DKYD-KABUM-06-CHA-025: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
Line 7: Line 7:
|author=Mdo mkhyen brtse
|author=Mdo mkhyen brtse
|authortib=མདོ་མཁྱེན་བརྩེ་
|authortib=མདོ་མཁྱེན་བརྩེ་
|citation=
|sourcerevealer=Mdo mkhyen brtse
|sourcerevealertib=མདོ་མཁྱེན་བརྩེ་
|terma=Yes
|language=Tibetan
|language=Tibetan
|volnumtib=༦
|volyigtib=ཆ
|pagestatus=Temporary stub only
|pagestatus=Temporary stub only
|volumenumber=06
|volumenumber=06

Revision as of 12:06, 27 June 2024

Wylie title
Location mdo mkhyen brtse bka' 'bum
Volume 6, Text 25, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre
[edit]
༄༅། །ཡང་གསང་ཐུགས་ཐིག་ཆ་ལག་ལསཿ ཆབ་གཏོར་བདུད་རྩིའི་རྒྱ་མཚོ་བཞུགསཿ «རྒྱལ་ཀུན་འདུས་པའི་ངོ་བོ་བླ་མ་དང་ཿ དབྱེར་མེད་སྡུག་བསྔལ་འཁོར་བ་དོང་སྤྲུགས་མགོནཿ སྙིང་རྗེའི་རང་གཟུགས་འཕགས་མཆོག་པད་དཀར་འཆང་ཿ སྤྱན་རས་གཟིགས་དབང་མཆོག་ལ་གུས་བཏུད་དེཿ གཏོར་མའི་མཆོད་སྦྱིན་བདུད་རྩིའི་རྒྱ་མཚོ་བསྟནཿ དེ་ཡངམཆོད་སྦྱིན་གཏོར་མ་འབུལ་བར་འདོད་ནཿ གཙང་མའི་སྣོད་གས་ཆག་མེད་པར་ ཆུ་གཙང་ཿ ཟན་གྱི་རིལ་བུའམ་ཡོས་ཁྲཿ བཟེད་ཞལཿ ཏིང་ཏིང་ཤག་སོགས་འདུ་བྱསཿ སྐྱབས་སེམས་སྔོན་དུ་འགྲོ་བཿ» ཨོཾ་སྭ་བྷ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷ་ཝ་ཤུདྡྷོ་྅ཧཾཿ སྟོང་པའི་ངང་ལས་སྣ་ཚོགས་པད་ཟླའི་གདནཿ མཛེས་པའི་དབུས་སུ་ཧྲཱི༔ཡིག་ཡོངས་གྱུར་ལསཿ རང་ཉིད་འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགསཿ དམར་གསལ་པདྨ་རཱ་གའི་ལྷུན་པོ་ལཿ ཉི་མ་འབུལ་གྱི་འཁྱུད་པའི་གཟི་བརྗིད་ཅནཿ བཞེངས་སྟབས་ཞལ་གཅིག་འཛུམ་བའི་ཉམས་དང་ལྡནཿ ཕྱག་གཡས་མཆོག་སྦྱིན་རིལ་བ་སྤྱི་བླུགས་བསྣམསཿ གཡོན་པས་པད་རག་ཕྲེང་འཛིན་ཡིག་དྲུག་གསུང་ཿ སྤྱི་གཙུག་ཨ་མི་དྷེ་ཝའི་དབུ་ཡིས་བརྒྱནཿ དར་དཔྱངས་སྟོད་གཡོགས་སྨད་དཀྲིས་རིན་རྒྱན་སྤྲསཿ ཐུགས་ཀར་ཟླ་སྟེང་ཧྲཱིཿཡིག་ཡིག་དྲུག་བསྐོརཿ འོད་ཀྱིས་མཆོད་ཡུལ་མཉེས་བྱས་འགྲོ་དྲུག་གིཿ སྡིག་སྒྲིབ་སྦྱང་ཞིང་རྣམ་དག་ཞིང་བཀོད་གྱུརཿ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ «བརྒྱ་རྩ་བརྒྱད་བགྲངས་མགྲོན་རིགས་གསལ་གདབ་པཿ» མདུན་དུ་རྣམ་པར་སྣང་མཛད་གངས་ཆེན་མཚོའི༔ སྤྱི་མགྲིན་དཀོན་མཆོག་སྲི་ཞུའི་མགྲོན་རྣམས་དང་ཿ ཐུགས་ཀར་ལྟེ་བར་མགོན་པོ་ཡོན་ཏན་མགྲོནཿ སྐུ་སྨད་རིགས་དྲུག་སྙིངརྗེའི་མགྲོན་རྣམས་དངཿ པད་གདན་བགེགས་རིགས་ལན་ཆགས་མགྲོན་ཀུན་གསལཿ འཕགས་མཆོག་ཐུགས་ལས་བྷྲུྃ་ཡིག་ལྔ་ལྡན་འཕྲོསཿ སྟོང་གསུམ་དང་མཉམ་ཟབ་ཡངས་རིན་ཆེན་སྣོདཿ འབྲུ་གསུམ་འོད་ཞུས་བདུད་རྩིའི་རྒྱ་མཚོ་ཆེཿ འདོད་ཡོན་ལྔ་ལྡན་ནམ་མཁའ་མཛོད་དུ་གྱུརཿ« དང་པོ་སྔོན་རྒྱུག་ཁ་འབར་མ་དང་ཿ འཇུ་བགེགས་ལ་བསྔོ་བ་ནི་ཆུ་སྤྲེང་ལཿ »ཨོཾ་ཨཱཿ་ཧཱུྃཿ «ལན་གསུམཿ» བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོཿ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོཿ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོཿ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོཿ ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམ་བྷ་ར་སམ་བྷ་ར་ཧཱུྃཿ «ལན་འདུནཿ» གཏོར་མ་ཡེ་ཤེས་བདུད་རྩིའི་རྒྱ་མཚོ་འདིཿ ཡི་དྭགས་རྒྱལ་པོ་ཁ་ལ་མེ་འབར་མཿ འཇུར་གེགས་གཟི་བརྗིད་ཅན་དང་ལུས་སྲུལ་པོཿ གནོད་སྦྱིན་མེ་དགུ་འཆང་བ་བཅས་ལ་འབུལཿ སོ་སོའི་སྡུག་བསྔལ་ཀུན་དང་བྲལ་གྱུར་ཅིགཿ «གཉིས་པ་སྲི་ཞུའི་མགྲོན་ལ་འབུལཿ» ཨོཾ་ཨཱཿ་ཧཱུྃ༔ «ལན་གསུམཿ» ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམ་བྷ་ར་ས་མ་བྷ་ར་ཧཱུྃཿ «ཉེར་གཅིགཿ» གཏོར་མ་འདོད་ཡོན་བདུད་རྩིའི་རྒྱ་མཚོ་འདིཿ སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་སྡེཿ རྩ་གསུམ་ཉན་ཐོས་རང་རྒྱལ་ཚོགས་རྣམས་དང་ཿ དཀོན་མཆོག་སྲི་ཞུའི་མགྲོན་གྱུར་རྣམས་ལ་འབུལཿ ཚོགས་རྫོགས་སྒྲིབ་དག་དངོས་གྲུབ་ཐོབ་པར་ཤོགཿ «གསུམ་པ་ཡོན་ཏན་མགྲོན་ལ་འབུལཿ» ཨོཾ་ཨཱཿ་ཧཱུྃཿ« ལན་གསུམཿ »ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམ་བྷ་ར་སམ་བྷ་ར་ཧཱུྃཿ «ཉེར་གཅིགཿ »གཏོར་མ་འདོད་ཡོན་བདུད་རྩིའི་རྒྱ་མཚོ་འདིཿ མ་མགོན་གཟའ་དམ་དཔལ་མགོན་བདུན་ཅུ་ལྔཿ དཀར་སྐྱོང་དྲེགས་པ་སྡེ་བརྒྱད་ལྷ་ཀླུ་གཉན༔ མགོན་པོ་ཡོན་ཏན་མགྲོན་གྱུར་ཀུན་ལ་འབུལ༔ སངས་རྒྱས་བསྟན་སྲུང་ཕྲིན་ལས་རྣམ་བཞི་སྒྲུབཿ «བཞི་བ་སྙིང་རྗེའི་མགྲོན་ལ་བསྔོཿ» ཨོཾ་ཨཱཿ་ཧཱུྃཿ «ལན་གསུམཿ» བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོཿ བཅོམ་ལྡན་འདས་དེ་བཞིན་གཤེགས་བ་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོཿ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོཿ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཇིགས་བ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོཿ ན་མཿ སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམ་བྷ་ར་སམ་བྷ་ར་ཧཱུྃཿ «ཉེར་གཅིགཿ» གཏོར་མ་འདོད་ཡོན་བདུ་རྩིའི་རྒྱ་མཚོ་འདིཿ དམྱལ་བ་ཡི་དྭགས་དུད་འགྲོ་ལྷ་མ་ཡིནཿ ལྷ་དང་མིར་གྱུར་སྐྱེ་གནས་རྣམ་བཞིས་བསྡུསཿ སྡུག་བསྔལ་དུ་མས་གཟིར་ཞིང་ཉམ་ཐག་འགྲོཿ རིགས་དྲུག་སྙིང་རྗེའི་ཡུལ་གྱུར་མགྲོན་ལ་བསྔོཿ སྡུག་བསྔལ་ཀུན་བྲལ་བདེ་ཆེན་མཆོག་ཐོབ་ཤོགཿ «ལྔ་པ་ལན་ཆགས་མགྲོན་ལ་བསྔོཿ» ཨོཾ་ཨཱཿ་ཧཱུྃཿ «ལན་གསུམཿ» བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོཿ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོཿ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོཿ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོཿ ན་མཿ སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷུ་ར་སཾ་བྷ་ར་ཧཱུྃཿ «ཉེར་གཅིགཿ »གཏོར་མ་འདོད་ཡོན་བདུད་རྩིའི་རྒྱ་མཚོ་འདིཿ ཚེ་རབས་ཐོག་མ་མེད་ནས་ད་ལྟའི་བརཿ སྲོག་ལུས་དབང་ཐང་རླུང་རྟ་ལན་ཆགས་ཤིངཿ བསོད་ནམས་ལོངས་སྤྱོད་བུ་ལོན་མ་འཁོར་བའིཿ བགེགས་རིགས་ལན་ཆགས་མགྲོན་གྱུར་ཡོངས་ལ་བསྔོཿ གནོད་སེམས་ཀུན་ཞི་བྱང་ཆུབ་སེམས་ལྡན་ཤོགཿ« དྲུག་པ་ལྷག་མའི་མགྲོན་ལ་བསྔོཿ» ཨོཾ་ཨཱ་ཧཱུྃཿ «ལན་གསུམཿ »བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོཿ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོཿ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོཿ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་བྲལ་བ་ལ་ཕྱག་འཚལ༵་ལོཿ ན་མཿ སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར། སཾ་བྷ་ར་ཧཱུྃཿ ཉེར་གཅིགཿ གཏོར་མ་འདོད་ཡོན་བདུད་རྩི་རྒྱ་མཚོ་འདིཿ ལྷག་ལ་དབང་བ་ཁས་ཞན་དབང་ཆུང་ཞིངཿ གཙོ་བོའི་རྗེས་འབྲང་གློ་བུར་ལྷག་པའི་མགྲོནཿ ཐེའུ་རང་ས་སྲིན་གྲོང་རྒྱུག་འདྲེ་མོར་བཅསཿ རེ་ཞིང་ལྟོས་པའི་མགྲོན་རིགས་ཀུན་ལ་སྦྱིནཿ འདོད་ཡོན་མི་ཟད་གཏེར་ལ་ལོངས་སྤྱོད་ཤོགཿ« ཡི་དྭགས་ཆུ་སྦྱིན་ནིཿ ཆུ་གཙང་སྤྲེང་ལཿ »བདག་ཉིད་ཐུགས་རྗེ་ཆེན་བོའི་ཕྱག་སོར་ལསཿ ཡེ་གེར་འོ་མའི་ཆུ་རྒྱུན་བབ་པ་ཡིསཿ ཡི་དྭགས་གང་གཱི་ཀླུང་གི་བྱེ་མ་སྙེདཿ ངོམ་ཞིང་ཚིམ་ནས་བདེ་ཆེན་མཆོག་ཐོབ་ཤོགཿ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ« ལན་ཉེར་གཅིགཿ» ཨོཾ་ཨཱཿཧྲཱི༔་ཧཱུྃཿ« ལན་བདུནཿ» ཨོཾ་ཛྭ་ལ་མེ་ཏཾ་སརྦ་པྲེ་ཏ་བྷྱེ་སྭཱ་ཧཱཿ «བར་དོའི་ཆུ་སྦྱིན་ནིཿ »ན་མོ་རཏྣ་ཏྲ་ཡཱ་ཡཿ ཨོཾ་ཀཱཾ་ཀ་ནི་ཀཱཾ་ཀ་ནིཿ རོ་ཙ་ནི་རོ་ཙ་ནིཿ ཏྲོ་ཊ་ནི་ཏྲོ་ཊ་ནིཿ དྲ་ས་ནི་དྲ་ས་ནིཿ པྲ་ཏི་ཧ་ན་པྲ་ཏི་ཧ་ནཿ སརྦ་ཀརྨཱ་པ་རཾ་པ་ར་ཎི་མེ་སརྦ་ས་ཏྭ་ནཉྩ་སྭཱ་ཧཱཿ བར་དོའི་འགྲོ་བ་སྤྱི་དང་ཁྱད་པར་དུཿ སྡུག་བསྔལ་ཉམ་ཐག་གྱུར་པའི་འབྲེལ་ཐོགས་རིགསཿ ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་འདིས་ཚིམ་ཞིང་ཿ གནས་སྐབས་འཇིགས་སྐྲག་སྡུག་བསྔལ་ཀུན་ཐལ་ཞིང་ཿ མཐར་ཐུག་ངན་སོང་སྐྱེ་སྒོ་ཆོད་པར་ཤོགཿ «བཤལ་ཆུ་བསྒོ་བ་ནིཿ »བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོཿ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོཿ བཅོམ་ལྡན་འདས་དེ་བཞིན་གསེགས་བ་སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོཿ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚ་ལོཿ ཨོཾ་ཨུཥྩི་ཊ་བྷི་ན་ཏྲ་སརྦ་པྲེ་ཏ་བྷྱེ་སྭཱ་ཧཱཿ བཤལ་ཆུའི་མགྲོན་གྱུར་ཡོངས་ལ་བདུད་རྩིའི་ཆབཿ བསྔོའོ་སྦྱིན་ནོ་ངོམ་ཞིང་ཚིམ་གྱུར་ནསཿ གནས་སྐབས་བདེ་སྐྱིད་དཔལ་ལ་ལོངས་སྤྱོད་ཅིང་ཿ མཐར་ཐུག་འཕགས་པའི་གདུལ་བྱར་འགྱུར་བར་ཤོགཿ «ཆོས་ཀྱི་སྦྱིན་པ་ནིཿ» ན་མོ་ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་ཿ དེ་རྒྱུ་དེ་བཞིན་གཤེགས་པས་བསྟནཿ རྒྱུ་ལ་འགོག་པ་གང་ཡིན་བཿ དགེ་སྦྱོང་ཆེན་པོས་འདི་སྐད་གསུངསཿ སྡིག་པ་ཅི་ཡང་མི་བྱ་ཞིང་ཿ དགེ་བ་ཕུན་སུམ་ཚོགས་པར་སྤྱདཿ རང་གི་སེམས་ནི་ཡོངས་སུ་འདུལཿ འདི་ནི་སངས་རྒྱས་བསྟན་པ་ཡིནཿ ལུས་ཀྱི་སྡོམ་པ་ལེགས་པ་སྟེཿ ངག་གི་སྡོམ་པ་ལེགས་པ་ཡིནཿ ཡིད་ཀྱི་སྡོམ་པ་ལེགས་པ་སྟེཿ ཐམས་ཅད་དུ་ནི་སྡོམ་པ་ལེགསཿ ཐམས་ཅད་སྲུང་བའི་དགེ་སྤྱོང་དགཿ སྡུག་བསྔལ་ཀུན་ལས་རྣམ་པར་གྲོལཿ ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེཿ དག་ཅིང་གསལ་ལ་རྙོགས་པ་མེདཿ གཟུང་དུ་མེད་ཅིང་བརྗོད་དུ་མེདཿ རྒྱུ་དང་ལས་ལ་ཀུན་ཏུ་འབྱུང་ཿ ངོ་བོ་ཉིད་མེད་གནས་མེད་པཿ དེ་ལྟར་ཆོས་རྣམས་ཤེས་གྱིས་ལཿ སེམས་ཅན་དོན་ནི་ཉམས་མེད་བྱོསཿ འོན་ཀྱང་སྐྱོབ་པའི་སྲས་སུ་སྐྱེསཿ སྦྱིན་པ་རྒྱ་ཆེན་གྱུར་བ་འདི་ཡི་མཐུསཿ འགྲོ་བ་རྣམས་ནི་རང་བྱུང་སངས་རྒྱས་རྒྱུཿ སྔོན་ཚེ་རྒྱལ་བ་རྣམས་ཀྱིས་མ་བསྒྲལ་བརཿ སྐྱེ་དགུའི་ཚོགས་རྣམས་སྦྱིན་པས་གྲོལ་གྱུར་ཅིགཿ འབྱུང་པོ་གང་དག་འདིར་ནི་ལྷག་གྱུར་ཏམཿ སའམ་འོན་ཏེ་བར་སྣང་འཁོད་ཀྱང་རུང་ཿ སྐྱེ་རྒུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང་ཿ ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོགཿ «བཟོད་གསོལ་ནིཿ»མ་འབྱོར་པ་དང་ཉམས་པ་དང་ཿ གང་ཡང་བདག་རྨོངས་བློ་ཡི་ནིཿ མ་ལྕོགས་འཁྲུལ་པ་ཅི་མཆིས་པཿ དེ་ཀུན་བཟོད་པར་མཛད་དུ་གསོལ«ཿ ཡིག་བརྒྱ་ཚར་གཅིག་བརྗོདཿ གཤེགས་གསོལ་ནི༔» ཨོཾ ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛདཿ རྗེས་སུ་མཐུན་པའི་དངོས་གྲུབ་སྩོལཿ སོ་སོའི་ཡུལ་དུ་གཤེགས་ནས་ཀྱང་ཿ སླར་ཡང་འབྱོན་པར་མཛད་དུ་གསོལཿ འབྱུང་པོ་ས་འོག་རྒྱུ་བ་དང་ཿ གང་ཡང་ས་སྟེང་འཁོད་པ་དང་ཿ ས་བླར་རྒྱུ་བ་གང་ཡིན་པཿ མགུ་བར་གྱིས་ལ་རང་གནས་སུཿ ཐམས་ཅད་ཐ་དད་འགྲོ་བར་གྱིསཿ སརྦ་བྷུ་ཏ་གཙྪཿ «བསྡོ་སྨོན་མཐའ་བརྒྱ་བྱའོཿ མཆོད་སྦྱིན་གཏོར་མ་འབུལ་བའི་རིམ་པ་འདིཿ རྣལ་འབྱོར་བློ་གསལ་དབང་མོས་བཀའ་བསྐུལ་བཞིནཿ ཡང་གསང་མཁའ་འགྲོ་ཐུགས་ཐིག་ཆ་ལག་ཏུཿ བདེ་བའི་རྡོ་རྗེ་ཁྲག་འཐུང་དཔའ་བོས་སྨྲསཿ ཡི་གེ་འདུ་བྱེད་རིག་པའི་ཡེ་ཤེས་སོཿ འབྲེལ་ཚད་དོན་ལྡན་བྱང་ཆུབ་རྒྱུར་གྱུར་ཅིགཿ