DKYD-KABUM-03-GA-025: Difference between revisions
From Khyentse Lineage - A Tsadra Foundation Project
(Imported new text files with Wyckibaat for processing) |
No edit summary |
||
Line 1: | Line 1: | ||
༁ྃཿ ཡང་གསང་ཐུགས་ཐིག་ཆ་ལག་ལསཿ འཇམ་དཔལ་རྣོན་པོའི་སྒྲུབ་ཐབས་བཞུགསཿ བླ་མ་མགོན་པོ་འཇམ་དབྱངས་ལཿ སྐྱབས་གསོལ་བྱང་ཆུབ་སེམས་མཆོག་བསྐྱེདཿ ཕྱག་འཚལ་མཆོད་འབུལ་སྡིག་པ་བཤགསཿ ཡི་རངས་ཆོས་བསྐུལ་གསོལ་བ་འདེབསཿ དུས་གསུམ་དགེ་ཚོགས་འགྲོ་ལ་བསྔོཿ སྟོང་ཉིད་སྙིང་རྗེའི་རང་གདངས་ལསཿ འོ་མཚོ་པད་སྡཽང་ཉི་ཟླའི་དབུསཿ རང་ཉིད་བཅོམ་ལྡན་འཇམ་དཔལ་དབྱངསཿ དྲི་མེད་དུང་མདོག་ཞི་འཛུམ་མཛེསཿ མཆོད་སྦྱིན་དཀོན་མཆོག་གསུམ་མཚོན་རྒྱསཿ གཡས་གཡོན་ཨུཏྤལ་རལ་པོད་འཛིནཿ ཐོར་ཚུགས་རིན་ཆེན་དར་གོས་བརྒྱནཿ སེམས་དཔའི་སྐྱིལ་ཀྲུང་དང་བཅས་ཏེཿ ཤེས་རབ་ལྷ་མོ་འདུ་འབྲལ་མེདཿ ལྷང་ངེ་ལྷན་ནེ་འོད་ཟེར་འབརཿ དམ་ཚིག་ཡེ་ཤེས་གཉིས་སུ་མེདཿ ཐུགས་ཀར་འཁོར་ལོ་རྩིབས་བརྒྱད་པའིཿ ལྟེ་བར་དྷཱི༔དང་རྩིབས་སྙིང་པོཿ གཡས་སུ་འཁོར་བའི་འོད་ཟེར་གྱིསཿ ཤེས་རབ་མཆོག་དང་མི་བརྗེད་གཟུངསཿ མཆོག་ཐུན་དངོས་གྲུབ་ཐོབ་པར་དམིགསཿ བརྩེ་ལྡན་ཁྱེད་ཀྱི་ཤེས་རབ་འོད་ཟེར་གྱིསཿ བདག་བློའི་གཏི་མུག་མུན་པ་རབ་བསལ་ནསཿ ཤེས་རབ་རྣམ་གསུམ་གཞན་སྣང་ཟིལ་གནོན་ཅིངཿ བློ་གྲོས་སྤོབས་པའི་སྣང་བ་བསྐྱེད་དུ་གསོལཿ ཨོཾ་དྷཱིཿཧྲཱིཾཿཝཀྱེ་དམ་ན་མཿ ཅི་ནུས་བཟླའོཿ ཐུན་མཐརཿ མགོན་པོ་འཇམདཔལ་ཡབ་ཡུམ་ལཿ མེ་ཏོག་བདུག་སྤོས་མར་མེ་དྲིཿ ཞལ་ཟས་རོལ་མོའི་མཆོད་པ་འབུལཿ སྐུ་གསུང་ཐུགས་ལ་ཕྱག་འཚལ་བསྟོདཿ མཆོག་དང་ཐུན་མོང་དངོས་གྲུབ་ཞུཿ བདག་གི་བླ་མར་མཛད་དུ་གསོལཿ ཡང་གསང་ཐུགས་ཐིག་ཆ་ལག་ལསཿ འཇམ་དཔལ་རྣོན་པོའི་སྒྲུབ་ཐབས་འདིཿ ཁྲག་འཐུང་ལས་ཀྱི་དཔའ་བོས་སྨྲསཿ རིག་པ་མེ་ལྟར་འབར་བར་ངེསཿ ཆོས་རྒྱལ་ཞབས་པད་བརྟན་གྱུར་ཅིགཿ ཁམས་གསུམ་དབང་སྡུད་ཟིལ་གནོན་རྒྱཿ དགེའོ།། །། | {{Text | ||
|classification=Tibetan Publications | |||
|subclass=Tibetan Texts | |||
|collectiontitle=mdo mkhyen brtse bka' 'bum | |||
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ། | |||
|totalvolumes=8 | |||
|author=Mdo mkhyen brtse | |||
|authortib=མདོ་མཁྱེན་བརྩེ་ | |||
|citation= | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=03 | |||
|volumeLetter=GA | |||
|textnuminvol=025 | |||
|pdflink=File:DKYD-KABUM-03-GA-025.pdf | |||
|InitCategories=Khyentse Lineage Project; DKYD-KABUM-Volume-03-GA | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP|༁ྃཿ ཡང་གསང་ཐུགས་ཐིག་ཆ་ལག་ལསཿ འཇམ་དཔལ་རྣོན་པོའི་སྒྲུབ་ཐབས་བཞུགསཿ བླ་མ་མགོན་པོ་འཇམ་དབྱངས་ལཿ སྐྱབས་གསོལ་བྱང་ཆུབ་སེམས་མཆོག་བསྐྱེདཿ ཕྱག་འཚལ་མཆོད་འབུལ་སྡིག་པ་བཤགསཿ ཡི་རངས་ཆོས་བསྐུལ་གསོལ་བ་འདེབསཿ དུས་གསུམ་དགེ་ཚོགས་འགྲོ་ལ་བསྔོཿ སྟོང་ཉིད་སྙིང་རྗེའི་རང་གདངས་ལསཿ འོ་མཚོ་པད་སྡཽང་ཉི་ཟླའི་དབུསཿ རང་ཉིད་བཅོམ་ལྡན་འཇམ་དཔལ་དབྱངསཿ དྲི་མེད་དུང་མདོག་ཞི་འཛུམ་མཛེསཿ མཆོད་སྦྱིན་དཀོན་མཆོག་གསུམ་མཚོན་རྒྱསཿ གཡས་གཡོན་ཨུཏྤལ་རལ་པོད་འཛིནཿ ཐོར་ཚུགས་རིན་ཆེན་དར་གོས་བརྒྱནཿ སེམས་དཔའི་སྐྱིལ་ཀྲུང་དང་བཅས་ཏེཿ ཤེས་རབ་ལྷ་མོ་འདུ་འབྲལ་མེདཿ ལྷང་ངེ་ལྷན་ནེ་འོད་ཟེར་འབརཿ དམ་ཚིག་ཡེ་ཤེས་གཉིས་སུ་མེདཿ ཐུགས་ཀར་འཁོར་ལོ་རྩིབས་བརྒྱད་པའིཿ ལྟེ་བར་དྷཱི༔དང་རྩིབས་སྙིང་པོཿ གཡས་སུ་འཁོར་བའི་འོད་ཟེར་གྱིསཿ ཤེས་རབ་མཆོག་དང་མི་བརྗེད་གཟུངསཿ མཆོག་ཐུན་དངོས་གྲུབ་ཐོབ་པར་དམིགསཿ བརྩེ་ལྡན་ཁྱེད་ཀྱི་ཤེས་རབ་འོད་ཟེར་གྱིསཿ བདག་བློའི་གཏི་མུག་མུན་པ་རབ་བསལ་ནསཿ ཤེས་རབ་རྣམ་གསུམ་གཞན་སྣང་ཟིལ་གནོན་ཅིངཿ བློ་གྲོས་སྤོབས་པའི་སྣང་བ་བསྐྱེད་དུ་གསོལཿ ཨོཾ་དྷཱིཿཧྲཱིཾཿཝཀྱེ་དམ་ན་མཿ ཅི་ནུས་བཟླའོཿ ཐུན་མཐརཿ མགོན་པོ་འཇམདཔལ་ཡབ་ཡུམ་ལཿ མེ་ཏོག་བདུག་སྤོས་མར་མེ་དྲིཿ ཞལ་ཟས་རོལ་མོའི་མཆོད་པ་འབུལཿ སྐུ་གསུང་ཐུགས་ལ་ཕྱག་འཚལ་བསྟོདཿ མཆོག་དང་ཐུན་མོང་དངོས་གྲུབ་ཞུཿ བདག་གི་བླ་མར་མཛད་དུ་གསོལཿ ཡང་གསང་ཐུགས་ཐིག་ཆ་ལག་ལསཿ འཇམ་དཔལ་རྣོན་པོའི་སྒྲུབ་ཐབས་འདིཿ ཁྲག་འཐུང་ལས་ཀྱི་དཔའ་བོས་སྨྲསཿ རིག་པ་མེ་ལྟར་འབར་བར་ངེསཿ ཆོས་རྒྱལ་ཞབས་པད་བརྟན་གྱུར་ཅིགཿ ཁམས་གསུམ་དབང་སྡུད་ཟིལ་གནོན་རྒྱཿ དགེའོ།། །། | |||
}} | |||
</onlyinclude> | |||
{{TsagliCall}} | |||
<headertabs/> |
Revision as of 09:43, 2 June 2024
Wylie title | ||
---|---|---|
Location | mdo mkhyen brtse bka' 'bum Volume 3, Text 25, Pages (Folios to ) | |
Author | མདོ་མཁྱེན་བརྩེ་ | |
Less details More details | ||
Citation | ||
Genre |