DKYD-KABUM-07-JA-014: Difference between revisions

From Khyentse Lineage - A Tsadra Foundation Project
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
྅྅྅ ཡང་གསང་ཐུགས་ཐིག་ཆ་ལག་ལསཿ གཏེར་སྲུང་བསང་མཆོད་འདོད་དགུའི་ཆར་འབེབ་བཞུགས༔
{{Text
|classification=Tibetan Publications
|subclass=Tibetan Texts
|collectiontitle=mdo mkhyen brtse bka' 'bum
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ།
|totalvolumes=8
|author=Mdo mkhyen brtse
|authortib=མདོ་མཁྱེན་བརྩེ་
|citation=
|language=Tibetan
|pagestatus=Temporary stub only
|volumenumber=07
|volumeLetter=JA
|textnuminvol=014
|pdflink=File:DKYD-KABUM-07-JA-014.pdf
|InitCategories=Khyentse Lineage Project; DKYD-KABUM-Volume-07-JA
}}
<h1>Tibetan Text</h1>
<onlyinclude>
{{TibP|྅྅྅ ཡང་གསང་ཐུགས་ཐིག་ཆ་ལག་ལསཿ གཏེར་སྲུང་བསང་མཆོད་འདོད་དགུའི་ཆར་འབེབ་བཞུགས༔
«྅྅྅ཁྲག་འཐུང་ཧེ་རུ་ཀ་ལ་འདུདཿ ཡང་གསང་ཐིག་ལེ་སྐོར་གསུམ་གྱིཿ གཏེར་གྱི་སྲུང་མ་མཐུ་རྩལ་ཅནཿ གཉན་པོ་གཡུ་རྩེ་ཡུམ་སྲས་འཁོརཿ བསང་དང་མཆོད་པའི་རིམ་པ་ནིཿ ཤིང་རྩི་ཟས་སྣ་འབྲུ་སྣ་བསྲེགསཿ གཙང་མའི་སྐྱེམས་ཕུད་བཤམས་བྱས་ལཿ» རྃ་ཡྃ་ཁྃཿ རང་གི་ཐུགས་ལས་མེ་རླུང་ཆུས་འཕྲོས་པསཿ བསང་མཆོད་དྲི་མ་བསྲེགས་གཏོར་རབ་བཀྲུས་ཤིང་ཿ སྐྱེམས་ཕུད་ཡེ་ཤེས་བདུད་རྩིའི་རྒྱ་མཚོ་ལཿ ཡུམ་ཆེན་ལྔ་ཡི་རྩལ་ཤུགས་ལས་སྤྲུལ་པའིཿ དུད་པ་ཕུན་ཚོགས་སྤྲིན་དཀར་ཤུགས་འཆང་བཿ རེག་པ་ཙམ་གྱིས་ཉེས་པའི་སྐྱོན་སྦྱངས་ཤིང་ཿ ཡོན་ཏན་མཐུ་དང་ནུས་པའི་སྟོབས་རྩལ་བསྐྱེདཿ འདོད་ཡོན་དུ་མའི་ཟེག་ཆར་འབེབས་པར་གྱུརཿ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱ་སརྦ་ཏད་ཁྃ་ཨུངྒ་ཏེ་སྥ་ར་ཎ་ཧི་མྃ་ག་ག་ན་ཁྃ་སྭཱ་ཧཱཿ ཧྲཱིཿ པདྨ་ལས་འཁྲུངས་མཚོ་སྐྱེས་སྤྲུལ་པའི་སྐུཿ ད་ལྟ་རྔ་ཡབ་སྲིན་པོའི་འགྲོ་དོན་མཛདཿ སྤྲུལ་པས་འཛམ་གླིང་བོད་ཀྱི་དོན་མཛད་པའིཿ ཐོད་ཕྲེང་རྩ་གསུམ་རྒྱ་མཚོའི་བྱིན་ཆེན་ཕོབསཿ ཀྱཻཿ ཁ་བའི་ཡུལ་ལྗོངས་བྱང་ཕྱོགས་འཛིན་མའི་ཁྱོནཿ བསྒྲུབ་པའི་བཀའ་བརྒྱད་བྱིན་གྱིས་བརླབས་པ་ཡིཿ བྲག་དཀར་རིན་ཆེན་སྣ་ཚོགས་སྤུངས་འདྲའི་དབུསཿ གངས་དཀར་ཤེལ་གྱི་སྐུ་མཁར་ཉམས་དགའ་བརཿ དགོས་འདོད་ཀུན་འབྱུང་འདོད་དགུའི་བང་མཛོད་དབུསཿ དེའི་ནང་རིན་པོ་ཆེ་ཡི་ཁྲི་རྐང་མཛེསཿ གནོད་སྦྱིན་རྒྱལ་པོ་ཨཱརྱ་ཛམ་བྷ་ལཿ དྲེགས་པའི་སྐུར་བཞེངས་ནེ་ལེ་ཐོད་དཀར་སྲསཿ དྲེགས་པའི་སྡེ་དཔོན་འབུམ་གྱི་གཙོ་བོ་ནིཿ གཉན་པོ་གཡུ་རྩེ་རྡོ་རྗེ་དྲག་པོ་རྩལཿ སྐུ་མདོག་ལས་བཞིའི་རྣམ་འགྱུར་ཅི་ཡང་སྟོནཿ དབུ་ལ་གཡུ་རྨོག་དར་འཕྲུ་ཁྱུང་ཐུར་འབརཿ སྐུ་ལ་ཚེམ་གོས་ཕ་ལམ་གོ་ཁྲབ་གསོལཿ དར་ཚོན་སྣ་ལྔ་རིན་པོ་ཆེ་ཡིས་བརྒྱནཿ སག་ཏི་ཆུ་སྲིན་ཡ་གལ་ལྷྭམ་ཆེན་གསོལཿ སྟག་རལ་གཟིགས་ཤུབས་རལ་གྲི་སྐུ་སྐེད་བརྒྱནཿ ཕྱག་གཡས་བསྟན་པའི་སྲོག་ཤིང་མདུང་དར་ཕྱརཿ གཡོན་པས་རིན་ཆེན་གཏེར་གྱི་བུམ་པ་བསྣམསཿ རེས་འགའ་ཀླུ་གཉན་འཕྲུལ་གྱི་ཞགས་པ་འཕེནཿ རྫུ་འཕྲུལ་ཤུགས་ལྡན་རྟ་མཆོག་སྔོ་ནག་ཆིབསཿ གསེར་སྒ་ཟ་འོག་ཨ་འཇོག་འཇའ་སྟན་མཛེསཿ སྦྲུལ་གྱི་གོང་སྨེད་དངུལ་གྱི་ཡོབ་ཆེན་བཀྲཿ གསེར་སྲབ་གཡུ་མཐུར་ཆ་ལག་སྦྲུལ་གྱིས་བྱསཿ བཙུན་མོ་ལྷ་གཉན་ཀླུ་ཡི་རྒྱལ་མོ་གསུམཿ ནུ་བོ་གནོད་སྦྱིན་དམར་ནག་མཐུ་བོ་ཆེཿ ཡུམ་མཆོག་ཁམས་གསུམ་ཀུན་རྒྱུ་ཁྲག་མིག་མཿ སྲས་པོ་དགྲ་བླ་འོད་ལྡན་སྤུན་གསུམ་མཆོགཿ སྲས་མོ་མཁའ་འགྲོ་འབར་བ་མཆེད་སྡེ་གསུམཿ ཡང་སྲས་སྟོབས་ལྡན་ཡིད་བཞིན་འོད་འཕྲོ་དངཿ ཁམས་གསུམ་སྲོག་ལ་དབང་བསྒྱུར་དཔའ་བོ་བཞིཿ ནང་གི་བློན་པོ་དྲག་རྩལ་རིགས་བཞི་དངཿ ཕྱི་ཡི་བློན་པོ་སྟོབས་ལྡན་ཤན་པ་བརྒྱདཿ སྤྲུལ་པ་ལྷ་ཀླུ་གཉན་གྱི་དམག་ཚོགས་དངཿ སྡེ་བརྒྱད་དྲེགས་པ་དུང་ཕྱུར་དམག་དཔུང་བཅསཿ བདག་གིས་དད་པ་དང་ནི་དམ་ཚིག་གིསཿ འབོད་པའི་གནས་འདིར་གློག་ལྟར་མྱུར་བར་གཤེགསཿ བཛྲ་ས་མ་ཡ་ཛ་ཛཿ ཡིད་སྤྲུལ་འཇའ་འོད་འཁྱིལ་བའི་གུར་གྱི་དབུསཿ དགྱེས་པར་བཞུགས་ལ་འཛུམ་པའི་ཞལ་བཟང་སྟོནཿ སྨོན་ལམ་དབང་གིས་བདག་དང་ཐ་ཚིག་འབྲེལཿ ཁྱེད་ཀྱི་རྫུ་འཕྲུལ་རྗེས་སུ་དྲན་པས་བསྟོདཿ སངས་རྒྱས་སྤྱན་མའི་ཀློང་ལས་བྱུང་བ་ཡིཿ ཤིང་རྩི་སྣ་ཚོགས་འབྲུ་སྣ་ཟས་བཅུད་བསྡུསཿ གོས་དཀར་མོ་ཡི་ཀློང་དུ་ལེགས་བཞུས་ཤིངཿ དམ་ཚིག་སྒྲོལ་མའི་ཤུགས་ཀྱིས་ལེགས་བསྐྱོད་ཅིངཿ མ་མཱ་ཀི་ཡི་ཟེག་མས་བྲན་པ་ཡིཿ དྲི་ཞིམ་བསང་གི་དུད་པ་སྤྲིན་དཀར་མདོགཿ དབྱིངས་ཕྱུག་མ་ཡི་མཁའ་ཀློང་ཀུན་ཁྱབ་པཿ དགོས་འདོད་ཀུན་འབྱུང་འདོད་པའི་ཡོན་ཏན་ལྔའིཿ ཆར་འབེབ་རེག་ན་བདེ་བའི་མཆོག་རབ་སྟེརཿ མི་གཙང་ཉེས་པའི་ཚོགས་ཀུན་ཡོངས་སེལ་ཞིངཿ མཐུན་རྐྱེན་མཐུ་སྟོབས་ནུས་པའི་རྩ་ཆེན་རྒྱསཿ གཟི་བརྗིད་འོད་ཟེར་དཔལ་དུ་འབར་བ་ཡིསཿ གཏེར་བདག་དྲག་རྩལ་གཉེན་པོ་གཡུ་རྩེ་བསངཿ འདོད་པའི་ཡོན་ཏན་ལྔ་ཡིས་མཉེས་གྱུར་ཅིགཿ བདུད་རྩི་གསེར་སྐྱེམས་གཙང་མ་ཕུད་ཀྱིས་མཆོདཿ ནུ་བོ་གནོད་སྦྱིན་ཁམས་གསུམ་དབང་བསྒྱུར་བསངཿ འདོད་པའི་ཡོན་ཏན་ལྔ་ཡིས་མཉེས་གྱུར་ཅིགཿ བདུད་རྩི་གསེར་སྐྱེམས་གཙང་མ་ཕུད་ཀྱིས་མཆོདཿ བཙུན་མོ་ལྷ་གཉན་ཀླུ་ཡི་རྒྱལ་མོ་བསངཿ འདོད་པའི་ཡོན་ཏན༴ བདུད་རྩི་གསེར་སྐྱེམས་གཙང་མ༴ ཡུམ་ཆེན་དབང་བསྒྱུར་གཡུ་མདོག་འཚལ་མིག་བསངཿ འདོད་པའི་ཡོན་ཏན༴ བདུད་རྩི་གསེར་སྐྱེམས༴ སྲས་པོ་རིགས་གསུམ་རྫུ་འཕྲུལ་རྣམ་གསུམ་བསངཿ འདོད་པའི་ཡོན་ཏན༴ བདུད་རྩི་གསེར་སྐྱེམས༴ ཡང་སྲས་ལྟ་བུ་འོད་ཀྱི་ལྡེམ་ཕྲུ་དངཿ ཁམས་གསུམ་སྲོག་བདག་གཏུམ་པོ་སྡེ་བཞི་བསངཿ འདོད་པའི་ཡོན་ཏན༴ བདུད་རྩི་གསེར་སྐྱེམས༴ ནང་བློན་འཕྲུལ་གྱི་སྐྱེས་བུ་ཆེན་པོ་བཞིཿ ཕྱི་བློན་རྩལ་ལྡན་ཤན་པ་སྡེ་བརྒྱད་བསངཿ འདོད་པའི་ཡོན་ཏན༴ བདུད་རྩི་གསེར་སྐྱེམས༴ སྤྲུལ་པ་ལྷ་ཀླུ་གཉན་གྱི་དམག་ཚོགས་དང་ཿ དགྲ་བླ་ཝེར་མ་ཟོ་དོར་འཁོར་བཅས་བསངཿ འདོད་པའི་ཡོན་ཏན༴ བདུད་རྩི་གསེར་སྐྱེམས༴ ཕོ་ཉ་ལས་མཁན་འབྱུང་བར་དབང་བསྒྱུར་དངཿ སྡེ་བརྒྱད་དྲེགས་པའི་འཁོར་ཚོགས་བཅས་རྣམས་བསངཿ འདོད་པའི་ཡོན་ཏན་ལྔ་ཡིས་མཉེས་གྱུར་ཅིགཿ བདུད་རྩི་གསེར་སྐྱེམས་གཙང་མར་ཕུད་ཀྱིས་མཆོདཿ དགྲ་བླ་འཁོར་བཅས་དབུ་འཕང་གཉན་པོ་བསྟོདཿ མཐུ་སྟོབས་གཟི་བརྗིད་བསྐྱེད་ལ་སྟོབས་རྩལ་ཕྱུངསཿ བསྟན་པ་སྤྱི་དང་ཁྱད་པར་སྔ་འགྱུར་གྱིཿ པདྨ་ཀཱ་རཱའི་གཏེར་གྱི་རིང་ལུགས་སྐྱོངསཿ ཁྱད་པར་ཨ་ཏི་བླ་མེད་ཐུགས་ཀྱི་བཅུདཿ ཐིག་ལེ་སྐོར་གསུམ་ཉིན་མཚན་དུས་དྲུག་སྲུངསཿ འཛིན་སྐྱོང་སྤེལ་པའི་ལས་ཀྱི་གཉེར་ཁ་སྲུངསཿ རྡོ་རྗེ་སློབ་དཔོན་སྐུ་ཚེ་མཐར་ཕྱིན་ཞིངཿ མཛད་ཕྲིན་ཉི་འོག་ཁྱབ་པའི་རྟེན་འབྲེལ་བསྒྲིགསཿ བདག་ཅག་རིག་འཛིན་དམ་ལྡན་ཕོ་མོ་རྣམསཿ ནད་གདོན་ཞི་ཞིང་ཚེ་བསོད་དཔལ་འབྱོར་སྤེལཿ ཁམས་གསུམ་དབང་སྡུད་བགེགས་དཔུང་བདུད་རིགས་གཞོམཿ དམ་ཆོས་སྒྲུབ་པའི་འགལ་རྐྱེན་བར་ཆད་སོལཿ འཇའ་ལུས་འོད་སྐུར་འགྲུབ་པའི་མཐུན་རྐྱེན་སྒྲུབསཿ སྨོན་ལམ་ལོག་དང་བདུད་ཀྱི་དབང་གྱུར་པའིཿ བསམ་ངན་སྦྱོར་རྩུབ་གཡོ་སྒྱུས་བསླུ་བྲིད་མཁནཿ དངོས་སམ་བརྒྱུད་ནས་བདག་ལ་སྡངས་ཡིསཿ སྔ་དགྲ་ལག་བརྡར་ཕྱི་དགྲ་ཡིད་ལ་བརྣགཿ ད་དགྲ་ཐད་དུ་ལང་བའི་རིགས་རྣམས་དངཿ ཁྱད་པར་དམིགས་པའི་ཡུལ་དུ་གྱུར་པ་ཀུནཿ སྲོག་སྙིང་དམར་འདོན་གྱིས་ལ་དུས་མཐའ་བསྟུདཿ ཚེ་བསོད་བཀྲག་མདངས་གཟི་བརྗིད་གནད་དུ་ལོངསཿ ཤ་ཁྲག་དྲོད་དབུགས་དགྲ་བླའི་ཟས་སྐལ་གྱིསཿ བྱད་མའི་ལྷ་སྲུང་རང་གཤེད་རང་ལ་ཕོབསཿ ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་བསྒྲེངསཿ བདག་གི་དུས་གསུམ་ཀུན་ཏུ་ཁྱོད་བརྟེན་ནཿ མདོར་ན་བསམ་པའི་དོན་དང་གཉེར་བའི་ལསཿ ཐེ་ཚོམ་མེད་པར་འབད་མེད་ལྷུན་གྲུབ་མཛོདཿ ཡངས་པའི་རྒྱལ་ཁམས་རྫོགས་ལྡན་དཔལ་ལ་སྤྱོདཿ བཀྲ་ཤིས་བདེ་སྐྱིད་ཕུན་ཚོགས་གཡང་ཁུག་ཅིགཿ འདོད་ཁམས་བླ་རུ་མངའ་གསོལ་ལྷ་རྒྱལ་ལོཿ «གཏེར་སྲུང་དགྲ་བླའི་རྒྱལ་བོའི་བསང་མཆོད་འདིཿ ཌཱཀྐི་རྗེ་མོར་དངོས་གཟུགས་བསྟན་ནས་ཀྱངཿ བསྐུལ་བཞིན་མཉམ་བཞག་སྒྲོལ་ལམ་རྗེས་ཐོབ་ཤརཿ ཨ་ཙར་དམར་པོས་ཡི་གེར་ཕབ་པ་འདིཿ བརྒྱུད་འཛིན་དམ་ལྡན་བུ་ལ་གཅིག་བརྒྱུད་རྒྱཿ ཁྱབ་བརྡལ་སྤེལ་ན་འཁུ་ལྡོག་འབྱུང་ཡང་སྲིདཿ མཐུ་སྟོབས་ནུས་པ་གནས་ལྕགས་ཐོག་ལྟར་མྱུརཿ འཁོར་ནས་རེ་འདོད་བསྐངཿ ཡོན་ཏན་བདེན་རྫུན་ལག་ཏུ་ལོངས་དང་ཤེསཿ མཐུན་རྐྱེན་སློབ་བུ་འོད་ཟེར་མིང་གིས་བྲིསཿ དངོས་གྲུབ་ཆར་འབེབས་བདེ་སྐྱིད་ཉི་ཤར་ཤོགཿ  

[[Category:Wyckibaat]]
}}
</onlyinclude>
{{TsagliCall}}
<headertabs/>

Revision as of 08:46, 2 June 2024

Wylie title
Location mdo mkhyen brtse bka' 'bum
Volume 7, Text 14, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Citation
Genre
[edit]