SPCD-KABUM-02-KHA-026: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
Line 9: Line 9:
|citation=[['phags mchog rdo rje]]. ''''. In ''Mtshungs med grub sras 'phags mchog rdo rje mchog gi gsung 'bum rin po che '', Vol. : .  Kathmandu: Khenpo Shedup Tenzin & Lama Thinley Namgyal, 2004.
|citation=[['phags mchog rdo rje]]. ''''. In ''Mtshungs med grub sras 'phags mchog rdo rje mchog gi gsung 'bum rin po che '', Vol. : .  Kathmandu: Khenpo Shedup Tenzin & Lama Thinley Namgyal, 2004.
|language=Tibetan
|language=Tibetan
|pagestatus=Temporary stub only
|volnumtib=
|volyigtib=ཁ་
|volumenumber=02
|volumenumber=02
|volumeLetter=KHA
|volumeLetter=KHA

Revision as of 13:23, 3 July 2024

Wylie title SPCD-KABUM-02-KHA-026.pdf
Location 'phags mchog bka' 'bum
Volume 2, Text 26, Pages (Folios to )
Author འཕགས་མཆོག་རྡོ་རྗེ་
Less details More details
Citation 'phags mchog rdo rje. '. In Mtshungs med grub sras 'phags mchog rdo rje mchog gi gsung 'bum rin po che , Vol. : . Kathmandu: Khenpo Shedup Tenzin & Lama Thinley Namgyal, 2004.
Genre
[edit]
ལམ་ཉེ་རིང་དང་སྤྲུལ་པ་འབྱུང་སྔ་ཕྱིའི་ཁྱད་པར་ནི། ཉན་ཐོས་པས་བསྐལ་པ་གྲངས་མེད་གསུམ་དུ་ཆོས་བྱས་ནས་སངས་རྒྱས་ཐོབ་པར་འདོད། རང་རྒྱལ་གྱིས་བསྐལ་པ་བརྒྱར། སེམས་ཙམ་བསྐལ་པ་དྲུག་ཅུ། དབུ་མས་བསྐལ་པ་གསུམ། ཀྲི་ཡས་མི་ཚེ་བདུན། ཨུ་པས་མི་ཚེ་དྲུག །ཡོ་གས་མི་ཚེ་ལྔ་ནས་སངས་རྒྱས་ཐོབ་པར་བཞེད་དོ། །དེ་ལྟར་ཐེག་པ་འོག་མ་བདུན་པོས་རྒྱུ་ཡི་ཆོས་ལ་སྤྱོད་པས། སངས་རྒྱས་སྨོན་པ་ལས། ཚེ་འདིར་མི་ཐོབ་སྟེ། ཕྱོགས་རིས་དང་བཟང་ངན་གཉིས་འཛིན་གྱི་ཆོས་ལས་མ་འདས་པའི་ཕྱིར་རོ། །མ་ཧཱ་ཡོ་གས་ནི་ཟླ་བ་བདུན་ནས་སངས་རྒྱས་ཐོབ། ཨ་ནུ་ཡོ་གས་ཟླ་བ་དྲུག་ནས་སངས་རྒྱས་ཐོབ། སྣང་སྟོང་དབྱེར་མེད་ཕྱག་རྒྱ་ཆེན་པོས་ཟླ་བ་གསུམ། བྱ་བྲལ་རྩོལ་མེད་རྫོགས་པ་ཆེན་པོས་ནང་རྟོགས་ན་ནངས་སངས་རྒྱས། ནུབ་རྟོགས་ན་ནུབ་སངས་རྒྱས། སྐལ་ལྡན་ལས་འཕྲོ་ཅན་མ་བསྒོམས་ཀྱང་སངས་རྒྱས་པར་འགྱུར། སངས་རྒྱས་པའི་དུས་ན་བཟང་ངན་མེད་ཀྱང་། འགྲོ་དོན་འབྱུང་མི་འབྱུང་གི་ཁྱད་པར་ཡོད་པར་གསུངས་ཏེ། ཉན་རང་གི་སྟོན་པ་གཅིག་པུའི་སངས་རྒྱས་བྱ་བ་སྤྲུལ་པ་འགྱེད་མི་ནུས། སེམས་ཙམ་དང་དབུ་མ་ནི་སངས་རྒྱས་གཉིས་འཕེལ་བྱ་བ་སྤྲུལ་པ་རེ་རེ་ཙམ་འགྱེད་ནུས། ཀྲི་ཡོག་སྡེ་གསུམ་ནི་སངས་རྒྱས་གདུང་འཕེལ་བྱ་བ་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་གསུམ་འགྱེད་ནུས། མ་ཧཱ་ཨོ་ག་དང་ཨ་ནུ་ཡོ་ག་གཉིས་པོ་ནི་སངས་རྒྱས་སྐུ་ལྔའི་བདག་ཉིད་བྱ་བ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་སྤྲུལ་པ་རྒྱུན་མི་ཆད་པར་འགྱེད་ནུས། བྱ་བྲལ་རྩོལ་མེད་ཨ་ཏི་ཡོ་ག་རྫོགས་པ་ཆེན་པོས། ཇི་ལྟ་ཇི་སྙེད་མཁྱེན་པའི་སངས་རྒྱས་བྱ་བ་དེས་ཆོས་སྐུ་ལ་ལོངས་སྤྱོད་རྫོགས་པའི་སྐུ་འབྱུང་། དེ་ལས་སྤྲུལ་སྐུ་བྱེ་བ་ཕྲག་བརྒྱར་འགྱེད་ནུས་ཤིང་། དེའང་ཨ་ཏི་རྫོགས་པ་ཆེན་པོ་སེམས་སྡེ་སྐོར་ཏེ། མི་ལོ་ལྔ་བཅུ་ནས་སྤྲུལ་པ་ཐོགས་མེད་འགྱེད་ནུས། ལྷུན་གྱིས་གྲུབ་པའི་སངས་རྒྱས་བྱ་བ་ཀློང་སྡེའི་སྐོར་ཡིན་པས། མི་ལོ་བདུན་ནས་སྤྲུལ་པ་འགྱེད་ནུས། རང་བྱུང་ཆེན་པོ་བྱ་བ་རྫོགས་པ་ཆེན་པོ་མན་ངག་གི་སྡེ་ཡིན་པས། མི་ལོ་ལྔ་ནས་སྤྲུལ་པ་འབྱུང་། ཆོས་ཉིད་མངོན་སུམ་བྱ་བ་རྫོགས་པ་ཆེན་པོ་ཡང་གསང་བླ་ན་པའི་སྐོར་ཡིན་པས། ལུས་བོར་མ་ཐག་སངས་རྒྱས། དེ་མ་ཐག་སྤྲུལ་པ་རྒྱུན་མི་ཆད་པར་འབྱུང་ངོ་།། །།