DKYD-DZINDROL-040: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
Line 9: Line 9:
|citation=[[Mdo mkhyen brtse]]. ''''. In ''Mdo mkhyen brtse ye shes rdo rje'i dgongs gter gcod 'dzin pa rang grol gyi 'don chog gi skor'',  (''The Natural Liberation of Grasping, The Chod Teaching of Do Khyentse Yeshe Dorje''): . Delhi: Shechen Publications, 2020.
|citation=[[Mdo mkhyen brtse]]. ''''. In ''Mdo mkhyen brtse ye shes rdo rje'i dgongs gter gcod 'dzin pa rang grol gyi 'don chog gi skor'',  (''The Natural Liberation of Grasping, The Chod Teaching of Do Khyentse Yeshe Dorje''): . Delhi: Shechen Publications, 2020.
|language=Tibetan
|language=Tibetan
|pagestatus=Temporary stub only
|sourcerevealer=Mdo mkhyen brtse
|sourcerevealertib=མདོ་མཁྱེན་བརྩེ་
|terma=Yes
|cycle=gcod 'dzin pa rang grol
|cycletib=གཅོད་འཛིན་པ་རང་གྲོལ་
|versonotes=mdo mkhyen zab gter gcod 'dzin pa rang grol
|volumenumber=1
|volumenumber=1
|volumeLetter=
|volumeLetter=

Revision as of 09:40, 14 June 2024

Wylie title DKYD-DZINDROL-040.pdf
Location mdo mkhyen brtse 'dzin grol
Volume 1, Text 40, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation Mdo mkhyen brtse. '. In Mdo mkhyen brtse ye shes rdo rje'i dgongs gter gcod 'dzin pa rang grol gyi 'don chog gi skor, (The Natural Liberation of Grasping, The Chod Teaching of Do Khyentse Yeshe Dorje): . Delhi: Shechen Publications, 2020.
Genre
Cycle གཅོད་འཛིན་པ་རང་གྲོལ་ (gcod 'dzin pa rang grol)
Karchag page DKYD-DZINDROL-Karchag
[edit]
ན་མོཿ ཆོས་སྐུ་འོད་མི་འགྱུར་བ་སྣང་མཐའ་ཡསཿ ལོངས་སྐུ་རིགས་ལྔའི་སངས་རྒྱས་སྤྱན་རས་གཟིགསཿ སྤྲུལ་སྐུ་འདྲེན་པ་སྟོང་རྩ་པདྨ་འབྱུངཿ མཆོག་གསུམ་རྩ་གསུམ་སྐུ་གསུམ་ཀུན་འདུས་དཔལཿ རིགས་བརྒྱའི་ཁྱབ་བདག་ཀུན་བཟང་གཞན་ཕན་རྗེཿ གསོལ་བ་འདེབས་སོ་དབང་སྐུར་བྱིན་རླབས་སྩོལཿ གདོད་ནས་འཁྲུལ་མ་མྱོང་བའི་རང་རིག་གཤིསཿ སྤང་བླང་ཡེ་དག་བྱ་རྩོལ་བྲལ་བ་ལཿ འཁོར་འདས་དགེ་སྡིག་འཛིན་ཞེན་ཨ་འཐས་ཆོསཿ རང་བཞིན་ཁྱབ་བརྡལ་ཆེན་པོར་རྟོགས་པར་ཤོགཿ དེ་ལྟར་མ་རྟོགས་གཉིས་འཛིན་འཁྲུལ་པའི་རྒྱུསཿ མ་རིག་ཨ་འཐས་འཁོར་བ་འདིར་འཁྱམས་པསཿ བདག་མེད་བདག་བཟུང་ཐག་ཁྲར་སྦྲུལ་མཐོང་བཞིནཿ སྣང་བའི་བསླུ་བྲིད་རང་སར་གྲོལ་བར་ཤོགཿ རྒྱལ་བའི་དགོངས་པ་གཏིང་དཔག་དཀའ་བའི་དོནཿ མྱུར་ལམ་ཟབ་མོའི་གནད་ཀྱིས་རྟོགས་གྱུར་ནསཿ བདག་དང་བདག་འདྲའི་འཁོར་བར་འཁྱམས་པའི་འགྲོཿ ཟབ་གསང་ཕོ་ཉའི་ལམ་ལ་འཇུག་པར་ཤོགཿ དབང་བཞིས་རྒྱུད་སྨིན་རིམ་གཉིས་ཅིག་ཆར་རྫོགསཿ བདེ་བའི་བོགས་ཐོན་དགའ་བའི་རང་ངོར་གྲོལཿ ཡེ་ཤེས་བཞི་སྦྱོར་ལམ་གྱི་འཛིན་ཞེན་ཞིགཿ ལྷན་སྐྱེས་རྒྱལ་བའི་དགོངས་དོན་རྟོགས་པར་ཤོགཿ དེས་རྐྱེན་འབྲས་བུ་ངོ་བོ་གཞིའི་འོད་གསལཿ གང་ཡང་མ་བཟུང་ཅིར་ཡང་གྲོལ་མིན་ཡངཿ བདག་དོན་རྗེས་སུ་བཟུང་བའི་ཡེ་གསལ་ཆེཿ བདག་མེད་བུམ་སྐུའི་བཙན་ས་ཟིན་པར་ཤོགཿ ལས་དང་ལུས་ཀྱིས་འབྲེལ་བའི་དྲིན་ཆེ་བཿ ཐབས་ཤེས་གྲོགས་དང་ཕ་མས་གཙོར་གྱུར་པའིཿ མཁའ་ཁྱབ་ཞིང་གི་སེམས་ཅན་ཇི་སྙེད་པཿ སྡུག་བསྔལ་འཁོར་བའི་མཚོ་ལས་ཡོངས་སྒྲོལ་ཤོགཿ བདག་གི་སྒོ་གསུམ་བརྩོན་འགྲུས་དྲག་པོ་ཡིསཿ གཡེལ་བ་མེད་པར་ཐབས་ལམ་འདིར་འབད་མཐུསཿ འབྲེལ་བས་བསྡུས་པའི་འགྲོ་བ་མ་ལུས་པཿ ལམ་འདིར་འཇུག་པའི་སྐལ་བ་ལྡན་པར་ཤོགཿ དེར་ཡང་ཐེ་ཚོམ་ལོག་ལྟས་མ་བསླད་ཅིངཿ ཡེ་ཤེས་ཆེན་པོ་རང་ངོ་འཕྲོད་གྱུར་ཏེཿ ཀུན་ཀྱང་ལམ་འདིར་འདྲེན་པའི་མཐུ་ཐོབ་ནསཿ ཕྱམ་གཅིག་བདེ་ཆེན་ཀློང་དུ་གྲོལ་བར་ཤོགཿ རྒྱལ་བ་སྲས་བཅས་ཐུགས་བསྐྱེད་བླ་མེད་དངཿ རྩ་གསུམ་རིག་འཛིན་ཆོས་སྐྱོང་སྲུང་མའི་མཐུཿ རིགས་བདག་རྗེ་བཙུན་བླ་མའི་བྱིན་རླབས་ཀྱིསཿ སྨོན་པ་འདི་དག་གེགས་མེད་འགྲུབ་གྱུར་ཅིགཿ དམ་བཅའ་བཞི་ལྡན་སྨོན་ལམ་འདིཿ བློ་གསལ་དབང་མོའི་བཀས་བསྐུལ་བཞིནཿ རྗེ་བཙུན་བླ་མའི་གདུང་འབུམ་དྲུངཿ ལུས་བསྐྱེད་ཕ་མའི་དགེ་རྩ་རུཿ སྨིན་དྲུག་ཟླ་བའི་ཡར་ཚེས་ལཿ བྱ་བྲལ་བདེ་བའི་རྡོ་རྗེ་ཡིསཿ ཐོལ་བྱུང་ཤར་བཞིན་ཐོགས་མེད་སྤེལཿ དགོངས་པའི་གཏེར་དང་ཁྱད་པར་མེདཿ ཡི་གེ་པ་ནི་ངོ་མཚར་རོཿ ཿ