་རྫོགས་ཆེན་གྱི་ཆོས་སྐད་ཁོ་ནར་སྣང་ངོ་། །བཞི་པ་སྔ་འགྱུར་གྱི་སྐོར་ལ། པད་འབྱུང་ནས་གཉགས་གནུབས་ཟུར་ལ་རིམ་པར་བརྒྱུད་པའི་པདྨའི་ལམ་རིམ་ཀ་དག་དང་ལྷུན་གྲུབ་ཟུང་འཇུག་གི་ངོ་སྤྲོད་ཡིག་རྙིང་རྩ་བའི་བཅུད་དུམ། ཆོས་རྒྱལ་སྲོང་བཙན་ཐུགས་དམ་སྤྱན་རས་གཟིགས་རྒྱལ་པོ་ལུགས་བསྐྱེད་བཟླས་འོད་གསལ་ཏེ་རྡོ་རྗེ་གསུམ་གྱི་ཁྲིད་ལྷ་རྗེ་དགེ་བ་འབུམ་གྱི་ཡི་གེ་ལས་བཏུས་པ། གྲུབ་ཆེན་ཡ་བརྒྱད་ཀྱིས་བྲམ་པ་ཀུན་ཏུ་བཟང་པོ་ལ་གནང་བའི་ཕྱག་རྫོགས་ཟུང་འཇུག་ནོར་བུ་མཐོང་གྲོལ་གྱི་ཁྲིད་དེ་ཉིད་ཀྱི་ཡི་གེ་ལས་བཏུས་པ་རྣམས་སོ། །གཉིས་པ་གྲུབ་ཐོབ་ཉམས་སྐྱུགས་ཀྱི་སྐོར་ལ། མི་ཏྲ་ཛོ་ཀིའི་ཚེ་དཔག་མེད་དཀར་པོའི་རྫོགས་རིམ་བླ་མེད་དང་འབྲེལ་བ་ཆག་ལོའི་ཁྲིད་ཡིག་ལས་བཏུས་པ། སྤྱན་རས་གཟིགས་ཀྱི་དམར་ཁྲིད་དཔལ་མོ་ལུགས་ཡོལ་ཆོས་དབང་། སྐྱེར་སྒང་ལུགས་ཆོས་སྐུ་ཤཱཀྱ་རིན་ཆེན། ཟླ་རྒྱལ་ལུགས་ཡོལ་ཆོས་དབང་། ཚེམ་བུ་ལུགས་ཐེག་ཆེན་ཀུན་དགའ་བཀྲ་ཤིས་པའི་ཡིག་ཆ་ལས་བཏུས་པ་སྟེ། འདིའི་སྔ་མ་གཉིས་ཇོ་བོ་ལས་བརྒྱུད་པ་དང་། ཕྱི་མ་གཉིས་གྲུབ་ཐོབ་སོ་སོར་སྤྱན་རས་གཟིགས་དང་། རྣལ་འབྱོར་མས་གནང་བ་སྟེ། དམར་ཁྲིད་རིགས་བཞིར་གྲགས། འདི་བཞི་ཀའི་ལམ་རིམ་གྱི་རྩ་ཚིག་ནི། སྐྱབས་འགྲོ་སེམས་བསྐྱེད་ཐང་སྦྱོར་སྔོན་འགྲོ་དང་། །བསྐྱེད་རྫོགས་ཟུང་སྦྱོར་དངོས་གཞི་ཉམས་ལེན་སྲོག །རྗེས་སྤྱོད་ཆུ་བོ་རྒྱུན་གྱི་རྣལ་འབྱོར་གྱིས། སྤྱན་རས་གཟིགས་དབང་འགྲུབ་པར་བྱིན་གྱིས་རློབས། །ཅེས་སྣང་། བདེ་མཆོག་ལྷན་སྐྱེས་དང་ཀྱེ་རྡོར་ལྷན་སྐྱེས་ལ་དགའ་རབ་རྡོ་རྗེའི་གཞུང་རྩ་བར་བྱས་ཏེ། ཡི་དམ་སྤྱི་ཁྱབ་ཀྱི་དམར་ཁྲིད་སྦྱར་བ་བ་རི་ནས་ས་སྐྱ་པར་བརྒྱུད། རྒྱལ་སྲས་པར་བཀའ་བབས་པར་གྲགས་པ་གསུང་རྒྱུན་ལས་བྲིས་པ། འདི་ལོ་རྒྱུས་ལ་བཏགས་ན་རྒྱལ་སྲས་པའི་རྩལ་བཤད་ལྟ་བུར་མཛད་སྣང་། ས་ར་ཧའི་དོ་ཧ་སྐོར་གསུམ་གྱི་སེམས་ཁྲིད་རྒྱ་གར་ཕྱག་ན་ནས་བརྒྱུད་པ་བར་བུ་པའི་ཡི་གེ་ལས་བཏུས་པ། གྲུབ་ཆེན་བརྒྱད་བཅུ་རྩ་བཞིའི་དགོངས་བཅུད་ཆོས་དྲུག་གི་ཁྲིད་ཡིག་རྙིང་ལས་བཏུས་པ། འདི་བྱིན་རླབས་དང་བརྒྱུད་པ་མཐུན་ནོ། །གསུམ་པ་མཁས་གྲུབ་ཡོངས་ཀྱི་ཟབ་གནད་ཀུན་བསྡོམས་པ་ནི། རྡོ་རྗེ་སེམས་དཔའ་གསང་བའི་མཛོད་བྱིན་པ་བོ་དོང་པཎ་ཆེན་འཇིགས་མེད་གྲགས་པས་ཤིང་རྟའི་ལམ་སྲོལ་གསར་དུ་དབྱེ་བར་མཛད་པའི་དེ་ཉིད་འདུས་པ་ཆེན་པོའི་སྙིང་པོ་སྦས་དོན་ཀུན་གསལ་ཞེས་ཟབ་ཁྲིད་ཀྱི་རྣམ་གྲངས་བརྒྱ་དང་སུམ་ཅུའི་གནད་ཀུན་འདྲིལ་བ་ཁྱད་པར་ཅན་དེ་ཉིད་ཀྱི་རྒྱས་འགྲེལ་ལས་བཏུས་པའོ། །གཉིས་པ་ས་ཀར་རང་བཞེད་ཕན་ཚུན་སོ་སོར་འཆད་པ་ལ། དཔལ་ལྡན་ས་སྐྱ་པའི་སྲོལ་དང་། བཀའ་བརྒྱུད་པ་ལས་འོངས་པའོ། །དང་པོ་ལའང་། ཀྱཻ་རྡོར་དང་འབྲེལ་བ། བདེ་མཆོག་གི་ཟབ་གནད་ཁོལ་ཕྱུང་། མཐའ་བརྟེན་བཀའ་བསྲུང་དང་གསུམ་ལས། དང་པོ་ལ། ལམ་འབྲས་བུ་དང་བཅས་པའི་ཁྲིད་ཀྱི་གཞུང་ཤིང་ཆེན་པོ་བཞི་ལས། གཞུང་ཇི་ལྟ་བར་དཀྲི་བའི་ཁྲིད་ཆོས་རྗེ་བླ་མ་དམ་པའི་སྦས་དོན་ཀུན་གསལ་ལས་བཏུས་པ། ལམ་སྐོར་ཕྱི་མ་བརྒྱད་ལས། ཏོག་རྩེ་པའི་བསམ་མི་ཁྱབ་པ་རྣམ་པ་ལྔ་ཞེས་ཕྱག་རྒྱ་ཆེན་པོའི་མན་ངག །པདྨ་བཛྲ་གྱི་བསྐྱེད་རིམ་ཟབ་པའི་ཚུལ་དགུའི་སེམས་འཛིན་དང་། རྫོགས་རིམ་མར་མེའི་རྩེ་མོ་ལྟ་བུའི་གདམ་ངག །ཌོམྦྷི་ཧེ་རུ་ཀའི་ལྷན་ཅིག་སྐྱེས་གྲུབ་ཞེས་རྒྱུ་ལམ་འབྲས་བུ་ལྷན་སྐྱེས་ཀྱི་ཉམས་ལེན། ཆོས་ཀུན་རྒྱུད་སྔགས་ཡེ་ཤེས་གསང་བའི་རིམ་པའི་གཏུམ་མོའི་ལམ་གཅིག་ཏུ་རྫོགས་པ་ནག་པོ་པའི་གཏུམ་མོ་ལམ་རྫོགས། རྩ་རླུང་ཐིག་ལེའི་ཡོན་པོ་དབུ་མར་བསྲངས་པས་བརྗོད་བྲལ་གྱི་ཏིང་ངེ་འཛིན་སྐྱེ་བ་ནག་པོ་ཨུ་ཙི་ཊ་འཆི་བ་མེད་པའི་ཡོན་པོ་སྲང་བ། ཆོས་ཀུན་ཕྱག་རྒྱའི་ལམ་གཅིག་ཏུ་རྫོགས་པ་ཨིནྡྲ་བྷཱུ་ཏིའི་ཕྱག་རྒྱ་ལམ་རྫོགས་ལས་ཡེ་ཤེས་ཀྱི་ཕྱག་རྒྱར་བརྟེན་པའི་ཉམས་ལེན། ངག་དབང་གྲགས་པའི་ཕྱག་རྒྱ་ཆེན་པོའི་ལམ་ཡི་གེ་མེད་པའི་མན་ངག །བདག་དང་ཕུང་པོ་རྣམ་རིག་ལས་འདས་པའི་སེམས་ཉིད་མ་བཅོས་པའི་ངང་དུ་འཇོག་པ་ཀླུ་གྲུབ་ཞབས་ཀྱི་སེམས་ཐག་གཅོད་པ་སྟེ། འདི་རྣམས་ཐམས་ཅད་རྗེ་བཙུན་གྲགས་པའི་ཁྲིད་དཔེ་ཁོ་ན་ལས་བཏུས། ལྔ་པའི་གསན་ཡིག་ཏུ་ཕྱིས་སུ་ལམ་སྐོར་ཕྱི་མ་ཕལ་ཆེར་ཉམས་ཁྲིད་ཀྱི་རྒྱུན་ཆད་པར་ས་སྐྱ་པ་ཡོངས་གྲགས་རྣམས་ཀྱིས་བཞེད་སྣང་ཞེས་སོམ་ཉིར་མཛད། སྒོ་དྲུག་ཆོས་འབྲེལ་ཞེས། མདོ་རྒྱུད་ཀུན་གྱི་ཟབ་གནད་འདྲིལ་བའི་སེམས་ཁྲིད་ཤནྟི་པའི་མདོ་རྒྱུད་བསྲེ་བ། ཤེར་འབྱུང་སྦས་པའི་ཕྱི་རོལ་གདོན་གྱི་བར་ཆད་ཧཱུྃ་གིས་སེལ་བ། རིན་ཆེན་རྡོ་རྗེའི་ནང་འབྱུང་བ་ལུས་འཁྲུགས་ཀྱི་བར་ཆད་དམིགས་པས་སེལ་བ། ཛྙཱ་ན་ཤྲཱིའི་གསང་བ་སེམས་ཀྱི་བར་ཆད་ཕྱག་རྒྱ་ཆེན་པོས་སེལ་བ། སྡུག་བསྔལ་གསུམ་སྐུ་གསུམ་བདེ་བ་ཆེན་པོར་ལམ་དུ་ཁྱེར་བ་ནཱ་རོ་པའི་སྡུག་བསྔལ་གསུམ་སེལ། ངག་དབང་གྲགས་པའི་བདག་བྱིན་རླབས་ཀྱི་དམིགས་པ་ཁྱད་པར་ཅན་གཉུག་མ་དྲན་གསལ་རྣམས་ཡིག་རྙིང་ལས་བཏུས་པ། རྩ་བ་མེད་པའི་ལམ་འབྲས་ཀྱི་མཚན་གཞི་དེ་བཞིན་ཉིད་ཀྱི་དག་པ་ལྟ་བ། ལྷ་སོ་སོའི་དག་པ་བསྐྱེད་རིམ། རང་རིག་པའི་དག་པ་རྫོགས་རིམ་སྟེ་ཌོམྦྷི་པའི་ལུགས་ཀྱི་དག་པ་གསུམ་གྱི་ཁྲིད་འཕགས་པའི་ཡི་གེ་ལས་བཏུས་པ། སམ་བྷུ་ཊའི་རྒྱུད་ཀྱི་དངོས་བསྟན་རང་བྱིན་རླབས་ཀྱི་དམིགས་པ་ཉི་ཤུ་རྩ་དགུའི་ཁྲིད་ཡིག་རྙིང་ལས་བཏུས་པ། འདི་གཉིས་འབྲེལ་བར་སྟོན་པ་ལ་འགྲེལ་པ་ལུགས་ཀྱི་ལམ་འབྲས་ཀྱི་ཐ་སྙད་མུས་ཆེན་དཔལ་ལྡན་རྒྱལ་པོས་མཛད་ཅེས་སྣང་། རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པའི་ཁྱད་པར་གྱི་ནང་གི་ལམ་བདེ་བླགས་སུ་བགྲོད་པ་བི་རཱུ་པས་ས་ཆེན་ལ་གནང་བའི་ལམ་སྦས་བཤད། ལམ་འབྲས་ཀྱི་སྙིང་པོ་གཅིག་ཏུ་དྲིལ་བ་ས་ཆེན་ནས་གྲགས་པ་ལ་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་ནས་སྩལ་བ་བརྡ་དོན་གསལ་བ་གཉིས་ས་པཎ་གྱི་ཡི་གེ་ལས་བཏུས་པ་རྣམས་སོ། །དཱ་ན་ཤཱི་ལ་ནས་ས་པཎ་ལ་བརྒྱུད་པའི་ཀུ་རུ་ཀུལླེའི་རང་བྱིན་རླབས་ཀྱི་ཁྲིད་ཕྱག་ལེན་གཅེས་བཏུས་ལས་བཏུས་པ། འདི་ལ་སྤྱི་ཁྱབ་ཀྱི་གཏུམ་མོ་འཁོར་ལོ་བཞི་མ་སྦྱར་བའི་ཟོལ་ཅན་ཞིག་ཀྱང་ཡོད་ཅེས་གསུང་། གཉིས་པ་བདེ་མཆོག་གི་སྐོར་ལ་ནཱ་རོ་པ་ནས་ཕམ་མཐིང་པ་སོགས་བརྒྱུད་པའི་ཡབ་ཀྱི་རྩ་དབུ་མ་དང་། ཡུམ་གྱི་རྩ་དབུ་མའི་ཉམས་ལེན་གཉིས་ལས་སྔ་མ་གྲགས་པ་དང་། ཕྱི་མ་གསུང་རྒྱུན་སྙིང་པོར་དྲིལ་བ། དྲིལ་བུ་རིམ་ལྔ་ཚོགས་སྒོམ་ཀུན་དགའ་དཔལ་དང་། ནག་པོ་པའི་རིམ་བཞི་རྗེས་ཆེན་གྱི་རིམ་བཞི་ལམ་སློང་ལས་བཏུས་པ་རྣམས་སོ། །གསུམ་པ་ཆོས་སྐྱོང་ནི། གུར་གྱི་མགོན་པོའི་ནང་ཁྲིད་ཡར་ཀླུང་པ་སེང་གེ་རྒྱལ་མཚན་གྱི་ཡི་གེ་ལས་བཏུས་པ། འདི་ལ་གྲོལ་མཆོག་རང་ཉིད་ཀྱིས། སྐེད་ཆིངས་གསེབ་ནས་ཕྱག་བཞིའི་སྲོག་ཐིག་ཕྱུངས། གུར་ལའང་འདྲ་ཅོག་ཡར་ཀླུངས་པ་ཡིས་སྦྱར། ཞེས་ཟུར་ཟ་གནང་བར་ལྔ་པ་སོགས་ཀྱིས་བཀའ་བཀྱོན་ཆེའོ། །གཉིས་པ་བཀའ་བརྒྱུད་རིན་པོ་ཆེ་ནས་བརྒྱུད་པ་ལ། གཅེན་ནཱ་རོ་པ། ལྕམ་ནི་གུ་མ། གྲུབ་བརྙེས་གཞན་ནས་བརྒྱུད་པ་སྟེ་གསུམ་པས། དང་པོ་ལ། རྗེ་མར་བའི་གསུང་རྒྱུན་ཇི་ལྟ་བ་རྔོག་པ་ལས་བྱུང་བའི་འདོད་ཆགས་གཏུམ་མོ། །ཞེ་སྡང་སྒྱུ་ལུས། གཏི་མུག་འོད་གསལ་དུ་བསྲེ་བ་སོགས་རྒྱུད་སྡེ་སྤྱིའི་རྫོགས་རིམ་དང་། ཁྱད་པར་ཀྱེ་རྡོར་དང་འབྲེལ་བ་བསྲེ་འཕོའི་གདམས་པ་རྔོག་ཞེ་སྡང་རྡོ་རྗེའི་ཁྲིད་དཔེ་ལས་བཏུས་པ། རྡོ་རྗེ་གདན་བཞིའི་རྫོགས་རིམ་སྔ་མའི་ཡིག་ཆ་ལས་བཏུས་པ་འདི་བུ་སྟོན་རིན་པོ་ཆེས་ཐུགས་རྩིས་ཤིན་ཏུ་ཆེ་བར་གནང་། མ་ཧཱ་མཱ་ཡའི་རྫོགས་རིམ་དམན་པ་དབྱིབས་ཟབ་པ་སྔགས། མཐར་ཐུག་ཆོས་ཀྱི་ཕྱག་རྒྱ་ཆེན་པོ་སྟེ་རྣལ་འབྱོར་གསུམ་གྱི་ཁྲིད་རྔོག་པའི་ཡིག་རྙིང་ལས་བཏུས་པ། འདི་འཕགས་པ་རིན་པོ་ཆེས་བཀའ་གདམས་པ་ནམ་མཁའ་འབུམ་དང་། ངོར་ཆེན་རྡོ་རྗེ་འཆང་གིས་རོང་ཆུང་བ་ཤེས་རབ་དཔལ་ལྡན་མཁའ་སྤྱོད་དུ་བཏང་བའི་གདམས་པ་ཁྱད་པར་ཅན་ཞེས་སྔགས་བརྗོད་གནང་བ་བཅས་རྣམས་རྔོག་པའི་གདམ་ངག་གོ། །མར་པ་ནས་དོལ་གྱི་མཚུར་སྟོན་དབང་ངེ་ལ་གནང་བའི་སྟན་གྱི་ཤོག་དྲིལ་བཞི་ཞེས། ཀྱེ་རྡོར་རྒྱུད་དོན་མཐར་ཐུག་ནཱ་རོ་པའི་ཞལ་གདམས་ཨ་ཡིག་ལ་བརྟེན་ནས་ཕྱག་ཆེན་གྱི་དོན་མཐོང་བ། འདུས་པའི་རྒྱུད་དོན་ཡེ་ཤེས་སྙིང་པོའི་ཞལ་གདམས་ཨ་ཡིག་ལ་བརྟེན་ནས་ཕྱག་ཆེན་གྱི་དོན་མཐོང་བ། འདུས་པའི་རྒྱུད་དོན་ཡེ་ཤེས་སྙིང་པོའི་ཞལ་གདམས་སྒྱུ་མ་འོད་གསལ་ཟུང་འཇུག་གི་གནད། མཱ་ཡའི་རྒྱུད་དོན་ཀུ་ཀུ་རི་པའི་གདམས་པ་སྤྲོས་པ་ནང་དུ་གཅོད་པ། གདན་བཞིའི་རྒྱུད་དོན་ཆུ་ཤིང་སྙེ་མ་ཅན་གྱི་གདམས་པ་འཕོ་བ་ཡེ་ཤེས་ཟང་ཐལ་གྱི་མན་ངག་རྣམས་མཚུར་དབང་གི་རྡོ་རྗེའི་ཡིག་རྙིང་ལས་བཏུས་པ། མི་ལ་ལ་བརྒྱུད་པ་བདེ་མཆོག་སྙན་བརྒྱུད་ཅེས་སྟེང་སྒོ་རྣམ་པར་གྲོལ་བའི་ཆོས་དྲུག་གི་ཁྲིད་རས་ཆུང་བ་ནས་བརྒྱུད་པ་ཞང་ལོའི་ཁྲིད་ཡིག་ལས་བཏུས་པ། མར་པ་ནས་སྲས་དར་མ་མདོ་སྡེ་ལ་གནང་བའི་ཆོས་དྲུག་སྲས་མཁར་མ་ཆོས་དབང་གི་གཏེར་ཡིག་ལས་བཏུས་པ། འདི་ལ་དུག་ལྔ་ཡེ་ཤེས་ལྔར་ལམ་དུ་ཁྱེར་བ་དང་། གྲོང་འཇུག་གི་གདམས་པ་སྟེ་དྲུག་གོ །འདིའི་བརྒྱུད་པར་ལྔ་པས་སོམ་ཉི་གནང་འདུག་ནའང་ཁྱབ་པ་ཡོད་མ་འདྲ། ལུས་མེད་མཁའ་འགྲོའི་ཆོས་སྐོར་དགུ་ཞེས། །སྨིན་གྲོལ་སེམས་ཀྱི་རྒྱ་མདུད་བཤིག །དམ་ཚིག་རང་སེམས་མེ་ལོང་ལྟོས། །དམ་རྫས་རྟོགས་པའི་ཉི་མ་འདི། །སྤྱོད་པ་ཆུ་ལ་རལ་གྲི་ཐོབ། །ཞེས་བཞི་པོ་མར་པ་དང་། རྩ་རླུང་དྲྭ་མིག་འཁོར་ལོ། རྟོག་དཔྱོད་འོད་ཀྱི་སྒྲོན་མེ། རིག་པ་ཡེ་ཤེས་སྒྲོན་མེ། རང་གྲོལ་ཕྱག་རྒྱ་ཆེན་པོ་རོ་སྙོམས་ཕྱི་ཡི་མེ་ལོང་ལྔ་ནི་རས་ཆུང་བ་ནས་བརྒྱུད་པ་རྣམས་ཡིག་རྙིང་ལས་བཏུས་པ། རས་ཆུང་ནས་བརྒྱུད་ཚེ་དཔག་མེད་གྲུབ་རྒྱལ་ལུགས་ཀྱི་བསྐྱེད་རྫོགས་བཅུད་ལེན་ལ་བརྟེན་ནས་ཚེ་བསྲིངས་བ་བཅས་རྗེ་རང་ཉིད་ཀྱི་ཁྲིད་ཡིག་ལས་བཏུས་པ། རས་ཆུང་ལུགས་ཀྱི་ཕྱག་རྡོར་གཏུམ་ཆེན་གྱི་བསྐྱེད་རིམ་ལྷ་ཁྲིད་དང་། རྫོགས་རིམ་དོད་ཐུབ་ཧཱུྃ་དམིགས་བཅས་གསང་བདག་གྲུབ་ཆེན་གྱི་ཁྲིད་ཡིག་ལས་བཏུས་པ། རྗེ་དྭགས་པོ་ལས་བརྒྱུད་ཀཾ་ཚང་བཀའ་བརྒྱུད་ལས་བྱུང་བ། སྤྲུལ་སྐུ་ཤཱཀྱ་ཐུབ། ལོངས་སྐུ་སྤྱན་རས་གཟིགས། ཆོས་སྐུ་རྡོ་རྗེ་འཆང་གི་ལྷ་ཁྲིད་ལ་བརྟེན་སྐུ་གསུམ་དུ་ངོ་སྤྲོད་པའི་གདམས་པ་ཕྱག་རྒྱ་ཆེན་པོ་སྐུ་གསུམ་ངོ་སྤྲོད་རང་བྱུང་བའི་ཁྲིད་ཡིག་ལས་བཏུས་པ། བསྐྱེད་རྫོགས་འཕོ་བ་དང་བཅས་པའི་ཟབ་ཁྱད་རླུང་སེམས་དབྱེར་མེད་ཀཾ་ཚང་ནས་བརྒྱུད་པ་སྤྱན་སྔ་ལྷ་གཟིགས་རས་པའི་ཡི་གེ་ལས་བཏུས་པ། ཀཾ་ཚང་ནས་བརྒྱུད་པའི་ཇོ་ལུགས་སྒྲོལ་དཀར་གྱི་ལྷ་ཁྲིད་གསུང་རྒྱུན་ལས་སྙིང་པོར་དྲིལ་བ། འདིས་འགྲེལ་དུ་ཀར་བརྒྱུད་པའི་གྲས་སུ་བཞག་ཀྱང་། སྤྱི་ཆིངས་དང་ཁྲིད་ཀྱི་ངོ་བོ། །ཇོ་བོ་ནས་བཀའ་གདམ་པ་རིམ་བརྒྱུད་པཎ་ཆེན་ཤཱཀ་མཆོག་ལས་བྱུང་བ་དེར་མཛད་སྣང་ངོ་། །དྭགས་པོ་ནས་ཕག་གྲུ་གདན་ས་བར་རིམ་པར་བརྒྱུད་པའི་ཕྱག་ཆེན་དང་ཆོས་དྲུག་གི་སྙིང་པོའི་ཟབ་གནད་གཅིག་ཏུ་འདྲིལ་བ་ཕག་གྲུ་ཐེལ་སྐོར་གྱི་ཁྲིད་རྗེ་ཕག་གྲུ་རང་གི་གསུང་ལས་བཏུས་པ་ཕག་གྲུ་ནས་འབྲི་གུང་པར་བརྒྱུད་པ་སྐྱབས་འགྲོ་སྔོན་སོང་། བྱང་ཆུབ་ཀྱི་སེམས་བསྒོམ་པ། ཡི་དམ་གྱི་ལྷ་བསྒོམ་པ། མོས་གུས་བླ་མའི་རྣལ་འབྱོར། དོན་དམ་ཕྱག་རྒྱ་ཆེན་པོ། །རྗེས་བསྔོ་བས་རྒྱས་གདབ་པ་སྟེ་ཕྱག་རྒྱ་ཆེན་པོ་ལྔ་ལྡན་ཞེས་གྲགས་པ་སྤྱན་སྔའི་ཁྲིད་ཡིག་ལས་བཏུས་པ། རྗེ་སྐྱོབ་པ་རིན་པོ་ཆེའི་དགོངས་ཉམས་ལས་བྱུང་བའི་ཁྱད་ཆོས་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་གཅིག་ཏུ་འདྲིལ་བ་རྡོ་རྗེའི་གསུང་ཞེས་བརྒྱད་པ་ལས་བཏུས་པ། ཕག་གྲུ་ནས་གླིང་རས་དང་། དེས་གཙང་པ་རྒྱ་རས་ཡེ་ཤེས་རྡོ་རྗེས་རྗེས་སུ་བཟུང་བས་དཔལ་འབྲུག་པ་ཞེས་བརྒྱུད་འཛིན་གྱི་གཏེར་ཆེན་པོ་བརྡོལ་བ་ལ་སྟོད་སྨད་བར་གསུམ་ལས། སྟོད་འབྲུག་ལ། རྒྱ་རས། རྒོད་ཚང་པ། ཡང་དགོན་རིན་པོ་ཆེའི་བར་བརྒྱུད་ནས། དེས་རང་གཞན་གྱི་གདམས་པའི་གནད་མཐའ་དག་གཅིག་ཏུ་བསྡུས་པ་རི་ཆོས་དགོས་འདོད་ཀུན་འབྱུང་། རྡོ་རྗེ་ལུས་ཀྱི་སྦས་བཤད་བར་དོ་གནད་ཀྱི་འཕྲང་སྒྲོལ་རྣམས་ལས་རི་ཆོས་ཀྱི་སྙིང་པོ་མ་དྲུག་ཅེས། དྲག་རླུང་གནད་ལྔ་མ། འཕོ་བ་ཧཱུྃ་དམར་མ། སྟོང་ཉིད་རྡོ་རྗེའི་ཚིག་དྲུག་མ། ནད་གདོན་ཧཱུྃ་ཆོས་མ། གསང་སྤྱོད་མནལ་ལམ་མ། འཛག་སྲུང་བཀའ་རྒྱ་མ་རྣམས་རི་ཆོས་ཉིད་ལས་བཏུས་པ། རྒོད་ཚང་པའི་སློབ་མ་བརྟུལ་ཞུགས་རང་དང་མཉམ་པ་གྲུབ་ཆེན་ཨོ་རྒྱན་པས་ཨོ་རྒྱན་དུ་རྡོ་རྗེ་རྣལ་འབྱོར་མ་ལས་དངོས་སུ་གསན་པ་སྐུ་བསྙེན་པའི་རྣལ་འབྱོར་ལུས་གནད་བྱེད་བཅིང་། གསུང་སྒྲུབ་པའི་རྣལ་འབྱོར་རྡོར་བཟླས་སྲོག་རྩོལ། ཐུགས་ཀྱི་སྒྲུབ་ཆེན་ཐིག་ལེའི་རྣལ་འབྱོར་ཏེ། རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ཟླ་བ་སེང་གེའི་ཁྲིད་ཡིག་ལས་བཏུས་པ། འདི་རྒྱུད་སྡེའི་ངོས་ནས་སྤྱིར་བདེ་དུས་གཉིས་དང་། ལྷག་པར་དུས་ཀྱི་འཁོར་ལོའི་རྫོགས་རིམ་མཐིལ་ཕྱིན་པའོ། །བར་འབྲུག་གམ་གདན་ས་བ་ནས་བརྒྱུད་པ་ལ། ཕག་གྲུ་ནས་བརྒྱུད་པའི་ལམ་ཟབ་བླ་སྒྲུབ། ཏི་པུས་རས་ཆུང་དང་། དེས་མཁར་ཆུར་གཏེར་དུ་སྦས་པ། རྒྱ་རས་ཀྱིས་བཞེས་པ་འབྱུང་བ་རོ་སྙོམས་སྐོར་དྲུག་ཅེས། རྣམ་རྟོག །ཉོན་མོངས། ལྷ་འདྲེ། གདོན། ན་ཚ། འཆི་བ་ལམ་ཁྱེར། ཙ་རི་ཏྲར་སངས་རྒྱས་རབ་བདུན་གྱིས་གསུངས་པའི་རྩ་བ་སེམས་ཀྱི་ཐག་ཆོད་པས་རྟེན་འབྲེལ་ཤུགས་འབྱུང་དུ་འགྲིགས་པ་རྟེན་འབྲེལ་རབ་བདུན་བཅས་དཔལ་འབྲུག་པའི་ཁྲིད་དཔེ་ལས་བཏུས་པ། སྨད་འབྲུག་རྗེ་ལོ་རས་པའི་གཏུམ་མོ་རས་ཐུབ། ཕྱག་རྒྱ་ཆེན་པོ་འཆི་ཐུབ་བཅས་ཐུབ་པ་ལྔའི་ཁྲིད་གྲྭ་དགའ་ལྡན་པའི་ཁྲིད་དཔེ་ལས་བཏུས་པ་རྣམས་སོ། །དྭགས་པོ་བསྒོམ་ཚུལ་སོགས་ཡིན་ངེས་བཞི་ལས་ཞང་འགྲོ་བའི་མགོན་པོ་གཡུ་བྲག་པར་བརྒྱུད་པའི། ལུས་ངག་ཡིད་གསུམ་གྱི་བརྡ་ཐབས་ལ་བརྟེན་ནས་དོན་དམ་ཕྱག་རྒྱ་ཆེན་པོ་སྐུ་བཞི་དབྱེར་མེད་པའི་དགོངས་པ་ངོ་སྤྲོད་ཅིང་ལམ་དུ་ཁྱེར་བ་ཟབ་རྒྱའི་ཁྲིད་དེ་ཉིད་ལས་བཏུས་པ། སྤྱིར་བཀའ་བརྒྱུད་ཟུང་བཞི་ཡ་བརྒྱད་སོ་སོར་ཕྱག་ཆེན་དང་ཆོས་དྲུག་རེ་ཡོད་པ་ལས། འདིར་ཕྱག་རྒྱ་ཆེན་པོ་གདོད་མ་ནས་ལྷན་གཅིག་སྐྱེས་པའི་ཡེ་ཤེས་ལ་སྦྱོར་བའི་ལམ་རྒོད་ཚང་བ་ཡང་དགོན་པ་སོགས་ནས་རྒྱལ་སྲས་རིན་པོ་ཆེ་ཐོགས་མེད་ལ་བརྒྱུད་པ་དེ་ཉིད་ཀྱི་གསུང་རྒྱ་མ་པས་ཟིན་བྲིས་སུ་མཛད་པ་ལས་བཏུས་པ། ཉིན་པར་གཏུམ་མོ་སྒྱུ་ལུས་དང་། །མཚན་མོ་རྨི་ལམ་འོད་གསལ་ཏེ། ཁ་བསྐང་འཕོ་བ་བར་དོ་བཅས། །ཞེས་པའི་ཆོས་དྲུག་གི་ཉམས་ལེན་དྭགས་པོ་ནས་ཀཾ་ཚང་ལ་བརྒྱུད་པ་རྗེ་རང་བྱུང་པའི་ཁྲིད་ཡིག་གསེར་ཞུན་མ་ལས་བཏུས་པ་གཉིས་སོ། །གཉིས་པ་ལྕམ་ནི་གུ་མ་ནས་བརྒྱུད་པ་ལ། གཏུམ་མོ་བདེ་དྲོད་རང་འབར། སྒྱུ་ལུས་ཆགས་སྡང་རང་གྲོལ། རྨི་ལམ་ཉིང་འཁྲུལ་རང་དག །འོད་གསལ་མ་རིག་མུན་སེལ། འཕོ་བ་མ་བསྒོམ་སངས་རྒྱས། བར་དོ་རྒྱལ་བ་ལོངས་སྐུ་སྟེ་ཆོས་དྲུག་དང་། སྔོན་འགྲོ་ལུས་ངག་ཡིད་གསུམ་རང་བབས་སུ་བཞག་པ། དངོས་གཞི་རྒྱུན་དུ་འགྲོགས་ཀྱང་ཞལ་མ་འཇལ། ཉེ་དྲག་པས་ངོས་མ་ཟིན། བཟང་དྲག་པས་བློར་མ་ཚུད། ཟབ་གྲགས་པས་ཡིད་མ་ཆེས་པའི་མཚངས་བརྟོལ་ནས་སེམས་མ་བཅོས་པ་ངོ་སྤྲད། རྗེས་སུ་སེམས་ཉིད་སྐུ་བཞི་དབྱེར་མེད་པར་ལམ་དུ་ཁྱེར་ཞིང་རླུང་དང་མོས་གུས་ཀྱི་བོགས་འདོན་པ་ཕྱག་རྒྱ་ཆེན་པོ་གྭའུ་མ། ཅིར་སྣང་ཐམས་ཅད་བླ་མ། ཡི་དམ། སྒྱུ་མར་ལམ་དུ་འཁྱེར་བ་འཁྱུགས་མེད་ལམ་ཁྱེར་རྣམ་གསུམ། ཀུན་རྫོབ་ལྷ་སྐུ་སྒྱུ་མ་དང་། དོན་དམ་རང་སེམས་འཆི་མེད་དུ་ཤེས་པ་སེམས་འཆི་མེད་ཀྱི་ཁྲིད་དེ། ཤངས་པའི་གསེར་ཆོས་བཞིར་གྲགས་པ། བསམ་སྡིངས་པ་གཞོན་ནུ་གྲུབ་ཀྱི་ཁྲིད་ཡིག་ཁོ་ན་ལས་བཏུས་པའོ། །གསུམ་པ་གྲུབ་བརྙེས་གཞན་དག་ལས་འོངས་པའི་སྐོར་ལ་མཁའ་འགྲོ་སུ་ཁ་སིདྡྷི་ནས་ཁྱུང་པོ་ལ་སྩལ་བའི་རྣལ་འབྱོར་པ་རབ་སུ་ཁ་ཆོས་དྲུག་ཞེས་ཆོས་དྲུག་གི་གནད་དོན་འདྲིལ་བ་ཁྱད་པར་ཅན་མཁྱེན་རབ་ཆོས་རྗེའི་ཁྲིད་ཡིག་ལས་བཏུས་པ། ཨཱཪྻ་དེ་བ་ནས་ཁྱུང་པོ་ལ་སྩལ་བ་བདག་མེད་མའི་ནང་ཁྲིད་ཞེས་ལྟེ་བ་སྤྲུལ་པའི་འཁོར་ལོའི་གནད་ལ་བརྟེན་ནས་ཟག་མེད་ཀྱི་བདེ་ཆེན་བསྐྱེད་པ་ཁྱུང་པོའི་ཡིག་རྙིང་ལས་བཏུས་པ། ཨ་དྷཱ་ཡ་ནས་དཔལ་ཆེན་རྒྭ་ལོ་ལ་བརྒྱུད་པའི་སྦྱོར་བ་ཡན་ལག་དྲུག་གཅིག་ཆར་དུ་ཉམས་སུ་བླངས་པ། དེའི་བོགས་འདོན་དུ། དུར་ཁྲོད་བསིལ་བའི་ཚལ་དུ་མཁའ་འགྲོས་དངོས་སུ་སྩལ་བའི་གཏུམ་མོ་ཞག་བདུན་མ་བཅས་ཞང་ཚལ་བའི་ཁྲིད་དཔེ་ལས་བཏུས་པ། རྩ་མི་ནས་རྒྭ་ལོ་ལ་བརྒྱུད་པའི་ནང་ལུས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས། མགོན་པོ་ཕྱག་བཞི་པ་རིག་པ་ལྔ་སྒྲུབ་ཅིང་ཕྲིན་ལས་སྤེལ་བ་བསྐྱེད་རྫོགས་ཟུང་འཇུག་སྐུ་རགས་མའི་ཁྲིད་ཡིག་རྙིང་ནང་ལྟར་བཏུས་པ། ཕག་གྲུ་ནས་སྐྱེར་སྒོམ་སོགས་ལ་བརྒྱུད་པའི་ཕྱག་ཆེན་ཡི་གེ་བཞི་པ་ཞེས། དང་པོ་སེམས་ཀྱི་གཞི་རྩ་བཅད། བར་དུ་སེམས་ཀྱི་བཞག་ཐབས་བསྟན། ཐ་མ་སེམས་ཀྱི་གོལ་ས་བཅད། དུས་ཀུན་སེམས་ཀྱི་ལམ་ཁྱེར་སྟོན་པ་གཡག་སྡེ་པཎ་ཆེན་གྱི་ཁྲིད་ཡིག་ལས་བཏུས་པ། དྭགས་པོ་རིན་པོ་ཆེས་སྒམ་པོའི་ཀཱ་ལ་དུང་མཚོར་སྦས་པ་སྐྱེས་བུ་ཡེ་ཤེས་རྡོ་རྗེས་སྤྱན་དྲངས་པའི་སེམས་ཁྲིད་ཡིད་བཞིན་ནོར་བུ་ཞེས། རིག་པ་སྐད་ཅིག་མ་ཅིག་ཅར་དུ་ངོ་སྤྲད་ནས་བསྒོམ་མེད་དུ་ཁྱེར་བ་དེ་ཀའི་དཔེ་རྙིང་ལས་བཏུས་པ་རྣམས་སོ། །དེ་ལྟར་ན་མདོ་ལམ་ཐུན་མོང་པའི་ཁྲིད་༡བཀའ་བཅུ་བཞི། མདོ་སྔགས་རྟོག་པ་བསྲེས་པའི་ཁྲིད་བཀའ་༡༡བཅུ་གཅིག །སྔགས་ལམ་ཐུན་མོང་མ་ཡིན་པ་སྤྱིའི་སྐོར་ཉེར་༢༢ལྔ། དཔལ་ས་སྐྱ་པ་ནས་བརྒྱུད་པ་ཉེར་ལྔ༢༥། བཀའ་རྒྱུད་རིན་པོ་ཆེ་ནས་བརྒྱུད་པ་སོ་གསུམ་སྟེ༣༣། དྲིལ་བས་བརྒྱ་དང་༡༠༢བརྒྱད་ཚར་བའོ། །དེ་དག་གི་ཡིག་ཆ་ལ། བརྒྱུད་འདེབས་བརྗོད་བདེ་བརྒྱུད་པའི་༣༠མཚན་སྡོམ། ཁྲིད་བརྒྱའི་སྔོན་འགྲོ་ཐུན་མོང་བཞེས། བཤེས་གཉེན་བསྟེན་ཚུལ་སྔོན་དུ་འགྲོ་བས། དལ་འབྱོར་རྙེད་དཀའ་དང་། འཆི་བ་མི་རྟག་པ་དང་། ལས་རྒྱུ་འབྲས་སྐོར་གྱིས་སྐྱེས་བུ་ཆུང་ངུའི་ལམ་སྦྱངས་འཁོར་བའི་ཉེས་དམིགས་དྲན་ནས་ཐར་པའི་ལམ་ལ་ཡིད་ཕྱོགས་པ་སྐྱེས་བུ་འབྲིང་གིས་གཞི་བཟུང་། ཀུན་རྫོབ་དང་དོན་དམ་བྱང་ཆུབ་སེམས་རྒྱུད་ལ་བསྐྱེད་པ་སྐྱེས་བུ་ཆེན་པོའི་བསམ་སྦྱོར་གྱིས་རྒྱུད་བསྡོམ་པའི་ཚུལ་ཉུང་གསལ༢། ཐུན་མོང་མ་ཡིན་པའི་སྔོན་འགྲོར་སྐྱབས་འགྲོ། སེམས་བསྐྱེད། དམ་ཚིག་རྡོ་རྗེའི་བསྒོམ་བཟླས། མཎྜལ། བླ་མའི་གསོལ་འདེབས་བཅས་སྔོན་དུ་འགྲོ་བས་ལུས་གནད་ལེགས་པར་བཅའ་བས་བསམ་གཏན་གྱི་སྣོད་རུང་དུ་བསྒྲུབ་ཚུལ༢། ཁྲིད་བརྒྱའི་སྤྱི་ཆིངས་རྣམ་པར་སྤེལ་བ་ངོ་མཚར་ཆོས་ཀྱི་སྒོ་མང་༡༩། ཁྲིད་བརྒྱའི་བརྒྱུད་པའི་ལོ་རྒྱུས་༣༢རྩོམ་འཕྲོ་ལྟ་བུ། ཟབ་ཁྲིད་བརྒྱ་དང་བརྒྱད་དངོས་གཞིའི་ཡི་གེ །ཟབ་ཁྲིད་བརྒྱ་དང་བརྒྱད་ཀྱི་ཁུངས་གླེང་པའི་ཞབས་བརྟན་ཚིགས་བཅད༣། ཁྲིད་བརྒྱའི་ས་འགྲེལ་ཡ་མཚན་འཕྲུལ་གྱི་ལྡེའུ་མིག །ཁྲིད་བརྒྱའི་མཚན་ཐོ་དམིགས་བསལ། ཞར་བྱུང་དབང་བརྒྱ་དང་། མགོན་བརྒྱའི་མཚན་ཐོ་༧བཅས་རྣམས་དང་། རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པའི་ལོ་རྒྱུས་ཀྱི་ཁ་སྐོང་བཅས་སྣང་ལ། སྤྱིར་ཁྲིད་འདི་རྣམས་ལས། བློ་སྦྱོང་ཞེན་པ་བཞི་བྲལ། དོན་བདུན་མ། ཞི་བྱེད་ལམ་ལྔ་སྦྱོར་དྲུག །ལམ་འབྲས། གསང་འདུས་རིམ་ལྔ། བོང་བུའི་ཕྲ་ཐིག །ནཱ་རོ་དང་ནི་གུའི་ཆོས་དྲུག །ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོང་རྣམས་ཅུང་རྒྱས་པར་སྣང་ལ། གཞན་རྣམས་ནི་དམིགས་རིམ་སྙིང་པོར་དྲིལ་བའི་རྩ་ཚིག་ལྟ་བུ་ལས་ལས་དང་པོ་པ་དག་གིས་ཉམས་སུ་ལོན་པར་མི་སྣང་མོད། ཇི་ལྟར་འཆད་ཚུལ་ནི། དེང་སང་ཡི་གེ་ཙམ་ཡང་དག་པར་ཀློག་མི་ཤེས་པ་རྣམས་ཀྱིས་ཀྱང་ཁྲིད་བརྒྱ་ཞུས་ཞུས་དང་ཐོབ་ཐོབ་ཀྱི་གྲགས་པ་འདོད་པ་དག་ལ་སྨྲ་བའི་ཡུལ་དུ་མ་གྱུར་མོད། ཅུང་ཟད་ཤེས་ཤིང་དོན་དུ་གཉེར་བ་དག་མཆིས་ན། རྗེ་གྲོལ་མཆོག་རང་གི་དགོངས་པ་ནི་འདི་ལྟར་ཡིན་མཆི་སྟེ། ཐོག་མར་ཁྲིད་ཆེན་པོ་གང་རུང་གིས་སྨིན་པ་ཞིག་ལ། ཐུན་མོང་གི་སྔོན་འགྲོ་ཉིན་གྲངས་གསུམ་མམ་གཅིག་ཏུ་གོ་བརྡ་འཕྲོད་པར་བཤད། དེ་ནས་ལོ་རྒྱུས་རེ་རེས་མཚམས་སྦྱར་ཏེ་ཐོག་མར་བློ་སྦྱོང་ཞེན་པ་བཞི་བྲལ་དང་། དོན་བདུན་མ་གང་རུང་སྨིན་ཁྲིད་ཀྱིས་སྒོ་དབྱེ་ནས། མདོ་ལུགས་རང་རྐང་གི་ཁྲིད་གཞན་ཆོས་ཐུན་རེར་བཤད། མདོ་སྔགས་ཟུང་འཇུག་ལ་འཇུག་པའི་སྨིན་བྱེད་དུ་དགྱེས་རྡོར་མན་ངག་ལུགས་ཀྱིས་དབང་བསྐུར་ནས་ཞི་བྱེད་ལྟ་བུ་ཞིག་སྨིན་ཁྲིད་དང་། གཞན་རྣམས་ཆོས་ཐུན་རེ་སྔགས་ལམ་ཐུན་མིན་གྱི་སྦྱོར་དྲུག །ལམ་འབྲས། ནཱ་རོ་དང་། ནི་གུའི་ཆོས་དྲུག །ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར། གསང་འདུས་རིམ་ལྔ་རྣམས་སྨིན་ཁྲིད་དང་། གཞན་རྣམས་ལུང་ཁྲིད་གྱི་ཚུལ་དུ་འབོགས། དེ་ཡང་སྨིན་ཁྲིད་རིགས་ཞག་གསུམ་དང་ལྔ་སོགས་གང་འོས་དང་། ལུང་ཁྲིད་རྣམས་ཉིན་རེར་ཐུན་བཞི་ཙམ་འཆད་ལ། བར་བར་དུ་སློབ་མས་ཀྱང་དམིགས་པ་བཤར་བསྒོམ་རེ་མ་ཆགས་པར་བྱེད། ཁྲིད་རྫོགས་པ་ན་གླེགས་བམ་གྱི་ལུང་དང་བཅས་པ་ལེགས་པར་བྱའོ། །དེས་ན་རྡོ་རྗེ་སློབ་དཔོན་འཆད་ཤེས་ཤིང་སློབ་མགོ་བརྡ་འཕྲོད་པ་ཡོད་ན་སོ་སོའི་རྩ་ཚིག་ལས་སྤྲོས་བཤད་ཇི་ལྟར་རིགས་པ་བྱ། མི་ཤེས་ཤིང་མི་སྤྲོ་ན་ལོ་རྒྱུས་དང་བཅས་རྩ་བ་ཚར་རེ་བཤད་པ་ཙམ་གྱིས་དོན་འགྲུབ་པ་ཉིད་དོ། །དེ་ལྟར་ས་འགྲེལ་ལས་བསྟན་པ་ལྟར་ཁྲིད་ཀྱི་རྣམ་གྲངས་བསྡུས་དོན་བཅས་ཞིབ་པ་རེ་བཀོད་ནས། སླར་ཡང་གླེགས་བམ་གྱི་བཞུགས་ཚུལ་དང་མཐུན་པར་མདོར་བསྡུས་ཏེ་བརྗོད་ན། བློ་སྦྱོང་ཞེན་༡པ་བཞི་བྲལ། དོན་༢བདུན་མ། རྟེན་འབྲེལ་༣སྙིང་པོ། སྐྱིད་སྡུག་༤ལམ་ཁྱེར། སུམ་པའི་སྙན་བརྒྱུད་༥བློ་སྦྱོང་། གཅོད་ཡུལ་གྱི་དོན་ཁྲིད་ཡིད་བཞིན་ནོར་བུ༦། སྙིང་པོ་དོན་༧གསུམ། སེམས་ཉིད་ངལ་༨གསོ། བཀའ་གདམས་༩ལམ་རིམ། བསྟན་རིམ་ཆེན་༡༠མོ། སྲིད་ཞི་མཉམ་ཉིད༡༡། དབུ་༡༢མ་ཆེན་པོ། ལྐོག་ཁྲིད༡༣། ཐུབ་པའི་ལྷ་ཁྲིད་༡༤ཞི་གནས་སེམས་འཛིན། སྤྱན་རས་༡༥གཟིགས་སྙིང་རྗེ་མཁའ་ཁྱབ། མི་གཡོ་བ་གཏུམ་༡༦པོ་བགེགས་སྲུང་། སྒྲོལ་མའི་༡༧མངོན་ཤེས་ལུང་སྟོན། པོ་ཏོ་པའི་དཔེ་༡༨ཆོས་ངོ་སྤྲོད། སྙན་བརྒྱུད་ཐིག་ལེ་བཅུ་དྲུག༡༩ །ཤེར་ཕྱིན་བཀའ་བབས་༢༠དྲུག །ཞི་བྱེད་ལམ་༢༡ལྔ། དབུ་མ་རང་རྒྱུད་པའི་སྒོམ་རིམ། ཐོག་མཐའ་བར་༢༢གསུམ། བྱམས་ཆོས་སྡེ་ལྔ༢༣། ཐལ་འགྱུར་ལྟ་ཁྲིད༢༤། ཟླ་གྲགས་ལུགས། གཞན་སྟོང་ལྟ་ཁྲིད༢༥། མཻ་ཏྲའི་ལུགས། བོ་དོང་༢༥པའི་སྤས་དོན་ཀུན་༢༦གསལ། ༢༦གྲུབ་རྒྱལ་ཚེ་༢༧ཁྲིད། ཇོ་ལུགས་སྒྲོལ་དཀར་༢༨ཚེ་ཁྲིད། མི་ཏྲ་ཛོ་ཀིའི་ལུགས་ཀྱི་ཚེ་དཀར་༢༩ཁྲིད། སྤྱན་རས་གཟིགས་དམར་ཁྲིད་དཔལ་༣༠མོ་ལུགས། ཟླ་རྒྱལ་༣༡ཚེམ་བུ་ལུགས༣༢། སྐྱེར་སྒང་ལུགས༣༣། བདེ་མཆོག་དམར་༣༤ཁྲིད། ཀྱཻ་རྡོར་སྨར་༣༥ཁྲིད། ཕྱག་རྡོར་འཁོར་ཆེན་༣༦རྫོགས་རིམ། གཏུམ་༣༧ཆེན་གྱི་ཁྲིད། ཆག་ལོའི་ལུགས་ཀྱི་བདག་སེར་ཀུརྨ་༣༨པཱ་དཱི། དཱ་ན་ཤཱི་ལའི་ལུགས་ཀྱི་ཀུ་རུ་ཀུལླིའི་གསང་༣༩ཁྲིད། དུས་འཁོར་སྦྱོར་དྲུག༤༠ །མན་ལུང་ གུ་རུའི་དུས་འཁོར་སྙན་༤༡བརྒྱུད། ཨོ་རྒྱན་གྱི་བསྙེན་སྒྲུབ༤༢། ལམ་འབྲས༤༣། ལམ་སྐོར་ཕྱི་མ་༢༡བརྒྱད། སྒོ་དྲུག་ཆོས་འབྲེལ༥༧། དག་པ་༥༨གསུམ། རང་བྱིན་རླབས་ཀྱིས་དམིགས་རྐང་ཉེར་དགུ༥༩། ལམ་སྦས་༦༠བཤད། བརྡ་དོན་གསལ་བ༦༡། འདུས་པ་འཕགས་ལུགས་༦༢རིམ་ལྔ། ཡེ་ཤེས་ཞབས་ལུགས་གྲོལ་༦༣ཐིག །བིཪྺའི་གཤེད་དམར་སྤྲོས་མེད༦༤། དཔལ་འཛིན་གྱི་གཤེད་དམར་རྫོགས་རིམ་རྣལ་༦༥འབྱོར་བཞི་རིམ། འཇིགས་བྱེད་སྐྱོ་ལུག་རྭ་རྩེ་སེམས་༦༦འཛིན། བདེ་མཆོག་ཡབ་ལ་༦༧བརྟེན་པའི་དབུ་༦༨མ་དང་། ཡུམ་ལ་བརྟེན་པའི་རྩ་དབུ་མའི་༦༨ཁྲིད། དྲིལ་བུ་རིམ་ལྔའི་ཉམས་༦༩ལེན། །ནག་པོ་རིམ་བཞི༧༠། བདེ་མཆོག་དཀར་༧༡པོ། རྡོ་རྗེ་གདན་༧༢བཞི་དང་། མ་ཧཱ་རྔོག་ལུགས་༧༣ཀྱི་རྫོགས་རིམ། བོང་ཞལ་༧༤ཅན་གྱི་ཕྲ་ཐིག །དཔྱལ་ལུགས་ཕག་མོ་བསྒོམ་དྲུག༧༥ །ནཱ་རོ་ཆོས་དྲུག་ཀཾ་ཚང་ལུགས༧༦། ནི་གུ་ཆོས་དྲུག༧༧ ། ཕྱག་ཆེན་གའུ་མ༧༨། ལམ་ཁྱེར་རྣམ་གསུམ༧༩། སེམས་འཆི་མེད་༨༠རང་གྲོལ། སུ་༨༡ཁ་ཆོས་དྲུག །ལྟེ་བ་སྤྲུལ་འཁོར་ཞེས་བདག་མེད་མའི་ནང་༨༢ཁྲིད། ཕྱག་ཆེན་ལྷན་ཅིག་༨༣སྐྱེས་སྦྱོར། འབྲི་གུང་ལྔ་ལྡན༨༤། སྐྱེར་ལུགས་ཕྱག་ཆེན་ཡི་གེ་༨༥བཞི་པ། ཀཾ་ཚང་ཕྱག་ཆེན་སྐུ་གསུམ་ངོ་སྤྲོད༨༦། རླུང་སེམས་གཉིས་༨༧མེད། ཆོས་དྲུག་ཆོས་དབང་གཏེར་བྱོན་སྲས་༨༨མཁར་མ། རྔོག་པའི་དགྱེས་རྡོར་རྫོགས་༨༩རིམ་བསྲེ་འཕོ། མེས་ལུགས་སྙེན་༩༠གྱི་ཤོག་དྲིལ་རྣམ་བཞི། མི་ལའི་རས་ཆུང་སྙན་༩༡བརྒྱུད་རྙིང་མ། རས་ཆུང་པའི་ལུས་མེད་མཁའ་འགྲོའི་ཆོས་༩༢སྐོར། ཞང་རིན་པོ་ཆེའི་ཟབ་༩༣རྒྱ། དཔལ་ཆེན་སྒ་ལོའི་སྦྱོར་དྲུག་༩༤དང་གཏུམ་མོ་ཞག་བདུན་མ་ཟུང་འབྲེལ། ཕག་གྲུའི་གདན་ས་པ་ནས་བརྒྱུད་པའི་ཕྱག་ཆེན་དང་ཆོས་དྲུག །ཟུང་འབྲེལ་༩༥ཐེལ་སྐོར། འབྲི་གུང་བའི་དགོངས་གཅིག །སྟག་ལུང་པའི་ཆོས་དྲུག་༩༧ཡིད་བཞིན་ནོར་བུ། བར་འབྲུག་གི་བླ་སྒྲུབ་རོ་སྙོམས་རྟེན་འབྲེལ་བཅས། སྨད་འབྲུག་གི་ཐུབ་པ་༩༩ལྔ། སྟོད་འབྲུག་ཡང་དགོན་པའི་རི་ཆོས་སྙིང་པོ་མ་དྲུག ༡༠༠ །སྒྭ་ལོའི་མགོན་པོ་༡༠༡ཕྱག་བཞི་བསྐུ་རགས་མ། གུར་གྱི་ནང་༡༠༢ཁྲིད་ས་ལུགས། ས་ར་ཧའི་དོ་ཧ་༡༠༣སྐོར་གསུམ། གྲུབ་ཆེན་བརྒྱད་བཅུ་༡༠༤རྩ་བཞིའི་ཆོས་དྲུག །པདྨའི་གསང་སྔགས་༡༠༥ལམ་རིམ་བཀའ་༡༠༥མ། ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་༡༠༦གཏེར་མ། ནོར་བུ་༡༠༧མཐོང་གྲོལ་དག་སྣང་མ། དུང་མཚོ་རས་པ་སྔ་མའི་སེམས་ཁྲིད་ཡིད་བཞིན་༡༠༨ནོར་བུ་རྣམས་སོ། ། ༈ }} | ||
༄༅། །དཔལ་ལྡན་ཀུན་དགའ་གྲོལ་མཆོག་བློ་གསལ་རྒྱ་མཚོའི་སྡེའི་ཞལ་སྔ་ནས་རྩ་བའི་ཁྲིད་བརྒྱའི་རྣམ་གྲངས་རྗེ་ཉིད་ཀྱིས་འགྲེལ་ཡ་མཚན་འཕྲུལ་གྱི་ལྡེའུ་མིག་ལྟར་བརྗོད་ན་གསུམ་སྟེ། མདོ་སྡེ་རིན་པོ་ཆེའི་དངོས་བསྟན་ཇི་ལྟ་བའི་ཁྲིད་ཚུལ། མདོ་སྔགས་ཟུང་འབྲེལ་གྱི་འཁྲིད་ཚུལ། ཆོས་མཆོག་སྔགས་ཀྱི་ཉེ་ལམ་ནས་ཁྲིད་ཚུལ་ལོ། །དང་པོ་ལའང་། བཀའ་བབས་བརྒྱུད་པའི་ཆེ་བ་དང་ལྡན་པའི་ཉམས་བཞེས་དང་། ཚིག་དོན་མ་བུ་འཁྲུལ་མེད་དུ་སྦྱོར་བའི་ཉམས་བཞེས་གཉིས་ལས། དང་པོ་ལ་རྗེ་བཙུན་འཇམ་དབྱངས་ཀྱིས་ས་ཆེན་ལ་གནང་བའི་བློ་སྦྱོང་ཞེན་པ་བཞི་བྲལ་ས་པཎ་དང་ནུབ་པའི་གསུང་ལས་བཏུས་པ། འདིའི་རྩ་ཚིག །ཚེ་འདི་ལ་ཞེན་ན་ཆོས་པ་མིན། །ཁམས་གསུམ་ལ་ཞེན་ན་ངེས་འབྱུང་མིན། །བདག་དོན་ལ་ཞེན་ན་བྱང་སེམས་མིན། །འཛིན་པ་བྱུང་ན་ལྟ་བ་མིན། །ཞེས་སོ། །ཐེག་པ་ཆེན་པོའི་བློ་སྦྱོང་དོན་བདུན་མའི་ཁྲིད་རྒྱལ་སྲས་རིན་པོ་ཆེའི་ཡིག་ཆ་ལས་བཏུས་པ། འདིའི་རྩ་ཚིག །སྔོན་འགྲོ་རྟེན་༡ཆོས་དངོས་༢གཞི་བྱང་སེམས་གཉིས། རབ་འབྱོངས་ལམ་བསྒྱུར་༣ཉམས་ལེན་ཆིག་༤བསྒྲིལ་གྱིས། །བློ་སྦྱོང་ཚད་༥ཕེབས་བསླབ་༦བྱའི་དམ་ཚིག་རྣམས༧། །སྲོག་ལས་གཅེས་པར་འཛིན་པར་བྱིན་གྱིས་རློབས། །ཅེས་སོ། །འདིར་གཞོན་ནུ་རྒྱལ་མཆོག་པའི་བློ་སྦྱོང་སོགས་ལ་ཕྱོགས་སྔ་གནང་འདུག །ཕག་མོ་དང་སྒྲོལ་མས་སུམ་པ་ལོ་ཙཱ་བ་དཔལ་མཆོག་དང་པོའི་རྡོ་རྗེ་ལ་གནང་བའི་བློ་སྦྱོང་སྙན་བརྒྱུད་མ། འདིའི་རྩ་ཚིག་གང་བྱུང་གིས་ཆོག་ན་ཅི་བྱས་བདེ། སེམས་བཞག་སར་སྡོད་ན་ཕྱིན་ཀྱང་ཆོག །བློ་ཆོས་སུ་སོང་ན་ཤིར་ཡང་བླ། །སེམས་འཆི་མེད་དུ་རྟོགས་ན་འཆི་རྒྱུ་མེད། །ཞེས་སོ། །བྱམས་ཆོས་སྡེ་ལྔའི་ཁྲིད་རྒྱུན་བྲམ་ཟེ་སཛྫ་ན་ལས་རྔོག་ལོས་གསན་པ་བཅོམ་ལྡན་རིག་རལ་གྱི་ཁྲིད་ཡིག་ལས་བཏུས་པ། མེ་ཏྲི་པའི་དགོངས་དོན་རྔོག་ལོ་ནས་བཙན་ཁ་པོ་ཆེ་ལ་བརྒྱུད་པ་གཞན་སྟོང་ལྟ་ཁྲིད་དེ་ཉིད་ཀྱི་ཁྲིད་ཡིག་ལས་བཏུས་པ། འདི་སྐབས་བོད་དུ་དོལ་བུ་པ་ཡན་གཞན་སྟོང་ཞེས་མ་གྲགས་པར་སྒྲོགས་ཀྱང་ཁྱབ་པ་མེད་ཚུལ་གསུངས་སྣང་ངོ་། །གཉིས་པ་ཚིག་དོན་མ་བུ་འཁྲུལ་མེད་དུ་སྟོན་པའི་ཕྱག་བཞེས་ལ། བཀའ་གདམས་པའི་སྐྱེས་བུ་གསུམ་གྱི་ལམ་རིམ་གྱི་ཁྲིད་སྣར་ཐང་པ་ནས་བརྒྱུད་པ་མཆིམས་ནམ་མཁའ་གྲགས་ཀྱི་ཁྲིད་ཡིག་ལས་བཏུས་པ། འདིའི་རྩ་ཚིག །ཆུང་དུ་འབྲིང་དང་ཆེ་ཞེས་པའི། །སྐྱེས་བུ་གསུམ་དུ་ཤེས་པར་བྱ། །ཞེས་སོགས་ཀྱི་དོན་མངོན་མཐོ། ཐར་པ། རྣམ་མཁྱེན་གསུམ་བསྒྲུབ་པའི་ལམ་གྱི་རིམ་པའོ། །ཤཱ་ར་བ་ནས་གཏུམ་སྟོན་ལ་བརྒྱུད་པ་གྲོ་སྟོན་སོགས་ཀྱིས་རྒྱ་ཆེར་སྤེལ་བའི་མཆིམས་ཀྱི་ཁྲིད་ཡིག་ལས་བཏུས་པ། སྲིད་ཞི་མཉམ་ཉིད་མཆིམས་ཀྱི་ཁྲིད་ཡིག་ལས་བཏུས་པ། དབུ་མ་ཆེན་པོའི་ཁྲིད་ཅེས་གཞུང་ཕྱི་མོའི་དབུ་མ་པའི་སྲོལ་རིག་པའི་ཁུ་བྱུག་ནས་བལ་པོ་པ་ཉ་བ་དང་བྱང་སེམས་ཟླ་རྒྱལ་སོགས་བརྒྱུད་པ་མཆིམས་ཀྱི་ཁྲིད་ཡིག་ལས་བཏུས་པ། བཀའ་གདམས་ལྐོག་ཁྲིད་ཅེས་ལུས་སྦྱིན་གྱི་དམིགས་རིམ་མཆིམས་ཀྱི་ཁྲིད་ཡིག་ལས་བཏུས་པ། འདི་བཞི་ལ་བཀའ་གདམས་ཀྱི་ཁྲིད་ཆེན་བཞི་ཞེས་ཟེར། པོ་ཏོ་བའི་ལམ་རིམ་དཔེ་ཆོས་པས་རིན་ཆེན་སྤུངས་པའི་ཁྲིད་ཧོར་བཀའ་བཞི་པ་སེང་གེ་རྒྱལ་མཚན་གྱི་ཁྲིད་ཡིག་ལས་བཏུས་པ། བྱམས་པ་ཐོགས་མེད་སོགས་ནས་དམ་པ་སངས་རྒྱས་བརྒྱུད་ཕྱིས་དིང་རིར་དམ་པ་བློ་རྒྱམ་ལས་རོང་སྟོན་ཤེས་བྱ་ཀུན་རིག་གིས་གསན་པའི་ཤེར་ཕྱིན་སྐབས་བརྒྱད་སྟན་ཐོག་གཅིག་ཏུ་བསྒོམ་ཚུལ་བཀའ་བབས་དྲུག་ལྡན་གྱི་ཁྲིད་རོང་སྟོན་གྱི་བརྗེད་བྱང་ཁྲིད་ཡིག་ལས་བཏུས་པ། འཁོར་ལོ་གསུམ་གྱི་ལམ་རིམ་སྟོན་པ་ཀ་མ་ལ་ཤཱི་ལའི་སྒོམ་རིམ་ཐོག་མཐའ་བར་གསུམ་གྱི་ཁྲིད་སྔ་འགྱུར་དུས་ནས་བརྒྱུད་པ་རོང་སྟོན་ཁྲིད་ཡིག་ལས་བཏུས་པ་རྣམས་སོ། །གཉིས་པ་མདོ་སྔགས་ཟུང་འབྲེལ་གྱི་སྒོ་ནས་ཁྲིད་ཚུལ་ལ། ཇོ་འབྲོམ་པོ་ཏོ་བ་སོགས་བརྒྱུད་པའི་རྟེན་འབྲེལ་སྙིང་པོའི་བློ་སྦྱོང་གི་ཁྲིད་མུས་ཆེན་རྒྱལ་མཚན་དཔལ་བཟང་གི་ཁྲིག་ཡིག་ལས་བཏུས་པ། འདིའི་རྩ་ཚིག །དང་པོ་བྱམས་པ་བསྒོམ་པར་བྱ། །སྐྱེས་སམ་མ་སྐྱེས་དྲི་བར་བྱ། །སྐྱེས་ན་སྙིང་རྗེ་བསྒོམ་པར་བྱ། །བདག་གཞན་བཟློག་ལ་བྱང་སེམས་བསྐྱེད། །ཤེས་རབ་རི་བོའི་ངང་ཉིད་ལས། །བསྒོམ་སོགས་སྤྲོ་བསྡུ་བྲལ་བར་བཞག །ཅེས་སོ། །ཁ་ཆེ་པཎ་ཆེན་གྱིས་ཁྲོ་ལོ་བྱམས་པའི་དཔལ་ལ་རྩ་བའི་སྐྱིད་སྡུག་སྐུ་གསུམ་ངོ་སྤྲོད་ཅིང་ལམ་དུ་ཁྱེར་བའི་བློ་སྦྱོང་རྒྱལ་སྲས་ཐོགས་མེད་གསུང་རེད་མདའ་བས་ཟིན་བྲིས་སུ་མཛད་པ་ལས་བཏུས་པ། འདིའི་རྩ་ཚིག །སྐྱིད་ན་བདེ་བ་ཚོགས་སུ་བསྔོ། །ཕན་བདེས་ནམ་མཁའ་གང་བར་ཤོག །སྡུག་ན་གཞན་གྱི་སྡུག་བསྔལ་ཁུར། །སྡུག་བསྔལ་རྒྱ་མཚོ་སྐེམ་པར་ཤོག །ཅེས་སོ། །གྲུབ་ཆེན་དམ་པ་རྒྱ་གར་ནས་བརྒྱུད་པའི་དམ་ཆོས་སྡུག་བསྔལ་ཞི་བྱེད་བརྒྱུད་པ་སྔ་ཕྱི་བར་གསུམ་ལས་འོངས་པའི་ཁྲིད་ཚུལ་བཅུ་དྲུག་ཙམ་གསན་པ་ལས། ཀུན་གྱི་གནད་འདོམས་པ་ལམ་ལྔའི་ཁྲིད་ཅེས། ཚོགས་ལམ་བློ་སྦྱོང་། སྦྱོར་ལམ་དཀའ་ཐུབ། མཐོང་ལམ་རྗེས་སྦྱོར། བསྒོམ་ལམ་རོ་སྙོམས། མཐར་ཕྱིན་བྱ་བྲལ་རྣམས་དཀའ་ཐུབ་གསུམ་གྲོང་ནས་འདོན་པའི་ཁྲིད་རོང་སྟོན་ཆེན་པོ་ནས་བརྒྱུད་པ་དེ་ཉིད་ཀྱི་ཁྲིད་ཡིག་ལས་བཏུས་པ། རྒྱ་གར་དུ་བྲམ་ཟེ་ཨཱརྱ་དེ་བ་དང་། བོད་དུ་རང་གྲོལ་ལབ་ཀྱི་སྒྲོལ་མས་རྒྱ་ཆེར་སྤེལ་བའི་གཅོད་ཡུལ་རྒྱལ་ཐང་བ་བསམ་གཏན་འོད་ཟེར་གྱི་ལུགས་དེ་ཉིད་ཀྱི་དོན་ཁྲིད་ལས་བཏུས་པ། གྲུབ་ཆེན་མི་ཏྲ་ཛོ་ཀིས་ཁྲོ་ཕུ་བ་དད་པ་ཅན་ལ་གནང་བའི་སྤྱན་རས་གཟིགས་སྙིང་པོ་དོན་གསུམ་གྱི་ཁྲིད་ཁྲོ་ལོའི་ཡི་གེ་ལས་བཏུས་པ། འདིའི་རྩ་ཚིག །ཚེ་འདིར་རྒྱུན་གྱི་ཡི་དམ་བསྒོམ། འཆི་ཁར་འཕོ་བའི་གདམ་ངག་བསྒོམ། །བར་དོར་བསྲེ་བ་བསྒོམ་བྱ་སྟེ། །རྒྱུན་དུ་བསྒོམ་པ་ཀུན་གྱི་གནད། །ཅེས་སོ། །སྤྱན་རས་གཟིགས་ཀྱིས་མི་ཏྲ་ལ་གནང་བའི་ཕྱག་རྒྱ་ཆེན་པོ་སེམས་ཉིད་ངལ་གསོ་ཚིགས་བཅད་ཉེར་ལྔ་འཕགས་པ་བརྒྱད་སྟོང་པའི་ཏིང་ངེ་འཛིན་ཉེར་ལྔ་དང་མཚུངས་ལྡན་དུ་སྦྱར་བ། དང་པོ་མ་ཡེངས་པར་ལ་བསྐོར་མཁན་གཡུལ་དུ་ཞུགས་པ། བར་དུ་མ་བཙལ་བར་མཁས་པས་བ་གླང་འཚོ་བ། ཐ་མ་རྩིས་གདབ་མེད་པ་གཟིངས་སྟེང་ནས་བྱ་འཕུར་བའི་དཔེ་གསུམ་གྱིས་ངོ་སྤྲད་ཅིང་ཉམས་སུ་བླངས་པ་ཡང་རྩེ་བ་རིན་ཆེན་སེང་གེའི་ཁྲིད་ཡིག་ལས་བཏུས་པ། ཐུབ་པའི་དབང་པོའི་ལྷ་ཁྲིད་ཞི་གནས་སེམས་འཛིན་གྱི་རིམ་པ། སྤྱན་རས་གཟིགས་ཟ་མ་ཏོག་བཀོད་པའི་མདོའི་རྗེས་འབྲངས་སྙིང་རྗེ་མཁའ་ཁྱབ་ཀྱི་ཁྲིད། གཞན་དོན་མི་དམིགས་སྐོར་གསུམ། རང་དོན་སྤྱན་གྱི་སྟ་སྟངས་གསུམ་སྟེ་ཆོས་དྲུག་དང་ལྡན་པའི་མི་གཡོ་བའི་ཁྲིད། སྒྲོལ་མའི་ལྷ་ཁྲིད་འཇིགས་པ་བརྒྱད་སྐྱོབས་ཀྱི་དམིགས་རིམ་བཅས་བཀའ་གདམས་ལྷ་བཞི་ལས། ཐུབ་པ་དང་མི་གཡོ་བའི་ཁྲིད་ཡིག་རྙིང་དང་། གཞན་གཉིས་མཆིམས་ཀྱི་ཁྲིད་ཡིག་ལས་བཏུས་པ། འདི་སྐབས་ལོ་ཕྱོགས་ཀྱི་ཁྲིད་ཡིག་ཆེན་མོར་བླ་མེད་ཀྱི་ཆོས་སྐད་བསྲེས་པ་དང་། དམིགས་པའི་ཟབ་གནད་ཆད་པ་སོགས་ཟུར་ཟ་མང་དུ་མཛད་སྣང་། རྟེན་༤དཀྱིལ་འཁོར། བརྟེན་པ་༦ཡི་དམ། རྩ་བརྒྱུད་༦བླ་མ། བྱང་ཆུབ་སེམས་ཀྱི་ཐིག་ལེ་བཅུ་དྲུག་གི་ཉམས་ལེན་བཀའ་གདམས་པའི་སྙན་བརྒྱུད་གསང་ཆོས་ཁྱད་པར་ཅན་གཉུག་ལ་པཎ་ཆེན་གྱི་ཡིག་སྟེང་ནས་གསན་ཞིང་། གླེགས་བམ་ལས་བཏུས་པ་རྣམས་སོ། །གསུམ་པ་ཆོས་མཆོག་སྔགས་ཀྱི་ཉེ་ལམ་གྱི་ཁྲིད་ཚུལ་ལ་གཉིས་ཏེ། རྒྱ་བོད་མཁས་གྲུབ་ཇི་སྙེད་ཀྱི་ལམ་གྱི་ཁྲིད་ཚུལ་ལ་གཉིས་ཏེ། རྒྱ་བོད་མཁས་གྲུབ་ཇི་སྙེད་ཀྱི་ལམ་སྲོལ་སྤྱིར་བསྟན། ས་ཀར་བརྒྱུད་པ་ཕན་ཚུན་གྱི་རང་བཞེད་སོ་སོར་འཆད་པའོ། །དང་པོ་ལའང་གསུམ་སྟེ། ལོ་པཎ་མཁས་པའི་ཕྱག་ལེན་ལས་བསྟར་བ། གྲུབ་ཐོབ་ཉམས་སྐྱུགས་ཀྱི་ཞལ་གདམས་ལས་བརྒྱུད་པ། མཁས་གྲུབ་ཡོངས་ཀྱི་ཟབ་གནད་ཀུན་འདོམས་སུ་བསྟན་པའོ། །དང་པོ་ལ་བཞི་སྟེ། ཕ་རྒྱུད་ལ། གསང་འདུས་འཕགས་ལུགས་ཀྱི་རྫོགས་རིམ་རིམ་པ་ལྔ་པ་འགོས་ལུགས་ངོར་ཆེན་གྱི་གསུངས་སྒྲོལ་ལས་བཏུས་པ། རིམ་པ་ལྔ་ནི། ལུས་དབེན་སྔོན་དུ་སོང་ནས། ངག་དབེན་གསུང་རྡོ་རྗེ། ཡིད་དབེན་ཐུགས་རྡོ་རྗེ། ཀུན་རྫོབ་སྒྱུ་ལུས། དོན་དམ་འོད་གསལ། དབྱེར་མེད་ཟུང་འཇུག་གོ །ཡེ་ཤེས་ཞབས་ཀྱི་གྲོལ་བའི་ཐིག་ལེས་ལུགས་བྱང་ཕུག་པའི་ཁྲིད་ཡིག་ལས་བཏུས་པ། བི་རཱུ་པའི་གཤེད་དམར་ལྷ་ལྔའི་རྫོགས་རིམ་སྤྲོས་མེད་ཀྱི་ཁྲིད་གློ་བོ་ལོ་ཙཱ་བ་ནས་བརྒྱུད་པ་དེ་ཉིད་ཀྱི་སྟོང་ཐུན་ལས་བཏུས་པ། འདིར་ཉང་སྟོད་ཨཱཪྻ་ཛོ་ཀི་ཀུརྞ་རི་བ་ཟེར་བའི་རྫུན་མ་ཞིག་ལ་ཞུས་འདུག་པ་འབྲེལ་ཆུག་དགོས་ཞེས་སྣང་། དཔལ་འཛིན་གྱི་གཤེད་དམར་བཅུ་གསུམ་མའི་རྫོགས་རིམ་བྱིན་རླབས་གསུམ་སྔོན་དུ་འགྲོ་བས། སྔགས་དང་། འཕོ་བ་དང་། དེ་ཁོ་ན་ཉིད་ཀྱི་རིམ་པ་སྟེ་རྣལ་འབྱོར་བཞི་ལྡན་གྱི་ཁྲིད་གློ་བོ་ལོ་ཙཱ་བའི་ཡི་གེ་ལས་བཏུས་པ། འཇིགས་བྱེད་སྐྱོ་ལུགས་རྭ་རྩེ་སེམས་འཛིན་མཚན་མོ་རྒྱུ་བ། མཚན་མ་གྱེན་བསྒྲེངས་ཀྱི་རྣལ་འབྱོར་སྐྱོའི་ཡི་གེ་ལས་བཏུས་པ། འདིར་དགེ་ལྡན་པས་དཔལ་འཛིན་གྱི་རྣལ་འབྱོར་བཞི་རིམ་དང་། ཤཱནྟི་པའི་ཚོགས་འཁོར་ནང་གི་རྣལ་འབྱོར་གུང་བསྒྲིགས་ནས་གསང་འདུས་ཀྱི་རྒྱབ་ཤ་ཅན་ཞིག་མཛད་ཅེས་ཟུར་ཟ་གནང་། གཉིས་པ་མ་རྒྱུད་ལ། ཁ་ཆེ་པཎ་ཆེན་གྱི་ཁྱད་ཆོས་ཟབ་མོ་བཞིའི་མཆོག་བདེ་མཆོག་དཀར་པོ་ལ་བརྟེན་ནས་བྱང་ཆུབ་སྒྲུབ་པའི་ཁྲིད་དཔྱལ་ཨ་མོ་གྷའི་ཁྲིད་དཔེ་ལས་བཏུས་པ། འདི་ཨ་དྷཱ་ཡ་སོགས་ཀྱི་བཤད་སྲོལ་དང་མི་མཐུན་ཀྱང་པཎ་ཆེན་ཉིད་ལ་རྡོ་རྗེ་ཕག་མོས་དངོས་སུ་གནང་བས་ཚོགས་སྡེ་བཞིའི་མཁས་གྲུབ་རྣམས་ཀྱིས་ཐུགས་དམ་ཉིང་ཁུར་བཤད། བལ་པོ་མ་ཧཱ་བོ་དྷི་ལས་གློ་བོ་བསམ་གཏན་འོད་ཟེར་གྱིས་གསན་ནས། གུང་རུ་སོགས་ལ་གནང་བ་ཨསྟི་དྷ་ན་དང་གདན་བཞིའི་དངོས་བསྟན་བདེ་མཆོག་བོང་ཞལ་ཅན་གྱི་རྫོགས་རིམ་ཕྲ་ཐིག་གི་རྣལ་འབྱོར་གློ་བོ་མཁན་ཆེན་གྱི་གསུང་རྒྱུན་ལས་བྲིས་པ། དཔྱལ་ལུགས་ཕག་མོ་སྐོར་གསུམ་གྱི་རྫོགས་རིམ། དབྱིབས། ཡིག་འབྲུ། རླུང་། འོད་ལུས། འོད་གསལ། ཟུང་འཇུག་ལ་བསླབ་པ་སྟེ་བསྒོམ་དྲུག་གི་ཁྲིད་དཔྱལ་བའི་ཡིག་རྙིང་ལས་བཏུས་པ། ཆག་ལོའི་ལུགས་ཀྱི་ཕག་མོ་སེར་མོ་ཀརྨ་པཱ་དི་སྟེ་རུས་སྦལ་ཞབས་ཅན་གྱི་རྫོགས་རིམ་ལྷ་སྐུ་སྒྱུ་མའི་ཁྲིད་རིན་ཆེན་རྒྱལ་གྱི་ཡི་གེ་ལས་བཏུས་པ། དམར་ལུགས་ཕྱག་རྡོར་འཁོར་ཆེན་གྱི་བསྐྱེད་རིམ་སྲུང་བ་བཞི་ལྡན་དང་། རྫོགས་རིམ་རྣལ་འབྱོར་བཞི་ལྡན་གྱི་ཁྲིད་དེ་ཉིད་ཀྱི་ཁྲིད་ཡིག་ལས་བཏུས་པ། འདི་འདིར་སྣང་ནའང་ཕ་རྒྱུད་ཀྱི་སྐབས་སུ་འོས་པ་འདྲ། །གསུམ་པ་གཉིས་མེད་ཀྱི་རྒྱུད་ལ། དུས་འཁོར་སྦྱོར་དྲུག་རྔོ་ལུགས་ཙནྡན་དང་དེའི་དྲི་ལྟར་རྒྱུད་འགྲེལ་ལས་བཏུས་པ། གྲུབ་ཆེན་མན་ལུང་གུ་རུའི་ལུགས་ཀྱི་དུས་འཁོར་སྙན་བརྒྱུད་རྙིང་མའི་གལ་པོའི་རྒྱུད་དང་འདྲེས་པ་སོགས་བསལ་ནས་ཞལ་ལུང་ཡི་གེར་བཀོད་པ། འདི་ལ་ད་དུང་བརྟག་ནའང་རྫོགས་ཆེན་གྱི་ཆོས་སྐད་ཁོ་ནར་སྣང་ངོ་། །བཞི་པ་སྔ་འགྱུར་གྱི་སྐོར་ལ། པད་འབྱུང་ནས་གཉགས་གནུབས་ཟུར་ལ་རིམ་པར་བརྒྱུད་པའི་པདྨའི་ལམ་རིམ་ཀ་དག་དང་ལྷུན་གྲུབ་ཟུང་འཇུག་གི་ངོ་སྤྲོད་ཡིག་རྙིང་རྩ་བའི་བཅུད་དུམ། ཆོས་རྒྱལ་སྲོང་བཙན་ཐུགས་དམ་སྤྱན་རས་གཟིགས་རྒྱལ་པོ་ལུགས་བསྐྱེད་བཟླས་འོད་གསལ་ཏེ་རྡོ་རྗེ་གསུམ་གྱི་ཁྲིད་ལྷ་རྗེ་དགེ་བ་འབུམ་གྱི་ཡི་གེ་ལས་བཏུས་པ། གྲུབ་ཆེན་ཡ་བརྒྱད་ཀྱིས་བྲམ་པ་ཀུན་ཏུ་བཟང་པོ་ལ་གནང་བའི་ཕྱག་རྫོགས་ཟུང་འཇུག་ནོར་བུ་མཐོང་གྲོལ་གྱི་ཁྲིད་དེ་ཉིད་ཀྱི་ཡི་གེ་ལས་བཏུས་པ་རྣམས་སོ། །གཉིས་པ་གྲུབ་ཐོབ་ཉམས་སྐྱུགས་ཀྱི་སྐོར་ལ། མི་ཏྲ་ཛོ་ཀིའི་ཚེ་དཔག་མེད་དཀར་པོའི་རྫོགས་རིམ་བླ་མེད་དང་འབྲེལ་བ་ཆག་ལོའི་ཁྲིད་ཡིག་ལས་བཏུས་པ། སྤྱན་རས་གཟིགས་ཀྱི་དམར་ཁྲིད་དཔལ་མོ་ལུགས་ཡོལ་ཆོས་དབང་། སྐྱེར་སྒང་ལུགས་ཆོས་སྐུ་ཤཱཀྱ་རིན་ཆེན། ཟླ་རྒྱལ་ལུགས་ཡོལ་ཆོས་དབང་། ཚེམ་བུ་ལུགས་ཐེག་ཆེན་ཀུན་དགའ་བཀྲ་ཤིས་པའི་ཡིག་ཆ་ལས་བཏུས་པ་སྟེ། འདིའི་སྔ་མ་གཉིས་ཇོ་བོ་ལས་བརྒྱུད་པ་དང་། ཕྱི་མ་གཉིས་གྲུབ་ཐོབ་སོ་སོར་སྤྱན་རས་གཟིགས་དང་། རྣལ་འབྱོར་མས་གནང་བ་སྟེ། དམར་ཁྲིད་རིགས་བཞིར་གྲགས། འདི་བཞི་ཀའི་ལམ་རིམ་གྱི་རྩ་ཚིག་ནི། སྐྱབས་འགྲོ་སེམས་བསྐྱེད་ཐང་སྦྱོར་སྔོན་འགྲོ་དང་། །བསྐྱེད་རྫོགས་ཟུང་སྦྱོར་དངོས་གཞི་ཉམས་ལེན་སྲོག །རྗེས་སྤྱོད་ཆུ་བོ་རྒྱུན་གྱི་རྣལ་འབྱོར་གྱིས། སྤྱན་རས་གཟིགས་དབང་འགྲུབ་པར་བྱིན་གྱིས་རློབས། །ཅེས་སྣང་། བདེ་མཆོག་ལྷན་སྐྱེས་དང་ཀྱེ་རྡོར་ལྷན་སྐྱེས་ལ་དགའ་རབ་རྡོ་རྗེའི་གཞུང་རྩ་བར་བྱས་ཏེ། ཡི་དམ་སྤྱི་ཁྱབ་ཀྱི་དམར་ཁྲིད་སྦྱར་བ་བ་རི་ནས་ས་སྐྱ་པར་བརྒྱུད། རྒྱལ་སྲས་པར་བཀའ་བབས་པར་གྲགས་པ་གསུང་རྒྱུན་ལས་བྲིས་པ། འདི་ལོ་རྒྱུས་ལ་བཏགས་ན་རྒྱལ་སྲས་པའི་རྩལ་བཤད་ལྟ་བུར་མཛད་སྣང་། ས་ར་ཧའི་དོ་ཧ་སྐོར་གསུམ་གྱི་སེམས་ཁྲིད་རྒྱ་གར་ཕྱག་ན་ནས་བརྒྱུད་པ་བར་བུ་པའི་ཡི་གེ་ལས་བཏུས་པ། གྲུབ་ཆེན་བརྒྱད་བཅུ་རྩ་བཞིའི་དགོངས་བཅུད་ཆོས་དྲུག་གི་ཁྲིད་ཡིག་རྙིང་ལས་བཏུས་པ། འདི་བྱིན་རླབས་དང་བརྒྱུད་པ་མཐུན་ནོ། །གསུམ་པ་མཁས་གྲུབ་ཡོངས་ཀྱི་ཟབ་གནད་ཀུན་བསྡོམས་པ་ནི། རྡོ་རྗེ་སེམས་དཔའ་གསང་བའི་མཛོད་བྱིན་པ་བོ་དོང་པཎ་ཆེན་འཇིགས་མེད་གྲགས་པས་ཤིང་རྟའི་ལམ་སྲོལ་གསར་དུ་དབྱེ་བར་མཛད་པའི་དེ་ཉིད་འདུས་པ་ཆེན་པོའི་སྙིང་པོ་སྦས་དོན་ཀུན་གསལ་ཞེས་ཟབ་ཁྲིད་ཀྱི་རྣམ་གྲངས་བརྒྱ་དང་སུམ་ཅུའི་གནད་ཀུན་འདྲིལ་བ་ཁྱད་པར་ཅན་དེ་ཉིད་ཀྱི་རྒྱས་འགྲེལ་ལས་བཏུས་པའོ། །གཉིས་པ་ས་ཀར་རང་བཞེད་ཕན་ཚུན་སོ་སོར་འཆད་པ་ལ། དཔལ་ལྡན་ས་སྐྱ་པའི་སྲོལ་དང་། བཀའ་བརྒྱུད་པ་ལས་འོངས་པའོ། །དང་པོ་ལའང་། ཀྱཻ་རྡོར་དང་འབྲེལ་བ། བདེ་མཆོག་གི་ཟབ་གནད་ཁོལ་ཕྱུང་། མཐའ་བརྟེན་བཀའ་བསྲུང་དང་གསུམ་ལས། དང་པོ་ལ། ལམ་འབྲས་བུ་དང་བཅས་པའི་ཁྲིད་ཀྱི་གཞུང་ཤིང་ཆེན་པོ་བཞི་ལས། གཞུང་ཇི་ལྟ་བར་དཀྲི་བའི་ཁྲིད་ཆོས་རྗེ་བླ་མ་དམ་པའི་སྦས་དོན་ཀུན་གསལ་ལས་བཏུས་པ། ལམ་སྐོར་ཕྱི་མ་བརྒྱད་ལས། ཏོག་རྩེ་པའི་བསམ་མི་ཁྱབ་པ་རྣམ་པ་ལྔ་ཞེས་ཕྱག་རྒྱ་ཆེན་པོའི་མན་ངག །པདྨ་བཛྲ་གྱི་བསྐྱེད་རིམ་ཟབ་པའི་ཚུལ་དགུའི་སེམས་འཛིན་དང་། རྫོགས་རིམ་མར་མེའི་རྩེ་མོ་ལྟ་བུའི་གདམ་ངག །ཌོམྦྷི་ཧེ་རུ་ཀའི་ལྷན་ཅིག་སྐྱེས་གྲུབ་ཞེས་རྒྱུ་ལམ་འབྲས་བུ་ལྷན་སྐྱེས་ཀྱི་ཉམས་ལེན། ཆོས་ཀུན་རྒྱུད་སྔགས་ཡེ་ཤེས་གསང་བའི་རིམ་པའི་གཏུམ་མོའི་ལམ་གཅིག་ཏུ་རྫོགས་པ་ནག་པོ་པའི་གཏུམ་མོ་ལམ་རྫོགས། རྩ་རླུང་ཐིག་ལེའི་ཡོན་པོ་དབུ་མར་བསྲངས་པས་བརྗོད་བྲལ་གྱི་ཏིང་ངེ་འཛིན་སྐྱེ་བ་ནག་པོ་ཨུ་ཙི་ཊ་འཆི་བ་མེད་པའི་ཡོན་པོ་སྲང་བ། ཆོས་ཀུན་ཕྱག་རྒྱའི་ལམ་གཅིག་ཏུ་རྫོགས་པ་ཨིནྡྲ་བྷཱུ་ཏིའི་ཕྱག་རྒྱ་ལམ་རྫོགས་ལས་ཡེ་ཤེས་ཀྱི་ཕྱག་རྒྱར་བརྟེན་པའི་ཉམས་ལེན། ངག་དབང་གྲགས་པའི་ཕྱག་རྒྱ་ཆེན་པོའི་ལམ་ཡི་གེ་མེད་པའི་མན་ངག །བདག་དང་ཕུང་པོ་རྣམ་རིག་ལས་འདས་པའི་སེམས་ཉིད་མ་བཅོས་པའི་ངང་དུ་འཇོག་པ་ཀླུ་གྲུབ་ཞབས་ཀྱི་སེམས་ཐག་གཅོད་པ་སྟེ། འདི་རྣམས་ཐམས་ཅད་རྗེ་བཙུན་གྲགས་པའི་ཁྲིད་དཔེ་ཁོ་ན་ལས་བཏུས། ལྔ་པའི་གསན་ཡིག་ཏུ་ཕྱིས་སུ་ལམ་སྐོར་ཕྱི་མ་ཕལ་ཆེར་ཉམས་ཁྲིད་ཀྱི་རྒྱུན་ཆད་པར་ས་སྐྱ་པ་ཡོངས་གྲགས་རྣམས་ཀྱིས་བཞེད་སྣང་ཞེས་སོམ་ཉིར་མཛད། སྒོ་དྲུག་ཆོས་འབྲེལ་ཞེས། མདོ་རྒྱུད་ཀུན་གྱི་ཟབ་གནད་འདྲིལ་བའི་སེམས་ཁྲིད་ཤནྟི་པའི་མདོ་རྒྱུད་བསྲེ་བ། ཤེར་འབྱུང་སྦས་པའི་ཕྱི་རོལ་གདོན་གྱི་བར་ཆད་ཧཱུྃ་གིས་སེལ་བ། རིན་ཆེན་རྡོ་རྗེའི་ནང་འབྱུང་བ་ལུས་འཁྲུགས་ཀྱི་བར་ཆད་དམིགས་པས་སེལ་བ། ཛྙཱ་ན་ཤྲཱིའི་གསང་བ་སེམས་ཀྱི་བར་ཆད་ཕྱག་རྒྱ་ཆེན་པོས་སེལ་བ། སྡུག་བསྔལ་གསུམ་སྐུ་གསུམ་བདེ་བ་ཆེན་པོར་ལམ་དུ་ཁྱེར་བ་ནཱ་རོ་པའི་སྡུག་བསྔལ་གསུམ་སེལ། ངག་དབང་གྲགས་པའི་བདག་བྱིན་རླབས་ཀྱི་དམིགས་པ་ཁྱད་པར་ཅན་གཉུག་མ་དྲན་གསལ་རྣམས་ཡིག་རྙིང་ལས་བཏུས་པ། རྩ་བ་མེད་པའི་ལམ་འབྲས་ཀྱི་མཚན་གཞི་དེ་བཞིན་ཉིད་ཀྱི་དག་པ་ལྟ་བ། ལྷ་སོ་སོའི་དག་པ་བསྐྱེད་རིམ། རང་རིག་པའི་དག་པ་རྫོགས་རིམ་སྟེ་ཌོམྦྷི་པའི་ལུགས་ཀྱི་དག་པ་གསུམ་གྱི་ཁྲིད་འཕགས་པའི་ཡི་གེ་ལས་བཏུས་པ། སམ་བྷུ་ཊའི་རྒྱུད་ཀྱི་དངོས་བསྟན་རང་བྱིན་རླབས་ཀྱི་དམིགས་པ་ཉི་ཤུ་རྩ་དགུའི་ཁྲིད་ཡིག་རྙིང་ལས་བཏུས་པ། འདི་གཉིས་འབྲེལ་བར་སྟོན་པ་ལ་འགྲེལ་པ་ལུགས་ཀྱི་ལམ་འབྲས་ཀྱི་ཐ་སྙད་མུས་ཆེན་དཔལ་ལྡན་རྒྱལ་པོས་མཛད་ཅེས་སྣང་། རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པའི་ཁྱད་པར་གྱི་ནང་གི་ལམ་བདེ་བླགས་སུ་བགྲོད་པ་བི་རཱུ་པས་ས་ཆེན་ལ་གནང་བའི་ལམ་སྦས་བཤད། ལམ་འབྲས་ཀྱི་སྙིང་པོ་གཅིག་ཏུ་དྲིལ་བ་ས་ཆེན་ནས་གྲགས་པ་ལ་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་ནས་སྩལ་བ་བརྡ་དོན་གསལ་བ་གཉིས་ས་པཎ་གྱི་ཡི་གེ་ལས་བཏུས་པ་རྣམས་སོ། །དཱ་ན་ཤཱི་ལ་ནས་ས་པཎ་ལ་བརྒྱུད་པའི་ཀུ་རུ་ཀུལླེའི་རང་བྱིན་རླབས་ཀྱི་ཁྲིད་ཕྱག་ལེན་གཅེས་བཏུས་ལས་བཏུས་པ། འདི་ལ་སྤྱི་ཁྱབ་ཀྱི་གཏུམ་མོ་འཁོར་ལོ་བཞི་མ་སྦྱར་བའི་ཟོལ་ཅན་ཞིག་ཀྱང་ཡོད་ཅེས་གསུང་། གཉིས་པ་བདེ་མཆོག་གི་སྐོར་ལ་ནཱ་རོ་པ་ནས་ཕམ་མཐིང་པ་སོགས་བརྒྱུད་པའི་ཡབ་ཀྱི་རྩ་དབུ་མ་དང་། ཡུམ་གྱི་རྩ་དབུ་མའི་ཉམས་ལེན་གཉིས་ལས་སྔ་མ་གྲགས་པ་དང་། ཕྱི་མ་གསུང་རྒྱུན་སྙིང་པོར་དྲིལ་བ། དྲིལ་བུ་རིམ་ལྔ་ཚོགས་སྒོམ་ཀུན་དགའ་དཔལ་དང་། ནག་པོ་པའི་རིམ་བཞི་རྗེས་ཆེན་གྱི་རིམ་བཞི་ལམ་སློང་ལས་བཏུས་པ་རྣམས་སོ། །གསུམ་པ་ཆོས་སྐྱོང་ནི། གུར་གྱི་མགོན་པོའི་ནང་ཁྲིད་ཡར་ཀླུང་པ་སེང་གེ་རྒྱལ་མཚན་གྱི་ཡི་གེ་ལས་བཏུས་པ། འདི་ལ་གྲོལ་མཆོག་རང་ཉིད་ཀྱིས། སྐེད་ཆིངས་གསེབ་ནས་ཕྱག་བཞིའི་སྲོག་ཐིག་ཕྱུངས། གུར་ལའང་འདྲ་ཅོག་ཡར་ཀླུངས་པ་ཡིས་སྦྱར། ཞེས་ཟུར་ཟ་གནང་བར་ལྔ་པ་སོགས་ཀྱིས་བཀའ་བཀྱོན་ཆེའོ། །གཉིས་པ་བཀའ་བརྒྱུད་རིན་པོ་ཆེ་ནས་བརྒྱུད་པ་ལ། གཅེན་ནཱ་རོ་པ། ལྕམ་ནི་གུ་མ། གྲུབ་བརྙེས་གཞན་ནས་བརྒྱུད་པ་སྟེ་གསུམ་པས། དང་པོ་ལ། རྗེ་མར་བའི་གསུང་རྒྱུན་ཇི་ལྟ་བ་རྔོག་པ་ལས་བྱུང་བའི་འདོད་ཆགས་གཏུམ་མོ། །ཞེ་སྡང་སྒྱུ་ལུས། གཏི་མུག་འོད་གསལ་དུ་བསྲེ་བ་སོགས་རྒྱུད་སྡེ་སྤྱིའི་རྫོགས་རིམ་དང་། ཁྱད་པར་ཀྱེ་རྡོར་དང་འབྲེལ་བ་བསྲེ་འཕོའི་གདམས་པ་རྔོག་ཞེ་སྡང་རྡོ་རྗེའི་ཁྲིད་དཔེ་ལས་བཏུས་པ། རྡོ་རྗེ་གདན་བཞིའི་རྫོགས་རིམ་སྔ་མའི་ཡིག་ཆ་ལས་བཏུས་པ་འདི་བུ་སྟོན་རིན་པོ་ཆེས་ཐུགས་རྩིས་ཤིན་ཏུ་ཆེ་བར་གནང་། མ་ཧཱ་མཱ་ཡའི་རྫོགས་རིམ་དམན་པ་དབྱིབས་ཟབ་པ་སྔགས། མཐར་ཐུག་ཆོས་ཀྱི་ཕྱག་རྒྱ་ཆེན་པོ་སྟེ་རྣལ་འབྱོར་གསུམ་གྱི་ཁྲིད་རྔོག་པའི་ཡིག་རྙིང་ལས་བཏུས་པ། འདི་འཕགས་པ་རིན་པོ་ཆེས་བཀའ་གདམས་པ་ནམ་མཁའ་འབུམ་དང་། ངོར་ཆེན་རྡོ་རྗེ་འཆང་གིས་རོང་ཆུང་བ་ཤེས་རབ་དཔལ་ལྡན་མཁའ་སྤྱོད་དུ་བཏང་བའི་གདམས་པ་ཁྱད་པར་ཅན་ཞེས་སྔགས་བརྗོད་གནང་བ་བཅས་རྣམས་རྔོག་པའི་གདམ་ངག་གོ། །མར་པ་ནས་དོལ་གྱི་མཚུར་སྟོན་དབང་ངེ་ལ་གནང་བའི་སྟན་གྱི་ཤོག་དྲིལ་བཞི་ཞེས། ཀྱེ་རྡོར་རྒྱུད་དོན་མཐར་ཐུག་ནཱ་རོ་པའི་ཞལ་གདམས་ཨ་ཡིག་ལ་བརྟེན་ནས་ཕྱག་ཆེན་གྱི་དོན་མཐོང་བ། འདུས་པའི་རྒྱུད་དོན་ཡེ་ཤེས་སྙིང་པོའི་ཞལ་གདམས་ཨ་ཡིག་ལ་བརྟེན་ནས་ཕྱག་ཆེན་གྱི་དོན་མཐོང་བ། འདུས་པའི་རྒྱུད་དོན་ཡེ་ཤེས་སྙིང་པོའི་ཞལ་གདམས་སྒྱུ་མ་འོད་གསལ་ཟུང་འཇུག་གི་གནད། མཱ་ཡའི་རྒྱུད་དོན་ཀུ་ཀུ་རི་པའི་གདམས་པ་སྤྲོས་པ་ནང་དུ་གཅོད་པ། གདན་བཞིའི་རྒྱུད་དོན་ཆུ་ཤིང་སྙེ་མ་ཅན་གྱི་གདམས་པ་འཕོ་བ་ཡེ་ཤེས་ཟང་ཐལ་གྱི་མན་ངག་རྣམས་མཚུར་དབང་གི་རྡོ་རྗེའི་ཡིག་རྙིང་ལས་བཏུས་པ། མི་ལ་ལ་བརྒྱུད་པ་བདེ་མཆོག་སྙན་བརྒྱུད་ཅེས་སྟེང་སྒོ་རྣམ་པར་གྲོལ་བའི་ཆོས་དྲུག་གི་ཁྲིད་རས་ཆུང་བ་ནས་བརྒྱུད་པ་ཞང་ལོའི་ཁྲིད་ཡིག་ལས་བཏུས་པ། མར་པ་ནས་སྲས་དར་མ་མདོ་སྡེ་ལ་གནང་བའི་ཆོས་དྲུག་སྲས་མཁར་མ་ཆོས་དབང་གི་གཏེར་ཡིག་ལས་བཏུས་པ། འདི་ལ་དུག་ལྔ་ཡེ་ཤེས་ལྔར་ལམ་དུ་ཁྱེར་བ་དང་། གྲོང་འཇུག་གི་གདམས་པ་སྟེ་དྲུག་གོ །འདིའི་བརྒྱུད་པར་ལྔ་པས་སོམ་ཉི་གནང་འདུག་ནའང་ཁྱབ་པ་ཡོད་མ་འདྲ། ལུས་མེད་མཁའ་འགྲོའི་ཆོས་སྐོར་དགུ་ཞེས། །སྨིན་གྲོལ་སེམས་ཀྱི་རྒྱ་མདུད་བཤིག །དམ་ཚིག་རང་སེམས་མེ་ལོང་ལྟོས། །དམ་རྫས་རྟོགས་པའི་ཉི་མ་འདི། །སྤྱོད་པ་ཆུ་ལ་རལ་གྲི་ཐོབ། །ཞེས་བཞི་པོ་མར་པ་དང་། རྩ་རླུང་དྲྭ་མིག་འཁོར་ལོ། རྟོག་དཔྱོད་འོད་ཀྱི་སྒྲོན་མེ། རིག་པ་ཡེ་ཤེས་སྒྲོན་མེ། རང་གྲོལ་ཕྱག་རྒྱ་ཆེན་པོ་རོ་སྙོམས་ཕྱི་ཡི་མེ་ལོང་ལྔ་ནི་རས་ཆུང་བ་ནས་བརྒྱུད་པ་རྣམས་ཡིག་རྙིང་ལས་བཏུས་པ། རས་ཆུང་ནས་བརྒྱུད་ཚེ་དཔག་མེད་གྲུབ་རྒྱལ་ལུགས་ཀྱི་བསྐྱེད་རྫོགས་བཅུད་ལེན་ལ་བརྟེན་ནས་ཚེ་བསྲིངས་བ་བཅས་རྗེ་རང་ཉིད་ཀྱི་ཁྲིད་ཡིག་ལས་བཏུས་པ། རས་ཆུང་ལུགས་ཀྱི་ཕྱག་རྡོར་གཏུམ་ཆེན་གྱི་བསྐྱེད་རིམ་ལྷ་ཁྲིད་དང་། རྫོགས་རིམ་དོད་ཐུབ་ཧཱུྃ་དམིགས་བཅས་གསང་བདག་གྲུབ་ཆེན་གྱི་ཁྲིད་ཡིག་ལས་བཏུས་པ། རྗེ་དྭགས་པོ་ལས་བརྒྱུད་ཀཾ་ཚང་བཀའ་བརྒྱུད་ལས་བྱུང་བ། སྤྲུལ་སྐུ་ཤཱཀྱ་ཐུབ། ལོངས་སྐུ་སྤྱན་རས་གཟིགས། ཆོས་སྐུ་རྡོ་རྗེ་འཆང་གི་ལྷ་ཁྲིད་ལ་བརྟེན་སྐུ་གསུམ་དུ་ངོ་སྤྲོད་པའི་གདམས་པ་ཕྱག་རྒྱ་ཆེན་པོ་སྐུ་གསུམ་ངོ་སྤྲོད་རང་བྱུང་བའི་ཁྲིད་ཡིག་ལས་བཏུས་པ། བསྐྱེད་རྫོགས་འཕོ་བ་དང་བཅས་པའི་ཟབ་ཁྱད་རླུང་སེམས་དབྱེར་མེད་ཀཾ་ཚང་ནས་བརྒྱུད་པ་སྤྱན་སྔ་ལྷ་གཟིགས་རས་པའི་ཡི་གེ་ལས་བཏུས་པ། ཀཾ་ཚང་ནས་བརྒྱུད་པའི་ཇོ་ལུགས་སྒྲོལ་དཀར་གྱི་ལྷ་ཁྲིད་གསུང་རྒྱུན་ལས་སྙིང་པོར་དྲིལ་བ། འདིས་འགྲེལ་དུ་ཀར་བརྒྱུད་པའི་གྲས་སུ་བཞག་ཀྱང་། སྤྱི་ཆིངས་དང་ཁྲིད་ཀྱི་ངོ་བོ། །ཇོ་བོ་ནས་བཀའ་གདམ་པ་རིམ་བརྒྱུད་པཎ་ཆེན་ཤཱཀ་མཆོག་ལས་བྱུང་བ་དེར་མཛད་སྣང་ངོ་། །དྭགས་པོ་ནས་ཕག་གྲུ་གདན་ས་བར་རིམ་པར་བརྒྱུད་པའི་ཕྱག་ཆེན་དང་ཆོས་དྲུག་གི་སྙིང་པོའི་ཟབ་གནད་གཅིག་ཏུ་འདྲིལ་བ་ཕག་གྲུ་ཐེལ་སྐོར་གྱི་ཁྲིད་རྗེ་ཕག་གྲུ་རང་གི་གསུང་ལས་བཏུས་པ་ཕག་གྲུ་ནས་འབྲི་གུང་པར་བརྒྱུད་པ་སྐྱབས་འགྲོ་སྔོན་སོང་། བྱང་ཆུབ་ཀྱི་སེམས་བསྒོམ་པ། ཡི་དམ་གྱི་ལྷ་བསྒོམ་པ། མོས་གུས་བླ་མའི་རྣལ་འབྱོར། དོན་དམ་ཕྱག་རྒྱ་ཆེན་པོ། །རྗེས་བསྔོ་བས་རྒྱས་གདབ་པ་སྟེ་ཕྱག་རྒྱ་ཆེན་པོ་ལྔ་ལྡན་ཞེས་གྲགས་པ་སྤྱན་སྔའི་ཁྲིད་ཡིག་ལས་བཏུས་པ། རྗེ་སྐྱོབ་པ་རིན་པོ་ཆེའི་དགོངས་ཉམས་ལས་བྱུང་བའི་ཁྱད་ཆོས་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་གཅིག་ཏུ་འདྲིལ་བ་རྡོ་རྗེའི་གསུང་ཞེས་བརྒྱད་པ་ལས་བཏུས་པ། ཕག་གྲུ་ནས་གླིང་རས་དང་། དེས་གཙང་པ་རྒྱ་རས་ཡེ་ཤེས་རྡོ་རྗེས་རྗེས་སུ་བཟུང་བས་དཔལ་འབྲུག་པ་ཞེས་བརྒྱུད་འཛིན་གྱི་གཏེར་ཆེན་པོ་བརྡོལ་བ་ལ་སྟོད་སྨད་བར་གསུམ་ལས། སྟོད་འབྲུག་ལ། རྒྱ་རས། རྒོད་ཚང་པ། ཡང་དགོན་རིན་པོ་ཆེའི་བར་བརྒྱུད་ནས། དེས་རང་གཞན་གྱི་གདམས་པའི་གནད་མཐའ་དག་གཅིག་ཏུ་བསྡུས་པ་རི་ཆོས་དགོས་འདོད་ཀུན་འབྱུང་། རྡོ་རྗེ་ལུས་ཀྱི་སྦས་བཤད་བར་དོ་གནད་ཀྱི་འཕྲང་སྒྲོལ་རྣམས་ལས་རི་ཆོས་ཀྱི་སྙིང་པོ་མ་དྲུག་ཅེས། དྲག་རླུང་གནད་ལྔ་མ། འཕོ་བ་ཧཱུྃ་དམར་མ། སྟོང་ཉིད་རྡོ་རྗེའི་ཚིག་དྲུག་མ། ནད་གདོན་ཧཱུྃ་ཆོས་མ། གསང་སྤྱོད་མནལ་ལམ་མ། འཛག་སྲུང་བཀའ་རྒྱ་མ་རྣམས་རི་ཆོས་ཉིད་ལས་བཏུས་པ། རྒོད་ཚང་པའི་སློབ་མ་བརྟུལ་ཞུགས་རང་དང་མཉམ་པ་གྲུབ་ཆེན་ཨོ་རྒྱན་པས་ཨོ་རྒྱན་དུ་རྡོ་རྗེ་རྣལ་འབྱོར་མ་ལས་དངོས་སུ་གསན་པ་སྐུ་བསྙེན་པའི་རྣལ་འབྱོར་ལུས་གནད་བྱེད་བཅིང་། གསུང་སྒྲུབ་པའི་རྣལ་འབྱོར་རྡོར་བཟླས་སྲོག་རྩོལ། ཐུགས་ཀྱི་སྒྲུབ་ཆེན་ཐིག་ལེའི་རྣལ་འབྱོར་ཏེ། རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ཟླ་བ་སེང་གེའི་ཁྲིད་ཡིག་ལས་བཏུས་པ། འདི་རྒྱུད་སྡེའི་ངོས་ནས་སྤྱིར་བདེ་དུས་གཉིས་དང་། ལྷག་པར་དུས་ཀྱི་འཁོར་ལོའི་རྫོགས་རིམ་མཐིལ་ཕྱིན་པའོ། །བར་འབྲུག་གམ་གདན་ས་བ་ནས་བརྒྱུད་པ་ལ། ཕག་གྲུ་ནས་བརྒྱུད་པའི་ལམ་ཟབ་བླ་སྒྲུབ། ཏི་པུས་རས་ཆུང་དང་། དེས་མཁར་ཆུར་གཏེར་དུ་སྦས་པ། རྒྱ་རས་ཀྱིས་བཞེས་པ་འབྱུང་བ་རོ་སྙོམས་སྐོར་དྲུག་ཅེས། རྣམ་རྟོག །ཉོན་མོངས། ལྷ་འདྲེ། གདོན། ན་ཚ། འཆི་བ་ལམ་ཁྱེར། ཙ་རི་ཏྲར་སངས་རྒྱས་རབ་བདུན་གྱིས་གསུངས་པའི་རྩ་བ་སེམས་ཀྱི་ཐག་ཆོད་པས་རྟེན་འབྲེལ་ཤུགས་འབྱུང་དུ་འགྲིགས་པ་རྟེན་འབྲེལ་རབ་བདུན་བཅས་དཔལ་འབྲུག་པའི་ཁྲིད་དཔེ་ལས་བཏུས་པ། སྨད་འབྲུག་རྗེ་ལོ་རས་པའི་གཏུམ་མོ་རས་ཐུབ། ཕྱག་རྒྱ་ཆེན་པོ་འཆི་ཐུབ་བཅས་ཐུབ་པ་ལྔའི་ཁྲིད་གྲྭ་དགའ་ལྡན་པའི་ཁྲིད་དཔེ་ལས་བཏུས་པ་རྣམས་སོ། །དྭགས་པོ་བསྒོམ་ཚུལ་སོགས་ཡིན་ངེས་བཞི་ལས་ཞང་འགྲོ་བའི་མགོན་པོ་གཡུ་བྲག་པར་བརྒྱུད་པའི། ལུས་ངག་ཡིད་གསུམ་གྱི་བརྡ་ཐབས་ལ་བརྟེན་ནས་དོན་དམ་ཕྱག་རྒྱ་ཆེན་པོ་སྐུ་བཞི་དབྱེར་མེད་པའི་དགོངས་པ་ངོ་སྤྲོད་ཅིང་ལམ་དུ་ཁྱེར་བ་ཟབ་རྒྱའི་ཁྲིད་དེ་ཉིད་ལས་བཏུས་པ། སྤྱིར་བཀའ་བརྒྱུད་ཟུང་བཞི་ཡ་བརྒྱད་སོ་སོར་ཕྱག་ཆེན་དང་ཆོས་དྲུག་རེ་ཡོད་པ་ལས། འདིར་ཕྱག་རྒྱ་ཆེན་པོ་གདོད་མ་ནས་ལྷན་གཅིག་སྐྱེས་པའི་ཡེ་ཤེས་ལ་སྦྱོར་བའི་ལམ་རྒོད་ཚང་བ་ཡང་དགོན་པ་སོགས་ནས་རྒྱལ་སྲས་རིན་པོ་ཆེ་ཐོགས་མེད་ལ་བརྒྱུད་པ་དེ་ཉིད་ཀྱི་གསུང་རྒྱ་མ་པས་ཟིན་བྲིས་སུ་མཛད་པ་ལས་བཏུས་པ། ཉིན་པར་གཏུམ་མོ་སྒྱུ་ལུས་དང་། །མཚན་མོ་རྨི་ལམ་འོད་གསལ་ཏེ། ཁ་བསྐང་འཕོ་བ་བར་དོ་བཅས། །ཞེས་པའི་ཆོས་དྲུག་གི་ཉམས་ལེན་དྭགས་པོ་ནས་ཀཾ་ཚང་ལ་བརྒྱུད་པ་རྗེ་རང་བྱུང་པའི་ཁྲིད་ཡིག་གསེར་ཞུན་མ་ལས་བཏུས་པ་གཉིས་སོ། །གཉིས་པ་ལྕམ་ནི་གུ་མ་ནས་བརྒྱུད་པ་ལ། གཏུམ་མོ་བདེ་དྲོད་རང་འབར། སྒྱུ་ལུས་ཆགས་སྡང་རང་གྲོལ། རྨི་ལམ་ཉིང་འཁྲུལ་རང་དག །འོད་གསལ་མ་རིག་མུན་སེལ། འཕོ་བ་མ་བསྒོམ་སངས་རྒྱས། བར་དོ་རྒྱལ་བ་ལོངས་སྐུ་སྟེ་ཆོས་དྲུག་དང་། སྔོན་འགྲོ་ལུས་ངག་ཡིད་གསུམ་རང་བབས་སུ་བཞག་པ། དངོས་གཞི་རྒྱུན་དུ་འགྲོགས་ཀྱང་ཞལ་མ་འཇལ། ཉེ་དྲག་པས་ངོས་མ་ཟིན། བཟང་དྲག་པས་བློར་མ་ཚུད། ཟབ་གྲགས་པས་ཡིད་མ་ཆེས་པའི་མཚངས་བརྟོལ་ནས་སེམས་མ་བཅོས་པ་ངོ་སྤྲད། རྗེས་སུ་སེམས་ཉིད་སྐུ་བཞི་དབྱེར་མེད་པར་ལམ་དུ་ཁྱེར་ཞིང་རླུང་དང་མོས་གུས་ཀྱི་བོགས་འདོན་པ་ཕྱག་རྒྱ་ཆེན་པོ་གྭའུ་མ། ཅིར་སྣང་ཐམས་ཅད་བླ་མ། ཡི་དམ། སྒྱུ་མར་ལམ་དུ་འཁྱེར་བ་འཁྱུགས་མེད་ལམ་ཁྱེར་རྣམ་གསུམ། ཀུན་རྫོབ་ལྷ་སྐུ་སྒྱུ་མ་དང་། དོན་དམ་རང་སེམས་འཆི་མེད་དུ་ཤེས་པ་སེམས་འཆི་མེད་ཀྱི་ཁྲིད་དེ། ཤངས་པའི་གསེར་ཆོས་བཞིར་གྲགས་པ། བསམ་སྡིངས་པ་གཞོན་ནུ་གྲུབ་ཀྱི་ཁྲིད་ཡིག་ཁོ་ན་ལས་བཏུས་པའོ། །གསུམ་པ་གྲུབ་བརྙེས་གཞན་དག་ལས་འོངས་པའི་སྐོར་ལ་མཁའ་འགྲོ་སུ་ཁ་སིདྡྷི་ནས་ཁྱུང་པོ་ལ་སྩལ་བའི་རྣལ་འབྱོར་པ་རབ་སུ་ཁ་ཆོས་དྲུག་ཞེས་ཆོས་དྲུག་གི་གནད་དོན་འདྲིལ་བ་ཁྱད་པར་ཅན་མཁྱེན་རབ་ཆོས་རྗེའི་ཁྲིད་ཡིག་ལས་བཏུས་པ། ཨཱཪྻ་དེ་བ་ནས་ཁྱུང་པོ་ལ་སྩལ་བ་བདག་མེད་མའི་ནང་ཁྲིད་ཞེས་ལྟེ་བ་སྤྲུལ་པའི་འཁོར་ལོའི་གནད་ལ་བརྟེན་ནས་ཟག་མེད་ཀྱི་བདེ་ཆེན་བསྐྱེད་པ་ཁྱུང་པོའི་ཡིག་རྙིང་ལས་བཏུས་པ། ཨ་དྷཱ་ཡ་ནས་དཔལ་ཆེན་རྒྭ་ལོ་ལ་བརྒྱུད་པའི་སྦྱོར་བ་ཡན་ལག་དྲུག་གཅིག་ཆར་དུ་ཉམས་སུ་བླངས་པ། དེའི་བོགས་འདོན་དུ། དུར་ཁྲོད་བསིལ་བའི་ཚལ་དུ་མཁའ་འགྲོས་དངོས་སུ་སྩལ་བའི་གཏུམ་མོ་ཞག་བདུན་མ་བཅས་ཞང་ཚལ་བའི་ཁྲིད་དཔེ་ལས་བཏུས་པ། རྩ་མི་ནས་རྒྭ་ལོ་ལ་བརྒྱུད་པའི་ནང་ལུས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས། མགོན་པོ་ཕྱག་བཞི་པ་རིག་པ་ལྔ་སྒྲུབ་ཅིང་ཕྲིན་ལས་སྤེལ་བ་བསྐྱེད་རྫོགས་ཟུང་འཇུག་སྐུ་རགས་མའི་ཁྲིད་ཡིག་རྙིང་ནང་ལྟར་བཏུས་པ། ཕག་གྲུ་ནས་སྐྱེར་སྒོམ་སོགས་ལ་བརྒྱུད་པའི་ཕྱག་ཆེན་ཡི་གེ་བཞི་པ་ཞེས། དང་པོ་སེམས་ཀྱི་གཞི་རྩ་བཅད། བར་དུ་སེམས་ཀྱི་བཞག་ཐབས་བསྟན། ཐ་མ་སེམས་ཀྱི་གོལ་ས་བཅད། དུས་ཀུན་སེམས་ཀྱི་ལམ་ཁྱེར་སྟོན་པ་གཡག་སྡེ་པཎ་ཆེན་གྱི་ཁྲིད་ཡིག་ལས་བཏུས་པ། དྭགས་པོ་རིན་པོ་ཆེས་སྒམ་པོའི་ཀཱ་ལ་དུང་མཚོར་སྦས་པ་སྐྱེས་བུ་ཡེ་ཤེས་རྡོ་རྗེས་སྤྱན་དྲངས་པའི་སེམས་ཁྲིད་ཡིད་བཞིན་ནོར་བུ་ཞེས། རིག་པ་སྐད་ཅིག་མ་ཅིག་ཅར་དུ་ངོ་སྤྲད་ནས་བསྒོམ་མེད་དུ་ཁྱེར་བ་དེ་ཀའི་དཔེ་རྙིང་ལས་བཏུས་པ་རྣམས་སོ། །དེ་ལྟར་ན་མདོ་ལམ་ཐུན་མོང་པའི་ཁྲིད་༡བཀའ་བཅུ་བཞི། མདོ་སྔགས་རྟོག་པ་བསྲེས་པའི་ཁྲིད་བཀའ་༡༡བཅུ་གཅིག །སྔགས་ལམ་ཐུན་མོང་མ་ཡིན་པ་སྤྱིའི་སྐོར་ཉེར་༢༢ལྔ། དཔལ་ས་སྐྱ་པ་ནས་བརྒྱུད་པ་ཉེར་ལྔ༢༥། བཀའ་རྒྱུད་རིན་པོ་ཆེ་ནས་བརྒྱུད་པ་སོ་གསུམ་སྟེ༣༣། དྲིལ་བས་བརྒྱ་དང་༡༠༢བརྒྱད་ཚར་བའོ། །དེ་དག་གི་ཡིག་ཆ་ལ། བརྒྱུད་འདེབས་བརྗོད་བདེ་བརྒྱུད་པའི་༣༠མཚན་སྡོམ། ཁྲིད་བརྒྱའི་སྔོན་འགྲོ་ཐུན་མོང་བཞེས། བཤེས་གཉེན་བསྟེན་ཚུལ་སྔོན་དུ་འགྲོ་བས། དལ་འབྱོར་རྙེད་དཀའ་དང་། འཆི་བ་མི་རྟག་པ་དང་། ལས་རྒྱུ་འབྲས་སྐོར་གྱིས་སྐྱེས་བུ་ཆུང་ངུའི་ལམ་སྦྱངས་འཁོར་བའི་ཉེས་དམིགས་དྲན་ནས་ཐར་པའི་ལམ་ལ་ཡིད་ཕྱོགས་པ་སྐྱེས་བུ་འབྲིང་གིས་གཞི་བཟུང་། ཀུན་རྫོབ་དང་དོན་དམ་བྱང་ཆུབ་སེམས་རྒྱུད་ལ་བསྐྱེད་པ་སྐྱེས་བུ་ཆེན་པོའི་བསམ་སྦྱོར་གྱིས་རྒྱུད་བསྡོམ་པའི་ཚུལ་ཉུང་གསལ༢། ཐུན་མོང་མ་ཡིན་པའི་སྔོན་འགྲོར་སྐྱབས་འགྲོ། སེམས་བསྐྱེད། དམ་ཚིག་རྡོ་རྗེའི་བསྒོམ་བཟླས། མཎྜལ། བླ་མའི་གསོལ་འདེབས་བཅས་སྔོན་དུ་འགྲོ་བས་ལུས་གནད་ལེགས་པར་བཅའ་བས་བསམ་གཏན་གྱི་སྣོད་རུང་དུ་བསྒྲུབ་ཚུལ༢། ཁྲིད་བརྒྱའི་སྤྱི་ཆིངས་རྣམ་པར་སྤེལ་བ་ངོ་མཚར་ཆོས་ཀྱི་སྒོ་མང་༡༩། ཁྲིད་བརྒྱའི་བརྒྱུད་པའི་ལོ་རྒྱུས་༣༢རྩོམ་འཕྲོ་ལྟ་བུ། ཟབ་ཁྲིད་བརྒྱ་དང་བརྒྱད་དངོས་གཞིའི་ཡི་གེ །ཟབ་ཁྲིད་བརྒྱ་དང་བརྒྱད་ཀྱི་ཁུངས་གླེང་པའི་ཞབས་བརྟན་ཚིགས་བཅད༣། ཁྲིད་བརྒྱའི་ས་འགྲེལ་ཡ་མཚན་འཕྲུལ་གྱི་ལྡེའུ་མིག །ཁྲིད་བརྒྱའི་མཚན་ཐོ་དམིགས་བསལ། ཞར་བྱུང་དབང་བརྒྱ་དང་། མགོན་བརྒྱའི་མཚན་ཐོ་༧བཅས་རྣམས་དང་། རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པའི་ལོ་རྒྱུས་ཀྱི་ཁ་སྐོང་བཅས་སྣང་ལ། སྤྱིར་ཁྲིད་འདི་རྣམས་ལས། བློ་སྦྱོང་ཞེན་པ་བཞི་བྲལ། དོན་བདུན་མ། ཞི་བྱེད་ལམ་ལྔ་སྦྱོར་དྲུག །ལམ་འབྲས། གསང་འདུས་རིམ་ལྔ། བོང་བུའི་ཕྲ་ཐིག །ནཱ་རོ་དང་ནི་གུའི་ཆོས་དྲུག །ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོང་རྣམས་ཅུང་རྒྱས་པར་སྣང་ལ། གཞན་རྣམས་ནི་དམིགས་རིམ་སྙིང་པོར་དྲིལ་བའི་རྩ་ཚིག་ལྟ་བུ་ལས་ལས་དང་པོ་པ་དག་གིས་ཉམས་སུ་ལོན་པར་མི་སྣང་མོད། ཇི་ལྟར་འཆད་ཚུལ་ནི། དེང་སང་ཡི་གེ་ཙམ་ཡང་དག་པར་ཀློག་མི་ཤེས་པ་རྣམས་ཀྱིས་ཀྱང་ཁྲིད་བརྒྱ་ཞུས་ཞུས་དང་ཐོབ་ཐོབ་ཀྱི་གྲགས་པ་འདོད་པ་དག་ལ་སྨྲ་བའི་ཡུལ་དུ་མ་གྱུར་མོད། ཅུང་ཟད་ཤེས་ཤིང་དོན་དུ་གཉེར་བ་དག་མཆིས་ན། རྗེ་གྲོལ་མཆོག་རང་གི་དགོངས་པ་ནི་འདི་ལྟར་ཡིན་མཆི་སྟེ། ཐོག་མར་ཁྲིད་ཆེན་པོ་གང་རུང་གིས་སྨིན་པ་ཞིག་ལ། ཐུན་མོང་གི་སྔོན་འགྲོ་ཉིན་གྲངས་གསུམ་མམ་གཅིག་ཏུ་གོ་བརྡ་འཕྲོད་པར་བཤད། དེ་ནས་ལོ་རྒྱུས་རེ་རེས་མཚམས་སྦྱར་ཏེ་ཐོག་མར་བློ་སྦྱོང་ཞེན་པ་བཞི་བྲལ་དང་། དོན་བདུན་མ་གང་རུང་སྨིན་ཁྲིད་ཀྱིས་སྒོ་དབྱེ་ནས། མདོ་ལུགས་རང་རྐང་གི་ཁྲིད་གཞན་ཆོས་ཐུན་རེར་བཤད། མདོ་སྔགས་ཟུང་འཇུག་ལ་འཇུག་པའི་སྨིན་བྱེད་དུ་དགྱེས་རྡོར་མན་ངག་ལུགས་ཀྱིས་དབང་བསྐུར་ནས་ཞི་བྱེད་ལྟ་བུ་ཞིག་སྨིན་ཁྲིད་དང་། གཞན་རྣམས་ཆོས་ཐུན་རེ་སྔགས་ལམ་ཐུན་མིན་གྱི་སྦྱོར་དྲུག །ལམ་འབྲས། ནཱ་རོ་དང་། ནི་གུའི་ཆོས་དྲུག །ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར། གསང་འདུས་རིམ་ལྔ་རྣམས་སྨིན་ཁྲིད་དང་། གཞན་རྣམས་ལུང་ཁྲིད་གྱི་ཚུལ་དུ་འབོགས། དེ་ཡང་སྨིན་ཁྲིད་རིགས་ཞག་གསུམ་དང་ལྔ་སོགས་གང་འོས་དང་། ལུང་ཁྲིད་རྣམས་ཉིན་རེར་ཐུན་བཞི་ཙམ་འཆད་ལ། བར་བར་དུ་སློབ་མས་ཀྱང་དམིགས་པ་བཤར་བསྒོམ་རེ་མ་ཆགས་པར་བྱེད། ཁྲིད་རྫོགས་པ་ན་གླེགས་བམ་གྱི་ལུང་དང་བཅས་པ་ལེགས་པར་བྱའོ། །དེས་ན་རྡོ་རྗེ་སློབ་དཔོན་འཆད་ཤེས་ཤིང་སློབ་མགོ་བརྡ་འཕྲོད་པ་ཡོད་ན་སོ་སོའི་རྩ་ཚིག་ལས་སྤྲོས་བཤད་ཇི་ལྟར་རིགས་པ་བྱ། མི་ཤེས་ཤིང་མི་སྤྲོ་ན་ལོ་རྒྱུས་དང་བཅས་རྩ་བ་ཚར་རེ་བཤད་པ་ཙམ་གྱིས་དོན་འགྲུབ་པ་ཉིད་དོ། །དེ་ལྟར་ས་འགྲེལ་ལས་བསྟན་པ་ལྟར་ཁྲིད་ཀྱི་རྣམ་གྲངས་བསྡུས་དོན་བཅས་ཞིབ་པ་རེ་བཀོད་ནས། སླར་ཡང་གླེགས་བམ་གྱི་བཞུགས་ཚུལ་དང་མཐུན་པར་མདོར་བསྡུས་ཏེ་བརྗོད་ན། བློ་སྦྱོང་ཞེན་༡པ་བཞི་བྲལ། དོན་༢བདུན་མ། རྟེན་འབྲེལ་༣སྙིང་པོ། སྐྱིད་སྡུག་༤ལམ་ཁྱེར། སུམ་པའི་སྙན་བརྒྱུད་༥བློ་སྦྱོང་། གཅོད་ཡུལ་གྱི་དོན་ཁྲིད་ཡིད་བཞིན་ནོར་བུ༦། སྙིང་པོ་དོན་༧གསུམ། སེམས་ཉིད་ངལ་༨གསོ། བཀའ་གདམས་༩ལམ་རིམ། བསྟན་རིམ་ཆེན་༡༠མོ། སྲིད་ཞི་མཉམ་ཉིད༡༡། དབུ་༡༢མ་ཆེན་པོ། ལྐོག་ཁྲིད༡༣། ཐུབ་པའི་ལྷ་ཁྲིད་༡༤ཞི་གནས་སེམས་འཛིན། སྤྱན་རས་༡༥གཟིགས་སྙིང་རྗེ་མཁའ་ཁྱབ། མི་གཡོ་བ་གཏུམ་༡༦པོ་བགེགས་སྲུང་། སྒྲོལ་མའི་༡༧མངོན་ཤེས་ལུང་སྟོན། པོ་ཏོ་པའི་དཔེ་༡༨ཆོས་ངོ་སྤྲོད། སྙན་བརྒྱུད་ཐིག་ལེ་བཅུ་དྲུག༡༩ །ཤེར་ཕྱིན་བཀའ་བབས་༢༠དྲུག །ཞི་བྱེད་ལམ་༢༡ལྔ། དབུ་མ་རང་རྒྱུད་པའི་སྒོམ་རིམ། ཐོག་མཐའ་བར་༢༢གསུམ། བྱམས་ཆོས་སྡེ་ལྔ༢༣། ཐལ་འགྱུར་ལྟ་ཁྲིད༢༤། ཟླ་གྲགས་ལུགས། གཞན་སྟོང་ལྟ་ཁྲིད༢༥། མཻ་ཏྲའི་ལུགས། བོ་དོང་༢༥པའི་སྤས་དོན་ཀུན་༢༦གསལ། ༢༦གྲུབ་རྒྱལ་ཚེ་༢༧ཁྲིད། ཇོ་ལུགས་སྒྲོལ་དཀར་༢༨ཚེ་ཁྲིད། མི་ཏྲ་ཛོ་ཀིའི་ལུགས་ཀྱི་ཚེ་དཀར་༢༩ཁྲིད། སྤྱན་རས་གཟིགས་དམར་ཁྲིད་དཔལ་༣༠མོ་ལུགས། ཟླ་རྒྱལ་༣༡ཚེམ་བུ་ལུགས༣༢། སྐྱེར་སྒང་ལུགས༣༣། བདེ་མཆོག་དམར་༣༤ཁྲིད། ཀྱཻ་རྡོར་སྨར་༣༥ཁྲིད། ཕྱག་རྡོར་འཁོར་ཆེན་༣༦རྫོགས་རིམ། གཏུམ་༣༧ཆེན་གྱི་ཁྲིད། ཆག་ལོའི་ལུགས་ཀྱི་བདག་སེར་ཀུརྨ་༣༨པཱ་དཱི། དཱ་ན་ཤཱི་ལའི་ལུགས་ཀྱི་ཀུ་རུ་ཀུལླིའི་གསང་༣༩ཁྲིད། དུས་འཁོར་སྦྱོར་དྲུག༤༠ །མན་ལུང་ གུ་རུའི་དུས་འཁོར་སྙན་༤༡བརྒྱུད། ཨོ་རྒྱན་གྱི་བསྙེན་སྒྲུབ༤༢། ལམ་འབྲས༤༣། ལམ་སྐོར་ཕྱི་མ་༢༡བརྒྱད། སྒོ་དྲུག་ཆོས་འབྲེལ༥༧། དག་པ་༥༨གསུམ། རང་བྱིན་རླབས་ཀྱིས་དམིགས་རྐང་ཉེར་དགུ༥༩། ལམ་སྦས་༦༠བཤད། བརྡ་དོན་གསལ་བ༦༡། འདུས་པ་འཕགས་ལུགས་༦༢རིམ་ལྔ། ཡེ་ཤེས་ཞབས་ལུགས་གྲོལ་༦༣ཐིག །བིཪྺའི་གཤེད་དམར་སྤྲོས་མེད༦༤། དཔལ་འཛིན་གྱི་གཤེད་དམར་རྫོགས་རིམ་རྣལ་༦༥འབྱོར་བཞི་རིམ། འཇིགས་བྱེད་སྐྱོ་ལུག་རྭ་རྩེ་སེམས་༦༦འཛིན། བདེ་མཆོག་ཡབ་ལ་༦༧བརྟེན་པའི་དབུ་༦༨མ་དང་། ཡུམ་ལ་བརྟེན་པའི་རྩ་དབུ་མའི་༦༨ཁྲིད། དྲིལ་བུ་རིམ་ལྔའི་ཉམས་༦༩ལེན། །ནག་པོ་རིམ་བཞི༧༠། བདེ་མཆོག་དཀར་༧༡པོ། རྡོ་རྗེ་གདན་༧༢བཞི་དང་། མ་ཧཱ་རྔོག་ལུགས་༧༣ཀྱི་རྫོགས་རིམ། བོང་ཞལ་༧༤ཅན་གྱི་ཕྲ་ཐིག །དཔྱལ་ལུགས་ཕག་མོ་བསྒོམ་དྲུག༧༥ །ནཱ་རོ་ཆོས་དྲུག་ཀཾ་ཚང་ལུགས༧༦། ནི་གུ་ཆོས་དྲུག༧༧ ། ཕྱག་ཆེན་གའུ་མ༧༨། ལམ་ཁྱེར་རྣམ་གསུམ༧༩། སེམས་འཆི་མེད་༨༠རང་གྲོལ། སུ་༨༡ཁ་ཆོས་དྲུག །ལྟེ་བ་སྤྲུལ་འཁོར་ཞེས་བདག་མེད་མའི་ནང་༨༢ཁྲིད། ཕྱག་ཆེན་ལྷན་ཅིག་༨༣སྐྱེས་སྦྱོར། འབྲི་གུང་ལྔ་ལྡན༨༤། སྐྱེར་ལུགས་ཕྱག་ཆེན་ཡི་གེ་༨༥བཞི་པ། ཀཾ་ཚང་ཕྱག་ཆེན་སྐུ་གསུམ་ངོ་སྤྲོད༨༦། རླུང་སེམས་གཉིས་༨༧མེད། ཆོས་དྲུག་ཆོས་དབང་གཏེར་བྱོན་སྲས་༨༨མཁར་མ། རྔོག་པའི་དགྱེས་རྡོར་རྫོགས་༨༩རིམ་བསྲེ་འཕོ། མེས་ལུགས་སྙེན་༩༠གྱི་ཤོག་དྲིལ་རྣམ་བཞི། མི་ལའི་རས་ཆུང་སྙན་༩༡བརྒྱུད་རྙིང་མ། རས་ཆུང་པའི་ལུས་མེད་མཁའ་འགྲོའི་ཆོས་༩༢སྐོར། ཞང་རིན་པོ་ཆེའི་ཟབ་༩༣རྒྱ། དཔལ་ཆེན་སྒ་ལོའི་སྦྱོར་དྲུག་༩༤དང་གཏུམ་མོ་ཞག་བདུན་མ་ཟུང་འབྲེལ། ཕག་གྲུའི་གདན་ས་པ་ནས་བརྒྱུད་པའི་ཕྱག་ཆེན་དང་ཆོས་དྲུག །ཟུང་འབྲེལ་༩༥ཐེལ་སྐོར། འབྲི་གུང་བའི་དགོངས་གཅིག །སྟག་ལུང་པའི་ཆོས་དྲུག་༩༧ཡིད་བཞིན་ནོར་བུ། བར་འབྲུག་གི་བླ་སྒྲུབ་རོ་སྙོམས་རྟེན་འབྲེལ་བཅས། སྨད་འབྲུག་གི་ཐུབ་པ་༩༩ལྔ། སྟོད་འབྲུག་ཡང་དགོན་པའི་རི་ཆོས་སྙིང་པོ་མ་དྲུག ༡༠༠ །སྒྭ་ལོའི་མགོན་པོ་༡༠༡ཕྱག་བཞི་བསྐུ་རགས་མ། གུར་གྱི་ནང་༡༠༢ཁྲིད་ས་ལུགས། ས་ར་ཧའི་དོ་ཧ་༡༠༣སྐོར་གསུམ། གྲུབ་ཆེན་བརྒྱད་བཅུ་༡༠༤རྩ་བཞིའི་ཆོས་དྲུག །པདྨའི་གསང་སྔགས་༡༠༥ལམ་རིམ་བཀའ་༡༠༥མ། ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་༡༠༦གཏེར་མ། ནོར་བུ་༡༠༧མཐོང་གྲོལ་དག་སྣང་མ། དུང་མཚོ་རས་པ་སྔ་མའི་སེམས་ཁྲིད་ཡིད་བཞིན་༡༠༨ནོར་བུ་རྣམས་སོ། ། ༈ }} | |||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} |
Revision as of 15:26, 14 May 2021
🚧 This website is under continued development. We appreciate your patience!
དཔལ་ལྡན་ཀུན་དགའ་གྲོལ་མཆོག་བློ་གསལ་རྒྱ་མཚོའི་སྡེའི་ཞལ་སྔ་ནས་རྩ་བའི་ཁྲིད་བརྒྱའི་རྣམ་གྲངས།
Wylie title | dpal ldan kun dga' grol mchog blo gsal rgya mtsho'i sde'i zhal snga nas rtsa ba'i khrid brgya'i rnam grangs | |
---|---|---|
Location | mkhyen brtse'i bka' 'bum Volume 24, sde tshan 1, Text 9, Pages 96-123 (Folios 48b4 to 62a4) | |
Author | འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | |
Less details More details | ||
Citation | 'jam dbyangs mkhyen brtse'i dbang po. dpal ldan kun dga' grol mchog blo gsal rgya mtsho'i sde'i zhal snga nas rtsa ba'i khrid brgya'i rnam grangs. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 24: 96-123. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020. | |
Genre | Catalogue of Contents - dkar chag | |
Cycle | ཇོ་ནང་ཁྲིད་བརྒྱ་ (jo nang khrid brgya) |
1 Texts in this Section (sde tshan or chos tshan)