DKYD-KABUM-07-JA-027: Difference between revisions
From Khyentse Lineage - A Tsadra Foundation Project
(Imported new text files with Wyckibaat for processing) |
No edit summary |
||
Line 1: | Line 1: | ||
༄༅། །གནས་བདག་ཆེན་པོ་བཞག་བྲ་ལྷ་རྩེའི་བསང་མཆོད་འདོད་དོན་མྱུར་འགྲུབ། གློག་གི་ཞགས་པ་ཞེས་བྱ་བ་བཞུགས་སོ། ། | {{Text | ||
|classification=Tibetan Publications | |||
|subclass=Tibetan Texts | |||
|collectiontitle=mdo mkhyen brtse bka' 'bum | |||
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ། | |||
|totalvolumes=8 | |||
|author=Mdo mkhyen brtse | |||
|authortib=མདོ་མཁྱེན་བརྩེ་ | |||
|citation= | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=07 | |||
|volumeLetter=JA | |||
|textnuminvol=027 | |||
|pdflink=File:DKYD-KABUM-07-JA-027.pdf | |||
|InitCategories=Khyentse Lineage Project; DKYD-KABUM-Volume-07-JA | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP|༄༅། །གནས་བདག་ཆེན་པོ་བཞག་བྲ་ལྷ་རྩེའི་བསང་མཆོད་འདོད་དོན་མྱུར་འགྲུབ། གློག་གི་ཞགས་པ་ཞེས་བྱ་བ་བཞུགས་སོ། ། | |||
«རྩ་བ་གསུམ་ལ་ཕྱག་འཚལ་ལོཿ འདིར་གནས་བདག་ཡུལ་ལྷ་ཆེན་མོ་བཞག་བྲ་ལྷ་རྩེ་ལ་བསང་མཆོད་བྱ་བར་འདོད་ནཿ ཕྱེ་མར་ཟས་ཕུད། དར་ཟབ་ཤིང་རྩི་བསྲེགསཿ དཀར་གཏོར་འ»བྲུ«་སྣས་བརྒྱན་པ་གཡག་ལུག་དར་གསུམ་གསེར་སྐྱེམས་བཤམསཿ རང་ཉིད་ལྷའི་ང་རྒྱལ་དང་ལྡན་པསཿ »རཾ་ཡཾ་ཁཾཿ བསང་དང་མཆོད་པས་མ་དག་ཉེས་སྐྱོན་དྲི་མའི་ཚོགས་དང་བཅས་པ་བསྲེགས་གཏོར་བཀྲུསཿ སླར་ཡང་འདོད་པའི་ལོངས་སྤྱོད་མི་ཟད་པ་འཕྲོ་བའི་གཏེར་ཆེན་པོ་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་མགྲོན་རྣམས་ཟག་མེད་དགྱེས་སྐོང་གི་དཔལ་དང་ལྡན་པར་གྱུརཿ ཨོཾ་ཨཱཿཧཱུྃཿ ཧ་ཧོ་ཧྲཱིཿ ཀྱཻ༔ འཇིག་རྟེན་དབང་ཕྱུག་སེམས་དཔའ་རྒྱལ་པོ་ཡིཿ བཀའ་དང་དམ་ལ་བཞག་པའི་ཟོ་དོར་ཆེཿ མདོ་སྨད་ས་ཡི་ཐིག་ལེར་གནས་བཅས་པཿ འཛམ་གླིང་དབང་སྒྱུར་གནོད་སྦྱིན་རྒྱལ་པོའི་སྲསཿ ཡུལ་ལྷ་མཐུ་ཆེན་རྡོ་རྗེ་ལས་དབང་རྩལཿ བརྗིད་ལྡན་གངས་རིར་ཉི་ཟེར་ཕོག་པའི་མདོགཿ དུང་ཁྲབ་དུང་རྨོག་འཁོར་གསུམ་གཡུ་ཕྲེང་བརྒྱནཿ གཡས་པས་བ་དན་དཀར་པོ་ནམ་མཁར་ཕྱརཿ གཡོན་པས་བཀྲ་ཤིས་དུང་དཀར་གཡས་འཁྱིལ་འཛིནཿ ལྷ་རྟ་ངང་དཀར་སྤྲིན་གྱི་ཤུགས་ལྡན་ཆིབསཿ གཡོན་ཕྱོགས་ཡུམ་ཆེན་ལྷ་སྨན་ཀུན་དྷེ་མཿ རྒྱན་དང་ཆ་ལུགས་སྤྲུལ་པ་སྣ་ཚོགས་སྟོནཿ ཕྱི་ནང་གསང་བའི་བློན་པོ་དྲག་རྩལ་ལྡནཿ བཀའ་འཁོར་ལྷ་ཀླུ་གཉན་དམག་འབུམ་དང་བཅསཿ ཁྱེད་ཅག་སྔོན་གྱི་དམ་ཚིག་དྲན་གྱིས་ལཿ བདག་གིས་འབོད་པའི་གནས་འདིར་སྤྱན་འདྲེན་གཤེགསཿ སརྦ་ས་མ་ཡཱ་ཛཿ ཀྱཻཿ མགྲོན་རྣམས་དགྱེས་པའི་གདན་ལ་བག་ཕེབ་བཞུགསཿ ཁྱོད་ཀྱི་ཐུགས་དམ་བསྐོང་བའི་མཆོད་པའི་རྫསཿ ལྷ་ཡི་ཞལ་ཟས་རོ་བརྒྱའི་བཅུད་དང་ལྡནཿ ཟས་སྣ་འབྲུ་སྨན་དཀར་གསུམ་མངར་གསུམ་དང་ཿ འབྲུ་བཅུད་ཆང་དང་འོ་ཞོ་རྒྱ་ཇའི་བཅུདཿ གཡག་ལུག་ར་དང་མདའ་དར་གོ་མཚོན་སོགསཿ ཐུགས་ཀྱི་དགྱེས་པ་སྐོང་བའི་རྫས་སུ་འབུལཿ དྲི་ཞིམ་འདོད་ཡོན་ལྔ་ལྡན་བསང་དུད་སྤྲིནཿ ནམ་མཁའི་མཐའ་ཀླས་འཇིག་རྟེན་ཁྱབ་པ་ཡིཿ གང་ལ་གང་འདུལ་མཆོད་པའི་གཏེར་ཆེན་པོཿ བཞག་བྲ་གངས་དཀར་རྡོ་རྗེའི་གནས་མཆོག་ནསཿ བཞུགས་པའི་རིག་འཛིན་དཔའ་བོ་མཁའ་འགྲོ་བསངཿ ཡུལ་ལྷ་གཉན་ཆེན་ལས་དབང་རྒྱལ་པོ་བསངཿ བཙུན་མོ་ལྷ་སྨན་ཀུན་བྱེད་རྒྱལ་མོ་བསངཿ གསང་བའི་བློན་པོ་དྲེགས་པ་གཏུམ་རྔམ་བསངཿ ནང་གི་བློན་པོ་གནོད་སྦྱིན་མཆེད་གཉིས་བསངཿ ཕྱི་ཡི་བློན་པོ་ཤན་པ་སྡེ་བཞི་བསངཿ བཀའ་འཁོར་ལྷ་ཀླུ་གཉན་དམག་འཁོར་བཅས་བསངཿ ཁྱད་པར་ཡུལ་ཕྱོགས་འདིར་གནས་གཞི་བདག་བསངཿ མི་གཙང་ཉམས་གྲིབ་འཁོན་བཙོག་དག་གྱུར་ཅིགཿ གཞན་ཡང་དངོས་འབྱོར་ཡིད་སྤྲུལ་མཆོད་པའི་ཚོགསཿ གསོལ་ལོ་འབུལ་ལོ་མཆོད་དོ་དགྱེས་པར་བཞེསཿ འགལ་འཁྲུལ་ནོངས་པ་ཅི་མཆིས་བཟོད་པར་གསོལཿ དགྱེས་པའི་ཞལ་སྟོན་བརྩེ་བའི་ཐུགས་ཀྱིས་དགོངསཿ དད་གུས་གདུང་བས་མཆོད་པ་ངོ་མ་ཆུངཿ འདོད་དོན་ལས་ཀྱི་འབྲས་བུ་མཆིས་པར་མཛོདཿ དམ་ཚིག་བསྒྲགས་ཤིང་ཕྲིན་ལས་བཅོལ་བ་ནིཿ ཧཱུྃ་ཧྲཱིཿ སྔོན་ཚེ་དཔལ་གྱི་བསམ་ཡས་ཧས་པོ་རིརཿ སློབ་དཔོན་ཆེན་པོ་པདྨ་བཛྲ་གྱིསཿ སྣང་སྲིད་ལྷ་སྲིན་དམ་ལ་བཞག་པའི་ཚེཿ དགེ་བསྙེན་ཁྱེད་ཀྱི་ཐ་ཚིག་དྲན་པར་མཛོདཿ བདག་ནི་རིག་འཛིན་སེམས་དཔའི་རྒྱུད་འཛིན་ནོཿ བར་དུ་སེམས་དཔའི་ཐུགས་སྤྲུལ་འཛམ་གླིང་རྒྱནཿ གེ་སར་སྐྱེས་མཆོག་ནོར་བུ་དགྲ་འདུལ་གྱིསཿ བོད་ཁམས་བསྟན་འགྲོའི་བདེ་སྐྱིད་སྤེལ་བའི་ཕྱིརཿ སྣ་ཚོགས་མཛད་པས་དགྲ་གདོན་ཕམ་བྱས་ཤིངཿ དྲེགས་པ་དབང་བསྡུས་སྡེ་བརྒྱད་དམ་ལ་བཏགསཿ དེ་ཚེ་རྒྱ་བོད་གཉིས་ཀྱི་ས་མཚམས་སུཿ ཡུལ་ལྷ་སྡེ་བརྒྱད་གཙོ་བོར་བཀའ་བསྒོས་ཤིངཿ གསང་བའི་དཀྱིལ་འཁོར་ཆེན་པོར་དབང་ཡང་བསྐུརཿ རྡོ་རྗེའི་མཚན་གསོལ་བསྟན་པའི་གཉེར་གཏད་ཚེཿ ཕྱི་ནང་གསང་བའི་ཐ་ཚིག་རྗེས་དགོངས་མཛོདཿ བདག་ནི་སྐྱེས་བུ་དེ་ཡི་རྗེས་འཇུག་གོཿ ད་ལྟ་རྩོད་ལྡན་ཐ་མའི་དུས་ཀྱི་ཚེཿ དེ་སྤྲུལ་ཁྲག་འཐུང་ལས་ཀྱི་ཧེ་རུ་ཀཿ བདེ་སྟེར་ཡེ་ཤེས་ཌཱཀྐི་ཟུང་ལྡན་གྱིསཿ དྲུང་དུ་ཇི་ལྟར་ཁས་བླངས་དམ་བཅས་བཞིནཿ ཐུགས་དམ་མ་གཡེལ་རྣམ་བཞིའི་ཕྲིན་ལས་སྒྲུབསཿ དེང་དུས་དཀར་ཕྱོགས་མཐུ་ཆུང་ནག་ཕྱོགས་དརཿ རྒྱལ་བསྟན་སྤྱི་དང་ཁྱད་པར་གསང་སྔགས་ཆོསཿ དར་ལ་མ་སྨིན་ཉམས་དམའ་སྟོབས་ཆུང་ཞིངཿ ཁྱད་གསོད་ལོག་ལྟ་སྒྲོ་སྐུར་དར་བའི་དུསཿ བསྟན་པ་སྤེལ་བར་ཞལ་གྱིས་བཞེས་པ་བཞིནཿ སྔ་འགྱུར་རྡོ་རྗེ་སྙིང་པོའི་རྒྱལ་བསྟན་འདིཿ དར་ཞིང་རྒྱས་ལ་ཡུན་དུ་གནས་པ་དངཿ བསྟན་འཛིན་དཔལ་ལྡན་བླ་མའི་སྐུ་ཚེ་བསྲིངསཿ བུ་སློབ་རྒྱུད་འཛིན་མཛད་ཕྲིན་ཕྱོགས་བཅུར་ཁྱབཿ ཐུགས་ཀྱི་བཞེད་དོན་འབད་མེད་ལྷུན་འགྲུབ་མཛོདཿ བསྟན་དང་བསྟན་འཛིན་སོགས་ལ་སྡང་བའི་དགྲཿ ལོག་ལྟ་བསྐུར་འདེབས་གནོད་སྦྱོར་རྩོམ་པའི་རིགསཿ ཉེས་མེད་སེམས་ཅན་སྡུག་ལ་སྦྱོར་བ་རྣམསཿ མདུན་མ་བཤིགས་ལ་སྲོག་འཕྲོག་ཚེ་བསོད་བསྡུསཿ མི་འདོད་འགལ་རྐྱེན་སྣ་ཚོགས་ཆར་ལྟར་ཕོབཿ བདག་ཅག་དད་ལྡན་རྣམས་ལ་མགོན་སྐྱབས་དངཿ འདོད་དོན་ཆོས་བཞིན་འགྲུབ་པའི་སྡོང་གྲོགས་མཛོདཿ ཞི་རྒྱས་དབང་དྲག་ཕྲིན་ལས་རྣམ་བཞི་པོཿ མྱུར་དུ་ཐོགས་པ་མེད་པ་འགྲུབ་པར་མཛོདཿ« གནས་བདག་ཡུལ་ལྷ་བཞག་བྲ་ལྷ་རྩེ་ཡིཿ གསང་མཆོད་དུས་ཀྱིས་ཕོ་ཉ་ཞེས་བྱ་བཿ ལས་ཀྱི་གཉེར་འཛིན་ཏཱ་རེའི་བཀས་བསྐུལ་བཞིནཿ འཁྲུལ་ཞིག་རྣལ་འབྱོར་ཁྲག་འཐུང་རྡོ་རྗེས་སྨྲསཿ ཡི་གེ་པ་ནི་རིག་པའི་ཡེ་ཤེས་སོཿ བརྒྱུད་འཛིན་ལས་གཞན་ཁྱབ་བརྡལ་སྤེལ་མི་བྱཿ ཕྲིན་ལས་མྱུར་ཞིང་བཀྲ་ཤིས་བདེ་ལེགས་འཕེལཿ བདེ་སྐྱིད་རྫོགས་ལྡན་དཔལ་ལ་ལོངས་སྤྱོད་ཤོགཿ བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག །དགེའོ། | «རྩ་བ་གསུམ་ལ་ཕྱག་འཚལ་ལོཿ འདིར་གནས་བདག་ཡུལ་ལྷ་ཆེན་མོ་བཞག་བྲ་ལྷ་རྩེ་ལ་བསང་མཆོད་བྱ་བར་འདོད་ནཿ ཕྱེ་མར་ཟས་ཕུད། དར་ཟབ་ཤིང་རྩི་བསྲེགསཿ དཀར་གཏོར་འ»བྲུ«་སྣས་བརྒྱན་པ་གཡག་ལུག་དར་གསུམ་གསེར་སྐྱེམས་བཤམསཿ རང་ཉིད་ལྷའི་ང་རྒྱལ་དང་ལྡན་པསཿ »རཾ་ཡཾ་ཁཾཿ བསང་དང་མཆོད་པས་མ་དག་ཉེས་སྐྱོན་དྲི་མའི་ཚོགས་དང་བཅས་པ་བསྲེགས་གཏོར་བཀྲུསཿ སླར་ཡང་འདོད་པའི་ལོངས་སྤྱོད་མི་ཟད་པ་འཕྲོ་བའི་གཏེར་ཆེན་པོ་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་མགྲོན་རྣམས་ཟག་མེད་དགྱེས་སྐོང་གི་དཔལ་དང་ལྡན་པར་གྱུརཿ ཨོཾ་ཨཱཿཧཱུྃཿ ཧ་ཧོ་ཧྲཱིཿ ཀྱཻ༔ འཇིག་རྟེན་དབང་ཕྱུག་སེམས་དཔའ་རྒྱལ་པོ་ཡིཿ བཀའ་དང་དམ་ལ་བཞག་པའི་ཟོ་དོར་ཆེཿ མདོ་སྨད་ས་ཡི་ཐིག་ལེར་གནས་བཅས་པཿ འཛམ་གླིང་དབང་སྒྱུར་གནོད་སྦྱིན་རྒྱལ་པོའི་སྲསཿ ཡུལ་ལྷ་མཐུ་ཆེན་རྡོ་རྗེ་ལས་དབང་རྩལཿ བརྗིད་ལྡན་གངས་རིར་ཉི་ཟེར་ཕོག་པའི་མདོགཿ དུང་ཁྲབ་དུང་རྨོག་འཁོར་གསུམ་གཡུ་ཕྲེང་བརྒྱནཿ གཡས་པས་བ་དན་དཀར་པོ་ནམ་མཁར་ཕྱརཿ གཡོན་པས་བཀྲ་ཤིས་དུང་དཀར་གཡས་འཁྱིལ་འཛིནཿ ལྷ་རྟ་ངང་དཀར་སྤྲིན་གྱི་ཤུགས་ལྡན་ཆིབསཿ གཡོན་ཕྱོགས་ཡུམ་ཆེན་ལྷ་སྨན་ཀུན་དྷེ་མཿ རྒྱན་དང་ཆ་ལུགས་སྤྲུལ་པ་སྣ་ཚོགས་སྟོནཿ ཕྱི་ནང་གསང་བའི་བློན་པོ་དྲག་རྩལ་ལྡནཿ བཀའ་འཁོར་ལྷ་ཀླུ་གཉན་དམག་འབུམ་དང་བཅསཿ ཁྱེད་ཅག་སྔོན་གྱི་དམ་ཚིག་དྲན་གྱིས་ལཿ བདག་གིས་འབོད་པའི་གནས་འདིར་སྤྱན་འདྲེན་གཤེགསཿ སརྦ་ས་མ་ཡཱ་ཛཿ ཀྱཻཿ མགྲོན་རྣམས་དགྱེས་པའི་གདན་ལ་བག་ཕེབ་བཞུགསཿ ཁྱོད་ཀྱི་ཐུགས་དམ་བསྐོང་བའི་མཆོད་པའི་རྫསཿ ལྷ་ཡི་ཞལ་ཟས་རོ་བརྒྱའི་བཅུད་དང་ལྡནཿ ཟས་སྣ་འབྲུ་སྨན་དཀར་གསུམ་མངར་གསུམ་དང་ཿ འབྲུ་བཅུད་ཆང་དང་འོ་ཞོ་རྒྱ་ཇའི་བཅུདཿ གཡག་ལུག་ར་དང་མདའ་དར་གོ་མཚོན་སོགསཿ ཐུགས་ཀྱི་དགྱེས་པ་སྐོང་བའི་རྫས་སུ་འབུལཿ དྲི་ཞིམ་འདོད་ཡོན་ལྔ་ལྡན་བསང་དུད་སྤྲིནཿ ནམ་མཁའི་མཐའ་ཀླས་འཇིག་རྟེན་ཁྱབ་པ་ཡིཿ གང་ལ་གང་འདུལ་མཆོད་པའི་གཏེར་ཆེན་པོཿ བཞག་བྲ་གངས་དཀར་རྡོ་རྗེའི་གནས་མཆོག་ནསཿ བཞུགས་པའི་རིག་འཛིན་དཔའ་བོ་མཁའ་འགྲོ་བསངཿ ཡུལ་ལྷ་གཉན་ཆེན་ལས་དབང་རྒྱལ་པོ་བསངཿ བཙུན་མོ་ལྷ་སྨན་ཀུན་བྱེད་རྒྱལ་མོ་བསངཿ གསང་བའི་བློན་པོ་དྲེགས་པ་གཏུམ་རྔམ་བསངཿ ནང་གི་བློན་པོ་གནོད་སྦྱིན་མཆེད་གཉིས་བསངཿ ཕྱི་ཡི་བློན་པོ་ཤན་པ་སྡེ་བཞི་བསངཿ བཀའ་འཁོར་ལྷ་ཀླུ་གཉན་དམག་འཁོར་བཅས་བསངཿ ཁྱད་པར་ཡུལ་ཕྱོགས་འདིར་གནས་གཞི་བདག་བསངཿ མི་གཙང་ཉམས་གྲིབ་འཁོན་བཙོག་དག་གྱུར་ཅིགཿ གཞན་ཡང་དངོས་འབྱོར་ཡིད་སྤྲུལ་མཆོད་པའི་ཚོགསཿ གསོལ་ལོ་འབུལ་ལོ་མཆོད་དོ་དགྱེས་པར་བཞེསཿ འགལ་འཁྲུལ་ནོངས་པ་ཅི་མཆིས་བཟོད་པར་གསོལཿ དགྱེས་པའི་ཞལ་སྟོན་བརྩེ་བའི་ཐུགས་ཀྱིས་དགོངསཿ དད་གུས་གདུང་བས་མཆོད་པ་ངོ་མ་ཆུངཿ འདོད་དོན་ལས་ཀྱི་འབྲས་བུ་མཆིས་པར་མཛོདཿ དམ་ཚིག་བསྒྲགས་ཤིང་ཕྲིན་ལས་བཅོལ་བ་ནིཿ ཧཱུྃ་ཧྲཱིཿ སྔོན་ཚེ་དཔལ་གྱི་བསམ་ཡས་ཧས་པོ་རིརཿ སློབ་དཔོན་ཆེན་པོ་པདྨ་བཛྲ་གྱིསཿ སྣང་སྲིད་ལྷ་སྲིན་དམ་ལ་བཞག་པའི་ཚེཿ དགེ་བསྙེན་ཁྱེད་ཀྱི་ཐ་ཚིག་དྲན་པར་མཛོདཿ བདག་ནི་རིག་འཛིན་སེམས་དཔའི་རྒྱུད་འཛིན་ནོཿ བར་དུ་སེམས་དཔའི་ཐུགས་སྤྲུལ་འཛམ་གླིང་རྒྱནཿ གེ་སར་སྐྱེས་མཆོག་ནོར་བུ་དགྲ་འདུལ་གྱིསཿ བོད་ཁམས་བསྟན་འགྲོའི་བདེ་སྐྱིད་སྤེལ་བའི་ཕྱིརཿ སྣ་ཚོགས་མཛད་པས་དགྲ་གདོན་ཕམ་བྱས་ཤིངཿ དྲེགས་པ་དབང་བསྡུས་སྡེ་བརྒྱད་དམ་ལ་བཏགསཿ དེ་ཚེ་རྒྱ་བོད་གཉིས་ཀྱི་ས་མཚམས་སུཿ ཡུལ་ལྷ་སྡེ་བརྒྱད་གཙོ་བོར་བཀའ་བསྒོས་ཤིངཿ གསང་བའི་དཀྱིལ་འཁོར་ཆེན་པོར་དབང་ཡང་བསྐུརཿ རྡོ་རྗེའི་མཚན་གསོལ་བསྟན་པའི་གཉེར་གཏད་ཚེཿ ཕྱི་ནང་གསང་བའི་ཐ་ཚིག་རྗེས་དགོངས་མཛོདཿ བདག་ནི་སྐྱེས་བུ་དེ་ཡི་རྗེས་འཇུག་གོཿ ད་ལྟ་རྩོད་ལྡན་ཐ་མའི་དུས་ཀྱི་ཚེཿ དེ་སྤྲུལ་ཁྲག་འཐུང་ལས་ཀྱི་ཧེ་རུ་ཀཿ བདེ་སྟེར་ཡེ་ཤེས་ཌཱཀྐི་ཟུང་ལྡན་གྱིསཿ དྲུང་དུ་ཇི་ལྟར་ཁས་བླངས་དམ་བཅས་བཞིནཿ ཐུགས་དམ་མ་གཡེལ་རྣམ་བཞིའི་ཕྲིན་ལས་སྒྲུབསཿ དེང་དུས་དཀར་ཕྱོགས་མཐུ་ཆུང་ནག་ཕྱོགས་དརཿ རྒྱལ་བསྟན་སྤྱི་དང་ཁྱད་པར་གསང་སྔགས་ཆོསཿ དར་ལ་མ་སྨིན་ཉམས་དམའ་སྟོབས་ཆུང་ཞིངཿ ཁྱད་གསོད་ལོག་ལྟ་སྒྲོ་སྐུར་དར་བའི་དུསཿ བསྟན་པ་སྤེལ་བར་ཞལ་གྱིས་བཞེས་པ་བཞིནཿ སྔ་འགྱུར་རྡོ་རྗེ་སྙིང་པོའི་རྒྱལ་བསྟན་འདིཿ དར་ཞིང་རྒྱས་ལ་ཡུན་དུ་གནས་པ་དངཿ བསྟན་འཛིན་དཔལ་ལྡན་བླ་མའི་སྐུ་ཚེ་བསྲིངསཿ བུ་སློབ་རྒྱུད་འཛིན་མཛད་ཕྲིན་ཕྱོགས་བཅུར་ཁྱབཿ ཐུགས་ཀྱི་བཞེད་དོན་འབད་མེད་ལྷུན་འགྲུབ་མཛོདཿ བསྟན་དང་བསྟན་འཛིན་སོགས་ལ་སྡང་བའི་དགྲཿ ལོག་ལྟ་བསྐུར་འདེབས་གནོད་སྦྱོར་རྩོམ་པའི་རིགསཿ ཉེས་མེད་སེམས་ཅན་སྡུག་ལ་སྦྱོར་བ་རྣམསཿ མདུན་མ་བཤིགས་ལ་སྲོག་འཕྲོག་ཚེ་བསོད་བསྡུསཿ མི་འདོད་འགལ་རྐྱེན་སྣ་ཚོགས་ཆར་ལྟར་ཕོབཿ བདག་ཅག་དད་ལྡན་རྣམས་ལ་མགོན་སྐྱབས་དངཿ འདོད་དོན་ཆོས་བཞིན་འགྲུབ་པའི་སྡོང་གྲོགས་མཛོདཿ ཞི་རྒྱས་དབང་དྲག་ཕྲིན་ལས་རྣམ་བཞི་པོཿ མྱུར་དུ་ཐོགས་པ་མེད་པ་འགྲུབ་པར་མཛོདཿ« གནས་བདག་ཡུལ་ལྷ་བཞག་བྲ་ལྷ་རྩེ་ཡིཿ གསང་མཆོད་དུས་ཀྱིས་ཕོ་ཉ་ཞེས་བྱ་བཿ ལས་ཀྱི་གཉེར་འཛིན་ཏཱ་རེའི་བཀས་བསྐུལ་བཞིནཿ འཁྲུལ་ཞིག་རྣལ་འབྱོར་ཁྲག་འཐུང་རྡོ་རྗེས་སྨྲསཿ ཡི་གེ་པ་ནི་རིག་པའི་ཡེ་ཤེས་སོཿ བརྒྱུད་འཛིན་ལས་གཞན་ཁྱབ་བརྡལ་སྤེལ་མི་བྱཿ ཕྲིན་ལས་མྱུར་ཞིང་བཀྲ་ཤིས་བདེ་ལེགས་འཕེལཿ བདེ་སྐྱིད་རྫོགས་ལྡན་དཔལ་ལ་ལོངས་སྤྱོད་ཤོགཿ བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག །དགེའོ། | ||
}} | |||
</onlyinclude> | |||
{{TsagliCall}} | |||
<headertabs/> |
Revision as of 08:46, 2 June 2024
🚧 This website is under continued development. We appreciate your patience!
Wylie title | ||
---|---|---|
Location | mdo mkhyen brtse bka' 'bum Volume 7, Text 27, Pages (Folios to ) | |
Author | མདོ་མཁྱེན་བརྩེ་ | |
Less details More details | ||
Citation | ||
Genre |