PJCW-KABUM-01-KA-021: Difference between revisions
From Khyentse Lineage - A Tsadra Foundation Project
No edit summary |
No edit summary |
||
Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|sectionheading=No | |||
|fulltitletib=སྡེབ་སྦྱོར་གྱི་མན་ངག་རིན་ཆེན་ཕྲེང་བ། | |||
|fulltitle=sdeb sbyor gyi man ngag rin chen phreng ba | |||
|collectiontitletib=དཔལ་སྤྲུལ་བཀའ་འབུམ། | |||
|collectiontitle=dpal sprul bka' 'bum | |collectiontitle=dpal sprul bka' 'bum | ||
|author=Dpal sprul rin po che | |author=Dpal sprul rin po che | ||
|authortib=དཔལ་སྤྲུལ་རིན་པོ་ཆེ་ | |authortib=དཔལ་སྤྲུལ་རིན་པོ་ཆེ་ | ||
| | |tibgenre=Pith Instructions - man ngag | ||
|terma=No | |||
|language=Tibetan | |language=Tibetan | ||
|volumenumber=01 | |volumenumber=01 | ||
| | |volnumtib=༡ | ||
|volyigtib=ཀ | |||
|totalvolumes=6 | |||
|textnuminvol=021 | |textnuminvol=021 | ||
|multivolumework=No | |||
|colophontib=དཔལ་སྤྲུལ་པས་སོ།། | |||
|colophonwylie=dpal sprul pas so// | |||
|pdflink=File:PJCW-KABUM-01-KA-021.pdf | |pdflink=File:PJCW-KABUM-01-KA-021.pdf | ||
|volumeLetter=KA | |||
|InitCategories=Khyentse Lineage Project; PJCW-KABUM-Volume-01-KA | |InitCategories=Khyentse Lineage Project; PJCW-KABUM-Volume-01-KA | ||
}} | }} | ||
Line 21: | Line 29: | ||
རྒྱ་གར་སྐད་དུ། ཙྪིནྔྷོ་པ་དེ་ཤ །བོད་སྐད་དུ། སྡེབ་སྦྱོར་གྱི་མན་ངག །ཐུབ་པ་ཡེ་ཤེས་ཉི་མ་ནི། །དམ་ཆོས་སྣང་བ་འབར་མངའ་བས། །ནང་གི་མ་རིག་མུན་འཇོམས་པ། །ནང་གི་ཉིན་མོར་བྱེད་དེར་འདུད། །རྗོད་བྱེད་ཕུན་སུམ་ཚོགས་པའི་ངག །བརྗོད་བྱའི་དོན་དང་ལྡན་པ་གང་། །རྐང་པར་བཅད་པ་ཚིགས་བཅད་དེ། །དེ་ཡང་རྐང་བཞི་ཉིད་དུ་ངེས། །ཚིགས་བཅད་རྐང་བཞི་དེ་ཡང་ནི། །བྲྀཏྟ་ཛ་ཏཱི་རྣམ་གཉིས་དབྱེ། །ཡེ་གེ་བགྲང་བ་བྲྀཏྟ་ཡིན། །ཕྱི་མོར་བགྲང་བ་ཛ་ཏཱིར་འགྱུར། །ཚིགས་སུ་བཅད་པའི་སྡེབ་སྦྱོར་ལ། །བྲྀཏྟ་ཛ་ཏཱི་གཉིས་ལས། ཡི་གེ་བགྲང་བ་བྲྀཏྟའི་མཚན་ཉིད། ཕྱི་མོ་བགྲང་བ་ཛ་ཏཱིའི་མཚན་ཉིད། དབྱངས་ལྕི་ཡང་གང་ཡིན་ཡང་ཡི་གེ་རེ་རེར་བྱས་ནས་དབྱངས་ཀྱི་ཡི་གེ་བགྲང་བ་ཡི་གེ་བགྲང་བའི་མཚན་ཉིད། དབྱངས་ཡང་བ་ཕྱི་མོ་གཅིག་དང་། ལྕི་བ་ཕྱི་མོ་གཉིས་སུ་ཕྱེས་ན། ཕྱི་མོ་བགྲང་བ་ཛ་ཏཱིའི་མཚན་ཉིད། ཕ་རོལ་ན་དབྱངས་གསལ་བྱེད་བརྩེགས་མ་དང་ང་རོ་དང་རྣམ་བཅད་སོགས་མེད་པའི་དབྱངས་ཐུང་ངུ་ཡང་བའི་མཚན་ཉིད། ཕ་རོལ་ན་གསལ་བྱེད་བརྩེགས་མ་དང་ང་རོ་དང་རྣམ་བཅད་དང་ྈྐ་ ྉྤ་རྣམས་ཡོད་པའི་དབྱངས་ཐུང་ངུ་དང་རིང་པོ་རྣམས་ལྕི་བའི་མཚན་ཉིད། རྐང་པ་བཞི་པོ་དང་མཉམ་པ་མཉམ་པའི་བྲྀཏྟའི་མཚན་ཉིད། དང་པོ་དང་གསུམ་པ་མཚུངས་ཤིང་གཉིས་པ་དང་བཞི་པ་མཚུངས་པ་ཕྱེད་མཉམ་གྱི་བྲྀཏྟའི་མཚན་ཉིད། རྐང་པ་བཞི་པོ་མི་མཚུངས་པ་མི་མཉམ་པའི་བྲྀཏྟིའི་མཚན་ཉིད། བྲྀཏྟའི་སྐབས་སུ་ཡང་གསུམ་རེའམ་རེ་རེ་ལ་ཚོགས་སུ་བྱས་པ་རྣམས། བྷ་ཐོག་ལྕི་བ་ཛ་དབུས་ལྕི། །ས་མཐའ་ལྕི་བ་མ་ཀུན་ལྕི། | རྒྱ་གར་སྐད་དུ། ཙྪིནྔྷོ་པ་དེ་ཤ །བོད་སྐད་དུ། སྡེབ་སྦྱོར་གྱི་མན་ངག །ཐུབ་པ་ཡེ་ཤེས་ཉི་མ་ནི། །དམ་ཆོས་སྣང་བ་འབར་མངའ་བས། །ནང་གི་མ་རིག་མུན་འཇོམས་པ། །ནང་གི་ཉིན་མོར་བྱེད་དེར་འདུད། །རྗོད་བྱེད་ཕུན་སུམ་ཚོགས་པའི་ངག །བརྗོད་བྱའི་དོན་དང་ལྡན་པ་གང་། །རྐང་པར་བཅད་པ་ཚིགས་བཅད་དེ། །དེ་ཡང་རྐང་བཞི་ཉིད་དུ་ངེས། །ཚིགས་བཅད་རྐང་བཞི་དེ་ཡང་ནི། །བྲྀཏྟ་ཛ་ཏཱི་རྣམ་གཉིས་དབྱེ། །ཡེ་གེ་བགྲང་བ་བྲྀཏྟ་ཡིན། །ཕྱི་མོར་བགྲང་བ་ཛ་ཏཱིར་འགྱུར། །ཚིགས་སུ་བཅད་པའི་སྡེབ་སྦྱོར་ལ། །བྲྀཏྟ་ཛ་ཏཱི་གཉིས་ལས། ཡི་གེ་བགྲང་བ་བྲྀཏྟའི་མཚན་ཉིད། ཕྱི་མོ་བགྲང་བ་ཛ་ཏཱིའི་མཚན་ཉིད། དབྱངས་ལྕི་ཡང་གང་ཡིན་ཡང་ཡི་གེ་རེ་རེར་བྱས་ནས་དབྱངས་ཀྱི་ཡི་གེ་བགྲང་བ་ཡི་གེ་བགྲང་བའི་མཚན་ཉིད། དབྱངས་ཡང་བ་ཕྱི་མོ་གཅིག་དང་། ལྕི་བ་ཕྱི་མོ་གཉིས་སུ་ཕྱེས་ན། ཕྱི་མོ་བགྲང་བ་ཛ་ཏཱིའི་མཚན་ཉིད། ཕ་རོལ་ན་དབྱངས་གསལ་བྱེད་བརྩེགས་མ་དང་ང་རོ་དང་རྣམ་བཅད་སོགས་མེད་པའི་དབྱངས་ཐུང་ངུ་ཡང་བའི་མཚན་ཉིད། ཕ་རོལ་ན་གསལ་བྱེད་བརྩེགས་མ་དང་ང་རོ་དང་རྣམ་བཅད་དང་ྈྐ་ ྉྤ་རྣམས་ཡོད་པའི་དབྱངས་ཐུང་ངུ་དང་རིང་པོ་རྣམས་ལྕི་བའི་མཚན་ཉིད། རྐང་པ་བཞི་པོ་དང་མཉམ་པ་མཉམ་པའི་བྲྀཏྟའི་མཚན་ཉིད། དང་པོ་དང་གསུམ་པ་མཚུངས་ཤིང་གཉིས་པ་དང་བཞི་པ་མཚུངས་པ་ཕྱེད་མཉམ་གྱི་བྲྀཏྟའི་མཚན་ཉིད། རྐང་པ་བཞི་པོ་མི་མཚུངས་པ་མི་མཉམ་པའི་བྲྀཏྟིའི་མཚན་ཉིད། བྲྀཏྟའི་སྐབས་སུ་ཡང་གསུམ་རེའམ་རེ་རེ་ལ་ཚོགས་སུ་བྱས་པ་རྣམས། བྷ་ཐོག་ལྕི་བ་ཛ་དབུས་ལྕི། །ས་མཐའ་ལྕི་བ་མ་ཀུན་ལྕི། །ཡ་ཐོག་ཡང་བ་ར་དབུས་ཡང་། །ཏ་མཐའ་ཡང་བ་ན་ཀུན་ཡང་། ཡང་བ་ལ་སྟེ་ལྕི་བ་ག །ཡང་སྡོད་ཀ་སྟེ་ལྕི་སྡོད་ཝ། ཞེས་པ་རྣམས་ཡིན་ལ། གང་དུ་ངལ་གསོ་ས་དེར་སྐད་དོད་རེའི་མཚམས་རྫོགས་པ་ཞིག་ངེས་པར་བྱས་ནས་ངལ་བསོའི་རྟགས་བྱ་བ་ཡིན་ལ། དེ་ལ་བྷའི་མཐར་ངལ་གསོས་ན་བྷུ་དང་། ཛའི་མཐར་ངལ་གསོས་ན་ཛུ་སོགས་ཀྱིས་བསྟན་ཡོད་པའི་ཕྱིར། བྷ་སོགས་ཨུད་ལ་དེ་ལྡན་ནོ། །ཞེས་བཤད། མཉམ་པའི་བྲྀཏྟ་ལ་རིན་འབྱུང་གཞུང་ལས་ཡི་གེ་དྲུག་པ་ཡན་ཆད་ལས་མ་བཤད་ཀྱང་ཡི་གེ་གཅིག་པ་སོགས་ཀྱི་དཔེར་བརྗོད་ངོ་མཚར་རྟོགས་བྱེད་ཀྱི་སྐབས་སུ་འབྱུང་བས་མི་བཞེད་པ་ནི་མ་ཡིན་ལ། དེ་དག་གི་ནང་གསེས་རེ་ཟུང་གཞུང་གིས་དངོས་སུ་མ་བསྟན་པས་མཚོན་པས་སྤྱིར་རྣམ་གྲངས་དུ་ཡོད་སོགས་ནི་ངོ་མཚར་རྟོགས་བྱེད་ཀྱི་སྦྱོར་བས་ཤེས་པར་བྱའོ། །མི་མཉམ་དང་ཕྱེད་མཉམ་སོགས་ལ་ནང་གསེས་ཀྱི་དབྱེ་བ་གཞུང་གིས་བསྟན་པ་རྣམས་མ་ཡིན་པ་རེ་ཟུང་ཡོད་སྲིད་ཀྱང་ངོ་མཚར་རྟོགས་བྱེད་ཀྱི་སྦྱོར་བ་དང་པོ་ནས་མི་འཇུག་པས་པྲསྟཱ་ར་སྤེལ་མ་དང་ནཥྚ་བརྟགས་པ་སོགས་མེད་ལ་ཛ་ཏཱི་རྣམས་ཀྱང་དེ་དང་འདྲའོ། །ཛ་ཏཱིའི་སྐབས་སུ་ཡང་བ་ཕྱི་མོར་རེ་རེ་དང་། ལྕི་བ་ཕྱི་མོ་གཉིས་རེ་བྱས་ནས་ཚིགས་སུ་བཅད་པ་ལ་བྲྀཏྟའི་སྐབས་བྷ་ཞེས་བརྡའ་བྱས་པས་ཐོག་མ་ལྕི་བ་དང་། ཛ་ཞེས་བརྡའ་བྱས་པ་དབུས་ལྕི་བ་དང་། ས་ཞེས་བརྡའ་བྱས་པ་མཐའ་ལྕི་བ་སྟེ་ཡང་བ་གཉིས་དང་ལྕི་བ་གཅིག་ཚོགས་པ་དེ་བཞིན་དུ་ལྕི་བ་གཉིས་ཚོགས་པ། ཡང་བ་བཞི་ཚོགས་པ་དེ་རྣམས་གང་ཡིན་ཡང་ཕྱི་མོ་བཞི་རེར་འདྲ་བས། ཙ་ཏུར་གྱི་མིང་ཐོག་བཟུང་ནས་ཙ་ཞེས་བྱ་སྟེ་ཙ་ཚོགས་ལྔ་ལས་ཡང་བ་བཞི་ཚོགས་པ་ལ་ནི་ཙ་ཞེས་པར་མ་ཟད་རེས་འགའ་ཁ་ཞེས་ཀྱང་བརྗོད་དོ། །དེ་བཞིན་དུ་ཡང་བ་གཅིག་ནི། ཕྱི་མོ་གཅིག་པ་སྟེ་ཨེ་ཀའི་མིང་མཐའ་ནས་བཟུང་ཀ་ཞེས་བྱ། ཡང་བ་གཉིས་དང་ལྕི་བ་གཅིག་ནི་ཕྱི་མོ་གཉིས་པ་སྟེ་དྭིའི་མིང་ཐོག་བཟུང་ནས་ད་ཞེས་བྱ། དེ་ལྟར་ཚོགས་སུ་བཅད་ནས་གཞུང་དང་མཐུན་པར་བསྒྲིགས་ལ་ངལ་གསོ་ལ་སོགས་པའང་སྐབས་དང་སྦྱར། ངོ་མཚར་བའི་སྦྱོར་བ་རྣམ་གྲངས་བདུན་ཡོད་པ་ལས། དང་པོ་དྲུག་མཉམ་པའི་བྲྀཏྟ་རྣམས་ལ་རྟོགས་བྱེད་དང་། ཕྱི་མ་གཅིག་བྲྀཏྟ་ཛཱ་ཏི་ཐམས་ཅད་ལ་རྟོགས་བྱེད་དུ་འགྱུར་བ་ལས། དང་པོ་དྲུག་ལས་དང་པོའི་པྲསྟཱར་ནི། བྲྀཏྟའི་དང་པོ་ཐམས་ཅད་ལྕི། །ལྕི་གཙོའི་འོག་ཡང་ཕྱི་རྣམས་འདྲ། །སྔ་མར་ལྕི་འདི་པྲསྟཱ་ར། །ཇི་སྲིད་ཐམས་ཅད་ཡང་དེ་སྲིད། །དམར་སེར་ཅན་གྱི་པྲ་སྟཱརའོ། །ཞེས་པ་འདི་གཞན་ལུགས་བཀོད་པ་སྟེ། དང་པོ་ཐམས་ཅད་ལྕི་བ་དང་། དེ་ནས་ལྕི་བ་གཙོ་བོ་སྟེ་དང་པོ་དེའི་འོག་ཏུ་ཡང་བ་དང་། ཕྱི་མ་རྣམས་སྔ་མ་འདྲ་བ་དང་། དེ་ནས་སྔ་མར་ལྕི་བས། དེ་ནས་ཡང་བ་དང་གཞན་རྣམས་འདྲ་བ་སོགས། རིམ་པར་འདྲ་བ་སོགས་ཇི་སྲིད་པྲསྟཱ་ར་ཐམས་ཅད་ཡང་བར་མ་གྱུར་པ་དེ་སྲིད་དུ་བྲི་བར་བྱ་སྟེ་ཤིན་ཏུ་རྟོགས་དཀའ་བཤད་ཅིང་དེང་སང་འདི་ལ་པྲསྟཱ་ར་འོག་མ་འགོད་ཚུལ་དང་འདྲ་བ་ཞིག་ལས་མ་བཤད་ཡང་། བརྟགས་ན་དམར་སེར་ཅན་གྱི་སྡེབ་སྦྱོར་ལ་ངོ་མཚར་བའི་སྦྱོར་བ་རྣམས་མ་བཤད་པར་ཁྱད་ཆོས་ཀྱི་སྐབས་སུ་བཤད་ཅིང་སྐབས་འདིར་ཡང་པྲསྟ་ར་དང་ཡང་བའི་བྱ་བ་གཉིས་ལ་དམར་སེར་ཅན་གྱི་ལུགས་བཤད་ནས་གཞན་མ་བསྟན་པས་ཡང་བའི་རྣམ་གྲངས་ཙམ་ལས་བརྟགས་ནས་པྲསྟཱ་ར་བཀོད་ན་ཡང་བའི་བྱ་བ་མ་གཏོགས་ངོ་མཚར་བའི་སྦྱོར་བ་གཞན་མི་འཇུག་ཅིང་རྟོགས་དཀའ་བ་ཞིག་ཡོད་འདུག་པ་འདི་ཡིན་ནམ་སྙམ་སྟེ་ད་དུང་བརྟགས་པར་བྱའོ། །སྟེང་ལྕི་འོག་ཡང་པྲསྟཱ་ར་ལ་འཕྲེང་། །ཉིས་འགྱུར་རིང་པོར་སྡེབ་སྦྱོར་སོ་སོ་སྟེ། །ལྕི་དང་ཡང་བའི་ཉིས་འགྱུར་ཚོགས་རྣམས་ཀྱིས། །རིམ་པ་བཞིན་དུ་རེ་རེ་སྤེལ་བར་བྱ། །ཞེས་པ་འདི་ཤཱནྟི་པའི་པྲསྟཱ་སྟེ། སྟེང་ལྕི་ཞིང་འོག་ཡང་བ་ནི་ཡི་གེ་གཅིག་པའི་སྡེབ་སྦྱོར་ཡིན་ལ། དེ་ནས་ཡི་གེ་གཉིས་པ་ལ་ལྕི་བ་གཉིས་དང་ཡང་བ་གཉིས། ཡི་གེ་གསུམ་པ་ལ་ལྕི་བ་བཞི་དང་ཡང་བ་བཞི་སོགས་ཉིས་འགྱུར་ཉིས་འགྱུར་གྱིས་རིང་པོར་བྱ་ཞིང་། མ་རྫོགས་པར་སྤེལ་བ་ཡིན། འདིའི་འགོད་ཚུལ་ཡི་གེ་དྲུག་པའི་སྡེབ་སྦྱོར་ལྟ་བུ་ལ་མཚོན་ནས་འདིར་བརྗོད་ན། གཅིག་གཉིས་བཞི་བརྒྱད་བཅུ་དྲུག་སོ་གཉིས་སོགས་ཡི་གེའི་གྲངས་བར་ཉིས་འགྱུར་ཨངྐི་བྲི། ཨདྐིའི་གྲངས་མཉམ་ལྕི་ཡང་ཐུར་དུ་སྤེལ། །ཐམས་ཅད་ཡང་གྱུར་པྲསྟཱ་རྫོགས་པའི་ཚད། །གཉིས་པ་ནཥྚ་བརྟགས་པ་ནི། འདི་འདྲ་འདི་ལྟ་ཞེས་བྱ་ཅི། །དེ་བཀོད་འབྲས་ལ་འདབ་མ་བྱ། །མི་མཉམ་གཅིག་བཅས་འདབ་མ་ལྕི། །འདིར་མཉམ་ཡང་འབྲས་ནཥྚའོ། །ཞེས་པ་སྟེ། དཔེར་ན་ཡི་གེ་དྲུག་པའི་ནང་གསེས་བཅུ་གསུམ་པའི་ལྕི་ཡང་འགོད་ཚུལ་ཇི་ལྟར་ཡིན་ཞེས་བརྟགས་པ་ལ། འདིར་མི་མཉམ་པའི་པྲསྟཱ་ཡིན་པས་འདི་འདྲ་བའི་གྲངས་བཅུ་གསུམ་འདི་ལྟ་བུ་མི་མཉམ་པ་ཡིན་པས་དང་པོར་ལྕི་བ་གཅིག །དེ་ལ་གཅིག་བསྣན་ནས་འདབ་མར་བྱ་བ་སྟེ་ཕྱེད་དུ་བཅད་པས་བདུན་བྱུང་བ་མི་མཉམ་པ་ཡིན་པས་ལྕི་བ་གཅིག་བྲི། དེ་ལ་གཅིག་བསྣན་པ་ཕྱེད་དུ་བཅད་པས་བཞི་བྱུང་བ་མཉམ་པར་འདུག་པས་ཡང་བ་གཅིག་བྲི། དེ་ལ་སྣོན་མི་དགོས་པར་ཕྱེད་དུ་བཅད་པས་མཉམ་པས་ཡང་བ་གཅིག་བྲི། གཉིས་ཕྱེད་དུ་བཅད་པ་གཅིག་ཡིན་པ་མི་མཉམ་པས་ལྕི་བ་གཅིག་བྲི། དེ་ལ་གཅིག་བསྣན་པས་གཉིས་ཡིན་ལ། དེ་ཕྱེད་དུ་བཅད་པས་གཅིག་བྱུང་བ་མི་མཉམ་པས་ལྕི་བ་བྲི་སྟེ། དེ་ལྟར་ན་འདི་ལྟ་བུའི་པྲསྟཱར་བྱུང་བ་ནི་འབྲས་བུ་ཡིན་ཏེ་ནཥྚཱའོ། །གང་བརྟག་འདོད་པའི་གྲངས་དེ་ཉིད་གཉིས་ཀྱིས་ཡི་གེའི་གྲངས་བར་བགོ །ལྷག་མ་བྱུང་ན་ནོར་ལ་བསྣན། །ལྷག་བཅས་ཡང་ལ་ལྷག་མེད་ལྕི། །གསུམ་པ་ཨུདྷུཥྛ་ནི། བྲྀཏྟ་འདི་ནི་དུ་བ་ཡིན་ཞེས་འདིར་སོགས་ཏེ། དང་པོ་ཡི་གེ་དྲུག་པའི་དབུས་ཕྲ་ལྟ་བུ་ལ་འདི་པྲསྟཱ་ར་དུ་པ་ཡིན་ཞེས་འདྲི་ན་ལྕི་ཡང་འདི་ལྟར་བཀོད་ནས་སྟེང་དུ་གཅིག་གཉིས་བཞི་བརྒྱད་སོགས་ཉིས་འགྱུར་གྱི་ཨངྐི་སྔར་ལྟར་བཀོད་ནས་ཡང་བ་དུ་ཡོད་ཀྱི་སྟེང་གི་ཨངྐི་རྣམས་བསྡོམས་པས་དེ་ལ་གཅིག་སྣོན་པ་སྟེ། འདིར་ཡང་བ་གཉིས་ཀྱི་སྟེང་གི་བཞི་དང་བརྒྱད་བསྡོམས་ནས་གཅིག་བསྣན་པས་བཅུ་གསུམ་བྱུང་བ་ལྟ་བུའོ། །ལྕི་ཡང་པྲསྟཱ་རིམ་པར་བཀོད། །སྟེང་དུ་གཅིག་གཉིས་བཞི་སོགས་བྲི། །ལྕི་སྟེང་ཀུན་དོར་ཡང་སྟེང་བསྡོམས། །དེ་ལ་གཅིག་བསྣན་དེ་ཡི་གྲངས། །བཞི་བ་ཡང་བའི་བྱ་བ་ལ་གཉིས་ལས་དང་པོ་དམར་སེར་ཅན་གྱི་ཡང་བའི་བྱ་བ་ནི། གཟུགས་བཀོད་ཡི་གེའི་གྲངས་ཀྱིས་བསླང་བ་སོགས་དེ་ཡི་གེ་བཞི་པ་ལྟ་བུ་ལ་མཚོན་ན། དང་པོ་གཟུགས་གཅིག་བཀོད་ནས་དེའི་འོག་ཏུ་ཡི་གེའི་གྲངས་ཀྱི་གཟུགས་བསླང་བ་སྟེ་སྟེང་ནས་སྟེང་དུ་བརྩེགས་མར་གཟུགས་བཞི་བྲིས་པས་གཅིག་ཡིག་ལྔ་བྱུང་། དེའི་གཅིག་ཡིག་སྟེང་མ་ལ་གཅིག་པོ་དོར་ཞེས་ལོངས་པའི་མཚན་མ་བྱ། དེ་ནས་རིམ་པས་མས་ནས་ཡར་རང་རང་མ་བསུབས་པར་གོང་མ་གོང་མར་བསྣན་པས་བཞི་ལོངས་པ་ལ་མཚན་མ་བྱས་པས་འདི་ལྟ་བུ་ཞིག་འབྱུང་། དེ་ནས་ཡང་མ་ལངས་པ་རྣམས་རང་གནས་མ་དོར་བར་གོང་མ་གོང་མར་བསྲེས་པས་དྲུག་ལངས་ཏེ་མཚན་མ་བྱ། དེ་ནས་འོག་གི་གཅིག་མ་བསུབས་པར་གཅིག་དང་གསུམ་བསྲེས་བཞི་བྱས་པས། བཞི་ལོང་བ་ལ་མཚན་མ་བྱས་པའི་ཡི་གེ་བཞི་པའི་སྡེབ་སྦྱོར་འདི་ལ་ཡང་བ་མེད་པ་གཅིག །གཅིག་ཡང་བ་བཞི། གཉིས་ཡང་བ་དྲུག །གསུམ་ཡང་བ་བཞི། བཞི་ཀ་ཡང་བ་གཅིག་ཡོད་པར་རྟོགས་སོ། །ཡི་གེའི་གྲངས་ཀྱི་གཟུགས་བརྩེགས་ལ། །སྟེང་དུ་གཅིག་བྲི་དོར་རྟགས་བྱ། །འོག་མ་ལ་གནས་མ་དོར་བར། །གོང་མ་གོང་མར་རིམ་བཞིན་བསྲེ། །ལོངས་རྣམས་རིམ་དོར་མ་ལོངས་བསྐྱེད། །ཡང་མེད་ལ་སོགས་སྟེང་ནས་རིམ། །གཉིས་པ་ཤཱནྟི་པའི་ཡང་བའི་བྱ་བ་ནི། གཟུགས་ནི་དང་པོར་མ་བྱས་ཀྱང་། །སོགས་ཏེ་ཡི་གེའི་གྲངས་ཀྱི་གཟུགས་བསླང་བ་མ་བྱས་ཀྱང་རུང་ལ་གཅིག་ཡིག་གཅིག་བྲིས་པའི་འོག་ཏུ་གཅིག་གཉིས་གསུམ་བཞི་སོགས་སྟེང་ནས་སྟེང་དུ་བརྩེགས་མར་བྲིས་ལ་སྟེང་མ་ལོངས་པའི་མཚན་མ་བྱ། ལྷག་མ་རྣམས་བསྲེ་ཚུལ་སྔ་མ་ལྟར་བྱས་ཀྱང་འཐུས། ཡང་ན་གཅིག་ཡིག་གཉིས་བྲིས་པའི་ཡི་གེ་གཅིག་པའི་སྡེབ་སྦྱོར། དེ་གཉིས་ཀྱི་བར་དུ་གཉིས་ཡིག་བྲིས་པ་ཡི་གེ་གཉིས་པའི་སྡེབ་སྦྱོར། དེ་གཉིས་སྟེང་དུ་གསུམ་བྲིས་ནས་འོག་མ་གཅིག་དང་གཉིས་བསྲེས་གསུམ་བྱས་པ་ཡི་གེ་གསུམ་པའི་སྡེབ་སྦྱོར། ཡང་དེའི་སྟེང་དུ་བཞི་བྲིས་ནས་འོག་མ་རྣམས་གསུམ་དང་གསུམ་བསྲེས་དྲུག །གཅིག་དང་གསུམ་བསྲེས་བཞི་བྱས་པ་ཡི་གེ་བཞི་བའི་སྡེབ་སྦྱོར་སོགས་སོ། །ཡི་གེའི་གྲངས་བརྩེགས་སྟེང་དུ་གཟུགས། །གཟུགས་དང་གྲངས་ལོངས་ལྷག་མ་རྣམས། །རང་འོག་རིམ་བསྲེས་ལོངས་རྣམས་དོར། །ཡང་ན་ཡི་གེ་གཅིག་པ་ནས། །རིམ་བྲི་རང་གྲངས་སྟེང་དུ་བྲི། །རང་འོག་རྣམས་བརྒྱན་ལོངས་ཚེ་དོར། །ལྔ་བ་གྲངས་བརྟགས་པ་ནི། བྲྀཏྟ་རྣམས་ཀྱི་གྲངས་ནི་གཟུགས། །ཟུང་གིས་ཡི་གེའི་གྲངས་སུ་བསྒྱུར། །ཨུདྡྷིཥྛ་ཡི་ཨངྐའི་མཐའ། །ཉིས་འགྱུར་ཡང་བའི་བྱ་བ་བསྡུ། །ཞེས་པ་སྟེ། འདི་ལ་རྟོགས་བྱེད་གསུམ་ལས། དང་པོ་གཟུགས་ཡིག་ཞིག་བྲིས་ལ། དེ་གཉིས་ཀྱི་ལན་ཡི་གེའི་གྲངས་སུ་བསྒྱུར་བ་སྟེ། ཡི་གེ་གཅིག་པ་ལ་ལན་གཅིག །གཉིས་པ་ལ་གཉིས། གསུམ་པ་ལ་གསུམ་སོགས་བསྒྱུར་བ་སྟེ་རྟོགས་བྱེད་གཅིག །གཉིས་པ་ཨུདྷི་ཥྛ་སྐབས་སུ་གཅིག་གཉིས་བཞི་བརྒྱད་སོགས་རིམ་པར་བྲིས་པའི་ཨངྐི་རྗེས་མ་ཉིས་འགྱུར་དུ་བྱས་པ་སྟེ། དཔེར་ན་ཡི་གེ་བཞི་བ་ལ་མཐའི་ཨངྐི་བརྒྱད་ཉིས་འགྱུར་དུ་བྱས་པས་བཅུ་དྲུག་འབྱུང་བ་ལྟ་བུའོ། །གསུམ་པ་ཡང་བར་བྱ་བའི་སྐབས་ཀྱི་ཡང་མེད་ལ་སོགས་པའི་གྲངས་རྣམས་བསྡུས་པ་སྟེ་ཡི་གེ་བཞི་བ་ལ་གཅིག་བཞི་དྲུག་བཞི་གཅིག་རྣམས་བསྲེས་པས་བཅུ་དྲུག་འབྱུང་བ་ལྟ་བུའོ། །ཡི་གེ་ལྕི་ཡང་ཕྱི་མོ་རྣམས་ཀྱི་གྲངས་རྟོགས་བྱེད་ནི། །དང་པོ་སྤྱིར་རྣམ་གྲངས་དུ་ཡོད་པ་ཡི་གེའི་གྲངས་ཀྱིས་བསྒྱུར་བ་ཡི་གེ་སྟེ། དཔེར་ན་ཡི་གེ་བཞི་བཞི་བ་ལ་རྣམ་གྲངས་བཅུ་དྲུག་ཉིད་ཡི་གེ་བཞིས་བསྒྱུར་བས་དྲུག་ཅུ་རྩ་བཞི་འབྱུང་བ་ལྟ་བུ། གཉིས་པ་ཡི་གེའི་གྲངས་དེ་ཉིད་གཉིས་ཀྱིས་བགོས་པས་ལྕི་ཡང་རེ་རེའི་གྲངས་ཏེ་དཔེར་ན་ཡི་གེ་བཞི་པ་ལ་ཡིག་གྲངས་དྲུག་ཅུ་རྩ་བཞི། དེ་ཉིད་གཉིས་ཀྱིས་བགོས་པས་སུམ་ཅུ་རྩ་གཉིས་འབྱུང་བ། ཡང་བ་སོ་གཉིས་དང་ལྕི་བ་སོ་གཉིས་རེ་ཡོད་པ་ལྟ་བུའོ། །གསུམ་པ་ཡི་གེའི་རྣམ་གྲངས་དང་ལྕི་ཡང་གི་གྲངས་གཉིས་ཀ་བསྡོམས་པ་ཕྱི་མོའི་གྲངས་ཏེ་དཔེར་ན་དྲུག་ཅུ་རྩ་བཞི་དང་སུམ་ཅུ་རྩ་གཉིས་པ་བསྡོམས་པས་དགུ་བཅུ་རྩ་དྲུག་འབྱུང་བ་ལྟ་བུའོ། །དྲུག་པ་ཨ་ངྷྭ་ནི་པྲསྟཱར་བཀོད་པའི་ཕྲེད་དང་འོག་ཏུ་ཆུ་ཞེང་ཅི་ཙམ་ཡོད་བརྟག་པ་སྟེ་འཕྲེད་དུ་ཅི་ཙམ་ཡོད་བརྟག་ལ་ཡི་གེའི་གྲངས་གཉིས་ཀྱིས་བསྒྱུར་ཏེ་གཅིག་འཕྲི་བ་དཔེར་ན་ཡི་གེ་བཞི་བ་ལ་བཞི་གཉིས་ཀྱིས་བསྒྱུར་བས་བརྒྱད་བྱུང་བ་ལ་གཅིག་འཕྲི་བས་བདུན་བྱུང་བ་ལྟ་བུའོ། །འོག་ཏུ་བྲྀཏྟ་དུ་ཡོད་གཉིས་ཀྱིས་བསྒྱུར་ནས་གཅིག་ཕྲི་བ་དཔེར་ན་བྲྀཏྟ་བཅུ་དྲུག་ཉིད་གཉིས་ཀྱིས་བསྒྱུར་ནས་གཅིག་ཕྲི་བས་སོ་གཅིག་འབྱུང་བ་ལྟ་བུའོ། །དེ་ཡན་ཆད་དྲུག་ནི་བྲྀཏྟ་རྣམས་ལ་རྟོགས་བྱེད་ཡིན་ལ་ཕྱི་མ་བྲྀཏྟ་དང་ཛ་ཏཱི་ཐམས་ཅད་ལ་རྟོགས་བྱེད་དུ་འགྱུར་བ་ནི་གཅིག་སྟེ། འདི་ལ་ལྕི་བ་རྟོགས་བྱེད་ཡང་རྟོགས་བྱེད་ཡི་གེ་རྟོགས་བྱེད་ཕྱི་མོ་རྟོགས་བྱེད་དང་བཞིའི་རེ་རེ་ལ་ཡང་གསུམ་རེ་སྟེ། དང་པོ་ལྕི་བ་རྟོགས་བྱེད་གསུམ་ནི། དཔེར་ན་ཡི་གེ་དྲུག་པའི་དབུས་ཕྲ་ལྟ་བུ་ལ་ཤློ་ཀ་གཅིག་ལ་ཡི་གེ་ཉེར་བཞི། ཡང་བ་བརྒྱད། ཕྱི་མོ་བཞི་བཅུ་ཡོད་པ་ལས་ཡང་བ་བརྒྱད་ཀྱིས་ཡི་གེ་ལ་ཕྲི་བའི་ལྷག་མ་ལྕི་བ་དང་། ཡང་ན་ཕྱི་མོ་བཞི་བཅུའི་ནང་ནས་ཡང་བ་བརྒྱད་དོར་ལྷག་སོ་གཉིས་འབྱུང་བ་གཉིས་ཀྱིས་བགོས་པའི་ནོར་དང་། ཡང་ན་ཕྱི་མ་བཞི་བཅུའི་ནང་ནས་ཡི་གེ་ཉེར་བཞི་ཕྲི་ལྷག་གསུམ་ཀ་བཅུ་དྲུག་རེ་འབྱུང་བས་ན་ལྕི་བའི་གྲངས་ཡིན་ཏེ་ལྕི་བ་རྟོགས་བྱེད་གསུམ། ཡང་བ་རྟོགས་བྱེད་གསུམ་ནི། ལྕི་བ་ཉིས་འགྱུར་སོགས་སྟེ། ལྕི་བ་ཉིས་འགྱུར་དུ་བྱས་པ་སོ་གཉིས་ཀྱིས་ཕྱི་མོ་བཞི་བཅུ་ལ་ཕྲི་ལྷག་བརྒྱད། ཡི་གེ་ཉེར་བཞི་ཉིས་འགྱུར་ཞེ་བརྒྱད་ལ་ཕྱི་མོ་བཞི་བཅུ་ཕྲི་ལྷག་ཀྱང་བརྒྱད། ཡི་གེ་ཉེར་བཞི་ལ་ལྕི་བ་བཅུ་དྲུག་གིས་ཕྲི་ལྷག་ཀྱང་བརྒྱད་ཡིན་པ་སྟེ། ཡང་བ་རྟོགས་བྱེད་གསུམ། ལྕི་བ་དྲུག་དང་ཡང་བ་བརྒྱད་བསྡོམས་པ་ཉེར་བཞི་དང་། ཕྱི་མོ་བཞི་བཅུ་ལས་ལྕི་བ་བཅུ་དྲུག་ཕྲི་ལྷག་ཀྱང་ཉེར་བཞི། ཕྱི་མོ་བཞི་བཅུ་དང་ཡང་བ་བརྒྱད་བསྡོམས་ཏེ་ཕྱེད་དུ་བཅད་པ་ཡང་ཉེར་བཞི་སྟེ་ཡི་གེ་རྟོགས་བྱེད་གསུམ། ལྕི་བ་ཉིས་འགྱུར་སོ་གཉིས་ལ་ཡང་བ་བརྒྱད་བསྲེས་པས་བཞི་བཅུ་དང་ཡི་གེ་ཉིས་འགྱུར་ཞེ་བརྒྱད་ལས་ཡང་བ་བརྒྱད་དོར་ལྷག་ཀྱང་བཞི་བཅུ། ཡི་གེ་ཉེར་བཞི་ལ་ལྕི་བ་བཅུ་དྲུག་བསྲེས་པ་ཡང་བཞི་བཅུ་སྟེ་ཕྱི་མོ་རྟོགས་བྱེད་གསུམ་མོ། །དེ་ལྟར་ངོ་མཚར་བའི་སྦྱོར་བ་དག་གིས་ལེགས་པར་བརྟགས་ནས་སྡེབ་སྦྱོར་གྱི་ཁ་བྱང་རྒྱས་པར་འདེབས་པ་དཔེར་ན་དབུས་ཕྲ་ལྟ་བུ་ལ་མཚོན་ན། སྡེབ་སྦྱོར་མཉམ་པའི་བྲྀཏྟ་ཡི་གེ་དྲུག་པ་ལ་སྤྱིར་རྣམ་གྲངས་དྲུག་ཅུ་རྩ་བཞི། ཡི་གེ་སུམ་བརྒྱ་དང་བརྒྱད་ཅུ་རྩ་བཞི། ལྕི་ཡང་སོ་སོར་བརྒྱ་གོ་གཉིས་རེ། ཕྱི་མོ་ལྔ་བརྒྱ་དང་བདུན་ཅུ་རྩ་དྲུག །ཨ་དྷཱ་ཕྲེད་དུ་བཅུ་གཅིག །འོག་ཏུ་བརྒྱ་ཉེར་བདུན་འགྲོ་བས་ནང་གསེས་ཡང་བ་མེད་པ་གཅིག །གཅིག་ཡང་བ་དྲུག །གཉིས་ཡང་བ་བཅོ་ལྔ། གསུམ་ཡང་བ་ཉི་ཤུ། བཞི་ཡང་བ་བཅོ་ལྔ། ལྔ་ཡང་བ་དྲུག །ཐམས་ཅད་ཡང་བ་གཅིག་རྣམས་ཡོད་པ་ལས་བྱེ་བྲག་རྣམ་གྲངས་བཅུ་གསུམ་པ་གཉིས་ཡང་བའི་མཚམས་ནས་ཟིན་ཅིང་། ཤློ་ཀ་གཅིག་ལ་ལྕི་བ་བཅུ་དྲུག །ཡང་བ་བརྒྱད། ཡི་གེ་ཉི་ཤུ་རྩ་བཞི། ཕྱི་མོ་བཞི་བཅུ་ཡོད་པ་དབུས་ཕྲ་ཞེས་བྱ་བའི་པྲསྟཱ་རས་མཛེས་པར་སྤྲས་པའམ། དེ་ལས་ཅུང་ཟད་བསྡུས་ན་ཡང་བའི་རྣམ་གྲངས་དོར་བ་དང་། དེ་ལས་ཀྱང་བསྡུས་ན། སྡེབ་སྦྱོར་རྐང་བཞི་མཉམ་པའི་བྲིཏྟ་ཡི་གེ་དྲུག་པ་དབྱངས་སྒྲོགས་ལ་སྤྱིར་རྣམ་གྲངས་དྲུག་ཅུ་རྩ་བཞི་ཡོད་པ་ལས་བྱེ་བྲག་བཅུ་གསུམ་པ་དབུས་ཕྲའི་པྲསྟྲ་རའོ་ཞེས་པ་ལྟ་བུ་ཅི་རིགས་འགོད་པར་བྱའོ། །ཡང་ཡི་གེ་བཅུ་གཅིག་པའི་སྐབས་སུ་ཉེར་བསྐྱེད་བརྟག་པའི་ཚིགས་སུ་བཅད་པ། ཉེར་བསྐྱེད་ཉེ་བར་བརྟག་པའི་ཕྱིར། །གཅིག་གཉིས་བཞི་བརྒྱད་ཨངྐིའི་འོག །ཨི་ཡིག་བཞི་བྲིས་དེ་འོག་ཏུ། །ཨང་གྲངས་དང་མཚུངས་ཨི་དང་ཨུ། །མཐའ་དག་ཨུ་ཡིག་གྱུར་བར་སྤེལ། །ཨི་ཡིག་ཨིནྡྲ་བཛྲ་སྟེ། །ཨུ་ཡིག་ཨུ་མིནྡྲ་བཛྲ། །བར་རྣམས་ཉེར་བསྐྱེད་བཅུ་བཞིའོ། །ཤུབྷཾ། དཔལ་སྤྲུལ་པས་སོ།། །།}} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} | ||
<headertabs/> | <headertabs/> |
Latest revision as of 15:08, 3 June 2024
🚧 This website is under continued development. We appreciate your patience!
Wylie title | sdeb sbyor gyi man ngag rin chen phreng ba | |
---|---|---|
Location | dpal sprul bka' 'bum Volume 1, Text 21, Pages (Folios to ) | |
Author | དཔལ་སྤྲུལ་རིན་པོ་ཆེ་ | |
Less details More details | ||
Citation | ||
Genre | Pith Instructions - man ngag | |
Colophon |
དཔལ་སྤྲུལ་པས་སོ།། | |
dpal sprul pas so// |