DKYD-KABUM-05-CA-011: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
 
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|sectionheading=No
|fulltitletib=དབྱིངས་ཕྱུག་མཁའ་འགྲོའི་གསང་སྒྲུབཿ
|fulltitle=dbyings phyug mkha' 'gro'i gsang sgrub
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ།
|collectiontitle=mdo mkhyen brtse bka' 'bum
|collectiontitle=mdo mkhyen brtse bka' 'bum
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ།
|totalvolumes=8
|author=Mdo mkhyen brtse
|author=Mdo mkhyen brtse
|authortib=མདོ་མཁྱེན་བརྩེ་
|authortib=མདོ་མཁྱེན་བརྩེ་
|sourcerevealer=Mdo mkhyen brtse
|sourcerevealer=Mdo mkhyen brtse
|sourcerevealertib=མདོ་མཁྱེན་བརྩེ་
|sourcerevealertib=མདོ་མཁྱེན་བརྩེ་
|tibgenre=Sadhanas - Evocation Ritual - sgrub thabs
|terma=Yes
|terma=Yes
|language=Tibetan
|language=Tibetan
|volumenumber=05
|volnumtib=༥
|volnumtib=༥
|volyigtib=ཅ
|volyigtib=ཅ
|pagestatus=Temporary stub only
|totalvolumes=8
|volumenumber=05
|volumeLetter=CA
|textnuminvol=011
|textnuminvol=011
|multivolumework=No
|colophontib=དེ་ལྟར་བླ་མ་མཁའ་འགྲོའི་སྒྲུབ་པ་དངོས་གྲུབ་གཏེར་བུམ་འདིའང་དགོང་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལས་བདག་འདྲ་དུས་མཐའི་གཏེར་སྟོན་ཁྲག་འཐུང་ལས་ཀྱི་དཔའ་བོས་དག་པར་ཕབ་པ་མཁའ་འགྲོ་མའི་སྤྲུལ་པ་རིགས་ལྡན་ཚེ་རིང་ལྷ་སྐྱིད་ཀྱི་ཐུགས་དམ་དུ་ཕུལ་བས་རང་ལས་གཞན་དུ་མ་སྟོན་ཞིགཿ
|colophonwylie=de ltar bla ma mkha' 'gro'i sgrub pa dngos grub gter bum 'di'ang dgong gter nam mkha' mdzod kyi chos sde las bdag 'dra dus mtha'i gter ston khrag 'thung las kyi dpa' bos dag par phab pa mkha' 'gro ma'i sprul pa rigs ldan tshe ring lha skyid kyi thugs dam du phul bas rang las gzhan du ma ston zhig:
|pdflink=File:DKYD-KABUM-05-CA-011.pdf
|pdflink=File:DKYD-KABUM-05-CA-011.pdf
|volumeLetter=CA
|InitCategories=Khyentse Lineage Project; DKYD-KABUM-Volume-05-CA
|InitCategories=Khyentse Lineage Project; DKYD-KABUM-Volume-05-CA
}}
}}

Latest revision as of 10:29, 27 June 2024

Wylie title dbyings phyug mkha' 'gro'i gsang sgrub
Location mdo mkhyen brtse bka' 'bum
Volume 5, Text 11, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Sadhanas - Evocation Ritual - sgrub thabs
Colophon

དེ་ལྟར་བླ་མ་མཁའ་འགྲོའི་སྒྲུབ་པ་དངོས་གྲུབ་གཏེར་བུམ་འདིའང་དགོང་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལས་བདག་འདྲ་དུས་མཐའི་གཏེར་སྟོན་ཁྲག་འཐུང་ལས་ཀྱི་དཔའ་བོས་དག་པར་ཕབ་པ་མཁའ་འགྲོ་མའི་སྤྲུལ་པ་རིགས་ལྡན་ཚེ་རིང་ལྷ་སྐྱིད་ཀྱི་ཐུགས་དམ་དུ་ཕུལ་བས་རང་ལས་གཞན་དུ་མ་སྟོན་ཞིགཿ

de ltar bla ma mkha' 'gro'i sgrub pa dngos grub gter bum 'di'ang dgong gter nam mkha' mdzod kyi chos sde las bdag 'dra dus mtha'i gter ston khrag 'thung las kyi dpa' bos dag par phab pa mkha' 'gro ma'i sprul pa rigs ldan tshe ring lha skyid kyi thugs dam du phul bas rang las gzhan du ma ston zhig:

[edit]
༄༅། །དབྱིངས་ཕྱུག་མཁའ་འགྲོའི་གསང་སྒྲུབ་བཞུགས་སོཿ ཿ

༄༅། «།བདག་འདྲ་སློབ་དཔོན་པདྨ་འབྱུང་གནས་ཀྱིཿ མ་འོངས་སྐལ་ལྡན་སྐྱེས་བུའི་གྲོགས་ཀྱི་ཆེདཿ བདུད་འདུལ་དབྱིངས་ཕྱུག་གསང་བ་ཡེ་ཤེས་མའིཿ གསང་སྒྲུབ་སྙིང་པོའི་བཅུད་བསྡུ་འདིར་བསྟན་བྱཿ »ན་མོཿ རྩ་གསུམ་རིག་འཛིན་ཀུན་འདུས་བླ་མ་ལྷརཿ གུས་པས་གསོལ་བ་འདེབས་སོ་སྐྱབས་སུ་མཆིཿ མ་དག་ལུས་རྟེན་ལྕགས་ཁམས་གསེར་བསྒྱུར་ཕྱིརཿ བླ་མ་མཁའ་འགྲོ་བསྒྲུབ་པར་སེམས་བསྐྱེད་དོཿ «ལན་གསུམཿ »རང་གི་སྙིང་ནང་ཨ་མཐིང་འོད་ཟེར་འབརཿ རང་ལུས་སྣོད་བཅུད་བག་ཆགས་དང་བཅས་སྦྱངསཿ སྐད་ཅིག་དྲན་རྫོགས་པད་ཉི་བམ་ཆེན་སྟེངཿ བདག་ཉི་བདུད་འདུལ་དབྱིངས་ཕྱུག་གསང་ཡེ་མཿ སྐུ་མདོག་དམར་གསལ་ཞལ་གཅིག་ཁྲོ་ཉམས་ལྡནཿ སྤྱན་གསུམ་གློག་ལྟར་འཁྱུག་ཅིང་སྨིན་མ་འབརཿ ཞལ་གདངས་ལྗགས་འདྲིལ་མཆེ་བ་རབ་ཏུ་གཙིགསཿ དབུ་སྐྲ་ཐོར་ཅོག་ལྷག་མས་སྐུ་རྒྱབ་ཁེབཿ ཕྱག་གཡས་རྡོ་རྗེའི་གྲི་གུག་ནམ་མཁར་ཕྱརཿ གཡོན་པས་བྷནྡྷ་དུང་དམར་ཐུགས་ཀར་འཛིནཿ ཞབས་གཉིས་དོར་སྟབས་བམ་ཆེན་སྟེང་ན་འགྱིངསཿ ཐོད་སྐམ་དབུ་བརྒྱན་ཐོད་རློན་དོ་ཤལ་དངཿ རིན་པོ་ཆེ་དང་རུས་པའི་རྒྱན་དྲུག་གསོལཿ བདེ་ཆེན་དགའ་བཞིའི་ཡེ་ཤེས་ཉམས་དང་ལྡནཿ སྙིང་ཁར་ཆོས་ཀྱི་འཁོར་ལོའི་གཞལ་ཡས་སུཿ ཙིཏྟ་རིན་ཆེན་འོད་ཀྱི་གུར་ཁང་དབུསཿ སྐྱོན་བྲལ་པདྨ་ཉི་ཟླ་བརྩེགས་པའི་སྟེངཿ སྐྱབས་གནས་ཀུན་འདུས་བླ་མ་རྡོ་རྗེ་འཆངཿ དཔའ་བོ་བཛྲ་སྐུ་མདོག་དཀར་དམར་མདངསཿ ཞལ་འཛུམ་ཆགས་པའི་ཉམས་ལྡན་བདག་ལ་བརྩེཿ ཕྱག་གཡས་རྡོ་རྗེ་དང་བཅས་བསྡིགས་མཛུབ་གདེངསཿ གཡོན་པས་མཉམ་བཞག་བདུད་རྩིའི་ཐོད་བུམ་བསྣམསཿ ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས་སུ་བཞུགསཿ ཐོར་ཅོག་རིན་ཆེན་རུས་རྒྱན་སྟག་ཤམ་གསོལཿ བདེ་སྟོང་ཡེ་ཤེས་རོལ་པ་ཆེན་པོའི་ངང་ཿ མཁའ་འགྲོའི་སྤྱི་གཙུག་རིགས་ཀྱི་བདག་པོ་ནིཿ ཚེ་ལྷ་ཡབ་ཡུམ་དམར་གསལ་མཉམ་པར་སྦྱོརཿ རང་གི་གནས་གསུམ་ཡི་གེ་འབྲུ་གསུམ་ལསཿ འོད་འཕྲོས་རབ་འབྱམས་སྐུ་གསུམ་ཞིང་ཁམས་དང་ཿ ཁྱད་པར་མཁའ་སྤྱོད་བདེ་ཆེན་འབར་བ་ནསཿ ཡེ་ཤེས་ལྷ་ཚོགས་སྤྲིན་ལྟར་གཏིབ་ནས་ཀྱང་ཿ རྒྱ་མཚོར་ཁ་ཆར་བབས་པ་ཇི་བཞིན་དུཿ དམ་ཚིག་ཡེ་ཤེས་དབྱེར་མེད་ཆེན་པོར་གྱུརཿ དགྱེས་པར་བཞུགས་ལ་གུས་པས་བརྡ་ཕྱག་འཚལཿ ཕྱི་ནང་གསང་བ་བླ་ན་མེད་པས་མཆོདཿ དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་དཔལཿ སྐྱོན་བྲལ་མ་ཆགས་ཆགས་པ་ཆེན་པོའི་ངང་ཿ བདེ་བ་ཆེན་པོའི་ཡེ་ཤེས་རྒྱ་མཛད་པའིཿ བླ་མ་མཁའ་འགྲོའི་དཀྱིལ་འཁོར་ལྷ་ལ་བསྟོདཿ རང་ཉིད་མཁའ་འགྲོའི་སྙིང་དབུས་བླ་མ་ཡིཿ ཐུགས་ཀར་གསེར་གྱི་རྡོ་རྗེ་རྩེ་ལྔ་པའིཿ ལྟེ་བར་ཉི་ཟླའི་གའུ་ཁ་སྦྱོར་དབུསཿ ཐུགས་སྲོག་ཧཱུྃ་མཐིང་མཐའ་མར་སྔགས་ཀྱི་ཕྲེང་ཿ འོད་ལྔའི་མདངས་ལྡན་གཡས་སུ་བཀོད་པ་དེཿ གྲགས་སྟོང་རང་སྒྲ་དང་བཅས་གཡོན་དུ་འཁོརཿ དེ་ཡི་འོད་ཀྱིས་རབ་འབྱམས་ཞིང་ཁམས་བསྐུལཿ རྩ་གསུམ་རྒྱལ་བ་སྲས་བཅས་བྱིན་ནུས་བསྡུསཿ མཆོག་དང་ཐུན་མོང་དངོས་གྲུབ་ཀུན་ཐོབ་ཅིང་ཿ བླ་མའི་གསང་བ་གསུམ་དང་དབྱེར་མེད་དུཿ རང་ལུས་ནམ་མཁའི་འཇའ་ཚོན་ཇི་བཞིན་གསལཿ ཨོཾ་ཨཱཿཧཱུྃཿ མ་ཧཱ་གུ་རུ་བཛྲ་གྷུ་ཧྱ་ཛྙཱ་ན་སརྦ་སིདྡྷི་ཧཱུྃཿ «སྔགས་ཀྱི་སྙིང་པོ་བསྙེན་སྒྲུབ་གཅིག་དྲིལ་འདིཿ འབུམ་གཅིག་བཟླས་ན་བྱིན་རླབས་ཐོབ་འགྱུར་ཞིང་ཿ འབུམ་གཉིས་བཟླས་ན་འདི་ཕྱིའི་བར་ཆད་སེལཿ འབུམ་གསུམ་བཟླས་ན་མཁའ་འགྲོས་ལུང་བསྟན་ཞིང་ཿ འབུམ་བཞི་བཟླས་ན་མཆོག་ཐུན་དངོས་གྲུབ་ཐོབཿ འབུམ་ལྔས་ལྷ་དང་བླ་མར་དབྱེར་མེད་གྱུརཿ དེ་ནས་ཕུར་ཚུགས་གསོལ་བ་འདི་ལྟར་གདབཿ» ཨེ་མ་ཧོཿ མཆོག་གསུམ་སྐུ་གསུམ་རྩ་གསུམ་ཀུན་འདུས་དཔལཿ བྱིན་རླབས་ཐུགས་རྗེའི་ཤུགས་དྲག་དངོས་གྲུབ་གཏེརཿ དྲིན་ཆེན་བླ་མ་དཔའ་བོ་བཛྲ་རྗེཿ གསོལ་བ་འདེབ་སོ་བདག་རྒྱུད་བྱིན་གྱིས་རློབསཿ འཁོར་བ་རྨི་ལམ་སྒྱུ་མའི་གྲོང་ཁྱེར་དུཿ ཆགས་ཞེན་བག་ཆགས་འཛིན་པ་རང་ཞིག་ནསཿ བྱང་ཆུབ་སེམས་བསྐྱེད་གསང་ཆེན་ཆོས་ལ་སྤྱོདཿ རྡོ་རྗེ་སློབ་དཔོན་རྗེས་སུ་བཟུང་དུ་གསོལཿ སྐྱེ་བ་འདི་ནས་ཚེ་རབས་ཐམས་ཅད་དུཿ ལོག་རྟོག་བདུད་ཀྱི་དབང་དུ་མི་འགྱུར་ཞིང་ཿ རྗེ་བཙུན་བླ་མ་སྐད་ཅིག་མི་འབྲལ་བཿ ཐུགས་ཡིད་གཅིག་ཏུ་འདྲེས་པའི་དངོས་གྲུབ་སྩོལཿ སརྦ་སིདྡྷི་ཕ་ལ་ཧོཿ «དེ་ལྟར་གསོལ་བ་ཅི་ནུས་བཏབ་པའི་མཐརཿ »ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས་སུ་གསོལཿ ཕྱི་ནང་གསང་བའི་མཆོད་པ་དམ་པ་འབུལཿ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་བསྟོདཿ བག་མེད་ཉམས་ཆགས་འགལ་འཁྲུལ་མཐོལ་ལོ་བཤགསཿ དག་ཚངས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལཿ བཛྲ་ས་ཏྭ་ས་མ་ཡ་ཤུདྡྷེ་ཨཱཿ «རྗེས་སུ་ལྷ་ལས་དངོས་གྲུབ་ལེན་པ་ནིཿ »ཧྲཱིཿ རིགས་བདག་ཚེ་ལྷ་ཡབ་ཡུམ་ཐུགས་ཀ་ནསཿ འོད་འཕྲོས་སྐུ་གསུམ་རྒྱལ་བའི་བྱིན་ནུས་བསྡུསཿ སྐུ་ཡི་སྦྱོར་མཚམས་ཡེ་ཤེས་བདུད་རྩིའི་རྒྱུནཿ བབས་པས་རང་གི་སྤྱི་བོ་ནས་ཞུགས་ཏེཿ ལུས་ནང་གང་བས་སྒྲིབ་པ་བཞི་དག་ཅིང་ཿ དབང་བཞི་ཡོངས་རྫོགས་རིག་འཛིན་རྣམ་བཞི་འགྲུབཿ སྐུ་བཞི་ཡེ་ཤེས་ལྔ་ཡི་ས་བོན་ཐོབཿ མཆོག་ཐུན་དངོས་གྲུབ་མ་ལུས་དེང་འདིར་སྩོལཿ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་བཛྲ་གྷུ་ཧྱ་ཛྙཱ་ཎ་ཌཀྐི་ནི་ཀཱ་ཡ་ཝཱཀྐ་ཙིཏྟ་གཱུ་ཎ་ཀརྨ་སརྦ་སིདྡྷི་ཕ་ལ་ཧོཿ «དེ་ལྟར་མོས་གུས་གདུང་བས་དངོས་གྲུབ་བླང་ཿ ཐུན་མཐར་སྐྱེ་མེད་སྤྲོས་བྲལ་ངང་དུ་བཞགཿ དམིགས་བཅས་བསྡུ་རིམ་ལྷར་ལྡང་སྤྲོས་པ་བྲལཿ རང་ཉིད་ལྷ་ལ་ལྷ་ཉིད་རང་ལ་འདུདཿ རྒྱུད་ལུང་མན་ངག་འོ་མའི་རྒྱ་མཚོ་ལསཿ བཅུད་བསྡུས་མར་གྱི་སྙིང་པོ་ཡང་ཞུན་ལྟརཿ བླ་མ་མཁའ་འགྲོ་གསང་བ་ལྟར་བསྒྲུབ་པཿ གདམས་པའི་སྙིང་པོ་མ་འོངས་དོན་དུ་བཀོདཿ ལས་ཅན་སྐལ་ལྡན་ཕོ་མོར་འཕྲད་པར་ཤོགཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ གྷུ་ཧྱཿ ཁ་ཐཾཿ དེ་ལྟར་བླ་མ་མཁའ་འགྲོའི་སྒྲུབ་པ་དངོས་གྲུབ་གཏེར་བུམ་འདིའང་དགོང་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལས་བདག་འདྲ་དུས་མཐའི་གཏེར་སྟོན་ཁྲག་འཐུང་ལས་ཀྱི་དཔའ་བོས་དག་པར་ཕབ་པ་མཁའ་འགྲོ་མའི་སྤྲུལ་པ་རིགས་ལྡན་ཚེ་རིང་ལྷ་སྐྱིད་ཀྱི་ཐུགས་དམ་དུ་ཕུལ་བས་རང་ལས་གཞན་དུ་མ་སྟོན་ཞིགཿ ཿ