DKYD-KABUM-03-GA-038: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
Line 7: Line 7:
|author=Mdo mkhyen brtse
|author=Mdo mkhyen brtse
|authortib=མདོ་མཁྱེན་བརྩེ་
|authortib=མདོ་མཁྱེན་བརྩེ་
|citation=
|sourcerevealer=Mdo mkhyen brtse
|sourcerevealertib=མདོ་མཁྱེན་བརྩེ་
|terma=Yes
|language=Tibetan
|language=Tibetan
|volnumtib=༣
|volyigtib=ག
|pagestatus=Temporary stub only
|pagestatus=Temporary stub only
|volumenumber=03
|volumenumber=03

Revision as of 12:09, 21 June 2024

Wylie title
Location mdo mkhyen brtse bka' 'bum
Volume 3, Text 38, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre
[edit]
༄༅། །དམ་པའི་གསང་ཆོས་བཅུ་གསུམ་ལསཿ མེ་མཆོད་དངོས་གྲུབ་ཀུན་འབྱུང་བཞུགསཿ

«༄༅། །ཌཱཀྐི་མ་ལ་གུས་པས་འདུདཿ མེ་ནང་མཁའ་འགྲོ་མཆོད་པའི་ཐབསཿ ཐབ་དཀྱིལ་བམ་དང་འཇའ་ཚོན་རིསཿ ལྕི་བ་སྲོག་ཆགས་མེད་པའམཿ དུག་ཤིང་མ་གཏོགས་ཤིང་གང་རུངཿ གནས་དང་མཐུན་པར་རྩིགས་པའམཿ སྤྲོས་མེད་ཐབ་དང་སོལ་མེའང་རུངཿ འབྲུ་སྣ་ཟས་སྣ་མེ་ཏོག་སོགསཿ ཅི་འབྱོར་བ་ཡི་རྫས་རྣམས་བསགསཿ འོ་མའམ་ནི་ཆང་གིས་སྤགསཿ སྤྲོས་མེད་རྫས་གཅིག་དག་གིས་རུངཿ འོ་མ་ཅན་གྱི་ཡམ་ཤིང་ནིཿ རང་གི་ལག་གཡོན་སོར་ལྔའི་ཚདཿ འབྲུ་མར་རྩི་མར་གང་རུང་བཅསཿ འདུ་བྱས་བདག་བསྐྱེད་བཟླས་པའི་མཐརཿ »ཨོཾ་ཀརྨ་ཌཱཀྐི་ནི་ཧཱུྃ་ཕཊཿ ཨོཾ་སྭཱ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭཱ་བྷ་ཝ་ཤུདྡྷོ་྅ཧྃ༔ ཆོས་རྣམས་སྟོང་པའི་ངང་ཉིད་ལས༔ ཨཱཿལས་བྷནྡྷའི་སྣོད་ཡངས་པོར༔ བསྲེགས་རྫས་བདུད་རྩིའི་རང་བཞིན་ལ༔ རྫས་རྣམས་རང་རང་ནུས་ལྡན་གྱུར༔ ཨོཾ་ཨཱ༔ཧཱུྃ་ཧ་ཧོ་ཧྲཱི༔ མེ་སྦར་ཞིང༔ རཾ༔ གོས་དཀར་པདྨ་མཁའ་འགྲོ་མ༔ དམ་ཚིག་ལས་མེའི་བརྟུལ་ཞུགས་དང༔ འགྲོགས་པའི་ཡེ་ཤེས་ལྔ་ལྡན་མེ༔ འཇའ་འོད་འཁྱིལ་བའི་མཁའ་ཀློང་དུ༔ ཡེ་ཤེས་དབྱིངས་ཀྱི་མ་གཅིག་མ༔ བདེ་བ་བཟང་མོ་དཀར་དམར་མདངས༔ མཁའ་འགྲོའི་ཆས་རྫོགས་གྲི་གུག་དང༔ བྷནྡྷ་བདུད་རྩིས་བཀང་བ་བསྣམས༔ ཞབས་གཉིས་དཔའ་མོའི་རོལ་སྟབས་བཞུགས༔ སྤྱི་བོར་དམ་པ་རྒྱ་གར་ནི༔ བརྟུལ་ཞུགས་ཧེ་རུ་ཀཱ་པའི་ཆས༔ སྣང་ལ་རང་བཞིན་མེད་པར་གསལ༔ གནས་གསུམ་འོད་ཀྱི་འཕྲོ་འདུ་ལས༔ ཡེ་ཤེས་ལྷ་ཚོགས་ས་མ་ཛ༔ དམ་ཚིག་པ་དང་དབྱེར་མེད་འདྲེས༔ སྤྲུལ་པའི་ལྷ་མོས་བརྡ་ཕྱག་འཚལཿ བདག་ལ་བརྩེ་བར་དགོངས་སུ་གསོལ༔ ཡབ་ཡུམ་ལྗགས་ལས་འོད་ཟེར་གྱིས༔ སྦུ་གུས་བསྲེགས་རྫས་བདུད་རྩིའི་རྒྱུན༔ དྲངས་ཤིང་གསོལ་བས་མཉེས་པར་གྱུརཿ ཨོཾ་ཏཱ་རེ་སུ་ཥ་གྷ་ཏྲ་སིདྡྷི་ཧཱུྃཿ« ལན་བདུན་བྱོན་སྐྱེམས་ཕུལ་བའི་མཐར༔ རྩ་བའི་སྔགས་ཀྱིས་ཡམ་ཤིང་སོགས༔ རྫས་རྣམས་གང་འདོད་ཕུལ་བར་བྱ༔ མཚམས་སུ་འདོད་དོན་གསོལ་བ་གདབ་པ༔ »བླ་མ་མཁའ་འགྲོ་དབྱེར་མེད་པའི༔ ཐུགས་ཀྱི་དགྱེས་པ་ཡོངས་བསྐངས་ནས༔ བུ་ལ་མཆོག་གི་དངོས་གྲུབ་བཅུད༔ ཐུན་མོང་ལས་བཞི་ལྷུན་གྲུབ་སྩོལ༔ «བྱེ་བྲག་སོ་སོའི་ཁ་སྒྱུར་ནི༔ »ཤིཾནྟ་ཀུ་རུ་སྭཱ་ཧཱཿ པུཥྟིཾ་ཀུ་རུ་ཧོཿ ཝ་ཤཾ་ཀུ་རུ་ཡེཿ མ་ར་ཡ་ཕཊཿ «ཏིང་འཛིན་དམིགས་པའི་འཕྲུལ་འཁོར་གྱིས༔ ལས་ཀུན་འགྲུབ་པར་ཐེ་ཚོམ་མེདཿ ཐ་མར་གཤེགས་སྐྱེམས་རྩ་སྔགས་ཤམ༔ »ཏཾ་འབུ་ལ་ཡེ་སྭཱ་ཧཱ༔« ཉེར་གཅིག་དག་གིས་ཇ་ཕུད་འབུལ༔ »ཧོ༔ བསྐྱེད་རྫོགས་གདེངས་དང་མི་ལྡན་ཞིང༔ རྫས་དང་ཡོ་བྱད་གཙང་སྦྲ་ཉམས༔ ཐེ་ཚོམ་ལོག་པར་ལྟ་བ་སོགས༔ མཐོལ་ལོ་བཤགས་སོ་དག་ཚངས་རྩོལཿ «ཡི་གེ་བརྒྱ་པ་ལན་གསུམ་བརྗོདཿ མཇུག་བསྡུ་བ་ནི༔ »མདུན་བསྐྱེད་རྟེན་དང་བརྟེན་པར་བཅས༔ འོད་དུ་ཞུ་ནས་རང་ལ་ཐིམ༔ མཆོག་ཐུན་དངོས་གྲུབ་ཀུན་ཐོབ་ཅིང༔ གཟི་བརྗིད་འོད་ཟེར་འབར་བར་གྱུར༔ མཁའ་འགྲོ་མ་ཡི་དཀྱིལ་འཁོར་དུ༔ སྦྱིན་སྲེག་མཆོད་པ་ཕུལ་བ་ཡིས༔ ཚོགས་རྫོགས་སྒྲུབ་པ་ཡོངས་དག་ཅིང༔ ཡེ་ཤེས་བླ་མའི་ས་ཐོབ་ཤོག༔ «བཀྲ་ཤིས་བརྗོད་ཅིང་མེ་ཏོག་མཐོར༔ མེ་མཆོད་དངོས་གྲུབ་ཀུན་འབྱུང་འདི༔ མདའ་ལ་མགྲོན་བུ་བརྒྱན་པ་བཞིན༔ ཤིན་ཏུ་རྣོ་མྱུར་ཡོན་ཏན་ལྡན༔ ད་ལྟ་རིགས་ཀྱི་བུ་ཉིད་དང༔ མ་འོངས་སྤྲུལ་པའི་དོན་དུ་བསྟན༔ རིན་ཆེན་བརྡ་རིས་དངོས་སུ་བཏབཿ ཌཱཀྐི་མ་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨིཐི༔ ཿ